TTDL-ZABTER-15-BA-104: Difference between revisions
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
དག་སྣང་ཡེ་ཤེས་དྲྭ་བ་ལས༔ རྫ་སྙིང་ཐོག་རྒོད་འབར་བ་རྩལ༔ ཡོངས་གྲགས་སྔོ་ཚོགས་གཡུ་རྩེ་ཞེས་བྱ་བའི་བསང་མཆོད་དཔག་བསམ་འདོད་འབྱུང་བཞུགས༔ | {{Text | ||
ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༤༣༤ཟོ་དོར་སྔོ་ཚོགས་གཡུ་རྩེ་ཡི༔ བསང་མཆོད་ལག་ལེན་རིམ་པ་ལ༔ བཟང་ཤིང་ཕྱེ་མར་འབྲུ་སྣ་དང་༔ ཤ་ཁྲག་དམར་གཏོར་དྲི་བཟང་སྤོས༔ མཁར་ཐབ་སུམ་ཐོག་ནོར་བུའི་ཏོག༔ གཡག་ལུག་ར་དང་རྟ་མཆོག་རྣམས༔ མཁར་གདན་རི་རབ་ལོག་བཞིར་བཞག༔ དར་ཟབ་རས་སོགས་མཛེས་ལྡན་དང་༔ གཅན་གཟན་སྣ་ཚོགས་ལྤགས་གང་རྙེད༔ ཀྱིས་བརྒྱན་ཡིད་དུ་འོང་བར་བྱ༔ སྤྲོ་ན་རི་རབ་རིམ་གསུམ་དུ༔ འོག་མར་ཀླུ་ནོར་སྣ་ཚོགས་དང་༔ བར་པ་གཟུགས་འགྲོས་ཚོགས་དགོད་བྱ༔ གཙང་མ་ཆབ་ཀྱིས་རབ་བྲན་ཏེ༔ སྭ་བྷཱ་ཝ་ཡིས་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་བསང་རྫས་རྣམས་མཁའ་ལ་འཇའ་ཚོན་ཤར་བ་བཞིན་དུ་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་འཕགས་པ་ཀུན་དུ་བཟང་པོའི་མཆོད་པའི་སྤྲིན་རྒྱ་མཚོ་ལྟ་བུར་ཟད་མི་ཤེས་པའི་གཏེར་ཆེན་པོར་གྱུར་ཅིག༔ ན་མ༔ སརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་ལན་བདུན་བརྗོད༔ ཨ་ཀཱ་རོ་ལན་གསུམ་བརྗོད་མཐར༔ རཾ་ལས་མེ་ཐབ་ཡངས་ཤིང་རྒྱ་ཆེ་བ་དབྱིབས་མཛེས་ཤིང་བཀོད་ལེགས་པའི་ནང་དུ་སྤོས་དང་ཤིང་རྩི་སྣ་ཚོགས་ཀྱི་དུད་སྤྲིན་ས་བདག་དང་གཞི་བདག་གནས་བདག་དང་གྲོང་བདག་ཐམས་ཅད་ཀྱི་རྨུགས་པ་དྭངས༔ འཐིབ་པ་སངས༔ ན་བ་སོས༔ རྒུད་པ་དར༔ ཤི་བ་སློང་༔ ལོངས་སྤྱོད་དང་བང་མཛོད་ཉམས་པ་ཐམས་ཅད་འཕེལ་ཞིང་རྒྱས་ཏེ་གང་༔ བདེ་སྐྱིད་ཕུན་སུམ་ཚོགས་པའི་གནས་ལ་འཁོད་ཅིང་༔ སངས་རྒྱས་ཀྱི་བཀའ་རྗེས་སུ་དྲན་ནས་ཅི་བསྒོས་པའི་བཀའ་ཉན་ཅིང་ཕྲིན་ལས་རབ་འབྱམས་ཐམས་ཅད་ཐོགས་མེད་དུ་བསྒྲུབ་པའི་མཐུ་དཔལ་ནུས་པ་དང་ལྡན་ཞིང་ལས་ལ་ཁོལ་བར་གྱུར་ཅིག༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཡེ་དྷརྨ་སོགས་རྟེན་འབྲེལ་སྙིང་པོ་ལན་བདུན་བརྗོད༔ ན་མོ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་སྐུ་གསུམ་ལྷ༔ སངས་རྒྱས་ཆོས་དང་དགེ་འདུན་དཀོན་མཆོག་གསུམ༔ བླ་མ་ཡི་དམ་མཁའ་འགྲོ་རྩ་བ་གསུམ༔ ཆོས་ཉིད་རྣམ་དག་རྒྱུ་འབྲས་བསླུ་མེད་པའི༔ ཐུགས་རྗེ་བྱིན་རླབས་ནུས་མཐུ་བདེན་སྟོབས་ཀྱིས༔ ཡུལ་ལྷ་གཞི་བདག་འཁོར་དང་བཅས་པ་རྣམས༔ བདག་གི་བྲན་ཁོལ་ཕྲིན་ལས་ཡོངས་སྒྲུབ་ཅིང་༔ སྐད་ཅིག་མི་འབྲལ་སྲུང་སྐྱོབ་འདོད་རྒུ་སྤེལ༔ འཁུ་ལྡོག་གདུག་རྩུབ་ཀོ་ལོང་མི་འབྱུང་ཞིང་༔ མཁོན་དང་འཁྲུགས་པ་ཐམས་ཅད་ཞི་གྱུར་ཏེ༔ ཕ་མ་དང་ནི་བུ་ཚ་ཇི་བཞིན་དུ༔ ཕན་ཚུན་བྱམས་བརྩེའི་གནས་ལ་འཁོད་གྱུར་ཅིག༔ ཚིགས་སུ་གཅད་པ་དེ་དག་ལན་གསུམ་བརྗོད༔ བསྭོ་བསྭོ་བསྭོ༔ ཀྱཻ༔ དང་པོ་བསྭོ་ཡིས་མི་འབོད་རྒྱུ༔ གཡུང་དྲུང་བོན་གྱི་ཐ་ཚིག་ལགས༔ ཛ༔ ཐ་མ་ཛཿཡིས་མི་འདྲེན་རྒྱུ༔ རིག་འཛིན་བརྒྱུད་པའི་ཐ་ཚིགས་ལགས༔ རྫ་སྙིང་རྡོ་རྗེ་ཐོག་རྒོད་རྩལ༔ གཉན་ཆེན་སྔོ་ཚོགས་གཡུ་རྩེ་ལགས༔ མི་ནག་རྟ་ནག་འཇིགས་སུ་རུང་༔ གཡས་པས་མདུང་དར་ནགཔོ་ཕྱར༔ གཡོན་པས་ལྕགས་ཀྱུ་མེ་འབར་བསྣམས༔ འཕྲུལ་གྱི་མདའ་གཞུ་རྐེད་ལ་བསྐོར༔ སྲུང་བ་རྡོ་རྗེའི་གོ་ཁྲབ་བགོ༔ ནག་པོ་ལྕགས་ཀྱི་སྒ་ཁྲབ་ལ༔ གོང་ཐག་གློ་སྙེད་སྦྲུལ་ལས་བྱས༔ སྡོམ་སྡིག་སྦལ་པའི་ཚྭ་ཚྭ་འགྱེད༔ སྲོག་ལེན་བདུད་པོ་རྣམ་བཞི་དང་༔ ཤན་པ་དྲུག་དང་མགར་བ་བཞི༔ སྨན་མོ་བཅུ་གཉིས་འབངས་འཁོར་ནི༔ དྲུག་ཅུ་རྩ་བཞིའི་ཚོགས་དང་བཅས༔ འདིར་གཤེགས་དགྱེས་པའི་གདན་ལ་བཞུགས༔ རི་རབ་རིམ་གསུམ་རིན་ཆེན་མཁར༔ ནོར་བུ་འབར་བའི་ཏོག་དང་བཅས༔ ཡུལ་ལྷ་གཉན་པོ་གཉན་ཕྱིར་འབུལ༔ ཙ་ར་རོག་པོ་ཞོལ་ལྡན་དང་༔ ལུག་ནི་འཇའ་ཡི་བལ་ཚོན་ཅན༔ ར་དམར་གཡུ་ཡི་རྭ་རྨིག་ཅན༔ རྟ་མཆོག་རླུང་གི་གཤོག་པ་ཅན༔ སྲུང་མ་གཉན་པོ་དགྱེས་ཕྱིར་འབུལ༔ ལྷ་ཀླུ་མི་ཡི་ལོངས་སྤྱོད་དཀོར༔ རིན་ཆེན་ནོར་གྱི་རིགས་བྱེད་དང་༔ འབྲུ་སྣ་ཤིང་ཐོག་ཟས་ཀྱི་རིགས༔ དཀར་གསུམ་མངར་གསུམ་བྱེ་བྲག་དང་༔ སྨན་སྣ་ཤ་རི་ཁྲག་གི་མཚོ༔ དར་རས་གོ་མཚོན་སྣ་ཚོགས་པ༔ མདོར་ན་ཡིད་ལ་གང་འདོད་པའི༔ འདོད་རྒུ་ལོངས་སྤྱོད་མི་ཟད་གཏེར༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ སྲུང་མ་གཉན་པོ་དགྱེས་ཕྱིར་འབུལ༔ འདོད་འཇོའི་བདུད་རྩིའི་བསང་དུད་ཀྱིས༔ རྫ་སྙིང་ཐོག་རྒོད་འབར་བ་བསང་༔ གཉན་ཆེན་སྔོ་ཚོགས་གཡུ་རྩེ་བསང་༔ དགྲ་བླ་མྱུར་མགྱོགས་ཤུགས་ལྡན༴བདུད་པོ་སྲོག་ལེན་རྣམ་བཞི༴ཤན་པ་གྲི་ཐོག་དྲུག་ཁྲག༴མགར་བ་ཐོག་འབྲུག་གློག་བྱེད༴སྨན་མོ་གཡུ་ལྕམ་བཅུ་གཉིས༴ཡང་འཁོར་དྲུག་ཅུ་རྩ་བཞི་བསང་༔ སྐུ་ཡི་གཟི་མདངས་རྒྱས་གྱུར་ཅིག༔ གསུང་གི་འགགས་པ་ཁྲོལ་གྱུར་ཅིག༔ ཐུགས་ཀྱི་རྨུགས་འཐིབ་སངས་གྱུར་ཅིག༔ མཐུ་སྟོབས་ནས་རྩལ་མྱུར་མགྱོགས་ཤུགས༔ ཉམས་ཤིང་རྒུད་པ་སོར་ཆུད་དེ༔ སྣང་སྲིད་ཡུལ་ལྷ་གཞི་བདག་གི༔ མཐུ་སྟོབས་ནུས་པ་རྩལ་ཡོན་ཏན༔ ལྷ་མཆོག་ཁྱེད་ལ་ཡོངས་རྫོགས་ཤོག༔ ཁྱེད་བརྟེན་བསྟོད་དང་མཆོད་གསོལ་ལས༔ བརྩོན་པའི་རྗེ་དཔོན་འབངས་སྡེའི་ཚོགས༔ ཕ་མའི་བུ་སྡུག་ཇི་བཞིན་སྐྱོངས༔ མི་ལ་ན་ཚ་རྐྱེན་ངན་དང་༔ ཕྱུགས་ལ་གོད་ཁ་མ་བཏང་ཞིག༔ ནད་དང་གནོད་པ་རྐྱེན་བར་ཆད༔ ཞི་བཟློག་གཞོམ་པའི་ཕྲིན་ལས་མཛོད༔ མི་ནོར་རྟ་ཕྱུགས་གནག་ལུག་བཅས༔ རྟག་དུ་དབྱེར་མེད་སྲུང་སྐྱོབ་ཅིང་༔ ཉིན་གྱི་དུས་སུ་བྱ་ར་དང་༔ རྫི་བོ་མཛོད་ལ་དགྲ་ཇག་ཐུལ༔ མཚན་གྱི་དུས་སུ་མེལ་ཚེ་མཛོད༔ རྐུ་འཕྲོག་བྱེད་པའི་རྐུན་མ་སོད༔ བདག་ཅག་འཁོར་དང་བཅས་པ་ཡི༔ ཆོས་སྲིད་མངའ་ཐང་དཔལ་ཡོན་ཏན༔ ཡར་ངོའི་ཟླ་ལྟར་འཕེལ་རྒྱས་མཛོད༔ སྣང་སྲིད་སྐྱེ་འགྲོའི་བློ་ཡིད་སེམས༔ ཁབ་ལེན་རྡོ་དང་ལྕགས་འཕྲད་བཞིན༔ རང་དབང་མེད་པར་དབང་བསྡུས་ལ༔ དཔའ་བསྐོང་བྲན་དུ་ཁོལ་བར་མཛོད༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས༔ གནོད་གདུག་དྲག་ཤུལ་སྡང་རྒོལ་གྱི༔ སེམས་དང་ལྡན་པ་སུ་ཡང་རུང་༔ མ་ལུས་ཐལ་བའི་རྡུལ་བཞིན་རློགས༔ ཤ་ཁྲག་དྲོན་མོ་ཟས་སྐལ་གྱི༔ མདོར་ན་བདག་གི་གང་འདོད་པའི༔ ལས་ཀུན་ཐོགས་མེད་འགྲུབ་པར་མཛོད༔ གཡུང་དྲུང་བོན་དང་དམ་པའི་ཆོས༔ བརྒྱུད་པ་འཛིན་པའི་བླ་མ་དང་༔ སྐུ་གསུམ་རྒྱལ་བ་རྒྱ་མཚོ་ཡི༔ བཀའ་དམ་གཉན་པོ་དཔང་བཙུགས་ཏེ༔ ཁྱོད་ལ་ཕྲིན་ལས་དེ་བཅོལ་གྱིས༔ ཐོགས་པ་མེད་པར་འགྲུབ་པར་མཛོད༔ དཀོན་མཆོག་གསུམ་གྱི་བདེན་སྟོབས་དང་༔ རྟེན་འབྲེལ་རྒྱུ་འབྲས་བསླུ་མེད་མཐུས༔ བདག་ཅག་ལྷ་མི་འཁོར་བཅས་རྣམས༔ ཕན་ཚུན་མཐུན་ཅིང་བྱམས་བརྩེ་ཡིས༔ དགེ་ཞིང་ཚེ་རིང་བདེ་སྤྱོད་ཅིང་༔ རྫོགས་ལྡན་དུས་ཀྱི་བསྐལ་པ་བཞིན༔ བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག༔ ཏིང་འཛིན་བསྐྱེད་དམིགས་སྟོབས་ལྡན་པས༔ སྐྱེས་བུ་མཆོག་གི་དེ་བཞིན་དུ༔ བསང་དང་མཆོད་པ་འབུལ་བ་ཡིས༔ སྲུང་མ་གཉན་པོ་བྲན་ཁོལ་ཏེ༔ འདོད་དོན་འགྲུབ་པར་གདོན་མི་ཟཿས་མ་ཡ༔ ཨྠིྀ༔ ཞེས་པ་འདི་ཁྲོམ་དཔོན་ཀུན་བཟང་བསྟན་འཛིན་ནས་རབ་དཀར་ལྟ་རེག་དྲི་མེད་བཅས་སྣ་དྲངས་ཏེ་ནན་དུ་བསྐུལ་བའི་ངོར།ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བ་ཐོག་མཐའ་བར་གསུམ་དུ་ཡོངས་སུ་དགེ་བར་གྱུར་ཅིག།དགེའོ།།དགེའོ།།དགེའོ།།ལེགས་སོ།།མངྒ་ལཾ།།།། | |classification=Tibetan Publications | ||
|subclass=Tibetan Texts | |||
|collectiontitle=bdud 'joms gling pa zab gter | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|totalvolumes=21 | |||
|author=bdud 'joms gling pa | |||
|authortib=བདུད་འཇོམས་གླིང་པ་ | |||
|citation=Khrag 'thung [[Bdud 'joms gling pa]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=15 | |||
|volumeLetter=BA | |||
|textnuminvol=104 | |||
