TTDL-ZABTER-15-BA-033: Difference between revisions
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
དག་སྣང་ཡེ་ཤེས་དྲྭ་བ་ལས༔ མཁའ་འགྲོ་སེང་གདོང་ཆ་ལག་བྱད་བཟློག་གནམ་ལྕགས་འཁོར་ལོ་བཞུགས་སོ༔ ༠༠༠༠བརྡ་ཡིག༡༨༣ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༡༨༣པདྨ་བདག་གི་བརྒྱུད་འཛིན་རྣམས༔ རྣལ་འབྱོར་བར་ཆད་བཟློག་པའི་ཕྱིར༔ དཀོན་མཆོག་གསུམ་པོ་དཔང་བཙུག་སྟེ༔ བཟློག་པ་འདི་ལ་ཆེས་ཆེར་འབད༔ ན་མོ༔ ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔ སྐུ་གསུམ་རྒྱལ་བའི་བདེན་པ་དང་༔ སངས་རྒྱས་ཆོས་དང་དགེ་འདུན་དང་༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ རྩ་གསུམ་ཆོས་སྐྱོང་བདེན་པ་དང་༔ ཆོས་ཉིད་རྣམ་པར་དག་པ་དང་༔ རྟེན་འབྲེལ་བསླུ་བ་མེད་པའི་མཐུས༔ བྱད་དང་བྱུར་དང་གཏད་ཁྲམ་དང་༔ ཧོམ་ཟོར་འཁོར་ལོ་ངན་སྔགས་ཚོགས༔ མདོར་ན་ལས་སྦྱོར་དྲག་སྔགས་དབལ༔ མ་ལུས་བསྡུས་ཏེ་ལྷག་མེད་དུ༔ སྡང་བར་བྱེད་པའི་དགྲ་ལ་བཟློག༔ གནོད་པར་བྱེད་པའི་བགེགས་ལ་བཟློགཿཟ་བར་བྱེད་པའི་འདྲེ་ལ་བཟློག༔ ཕུང་བར་བྱེད་པའི་སྲི་ལ་བཟློག༔ མི་ཡི་ན་ཚ་ཀེག་སྲི་དང་༔ ཕྱུགས་ཀྱི་གོད་ཁ་ཕུང་བརླག་དང་༔ སྔོན་ལས་འཕྲལ་རྐྱེན་ངན་པ་ཀུན༔ མ་ལུས་སྡང་པའི་དགྲ་ལ་བཟློག༔ རྗེས་ཤུལ་མེད་པར་བཟློག་གྱུར་ཅིག༔ མ་ཧཱ་ཀྲོ་ཏ་ཡ་མཱནྟ་ཀ་བཛྲ་པཱ་ཎི་སརྦ་ས་མ་ཡ་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་བྷྱོ་བྷྱོ་བཟློག་བཟློག་སྭཱ་ཧཱ༔ ཡང་ན་འདི་ཉིད་བསྒོམ་བཟླས་བྱ༔ བདག་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་སྐུ་མདོག་མཐིང་ནག་མུན་པའི་མདོག་ལྟ་བུ་གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པ་ཁ་ཊྭཱྃ་རྩེ་གསུམ་མཆན་དུ་བཅུག་པ༔ མི་མགོ་ཁྲག་འཛག་པས་དོ་ཤལ་བྱས་ཤིང་༔ བ་སྤུའི་བུ་ག་ཐམས་ཅད་དང་རལ་པ་བསིག་པའི་གསེབ་ནས་མཁའ་འགྲོ་མ་བྱེ་བ་ས་ཡ་དཔག་ཏུ་མེད་པས་ཡོངས་སུ་གང་སྟེ་སྣང་སྲིད་ཀྱི་ཁམས་ཐམས་ཅད་ནས་གནོད་བྱེད་བྱད་མ་རྦོད་གཏོང་ལྷ་དང་བཅས་པ་ཐམས་ཅད་བཅད་གཏུབ་ལྷག་མེད་དུ་བསྲེགས་པར་བསམ༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ ཅེས་སྨྲ་བཅད་འབུམ་ཕྲག་གཅིག་བཟླའོ༔ དེ་ལྟར་རྟག་ཏུ་བསྒོམ་ཞིང་བརྒྱ་ཕྲག་རེ་བཟླ་ཞིང་༔ བདེན་པའི་སྟོབས་བཟློག་ནི༔ ན་མོ༔ དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སངས་རྒྱས་ཀྱི་བཀའ་བདེན་པ་དང་༔ ཆོས་ཀྱི་བཀའ་བདེན་པ་དང་༔ དགེ་འདུན་གྱི་བཀའ་བདེན་པ་དང་༔ སྐུ་གསུམ་ཡེ་ཤེས་ཀྱི་མཁའ་འགྲོ་ཆོས་སྐྱོང་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་༔ ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་འཁོར་འབུམ་ཕྲག་ཡངས་པའི་མཁའ་འགྲོ་མའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་ཆོས་ཉིད་རྣམ་པར་དག་ཅིང་ཆོས་ཅན་རྟེན་འབྲེལ་བསླུ་བ་མེད་པའི་བདེན་པའི་མཐུས༔ བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་བྱད་ཁ་ཕུར་ཁ་ཟོར་ཁ་གཏད་ཁྲམ་མནན་བསྲེག་འཁོར་ལོ་ངན་སྔགས་དྲག་ལས་ལས་སྦྱོར་དམོད་སྣ་ཐམས་ཅད་བྱད་མ་རྦོད་གཏོང་ལྷ་དང་བཅས་པ་རྣམས་ཀྱི་བླ་ཚེ་སྲོག་གི་སྟེང་དུ་བསྒྱུར་ཅིག༔ ཟློག་ཅིག༔ ཨེ་ས་མ་ཡ་བྷྱོ་བྷྱོ༔ ཟློག་ཟློག༔ ཅེས་ལན་གསུམ་བརྗོད་ཚེ་ལག་པ་གཡས་ཟླ་བ་དང་གཡོན་ཉི་མའི་དཀྱིལ་འཁོར་དུ་སྒོམ༔ དེ་གཉིས་ཁ་བརྡབ་པའི་བར་དུ་གནོད་བྱེད་ཐམས་ཅད་མེ་སྟག་ཆུས་བསད་པའམ་སྒོང་ལྐོག་བཙིར་པ་ལྟར་སོང་བར་བསམ༔ དེ་ལྟར་རྟག་དུ་ཉམས་ལེན་ན༔ བན་མཐུ་བན་བྱད་མཐའ་དག་བཟློག༔ རྨི་ངན་མཚན་ལྟས་ངན་པ་དང་༔ ལོ་ཀེག་ཟླ་གཤེད་བྱུར་དང་སྲི༔ མདོར་ན་མི་མཐུན་ཕྱོགས་རྣམས་ཀུན༔ འདི་ཡིས་མི་བཟློག་གང་ཡང་མེད༔ ས་མ་ཡ༔ ཞེས་པ་འདི་ཡང་མདོ་སྔགས་ཀྱི་ངོར་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་ཕབ་པའོ།།དགེའོ།།ལེགས་སོ།སརྦ་མངྒ་ལཾ།། | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=bdud 'joms gling pa zab gter | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|totalvolumes=21 | |||
|author=bdud 'joms gling pa | |||
|authortib=བདུད་འཇོམས་གླིང་པ་ | |||
|citation=Khrag 'thung [[Bdud 'joms gling pa]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=15 | |||
|volumeLetter=BA | |||
|textnuminvol=033 | |||
