TTDL-ZABTER-11-DA-011: Difference between revisions

From Dudjom Wiki
TTDL-ZABTER-11-DA-011
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
དབུ་ཁྲིད་བརྡ་ཡིག༔ ༡༥༧ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ འཕོ་བ་ཡེ་ཤེས་སྒོ་འབྱེད་བཞུགས་སོ༔  
{{Text
དབུ་ཁྲིད་བརྡ་ཡིག༔ ༡༥༨༠༠༠༠༠༠༠བརྡ་ཡིག༔ ༡༥༨ན་མོ་གུ་རུ་ས་ར་ཧ་པ་ཡེ༔ མ་འོངས་བརྒྱུད་འཛིན་རྣམས་ཀྱི་ལམ༔ འཕོ་བ་ཡེ་ཤེས་སྒོ་འབྱེད་བསྟན༔ ཉམས་ལེན་ཚགས་སུ་ཚུད་མཛོད་ཅིག༔ ལས་ཅན་ཐར་ལམ་བགྲོད་འདོད་རྣམས༔ སྦྱངས་པ་སྔོན་དུ་མ་སོང་ན༔ དུས་ལ་བབ་ཚེ་གྲོལ་མི་འགྱུར༔ དུས་དང་རྣམ་པ་ཐམས་ཅད་དུ༔ ཉམས་ལེན་གནད་དང་མི་འབྲལ་གཅེས༔ ས་མ་ཡ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་ནས༔ ཟབ་ལམ་ཉམས་སུ་ལེན་པ་ལ༔ ཕཊ༔ སྣང་སྲིད་དག་པ་མཁའ་སྤྱོད་ཞིང་༔ བདེ་ཆེན་འགྱུར་མེད་བཀོད་པ་རྫོགས༔ ཆུ་སྐྱེས་གེ་སར་བཞད་པའི་ཁར༔ ཉི་མའི་གདན་སྟེང་འོད་ཐིག་ཀློང་༔ རང་ལུས་རྡོ་རྗེ་རྣལ་འབྱོར་མ༔ ལྗང་གསལ་གྲི་ཐོད་ཁ་ཊྭཱྃ་ཀ༔ ཞི་འཛུམ་དོར་སྟབས་རུས་རྒྱན་གསོལ༔ སྐུ་དབུས་ཡར་གྱི་ཟང་ཐལ་ལམ༔ སྒོ་ཡི་དྭངས་མ་ཡེ་ཤེས་རྩ༔ དྲང་སྲབ་སྣུམ་གསལ་མཚན་ཉིད་རྫོགས༔ དཀར་དམར་མཐིང་ཀའི་ཁ་དོག་འཚེར༔ མར་སྣ་རྐང་མཐིལ་གཉིས་སུ་འགགས༔ ཡར་སྣ་སྤྱི་བོར་ཐ་ལེར་ཟུག༔ བདེ་སྐྱོང་འཁོར་ལོར་སྒྲོལ་མ་ལྗང་༔ སྤྲུལ་པའི་འཁོར་ལོར་སྤྱན་མ་སེར༔ ཆོས་ཀྱི་འཁོར་ལོར་མཱ་ཀི་དཀར༔ ལོངས་སྤྱོད་འཁོར་ལོར་གོས་དཀར་དམར༔ བདེ་ཆེན་འཁོར་ལོར་དབྱིངས་ཕྱུག་མཐིང་༔ ཡེ་ཤེས་འཁོར་ལོར་འོག་མིན་ཞིང་༔ མ་བཙལ་རྫོགས་ལྡན་རང་བྱུང་བསྒོམ༔ རྐང་མཐིལ་ཐབས་ཤེས་ཐིག་ལེ་ནི༔ དཀར་དམར་གསལ་འཚེར་སྣུམ་འདྲིལ་འཕར༔ མ་སར་བྱ་ཡི་སྒོ་ང་ཙམ༔ ཡར་འཕར་གསང་བར་ཁ་སྦྱོར་ནས༔ དབྱིངས་ཀྱི་ཡུམ་ལྔའི་ཐུགས་བརྒྱུད་དེ༔ གཙུག་ཏོར་འཁོར་ལོར་ཞིང་བཀོད་རྒྱལ༔ ཕཊ་ཕཊ་ཕཊ༔ དེ་ནས་གསོལ་བ་འདེབས་པ་ནི༔ ཀྱཻ༔ ཀུན་བཟང་རྡོར་སེམས་རྡོ་རྗེ་ཆོས༔ དགའ་རབ་ཤྲཱི་སེང་པདྨ་འབྱུང་༔ ས་ར་ཧ་དང་གྲུབ་བརྙེས་འབུམ༔ བླ་མ་རྣམས་ལ་གསོལ་བ་འདེབས༔ འཕོ་ཆེན་བུམ་སྐུར་བྱིན་གྱིས་རློབས༔ ཆོས་སྐུ་ཡུམ་ཆེན་རྣལ་འབྱོར་མ༔ ཁྲོས་མའི་སྒྱུ་འཕྲུལ་མཁའ་འགྲོ་འབུམ༔ ཨ་མ་ཡེ་ཤེས་མཚོ་རྒྱལ་ལ༔ གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐུལ༔ འཇའ་ལུས་ཆེན་པོར་བྱིན་གྱིས་རློབས༔ ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས༔ དབྱིངས་དང་ཡེ་ཤེས་གཉིས་མེད་ཀློང་༔ འགྱུར་མེད་བཙན་ས་ཟིན་པར་ཤོག༔ ཕཊ་སྒྲ་བདུན་གྱི་ཐ་མས་གཙུག་ཏོར་ཡེ་ཤེས་ཀྱི་འཁོར་ལོར་བསྲེས་ཏེ་རྟོག་མེད་ཀྱི་ངང་དུ་མཉམ་པར་བཞག༔ ཡང་ཡང་སྦྱངས་པའི་རྗེས་སུ་ནམ་མཁའི་ཀློང་ནས་རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོར་བཞེངས་ནས་ལུས་ཀྱི་མཆོད་སྦྱིན་འདི་ལྟར་བྱའོ༔ ཕཊ༔ རང་ཉིད་ཡེ་ཤེས་ཁྲོས་མར་ལྡང་༔ ཕྱག་གཡས་གྲི་གུག་ཚད་ཙམ་གྱིས༔ སྣང་སྲིད་ཁེབས་པའི་ཞིང་ལྤགས་གཞིར༔ ཤ་རི་ཁྲག་མཚོ་རུས་གྲམ་ཁྲོད༔ ཚིལ་ཞུན་མར་ཁུའི་རྒྱ་མཚོ་འཁྱིལ༔ ལྦུ་བ་ངད་རླངས་འདོད་རྒུར་འཆར༔ ཆོས་དབྱིངས་དང་མཉམ་བྷན་སྣོད་དུ༔ གོ་རོ་ཙ་ན་བྱང་སེམས་བསྐྱིལ༔ འབྲུ་གསུམ་ནུས་པས་བྱིན་བརླབས་ཏེ༔ སྐུ་གསུང་ཐུགས་ཀྱི་བདུད་རྩི་ལས༔ མཆོད་སྤྲིན་ནམ་མཁའ་མཉམ་པར་སྤེལ༔ ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ༔ ཕཊ་ཕཊ་ཕཊ༔ ཀུན་བཟང་རྡོར་སེམས་རྡོ་རྗེ་ཆོས༔ དགའ་རབ་ཤྲཱི་སེང་པདྨ་འབྱུང་༔ ས་ར་ཧ་དང་གྲུབ་བརྙེས་འབུམ༔ སྐུ་གསུམ་བརྒྱུད་གསུམ་བླ་མ་མཆོད༔ ཕཊ་ཕཊ་ཕཊ༔ གསང་འདུས་མ་ཧཱ་མ་ཡ་དང་༔ དུས་འཁོར་སྒྱུ་འཕྲུལ་ཀྱེ་རྡོ་རྗེ༔ ཟླ་གསང་དམ་ཚིག་བཀོད་དང་གདན༔ བདེ་མཆོག་བཀའ་བརྒྱད་ལ་སོགས་པའི༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་མཆོད༔ འཁོར་བ་དོང་སྤྲུགས་ནུས་པར་ཤོག༔ ཕཊ་ཕཊ་ཕཊ༔ སངས་རྒྱས་ཆོས་དང་དགེ་འདུན་སོགས༔ དཀོན་མཆོག་སྲི་ཞུའི་མགྲོན་རྣམས་མཆོད༔ ཡེ་ཤེས་མགོན་པོ་དཔལ་མགོན་སོགས༔ མགོན་པོ་ཡོན་ཏན་མགྲོན་རྣམས་མཆོད༔ ཕཊ་ཕཊ་ཕཊ༔ ལྷ་གཤིན་མ་བདུད་སྲིན་པོ་བཙན༔ གནོད་སྦྱིན་ཀླུ་བདུད་གཟའ་རྡོར་རྒྱལ༔ ཕྱོགས་སྐྱོང་དྲེགས་དཔོན་བརྟན་མ་སྐྱོང་༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་མཆོད༔ ཕཊ་ཕཊ་ཕཊ༔ རྒྱལ་པོ་པེ་དཀར་བེ་ནག་དང་༔ ཙི་དམར་འགོང་པོ་ཕོ་གདོན་སྡེ༔ འཕྲོག་མ་མ་བུ་ལྔ་བརྒྱ་དང་༔ བྱིས་པའི་གདོན་ཆེན་བཅོ་ལྔ་མཆོད༔ ཕཊ་ཕཊ་ཕཊ༔ སྒབ་འདྲེ་དམ་སྲི་ཡུལ་འདྲེ་དང་༔ ཟོ་དོར་གཉན་དང་གྲོང་འདྲེ་དང་༔ དྲི་ཟ་གནས་གདོན་ལུས་གདོན་བཅས༔ སྣང་ཞིང་སྲིད་པའི་ལྷ་འདྲེ་ལ༔ གང་ལ་གང་མཁོའི་འདོད་ཡོན་སྦྱིན༔ ལྷག་མ་མེད་པར་ཧབ་ཐོབ་རོལ༔ ཕཊ་ཕཊ་ཕཊ༔ དམྱལ་བ་ཡི་དྭགས་དུད་འགྲོ་མི༔ ལྷ་དང་ལྷ་མིན་བར་དོ་བ༔ ཁམས་གསུམ་སེམས་ཅན་ཐམས་ཅད་མཆོད༔ ཐམས་ཅད་ངོམས་ཤིང་དགའ་མགུར་ཚིམས༔ སྦྱིན་པའི་ཕ་རོལ་ཕྱིན་གྱུར་ནས༔ ཚོགས་གཉིས་ཡོངས་སུ་རྫོགས་པར་ཤོག༔ ཕཊ་ཕཊ་ཕཊ༔ ལྷག་མ་མྱོང་གྲོལ་བདུད་རྩི་ཡིས༔ འོན་ལོང་ལྐུག་དང་ཞ་བོ་དང་༔ ཁས་ཞན་དབང་ཆུང་ཐམས་ཅད་མཆོད༔ སྡུག་བསྔལ་རྒྱུ་འབྲས་དང་བྲལ་ནས༔ བདེ་ཆེན་དག་པའི་ཀློང་དུ་འཕོས༔ སྐད་ཅིག་རྫོགས་སངས་རྒྱས་གྱུར་ཅིག༔ ཕཊ་ཕཊ་ཕཊ༔ མཆོད་བྱ་མཆོད་བྱེད་མཆོད་ཡུལ་བཅས༔ རྨི་ལམ་སད་བཞིན་རང་ངོར་སངས༔ ཆོས་ཉིད་སྐྱེ་འགགས་འགྱུར་མེད་ངང་༔ འཁོར་གསུམ་དམིགས་མེད་དབྱིངས་སུ་ཨ༔ ཕཊ་ཕཊ་ཕཊ༔ འདི་ནི་གསེང་ལམ་འཕོ་བའི་ལུང་༔ ཉམས་སུ་ལེན་པའི་གང་ཟག་རྣམས༔ ཐབས་མཆོག་ཟབ་མོ་འདིས་གྲོལ་འགྱུར༔ རྒྱུན་དུ་ཉམས་ལེན་བྱེད་པའི་བུ༔ ཚེ་འདིར་གྲོལ་བ་མ་ཐོབ་ན༔ ཕ་ཡིས་བསླུས་སོ་སྐལ་ལྡན་རྣམས༔ ས་མ་ཡ༔ གཟའ་བདུད་དུག་གི་སྤུ་གྲིས་སྲུངས༔ བཀའ་དང་ཐ་ཚིག་གཉན་པོའི་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་འོད་གསལ་རྫོགས་པ་ཆེན་པོ་ཀློང་ཡངས་ནམ་མཁའི་རྣལ་འབྱོར་པ་རིག་འཛིན་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ལྒ་ཡི་བནྡྷེ་པདྨ་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།།།།[[Category:Wyckibaat]]
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=11
|volumeLetter=DA
|textnuminvol=011
|pdflink=File:TTDL-ZABTER-11-DA-011.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-11-DA
}}
<h1>Tibetan Text</h1>
<onlyinclude>
{{TibP|དབུ་ཁྲིད་བརྡ་ཡིག༔ ༡༥༧ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ འཕོ་བ་ཡེ་ཤེས་སྒོ་འབྱེད་བཞུགས་སོ༔  
དབུ་ཁྲིད་བརྡ་ཡིག༔ ༡༥༨༠༠༠༠༠༠༠བརྡ་ཡིག༔ ༡༥༨ན་མོ་གུ་རུ་ས་ར་ཧ་པ་ཡེ༔ མ་འོངས་བརྒྱུད་འཛིན་རྣམས་ཀྱི་ལམ༔ འཕོ་བ་ཡེ་ཤེས་སྒོ་འབྱེད་བསྟན༔ ཉམས་ལེན་ཚགས་སུ་ཚུད་མཛོད་ཅིག༔ ལས་ཅན་ཐར་ལམ་བགྲོད་འདོད་རྣམས༔ སྦྱངས་པ་སྔོན་དུ་མ་སོང་ན༔ དུས་ལ་བབ་ཚེ་གྲོལ་མི་འགྱུར༔ དུས་དང་རྣམ་པ་ཐམས་ཅད་དུ༔ ཉམས་ལེན་གནད་དང་མི་འབྲལ་གཅེས༔ ས་མ་ཡ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་ནས༔ ཟབ་ལམ་ཉམས་སུ་ལེན་པ་ལ༔ ཕཊ༔ སྣང་སྲིད་དག་པ་མཁའ་སྤྱོད་ཞིང་༔ བདེ་ཆེན་འགྱུར་མེད་བཀོད་པ་རྫོགས༔ ཆུ་སྐྱེས་གེ་སར་བཞད་པའི་ཁར༔ ཉི་མའི་གདན་སྟེང་འོད་ཐིག་ཀློང་༔ རང་ལུས་རྡོ་རྗེ་རྣལ་འབྱོར་མ༔ ལྗང་གསལ་གྲི་ཐོད་ཁ་ཊྭཱྃ་ཀ༔ ཞི་འཛུམ་དོར་སྟབས་རུས་རྒྱན་གསོལ༔ སྐུ་དབུས་ཡར་གྱི་ཟང་ཐལ་ལམ༔ སྒོ་ཡི་དྭངས་མ་ཡེ་ཤེས་རྩ༔ དྲང་སྲབ་སྣུམ་གསལ་མཚན་ཉིད་རྫོགས༔ དཀར་དམར་མཐིང་ཀའི་ཁ་དོག་འཚེར༔ མར་སྣ་རྐང་མཐིལ་གཉིས་སུ་འགགས༔ ཡར་སྣ་སྤྱི་བོར་ཐ་ལེར་ཟུག༔ བདེ་སྐྱོང་འཁོར་ལོར་སྒྲོལ་མ་ལྗང་༔ སྤྲུལ་པའི་འཁོར་ལོར་སྤྱན་མ་སེར༔ ཆོས་ཀྱི་འཁོར་ལོར་མཱ་ཀི་དཀར༔ ལོངས་སྤྱོད་འཁོར་ལོར་གོས་དཀར་དམར༔ བདེ་ཆེན་འཁོར་ལོར་དབྱིངས་ཕྱུག་མཐིང་༔ ཡེ་ཤེས་འཁོར་ལོར་འོག་མིན་ཞིང་༔ མ་བཙལ་རྫོགས་ལྡན་རང་བྱུང་བསྒོམ༔ རྐང་མཐིལ་ཐབས་ཤེས་ཐིག་ལེ་ནི༔ དཀར་དམར་གསལ་འཚེར་སྣུམ་འདྲིལ་འཕར༔ མ་སར་བྱ་ཡི་སྒོ་ང་ཙམ༔ ཡར་འཕར་གསང་བར་ཁ་སྦྱོར་ནས༔ དབྱིངས་ཀྱི་ཡུམ་ལྔའི་ཐུགས་བརྒྱུད་དེ༔ གཙུག་ཏོར་འཁོར་ལོར་ཞིང་བཀོད་རྒྱལ༔ ཕཊ་ཕཊ་ཕཊ༔ དེ་ནས་གསོལ་བ་འདེབས་པ་ནི༔ ཀྱཻ༔ ཀུན་བཟང་རྡོར་སེམས་རྡོ་རྗེ་ཆོས༔ དགའ་རབ་ཤྲཱི་སེང་པདྨ་འབྱུང་༔ ས་ར་ཧ་དང་གྲུབ་བརྙེས་འབུམ༔ བླ་མ་རྣམས་ལ་གསོལ་བ་འདེབས༔ འཕོ་ཆེན་བུམ་སྐུར་བྱིན་གྱིས་རློབས༔ ཆོས་སྐུ་ཡུམ་ཆེན་རྣལ་འབྱོར་མ༔ ཁྲོས་མའི་སྒྱུ་འཕྲུལ་མཁའ་འགྲོ་འབུམ༔ ཨ་མ་ཡེ་ཤེས་མཚོ་རྒྱལ་ལ༔ གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐུལ༔ འཇའ་ལུས་ཆེན་པོར་བྱིན་གྱིས་རློབས༔ ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས༔ དབྱིངས་དང་ཡེ་ཤེས་གཉིས་མེད་ཀློང་༔ འགྱུར་མེད་བཙན་ས་ཟིན་པར་ཤོག༔ ཕཊ་སྒྲ་བདུན་གྱི་ཐ་མས་གཙུག་ཏོར་ཡེ་ཤེས་ཀྱི་འཁོར་ལོར་བསྲེས་ཏེ་རྟོག་མེད་ཀྱི་ངང་དུ་མཉམ་པར་བཞག༔ ཡང་ཡང་སྦྱངས་པའི་རྗེས་སུ་ནམ་མཁའི་ཀློང་ནས་རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོར་བཞེངས་ནས་ལུས་ཀྱི་མཆོད་སྦྱིན་འདི་ལྟར་བྱའོ༔ ཕཊ༔ རང་ཉིད་ཡེ་ཤེས་ཁྲོས་མར་ལྡང་༔ ཕྱག་གཡས་གྲི་གུག་ཚད་ཙམ་གྱིས༔ སྣང་སྲིད་ཁེབས་པའི་ཞིང་ལྤགས་གཞིར༔ ཤ་རི་ཁྲག་མཚོ་རུས་གྲམ་ཁྲོད༔ ཚིལ་ཞུན་མར་ཁུའི་རྒྱ་མཚོ་འཁྱིལ༔ ལྦུ་བ་ངད་རླངས་འདོད་རྒུར་འཆར༔ ཆོས་དབྱིངས་དང་མཉམ་བྷན་སྣོད་དུ༔ གོ་རོ་ཙ་ན་བྱང་སེམས་བསྐྱིལ༔ འབྲུ་གསུམ་ནུས་པས་བྱིན་བརླབས་ཏེ༔ སྐུ་གསུང་ཐུགས་ཀྱི་བདུད་རྩི་ལས༔ མཆོད་སྤྲིན་ནམ་མཁའ་མཉམ་པར་སྤེལ༔ ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ༔ ཕཊ་ཕཊ་ཕཊ༔ ཀུན་བཟང་རྡོར་སེམས་རྡོ་རྗེ་ཆོས༔ དགའ་རབ་ཤྲཱི་སེང་པདྨ་འབྱུང་༔ ས་ར་ཧ་དང་གྲུབ་བརྙེས་འབུམ༔ སྐུ་གསུམ་བརྒྱུད་གསུམ་བླ་མ་མཆོད༔ ཕཊ་ཕཊ་ཕཊ༔ གསང་འདུས་མ་ཧཱ་མ་ཡ་དང་༔ དུས་འཁོར་སྒྱུ་འཕྲུལ་ཀྱེ་རྡོ་རྗེ༔ ཟླ་གསང་དམ་ཚིག་བཀོད་དང་གདན༔ བདེ་མཆོག་བཀའ་བརྒྱད་ལ་སོགས་པའི༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་མཆོད༔ འཁོར་བ་དོང་སྤྲུགས་ནུས་པར་ཤོག༔ ཕཊ་ཕཊ་ཕཊ༔ སངས་རྒྱས་ཆོས་དང་དགེ་འདུན་སོགས༔ དཀོན་མཆོག་སྲི་ཞུའི་མགྲོན་རྣམས་མཆོད༔ ཡེ་ཤེས་མགོན་པོ་དཔལ་མགོན་སོགས༔ མགོན་པོ་ཡོན་ཏན་མགྲོན་རྣམས་མཆོད༔ ཕཊ་ཕཊ་ཕཊ༔ ལྷ་གཤིན་མ་བདུད་སྲིན་པོ་བཙན༔ གནོད་སྦྱིན་ཀླུ་བདུད་གཟའ་རྡོར་རྒྱལ༔ ཕྱོགས་སྐྱོང་དྲེགས་དཔོན་བརྟན་མ་སྐྱོང་༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་མཆོད༔ ཕཊ་ཕཊ་ཕཊ༔ རྒྱལ་པོ་པེ་དཀར་བེ་ནག་དང་༔ ཙི་དམར་འགོང་པོ་ཕོ་གདོན་སྡེ༔ འཕྲོག་མ་མ་བུ་ལྔ་བརྒྱ་དང་༔ བྱིས་པའི་གདོན་ཆེན་བཅོ་ལྔ་མཆོད༔ ཕཊ་ཕཊ་ཕཊ༔ སྒབ་འདྲེ་དམ་སྲི་ཡུལ་འདྲེ་དང་༔ ཟོ་དོར་གཉན་དང་གྲོང་འདྲེ་དང་༔ དྲི་ཟ་གནས་གདོན་ལུས་གདོན་བཅས༔ སྣང་ཞིང་སྲིད་པའི་ལྷ་འདྲེ་ལ༔ གང་ལ་གང་མཁོའི་འདོད་ཡོན་སྦྱིན༔ ལྷག་མ་མེད་པར་ཧབ་ཐོབ་རོལ༔ ཕཊ་ཕཊ་ཕཊ༔ དམྱལ་བ་ཡི་དྭགས་དུད་འགྲོ་མི༔ ལྷ་དང་ལྷ་མིན་བར་དོ་བ༔ ཁམས་གསུམ་སེམས་ཅན་ཐམས་ཅད་མཆོད༔ ཐམས་ཅད་ངོམས་ཤིང་དགའ་མགུར་ཚིམས༔ སྦྱིན་པའི་ཕ་རོལ་ཕྱིན་གྱུར་ནས༔ ཚོགས་གཉིས་ཡོངས་སུ་རྫོགས་པར་ཤོག༔ ཕཊ་ཕཊ་ཕཊ༔ ལྷག་མ་མྱོང་གྲོལ་བདུད་རྩི་ཡིས༔ འོན་ལོང་ལྐུག་དང་ཞ་བོ་དང་༔ ཁས་ཞན་དབང་ཆུང་ཐམས་ཅད་མཆོད༔ སྡུག་བསྔལ་རྒྱུ་འབྲས་དང་བྲལ་ནས༔ བདེ་ཆེན་དག་པའི་ཀློང་དུ་འཕོས༔ སྐད་ཅིག་རྫོགས་སངས་རྒྱས་གྱུར་ཅིག༔ ཕཊ་ཕཊ་ཕཊ༔ མཆོད་བྱ་མཆོད་བྱེད་མཆོད་ཡུལ་བཅས༔ རྨི་ལམ་སད་བཞིན་རང་ངོར་སངས༔ ཆོས་ཉིད་སྐྱེ་འགགས་འགྱུར་མེད་ངང་༔ འཁོར་གསུམ་དམིགས་མེད་དབྱིངས་སུ་ཨ༔ ཕཊ་ཕཊ་ཕཊ༔ འདི་ནི་གསེང་ལམ་འཕོ་བའི་ལུང་༔ ཉམས་སུ་ལེན་པའི་གང་ཟག་རྣམས༔ ཐབས་མཆོག་ཟབ་མོ་འདིས་གྲོལ་འགྱུར༔ རྒྱུན་དུ་ཉམས་ལེན་བྱེད་པའི་བུ༔ ཚེ་འདིར་གྲོལ་བ་མ་ཐོབ་ན༔ ཕ་ཡིས་བསླུས་སོ་སྐལ་ལྡན་རྣམས༔ ས་མ་ཡ༔ གཟའ་བདུད་དུག་གི་སྤུ་གྲིས་སྲུངས༔ བཀའ་དང་ཐ་ཚིག་གཉན་པོའི་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་འོད་གསལ་རྫོགས་པ་ཆེན་པོ་ཀློང་ཡངས་ནམ་མཁའི་རྣལ་འབྱོར་པ་རིག་འཛིན་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ལྒ་ཡི་བནྡྷེ་པདྨ་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།།།།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:23, 4 June 2024

{{Text |classification=Tibetan Publications |subclass=Tibetan Texts |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |totalvolumes=21 |author=bdud 'joms gling pa |authortib=བདུད་འཇོམས་གླིང་པ་ |citation=Khrag 'thung [[Bdud 'joms gling pa]. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. |language=Tibetan |pagestatus=Temporary stub only |volumenumber=11 |volumeLetter=DA |textnuminvol=011 |pdflink=File:TTDL-ZABTER-11-DA-011.pdf |InitCategories=Dudjom Tersar Project; TTDL-ZABTER-Volume-11-DA }}

[edit]
དབུ་ཁྲིད་བརྡ་ཡིག༔ ༡༥༧ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ འཕོ་བ་ཡེ་ཤེས་སྒོ་འབྱེད་བཞུགས་སོ༔ དབུ་ཁྲིད་བརྡ་ཡིག༔ ༡༥༨༠༠༠༠༠༠༠བརྡ་ཡིག༔ ༡༥༨ན་མོ་གུ་རུ་ས་ར་ཧ་པ་ཡེ༔ མ་འོངས་བརྒྱུད་འཛིན་རྣམས་ཀྱི་ལམ༔ འཕོ་བ་ཡེ་ཤེས་སྒོ་འབྱེད་བསྟན༔ ཉམས་ལེན་ཚགས་སུ་ཚུད་མཛོད་ཅིག༔ ལས་ཅན་ཐར་ལམ་བགྲོད་འདོད་རྣམས༔ སྦྱངས་པ་སྔོན་དུ་མ་སོང་ན༔ དུས་ལ་བབ་ཚེ་གྲོལ་མི་འགྱུར༔ དུས་དང་རྣམ་པ་ཐམས་ཅད་དུ༔ ཉམས་ལེན་གནད་དང་མི་འབྲལ་གཅེས༔ ས་མ་ཡ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་ནས༔ ཟབ་ལམ་ཉམས་སུ་ལེན་པ་ལ༔ ཕཊ༔ སྣང་སྲིད་དག་པ་མཁའ་སྤྱོད་ཞིང་༔ བདེ་ཆེན་འགྱུར་མེད་བཀོད་པ་རྫོགས༔ ཆུ་སྐྱེས་གེ་སར་བཞད་པའི་ཁར༔ ཉི་མའི་གདན་སྟེང་འོད་ཐིག་ཀློང་༔ རང་ལུས་རྡོ་རྗེ་རྣལ་འབྱོར་མ༔ ལྗང་གསལ་གྲི་ཐོད་ཁ་ཊྭཱྃ་ཀ༔ ཞི་འཛུམ་དོར་སྟབས་རུས་རྒྱན་གསོལ༔ སྐུ་དབུས་ཡར་གྱི་ཟང་ཐལ་ལམ༔ སྒོ་ཡི་དྭངས་མ་ཡེ་ཤེས་རྩ༔ དྲང་སྲབ་སྣུམ་གསལ་མཚན་ཉིད་རྫོགས༔ དཀར་དམར་མཐིང་ཀའི་ཁ་དོག་འཚེར༔ མར་སྣ་རྐང་མཐིལ་གཉིས་སུ་འགགས༔ ཡར་སྣ་སྤྱི་བོར་ཐ་ལེར་ཟུག༔ བདེ་སྐྱོང་འཁོར་ལོར་སྒྲོལ་མ་ལྗང་༔ སྤྲུལ་པའི་འཁོར་ལོར་སྤྱན་མ་སེར༔ ཆོས་ཀྱི་འཁོར་ལོར་མཱ་ཀི་དཀར༔ ལོངས་སྤྱོད་འཁོར་ལོར་གོས་དཀར་དམར༔ བདེ་ཆེན་འཁོར་ལོར་དབྱིངས་ཕྱུག་མཐིང་༔ ཡེ་ཤེས་འཁོར་ལོར་འོག་མིན་ཞིང་༔ མ་བཙལ་རྫོགས་ལྡན་རང་བྱུང་བསྒོམ༔ རྐང་མཐིལ་ཐབས་ཤེས་ཐིག་ལེ་ནི༔ དཀར་དམར་གསལ་འཚེར་སྣུམ་འདྲིལ་འཕར༔ མ་སར་བྱ་ཡི་སྒོ་ང་ཙམ༔ ཡར་འཕར་གསང་བར་ཁ་སྦྱོར་ནས༔ དབྱིངས་ཀྱི་ཡུམ་ལྔའི་ཐུགས་བརྒྱུད་དེ༔ གཙུག་ཏོར་འཁོར་ལོར་ཞིང་བཀོད་རྒྱལ༔ ཕཊ་ཕཊ་ཕཊ༔ དེ་ནས་གསོལ་བ་འདེབས་པ་ནི༔ ཀྱཻ༔ ཀུན་བཟང་རྡོར་སེམས་རྡོ་རྗེ་ཆོས༔ དགའ་རབ་ཤྲཱི་སེང་པདྨ་འབྱུང་༔ ས་ར་ཧ་དང་གྲུབ་བརྙེས་འབུམ༔ བླ་མ་རྣམས་ལ་གསོལ་བ་འདེབས༔ འཕོ་ཆེན་བུམ་སྐུར་བྱིན་གྱིས་རློབས༔ ཆོས་སྐུ་ཡུམ་ཆེན་རྣལ་འབྱོར་མ༔ ཁྲོས་མའི་སྒྱུ་འཕྲུལ་མཁའ་འགྲོ་འབུམ༔ ཨ་མ་ཡེ་ཤེས་མཚོ་རྒྱལ་ལ༔ གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐུལ༔ འཇའ་ལུས་ཆེན་པོར་བྱིན་གྱིས་རློབས༔ ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས༔ དབྱིངས་དང་ཡེ་ཤེས་གཉིས་མེད་ཀློང་༔ འགྱུར་མེད་བཙན་ས་ཟིན་པར་ཤོག༔ ཕཊ་སྒྲ་བདུན་གྱི་ཐ་མས་གཙུག་ཏོར་ཡེ་ཤེས་ཀྱི་འཁོར་ལོར་བསྲེས་ཏེ་རྟོག་མེད་ཀྱི་ངང་དུ་མཉམ་པར་བཞག༔ ཡང་ཡང་སྦྱངས་པའི་རྗེས་སུ་ནམ་མཁའི་ཀློང་ནས་རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོར་བཞེངས་ནས་ལུས་ཀྱི་མཆོད་སྦྱིན་འདི་ལྟར་བྱའོ༔ ཕཊ༔ རང་ཉིད་ཡེ་ཤེས་ཁྲོས་མར་ལྡང་༔ ཕྱག་གཡས་གྲི་གུག་ཚད་ཙམ་གྱིས༔ སྣང་སྲིད་ཁེབས་པའི་ཞིང་ལྤགས་གཞིར༔ ཤ་རི་ཁྲག་མཚོ་རུས་གྲམ་ཁྲོད༔ ཚིལ་ཞུན་མར་ཁུའི་རྒྱ་མཚོ་འཁྱིལ༔ ལྦུ་བ་ངད་རླངས་འདོད་རྒུར་འཆར༔ ཆོས་དབྱིངས་དང་མཉམ་བྷན་སྣོད་དུ༔ གོ་རོ་ཙ་ན་བྱང་སེམས་བསྐྱིལ༔ འབྲུ་གསུམ་ནུས་པས་བྱིན་བརླབས་ཏེ༔ སྐུ་གསུང་ཐུགས་ཀྱི་བདུད་རྩི་ལས༔ མཆོད་སྤྲིན་ནམ་མཁའ་མཉམ་པར་སྤེལ༔ ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ༔ ཕཊ་ཕཊ་ཕཊ༔ ཀུན་བཟང་རྡོར་སེམས་རྡོ་རྗེ་ཆོས༔ དགའ་རབ་ཤྲཱི་སེང་པདྨ་འབྱུང་༔ ས་ར་ཧ་དང་གྲུབ་བརྙེས་འབུམ༔ སྐུ་གསུམ་བརྒྱུད་གསུམ་བླ་མ་མཆོད༔ ཕཊ་ཕཊ་ཕཊ༔ གསང་འདུས་མ་ཧཱ་མ་ཡ་དང་༔ དུས་འཁོར་སྒྱུ་འཕྲུལ་ཀྱེ་རྡོ་རྗེ༔ ཟླ་གསང་དམ་ཚིག་བཀོད་དང་གདན༔ བདེ་མཆོག་བཀའ་བརྒྱད་ལ་སོགས་པའི༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་མཆོད༔ འཁོར་བ་དོང་སྤྲུགས་ནུས་པར་ཤོག༔ ཕཊ་ཕཊ་ཕཊ༔ སངས་རྒྱས་ཆོས་དང་དགེ་འདུན་སོགས༔ དཀོན་མཆོག་སྲི་ཞུའི་མགྲོན་རྣམས་མཆོད༔ ཡེ་ཤེས་མགོན་པོ་དཔལ་མགོན་སོགས༔ མགོན་པོ་ཡོན་ཏན་མགྲོན་རྣམས་མཆོད༔ ཕཊ་ཕཊ་ཕཊ༔ ལྷ་གཤིན་མ་བདུད་སྲིན་པོ་བཙན༔ གནོད་སྦྱིན་ཀླུ་བདུད་གཟའ་རྡོར་རྒྱལ༔ ཕྱོགས་སྐྱོང་དྲེགས་དཔོན་བརྟན་མ་སྐྱོང་༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་མཆོད༔ ཕཊ་ཕཊ་ཕཊ༔ རྒྱལ་པོ་པེ་དཀར་བེ་ནག་དང་༔ ཙི་དམར་འགོང་པོ་ཕོ་གདོན་སྡེ༔ འཕྲོག་མ་མ་བུ་ལྔ་བརྒྱ་དང་༔ བྱིས་པའི་གདོན་ཆེན་བཅོ་ལྔ་མཆོད༔ ཕཊ་ཕཊ་ཕཊ༔ སྒབ་འདྲེ་དམ་སྲི་ཡུལ་འདྲེ་དང་༔ ཟོ་དོར་གཉན་དང་གྲོང་འདྲེ་དང་༔ དྲི་ཟ་གནས་གདོན་ལུས་གདོན་བཅས༔ སྣང་ཞིང་སྲིད་པའི་ལྷ་འདྲེ་ལ༔ གང་ལ་གང་མཁོའི་འདོད་ཡོན་སྦྱིན༔ ལྷག་མ་མེད་པར་ཧབ་ཐོབ་རོལ༔ ཕཊ་ཕཊ་ཕཊ༔ དམྱལ་བ་ཡི་དྭགས་དུད་འགྲོ་མི༔ ལྷ་དང་ལྷ་མིན་བར་དོ་བ༔ ཁམས་གསུམ་སེམས་ཅན་ཐམས་ཅད་མཆོད༔ ཐམས་ཅད་ངོམས་ཤིང་དགའ་མགུར་ཚིམས༔ སྦྱིན་པའི་ཕ་རོལ་ཕྱིན་གྱུར་ནས༔ ཚོགས་གཉིས་ཡོངས་སུ་རྫོགས་པར་ཤོག༔ ཕཊ་ཕཊ་ཕཊ༔ ལྷག་མ་མྱོང་གྲོལ་བདུད་རྩི་ཡིས༔ འོན་ལོང་ལྐུག་དང་ཞ་བོ་དང་༔ ཁས་ཞན་དབང་ཆུང་ཐམས་ཅད་མཆོད༔ སྡུག་བསྔལ་རྒྱུ་འབྲས་དང་བྲལ་ནས༔ བདེ་ཆེན་དག་པའི་ཀློང་དུ་འཕོས༔ སྐད་ཅིག་རྫོགས་སངས་རྒྱས་གྱུར་ཅིག༔ ཕཊ་ཕཊ་ཕཊ༔ མཆོད་བྱ་མཆོད་བྱེད་མཆོད་ཡུལ་བཅས༔ རྨི་ལམ་སད་བཞིན་རང་ངོར་སངས༔ ཆོས་ཉིད་སྐྱེ་འགགས་འགྱུར་མེད་ངང་༔ འཁོར་གསུམ་དམིགས་མེད་དབྱིངས་སུ་ཨ༔ ཕཊ་ཕཊ་ཕཊ༔ འདི་ནི་གསེང་ལམ་འཕོ་བའི་ལུང་༔ ཉམས་སུ་ལེན་པའི་གང་ཟག་རྣམས༔ ཐབས་མཆོག་ཟབ་མོ་འདིས་གྲོལ་འགྱུར༔ རྒྱུན་དུ་ཉམས་ལེན་བྱེད་པའི་བུ༔ ཚེ་འདིར་གྲོལ་བ་མ་ཐོབ་ན༔ ཕ་ཡིས་བསླུས་སོ་སྐལ་ལྡན་རྣམས༔ ས་མ་ཡ༔ གཟའ་བདུད་དུག་གི་སྤུ་གྲིས་སྲུངས༔ བཀའ་དང་ཐ་ཚིག་གཉན་པོའི་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་འོད་གསལ་རྫོགས་པ་ཆེན་པོ་ཀློང་ཡངས་ནམ་མཁའི་རྣལ་འབྱོར་པ་རིག་འཛིན་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ལྒ་ཡི་བནྡྷེ་པདྨ་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།།།།