|pdflink=File:TTDL-ZABTER-15-BA-104.pdf | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-15-BA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|དག་སྣང་ཡེ་ཤེས་དྲྭ་བ་ལས༔ རྫ་སྙིང་ཐོག་རྒོད་འབར་བ་རྩལ༔ ཡོངས་གྲགས་སྔོ་ཚོགས་གཡུ་རྩེ་ཞེས་བྱ་བའི་བསང་མཆོད་དཔག་བསམ་འདོད་འབྱུང་བཞུགས༔ | |||
ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༤༣༤ཟོ་དོར་སྔོ་ཚོགས་གཡུ་རྩེ་ཡི༔ བསང་མཆོད་ལག་ལེན་རིམ་པ་ལ༔ བཟང་ཤིང་ཕྱེ་མར་འབྲུ་སྣ་དང་༔ ཤ་ཁྲག་དམར་གཏོར་དྲི་བཟང་སྤོས༔ མཁར་ཐབ་སུམ་ཐོག་ནོར་བུའི་ཏོག༔ གཡག་ལུག་ར་དང་རྟ་མཆོག་རྣམས༔ མཁར་གདན་རི་རབ་ལོག་བཞིར་བཞག༔ དར་ཟབ་རས་སོགས་མཛེས་ལྡན་དང་༔ གཅན་གཟན་སྣ་ཚོགས་ལྤགས་གང་རྙེད༔ ཀྱིས་བརྒྱན་ཡིད་དུ་འོང་བར་བྱ༔ སྤྲོ་ན་རི་རབ་རིམ་གསུམ་དུ༔ འོག་མར་ཀླུ་ནོར་སྣ་ཚོགས་དང་༔ བར་པ་གཟུགས་འགྲོས་ཚོགས་དགོད་བྱ༔ གཙང་མ་ཆབ་ཀྱིས་རབ་བྲན་ཏེ༔ སྭ་བྷཱ་ཝ་ཡིས་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་བསང་རྫས་རྣམས་མཁའ་ལ་འཇའ་ཚོན་ཤར་བ་བཞིན་དུ་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་འཕགས་པ་ཀུན་དུ་བཟང་པོའི་མཆོད་པའི་སྤྲིན་རྒྱ་མཚོ་ལྟ་བུར་ཟད་མི་ཤེས་པའི་གཏེར་ཆེན་པོར་གྱུར་ཅིག༔ ན་མ༔ སརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་ལན་བདུན་བརྗོད༔ ཨ་ཀཱ་རོ་ལན་གསུམ་བརྗོད་མཐར༔ རཾ་ལས་མེ་ཐབ་ཡངས་ཤིང་རྒྱ་ཆེ་བ་དབྱིབས་མཛེས་ཤིང་བཀོད་ལེགས་པའི་ནང་དུ་སྤོས་དང་ཤིང་རྩི་སྣ་ཚོགས་ཀྱི་དུད་སྤྲིན་ས་བདག་དང་གཞི་བདག་གནས་བདག་དང་གྲོང་བདག་ཐམས་ཅད་ཀྱི་རྨུགས་པ་དྭངས༔ འཐིབ་པ་སངས༔ ན་བ་སོས༔ རྒུད་པ་དར༔ ཤི་བ་སློང་༔ ལོངས་སྤྱོད་དང་བང་མཛོད་ཉམས་པ་ཐམས་ཅད་འཕེལ་ཞིང་རྒྱས་ཏེ་གང་༔ བདེ་སྐྱིད་ཕུན་སུམ་ཚོགས་པའི་གནས་ལ་འཁོད་ཅིང་༔ སངས་རྒྱས་ཀྱི་བཀའ་རྗེས་སུ་དྲན་ནས་ཅི་བསྒོས་པའི་བཀའ་ཉན་ཅིང་ཕྲིན་ལས་རབ་འབྱམས་ཐམས་ཅད་ཐོགས་མེད་དུ་བསྒྲུབ་པའི་མཐུ་དཔལ་ནུས་པ་དང་ལྡན་ཞིང་ལས་ལ་ཁོལ་བར་གྱུར་ཅིག༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཡེ་དྷརྨ་སོགས་རྟེན་འབྲེལ་སྙིང་པོ་ལན་བདུན་བརྗོད༔ ན་མོ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་སྐུ་གསུམ་ལྷ༔ སངས་རྒྱས་ཆོས་དང་དགེ་འདུན་དཀོན་མཆོག་གསུམ༔ བླ་མ་ཡི་དམ་མཁའ་འགྲོ་རྩ་བ་གསུམ༔ ཆོས་ཉིད་རྣམ་དག་རྒྱུ་འབྲས་བསླུ་མེད་པའི༔ ཐུགས་རྗེ་བྱིན་རླབས་ནུས་མཐུ་བདེན་སྟོབས་ཀྱིས༔ ཡུལ་ལྷ་གཞི་བདག་འཁོར་དང་བཅས་པ་རྣམས༔ བདག་གི་བྲན་ཁོལ་ཕྲིན་ལས་ཡོངས་སྒྲུབ་ཅིང་༔ སྐད་ཅིག་མི་འབྲལ་སྲུང་སྐྱོབ་འདོད་རྒུ་སྤེལ༔ འཁུ་ལྡོག་གདུག་རྩུབ་ཀོ་ལོང་མི་འབྱུང་ཞིང་༔ མཁོན་དང་འཁྲུགས་པ་ཐམས་ཅད་ཞི་གྱུར་ཏེ༔ ཕ་མ་དང་ནི་བུ་ཚ་ཇི་བཞིན་དུ༔ ཕན་ཚུན་བྱམས་བརྩེའི་གནས་ལ་འཁོད་གྱུར་ཅིག༔ ཚིགས་སུ་གཅད་པ་དེ་དག་ལན་གསུམ་བརྗོད༔ བསྭོ་བསྭོ་བསྭོ༔ ཀྱཻ༔ དང་པོ་བསྭོ་ཡིས་མི་འབོད་རྒྱུ༔ གཡུང་དྲུང་བོན་གྱི་ཐ་ཚིག་ལགས༔ ཛ༔ ཐ་མ་ཛཿཡིས་མི་འདྲེན་རྒྱུ༔ རིག་འཛིན་བརྒྱུད་པའི་ཐ་ཚིགས་ལགས༔ རྫ་སྙིང་རྡོ་རྗེ་ཐོག་རྒོད་རྩལ༔ གཉན་ཆེན་སྔོ་ཚོགས་གཡུ་རྩེ་ལགས༔ མི་ནག་རྟ་ནག་འཇིགས་སུ་རུང་༔ གཡས་པས་མདུང་དར་ནགཔོ་ཕྱར༔ གཡོན་པས་ལྕགས་ཀྱུ་མེ་འབར་བསྣམས༔ འཕྲུལ་གྱི་མདའ་གཞུ་རྐེད་ལ་བསྐོར༔ སྲུང་བ་རྡོ་རྗེའི་གོ་ཁྲབ་བགོ༔ ནག་པོ་ལྕགས་ཀྱི་སྒ་ཁྲབ་ལ༔ གོང་ཐག་གློ་སྙེད་སྦྲུལ་ལས་བྱས༔ སྡོམ་སྡིག་སྦལ་པའི་ཚྭ་ཚྭ་འགྱེད༔ སྲོག་ལེན་བདུད་པོ་རྣམ་བཞི་དང་༔ ཤན་པ་དྲུག་དང་མགར་བ་བཞི༔ སྨན་མོ་བཅུ་གཉིས་འབངས་འཁོར་ནི༔ དྲུག་ཅུ་རྩ་བཞིའི་ཚོགས་དང་བཅས༔ འདིར་གཤེགས་དགྱེས་པའི་གདན་ལ་བཞུགས༔ རི་རབ་རིམ་གསུམ་རིན་ཆེན་མཁར༔ ནོར་བུ་འབར་བའི་ཏོག་དང་བཅས༔ ཡུལ་ལྷ་གཉན་པོ་གཉན་ཕྱིར་འབུལ༔ ཙ་ར་རོག་པོ་ཞོལ་ལྡན་དང་༔ ལུག་ནི་འཇའ་ཡི་བལ་ཚོན་ཅན༔ ར་དམར་གཡུ་ཡི་རྭ་རྨིག་ཅན༔ རྟ་མཆོག་རླུང་གི་གཤོག་པ་ཅན༔ སྲུང་མ་གཉན་པོ་དགྱེས་ཕྱིར་འབུལ༔ ལྷ་ཀླུ་མི་ཡི་ལོངས་སྤྱོད་དཀོར༔ རིན་ཆེན་ནོར་གྱི་རིགས་བྱེད་དང་༔ འབྲུ་སྣ་ཤིང་ཐོག་ཟས་ཀྱི་རིགས༔ དཀར་གསུམ་མངར་གསུམ་བྱེ་བྲག་དང་༔ སྨན་སྣ་ཤ་རི་ཁྲག་གི་མཚོ༔ དར་རས་གོ་མཚོན་སྣ་ཚོགས་པ༔ མདོར་ན་ཡིད་ལ་གང་འདོད་པའི༔ འདོད་རྒུ་ལོངས་སྤྱོད་མི་ཟད་གཏེར༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ སྲུང་མ་གཉན་པོ་དགྱེས་ཕྱིར་འབུལ༔ འདོད་འཇོའི་བདུད་རྩིའི་བསང་དུད་ཀྱིས༔ རྫ་སྙིང་ཐོག་རྒོད་འབར་བ་བསང་༔ གཉན་ཆེན་སྔོ་ཚོགས་གཡུ་རྩེ་བསང་༔ དགྲ་བླ་མྱུར་མགྱོགས་ཤུགས་ལྡན༴བདུད་པོ་སྲོག་ལེན་རྣམ་བཞི༴ཤན་པ་གྲི་ཐོག་དྲུག་ཁྲག༴མགར་བ་ཐོག་འབྲུག་གློག་བྱེད༴སྨན་མོ་གཡུ་ལྕམ་བཅུ་གཉིས༴ཡང་འཁོར་དྲུག་ཅུ་རྩ་བཞི་བསང་༔ སྐུ་ཡི་གཟི་མདངས་རྒྱས་གྱུར་ཅིག༔ གསུང་གི་འགགས་པ་ཁྲོལ་གྱུར་ཅིག༔ ཐུགས་ཀྱི་རྨུགས་འཐིབ་སངས་གྱུར་ཅིག༔ མཐུ་སྟོབས་ནས་རྩལ་མྱུར་མགྱོགས་ཤུགས༔ ཉམས་ཤིང་རྒུད་པ་སོར་ཆུད་དེ༔ སྣང་སྲིད་ཡུལ་ལྷ་གཞི་བདག་གི༔ མཐུ་སྟོབས་ནུས་པ་རྩལ་ཡོན་ཏན༔ ལྷ་མཆོག་ཁྱེད་ལ་ཡོངས་རྫོགས་ཤོག༔ ཁྱེད་བརྟེན་བསྟོད་དང་མཆོད་གསོལ་ལས༔ བརྩོན་པའི་རྗེ་དཔོན་འབངས་སྡེའི་ཚོགས༔ ཕ་མའི་བུ་སྡུག་ཇི་བཞིན་སྐྱོངས༔ མི་ལ་ན་ཚ་རྐྱེན་ངན་དང་༔ ཕྱུགས་ལ་གོད་ཁ་མ་བཏང་ཞིག༔ ནད་དང་གནོད་པ་རྐྱེན་བར་ཆད༔ ཞི་བཟློག་གཞོམ་པའི་ཕྲིན་ལས་མཛོད༔ མི་ནོར་རྟ་ཕྱུགས་གནག་ལུག་བཅས༔ རྟག་དུ་དབྱེར་མེད་སྲུང་སྐྱོབ་ཅིང་༔ ཉིན་གྱི་དུས་སུ་བྱ་ར་དང་༔ རྫི་བོ་མཛོད་ལ་དགྲ་ཇག་ཐུལ༔ མཚན་གྱི་དུས་སུ་མེལ་ཚེ་མཛོད༔ རྐུ་འཕྲོག་བྱེད་པའི་རྐུན་མ་སོད༔ བདག་ཅག་འཁོར་དང་བཅས་པ་ཡི༔ ཆོས་སྲིད་མངའ་ཐང་དཔལ་ཡོན་ཏན༔ ཡར་ངོའི་ཟླ་ལྟར་འཕེལ་རྒྱས་མཛོད༔ སྣང་སྲིད་སྐྱེ་འགྲོའི་བློ་ཡིད་སེམས༔ ཁབ་ལེན་རྡོ་དང་ལྕགས་འཕྲད་བཞིན༔ རང་དབང་མེད་པར་དབང་བསྡུས་ལ༔ དཔའ་བསྐོང་བྲན་དུ་ཁོལ་བར་མཛོད༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས༔ གནོད་གདུག་དྲག་ཤུལ་སྡང་རྒོལ་གྱི༔ སེམས་དང་ལྡན་པ་སུ་ཡང་རུང་༔ མ་ལུས་ཐལ་བའི་རྡུལ་བཞིན་རློགས༔ ཤ་ཁྲག་དྲོན་མོ་ཟས་སྐལ་གྱི༔ མདོར་ན་བདག་གི་གང་འདོད་པའི༔ ལས་ཀུན་ཐོགས་མེད་འགྲུབ་པར་མཛོད༔ གཡུང་དྲུང་བོན་དང་དམ་པའི་ཆོས༔ བརྒྱུད་པ་འཛིན་པའི་བླ་མ་དང་༔ སྐུ་གསུམ་རྒྱལ་བ་རྒྱ་མཚོ་ཡི༔ བཀའ་དམ་གཉན་པོ་དཔང་བཙུགས་ཏེ༔ ཁྱོད་ལ་ཕྲིན་ལས་དེ་བཅོལ་གྱིས༔ ཐོགས་པ་མེད་པར་འགྲུབ་པར་མཛོད༔ དཀོན་མཆོག་གསུམ་གྱི་བདེན་སྟོབས་དང་༔ རྟེན་འབྲེལ་རྒྱུ་འབྲས་བསླུ་མེད་མཐུས༔ བདག་ཅག་ལྷ་མི་འཁོར་བཅས་རྣམས༔ ཕན་ཚུན་མཐུན་ཅིང་བྱམས་བརྩེ་ཡིས༔ དགེ་ཞིང་ཚེ་རིང་བདེ་སྤྱོད་ཅིང་༔ རྫོགས་ལྡན་དུས་ཀྱི་བསྐལ་པ་བཞིན༔ བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག༔ ཏིང་འཛིན་བསྐྱེད་དམིགས་སྟོབས་ལྡན་པས༔ སྐྱེས་བུ་མཆོག་གི་དེ་བཞིན་དུ༔ བསང་དང་མཆོད་པ་འབུལ་བ་ཡིས༔ སྲུང་མ་གཉན་པོ་བྲན་ཁོལ་ཏེ༔ འདོད་དོན་འགྲུབ་པར་གདོན་མི་ཟཿས་མ་ཡ༔ ཨྠིྀ༔ ཞེས་པ་འདི་ཁྲོམ་དཔོན་ཀུན་བཟང་བསྟན་འཛིན་ནས་རབ་དཀར་ལྟ་རེག་དྲི་མེད་བཅས་སྣ་དྲངས་ཏེ་ནན་དུ་བསྐུལ་བའི་ངོར།ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བ་ཐོག་མཐའ་བར་གསུམ་དུ་ཡོངས་སུ་དགེ་བར་གྱུར་ཅིག།དགེའོ།།དགེའོ།།དགེའོ།།ལེགས་སོ།།མངྒ་ལཾ།།།།}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 09:23, 4 June 2024
{{Text |classification=Tibetan Publications |subclass=Tibetan Texts |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |totalvolumes=21 |author=bdud 'joms gling pa |authortib=བདུད་འཇོམས་གླིང་པ་ |citation=Khrag 'thung [[Bdud 'joms gling pa]. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. |language=Tibetan |pagestatus=Temporary stub only |volumenumber=15 |volumeLetter=BA |textnuminvol=104 |pdflink=File:TTDL-ZABTER-15-BA-104.pdf |InitCategories=Dudjom Tersar Project; TTDL-ZABTER-Volume-15-BA }}