|pdflink=File:TTDL-ZABTER-15-BA-033.pdf | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-15-BA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|དག་སྣང་ཡེ་ཤེས་དྲྭ་བ་ལས༔ མཁའ་འགྲོ་སེང་གདོང་ཆ་ལག་བྱད་བཟློག་གནམ་ལྕགས་འཁོར་ལོ་བཞུགས་སོ༔ ༠༠༠༠བརྡ་ཡིག༡༨༣ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༡༨༣པདྨ་བདག་གི་བརྒྱུད་འཛིན་རྣམས༔ རྣལ་འབྱོར་བར་ཆད་བཟློག་པའི་ཕྱིར༔ དཀོན་མཆོག་གསུམ་པོ་དཔང་བཙུག་སྟེ༔ བཟློག་པ་འདི་ལ་ཆེས་ཆེར་འབད༔ ན་མོ༔ ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔ སྐུ་གསུམ་རྒྱལ་བའི་བདེན་པ་དང་༔ སངས་རྒྱས་ཆོས་དང་དགེ་འདུན་དང་༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ རྩ་གསུམ་ཆོས་སྐྱོང་བདེན་པ་དང་༔ ཆོས་ཉིད་རྣམ་པར་དག་པ་དང་༔ རྟེན་འབྲེལ་བསླུ་བ་མེད་པའི་མཐུས༔ བྱད་དང་བྱུར་དང་གཏད་ཁྲམ་དང་༔ ཧོམ་ཟོར་འཁོར་ལོ་ངན་སྔགས་ཚོགས༔ མདོར་ན་ལས་སྦྱོར་དྲག་སྔགས་དབལ༔ མ་ལུས་བསྡུས་ཏེ་ལྷག་མེད་དུ༔ སྡང་བར་བྱེད་པའི་དགྲ་ལ་བཟློག༔ གནོད་པར་བྱེད་པའི་བགེགས་ལ་བཟློགཿཟ་བར་བྱེད་པའི་འདྲེ་ལ་བཟློག༔ ཕུང་བར་བྱེད་པའི་སྲི་ལ་བཟློག༔ མི་ཡི་ན་ཚ་ཀེག་སྲི་དང་༔ ཕྱུགས་ཀྱི་གོད་ཁ་ཕུང་བརླག་དང་༔ སྔོན་ལས་འཕྲལ་རྐྱེན་ངན་པ་ཀུན༔ མ་ལུས་སྡང་པའི་དགྲ་ལ་བཟློག༔ རྗེས་ཤུལ་མེད་པར་བཟློག་གྱུར་ཅིག༔ མ་ཧཱ་ཀྲོ་ཏ་ཡ་མཱནྟ་ཀ་བཛྲ་པཱ་ཎི་སརྦ་ས་མ་ཡ་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་བྷྱོ་བྷྱོ་བཟློག་བཟློག་སྭཱ་ཧཱ༔ ཡང་ན་འདི་ཉིད་བསྒོམ་བཟླས་བྱ༔ བདག་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་སྐུ་མདོག་མཐིང་ནག་མུན་པའི་མདོག་ལྟ་བུ་གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པ་ཁ་ཊྭཱྃ་རྩེ་གསུམ་མཆན་དུ་བཅུག་པ༔ མི་མགོ་ཁྲག་འཛག་པས་དོ་ཤལ་བྱས་ཤིང་༔ བ་སྤུའི་བུ་ག་ཐམས་ཅད་དང་རལ་པ་བསིག་པའི་གསེབ་ནས་མཁའ་འགྲོ་མ་བྱེ་བ་ས་ཡ་དཔག་ཏུ་མེད་པས་ཡོངས་སུ་གང་སྟེ་སྣང་སྲིད་ཀྱི་ཁམས་ཐམས་ཅད་ནས་གནོད་བྱེད་བྱད་མ་རྦོད་གཏོང་ལྷ་དང་བཅས་པ་ཐམས་ཅད་བཅད་གཏུབ་ལྷག་མེད་དུ་བསྲེགས་པར་བསམ༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ ཅེས་སྨྲ་བཅད་འབུམ་ཕྲག་གཅིག་བཟླའོ༔ དེ་ལྟར་རྟག་ཏུ་བསྒོམ་ཞིང་བརྒྱ་ཕྲག་རེ་བཟླ་ཞིང་༔ བདེན་པའི་སྟོབས་བཟློག་ནི༔ ན་མོ༔ དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སངས་རྒྱས་ཀྱི་བཀའ་བདེན་པ་དང་༔ ཆོས་ཀྱི་བཀའ་བདེན་པ་དང་༔ དགེ་འདུན་གྱི་བཀའ་བདེན་པ་དང་༔ སྐུ་གསུམ་ཡེ་ཤེས་ཀྱི་མཁའ་འགྲོ་ཆོས་སྐྱོང་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་༔ ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་འཁོར་འབུམ་ཕྲག་ཡངས་པའི་མཁའ་འགྲོ་མའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་ཆོས་ཉིད་རྣམ་པར་དག་ཅིང་ཆོས་ཅན་རྟེན་འབྲེལ་བསླུ་བ་མེད་པའི་བདེན་པའི་མཐུས༔ བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་བྱད་ཁ་ཕུར་ཁ་ཟོར་ཁ་གཏད་ཁྲམ་མནན་བསྲེག་འཁོར་ལོ་ངན་སྔགས་དྲག་ལས་ལས་སྦྱོར་དམོད་སྣ་ཐམས་ཅད་བྱད་མ་རྦོད་གཏོང་ལྷ་དང་བཅས་པ་རྣམས་ཀྱི་བླ་ཚེ་སྲོག་གི་སྟེང་དུ་བསྒྱུར་ཅིག༔ ཟློག་ཅིག༔ ཨེ་ས་མ་ཡ་བྷྱོ་བྷྱོ༔ ཟློག་ཟློག༔ ཅེས་ལན་གསུམ་བརྗོད་ཚེ་ལག་པ་གཡས་ཟླ་བ་དང་གཡོན་ཉི་མའི་དཀྱིལ་འཁོར་དུ་སྒོམ༔ དེ་གཉིས་ཁ་བརྡབ་པའི་བར་དུ་གནོད་བྱེད་ཐམས་ཅད་མེ་སྟག་ཆུས་བསད་པའམ་སྒོང་ལྐོག་བཙིར་པ་ལྟར་སོང་བར་བསམ༔ དེ་ལྟར་རྟག་དུ་ཉམས་ལེན་ན༔ བན་མཐུ་བན་བྱད་མཐའ་དག་བཟློག༔ རྨི་ངན་མཚན་ལྟས་ངན་པ་དང་༔ ལོ་ཀེག་ཟླ་གཤེད་བྱུར་དང་སྲི༔ མདོར་ན་མི་མཐུན་ཕྱོགས་རྣམས་ཀུན༔ འདི་ཡིས་མི་བཟློག་གང་ཡང་མེད༔ ས་མ་ཡ༔ ཞེས་པ་འདི་ཡང་མདོ་སྔགས་ཀྱི་ངོར་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་ཕབ་པའོ།།དགེའོ།།ལེགས་སོ།སརྦ་མངྒ་ལཾ།།}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 09:23, 4 June 2024
{{Text |classification=Tibetan Publications |subclass=Tibetan Texts |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |totalvolumes=21 |author=bdud 'joms gling pa |authortib=བདུད་འཇོམས་གླིང་པ་ |citation=Khrag 'thung [[Bdud 'joms gling pa]. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. |language=Tibetan |pagestatus=Temporary stub only |volumenumber=15 |volumeLetter=BA |textnuminvol=033 |pdflink=File:TTDL-ZABTER-15-BA-033.pdf |InitCategories=Dudjom Tersar Project; TTDL-ZABTER-Volume-15-BA }}