TTDL-ZABTER-03-GA-028: Difference between revisions

From Dudjom Wiki
TTDL-ZABTER-03-GA-028
No edit summary
m (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|language=Tibetan
|pagestatus=Temporary stub only
|pagestatus=Temporary stub only

Revision as of 09:36, 4 June 2024

Wylie title TTDL-ZABTER-03-GA-028.pdf
Location bdud 'joms gling pa zab gter
Volume 3, Text 28, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིགཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཡང་ཁྲོས་མ་ཧཱ་ཀཱ་ལའི་ཆ་ལག༔ ཡང་ཟབ་རྟ་ཕྱག་ཁྱུང་གསུམ་གྱི་དྲིལ་སྒྲུབ་འབྲེལ་ཚད་རྣམ་གྲོལ་ཞེས་བྱ་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༣༠༢ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ༔ ཀླུ་གཉན་ས་བདག་སྡེ་བརྒྱད་ཀྱིས༔ རྒོལ་ཞིང་གནོད་པའི་སྦྱོར་བ་ལས༔ རྣམ་པར་གྲོལ་ཞིང་རྒྱལ་བ་དང་༔ སྒོ་གསུམ་རྡོ་རྗེ་རོལ་པ་རུ༔ འཕོས་ཤིང་སྨིན་ཏེ་གྲོལ་བའི་ཕྱིར༔ ཡང་ཟབ་རྟ་ཕྱག་ཁྱུང་གསུམ་གྱི༔ སྒྲུབ་པ་འདི་ལ་བརྩོན་པར་གྱིས༔ ས་མ་ཡ༔ བསྐྱེད་གསལ་དམིགས་པ་གནད་ལྡན་གྱིས༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་ལ༔ ན་མོ༔ དཀོན་མཆོག་རིན་ཆེན་རྣམ་གསུམ་དང་༔ དྲག་པོའི་སྐུ་གསུང་ཐུགས་མཆོག་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ དེ་ནས་བགེགས་བསྐྲད་སྲུང་འཁོར་ལ༔ ཧཱུྃ༔ མ་རིག་གཟུང་འཛིན་རཱུ་དྲ་ཀུན༔ བདག་མེད་ཆེན་པོར་དེངས་ཤིག་ཕཊ༔ འཁོར་འདས་དག་མཉམ་ཆེན་པོ་ལ༔ བགེགས་དང་ལོག་འདྲེན་མིང་ཡང་མེད༔ ཨུ་ཙ་ཏ་ཡ་ཕཊ༔ ཛྙཱ་ན་ཙཀྲ་རཀྵ་ཧཱུྃ༔ དེ་ནས་བྱིན་འབེབས་མཆོད་རྫས་སྤེལ༔ ཧཱུྃ༔ ཡེ་ཤེས་རོལ་པའི་དཀྱིལ་འཁོར་འདིར༔ རྡོ་རྗེ་གསུམ་གྱི་བྱིན་ཆེན་ཕོབ༔ ཡུལ་དྲུག་འདོད་ཡོན་མི་ཟད་གཏེར༔ མཆོད་སྤྲིན་ནམ་མཁའ་མཛོད་དུ་སྤེལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་བཛྲ་ཨ་ཝེ་ཤ་ཡ་ཨཱཿམ་ཧཱ་སརྦ་པཉྩ་པཱུ་ཛ་གྷ་ཎ་ཙཀྲ་ཧོཿདེ་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་ནི༔ ཨ༔ རྣམ་ཐར་གསུམ་ལྡན་བཙུན་མོའི་མཁའ༔ ཁྱབ་བརྡལ་སྙིང་རྗེ་ཆེན་པོར་བརྡལ༔ ཐབས་ཤེས་སྙིང་པོ་ཧཱུྃ་ཡིག་ལས༔ འོད་འཕྲོས་ཡེ་ཤེས་ལྔ་ལྡན་ཀློང་༔ གཟའ་ཀླུ་སྡེ་བརྒྱད་བསྣོལ་བའི་ཁྲིར༔ པདྨ་ཉི་མའི་གདན་སྟེང་དུ༔ ཧྲཱིཿལས་སྐད་ཅིག་དྲན་རྫོགས་སུ༔ རང་ཉིད་དབང་ཆེན་རྟ་མགྲིན་ནི༔ དམར་ནག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་རལ་གྲི་གཡོན་སྦྲུལ་ཞགས༔ ཁྲོ་གཏུམ་རྔམས་བརྗིད་ལྟར་མི་བཟོད༔ ཞལ་གདངས་ལྗགས་འདྲིལ་སྤྱན་གསུམ་བསྒྲད༔ ཁམ་ནག་རལ་གྲིའི་སྐྲ་གསེབ་ཏུ༔ རྟ་མགོ་ལྗང་ཞུར་རྟ་སྐད་མཚེར༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བསྒྲད༔ དུར་ཁྲོད་ཆས་རྫོགས་མེ་དཔུང་འབར༔ ཐུགས་ཀར་པདྨ་ཉི་གདན་ལ༔ གསང་བདག་རྡོ་རྗེ་གཏུམ་པོ་མཐིང་༔ ཕྱག་གཡས་རྡོ་རྗེ་གཡོན་སྦྲུལ་ཞགས༔ ཞལ་གདངས་ལྗགས་འདྲིལ་སྤྱན་གསུམ་པ༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བསྒྲད༔ ཁམ་ནག་རལ་པ་གྱེན་དུ་བརྫེས༔ དུར་ཁྲོད་ཆས་རྫོགས་མེ་དཔུང་འབར༔ དབང་དྲག་འབར་བའི་སྤྱི་བོ་རུ༔ ཁྲོ་ཆུ་ཞུན་མ་ལས་གྲུབ་པའི༔ ཡེ་ཤེས་བྱ་ཁྱུང་ཀླུ་གདོན་ཟ༔ སྤྱན་གསུམ་ཉི་མའི་འོད་ལྟར་འབར༔ གཤོག་པས་ཉི་ཟླ་ཚོགས་པོར་འཕེན༔ ཁྱུང་སྐད་སྒྲོགས་པས་ས་གསུམ་གཡོ༔ ཁྱུང་གི་ཚྭ་ཚྭ་སྐར་ལྟར་འཁྲིགས༔ དེ་ལྟར་དྲག་པོ་ལྷ་གསུམ་གྱི༔ གནས་གསུམ་རྡོ་རྗེ་སྙིང་པོ་ལས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ སྐུ་གསུམ་དག་པའི་ཞིང་ཁམས་ནས༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་ལྷ༔ སྤྱན་དྲངས་གཉིས་སུ་མེད་པར་འགྱུར༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ པདྨ་དབང་ཆེན་གཤེགས་སུ་གསོལ༔ ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་ནས༔ རྡོ་རྗེ་གཏུམ་པོ་གཤེགས་སུ་གསོལ༔ ཕྲིན་ལས་མངོན་སྤྱོད་དཀྱིལ་འཁོར་ནས༔ ཡེ་ཤེས་ཁྱུང་ཆེན་གཤེགས་སུ་གསོལ༔ ཧྲིཿཧཱུྃཿཁྲོཾཿབྷྱོཿབཛྲ་ས་མ་ཡ་ཛ་ཛཿདེ་ནས་བཞུགས་གསོལ་ཕྱག་འཚལ་མཆོད་འབུལ་ལ༔ ཧོཿཡེ་ཤེས་རྡོ་རྗེའི་དཀྱིལ་འཁོར་ལྷ༔ གདན་གསུམ་ཚང་བའི་ངོ་བོར་བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ འདོད་རྒུའི་དཔལ་གྱི་མཆོད་པ་འབུལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ན་མོ་པུ་རུ་ཤ་ཡ་ཧོ༔ མ་ཧཱ་ཨརྒྷཾ་པཱདྱཾ༴རཱུ་པ་ཤཔྡ༴མ་ཧཱ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཧོ༔ དེ་ནས་བསྟོད་པ་བྱ་བ་ལ༔ ཧཱུྃ་ཧྲཱིཿཁམས་གསུམ་དབང་སྡུད་དབང་དྲག་རྒྱལ་པོའི་སྐུ༔ འཁོར་འདས་འུབ་ཆུབ་རྡོ་རྗེ་གཏུམ་པོའི་ཐུགས༔ གདུག་པ་འདུལ་མཛད་བྱ་ཁྱུང་འབར་བའི་གར༔ རང་བྱུང་ལྷུན་གྲུབ་ལྷན་སྐྱེས་ལྷ་ལ་བསྟོད༔ དེ་ནས་འཛབ་དམིགས་ལ༔ ཧཱུྃ༔ རྡོ་རྗེ་གཏུམ་པོའི་ཐུགས་ཀ་རུ༔ ཉི་ཟླའི་གའུ་ཁ་སྦྱོར་སྦུབས༔ གསང་བའི་སྙིང་པོ་ཧྲཱི༔ དམར་ལ༔ ལྷ་གསུམ་སྙིང་པོ་གཅིག་དྲིལ་བའི༔ སྔགས་ཀྱི་ཕྲེང་བར་བསྐོར་བ་ལས༔ འོད་འཕྲོས་བསྒོམ་པ་དང་འདྲ་བའི༔ ཡེ་ཤེས་དཔག་མེད་སྤྱན་དྲངས་བསྟིམ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་བཛྲ་པཱ་ཎི་ཁྲོཾ་ག་རུ་ཌ་ཡཀྵ་རཀྵ་ཧཱུྃ་ཕཊ༔ སྒྲུབ་པ་དམིགས་པའི་མདེ་ཁ་བསྒྱུར༔ ལས་སྦྱོར་ལ༔ ཧཱུྃ༔ རང་ཉིད་ལྷ་གསུམ་ཐུགས་ཀ་རུ༔ ཧྲཱིཿཧཱུྃཿཁྲོཾཿཡིག་གསལ་བ་ལས༔ མེ་དཔུང་སྤྲུལ་པ་དཔག་མེད་འཕྲོས༔ གནོད་བྱེད་ནད་འདྲེ་གདོན་བགེགས་རྣམས༔ བསྲེགས་གཏུབ་ཧབ་ཧབ་ཟོས་པ་ཡི༔ རྗེས་ཤུལ་ཙམ་ཡང་མེད་པར་སྒོམ༔ ཧྲཱིཿཔདྨནྟ་ཀྲྀཏ་ཧྱ་གྲཱི་ཝ་བཛྲ་པཱ་ཎི་ཁྲོཾ་ག་རུ་ཌ་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ ཅེས་པ་གྲངས་ལྡན་བསྐྱར་ཏེ་བཟླ༔ དེ་ལྟར་བསྒོམ་བཟླས་གནད་ལྡན་པས༔ ཕྱི་ནང་བར་ཆད་ཀུན་ལས་གྲོལ༔ ཨཿཡཿམཿདུཿརུཿཙཿཤཿནཿམཱ་ར་ཡ་ཕཊ༔ ནཱ་ག་ཙིཏྟ་རྦད་ནན་ཕཊ༔ ཁྱད་པར་ཀླུ་གཉན་གདོན་ལས་གྲོལ༔ ས་མ་ཡ༔ དེ་ནས་དབང་གི་ཆོ་ག་ལ༔ བུམ་པ་སྐུ་གཟུགས་བུམ་པའི་དབང་༔ བྷནྡྷ་བདུད་རྩི་གསང་བའི་དབང་༔ རྨ་བྱ་ལུག་རྒྱུད་ཤེར་དབང་སྟེ༔ འཇའ་ཤེལ་འོད་ལྡན་བཞི་པའི་དབང་༔ གཏོར་མ་སྒྲུབ་དང་དཀྱིལ་འཁོར་དབང་༔ ཚང་བར་བཀོད་ཅིང་སྒྲུབ་ནས་མཐར༔ སློབ་མ་གྲལ་འཁོད་ཁྲུས་བྱ་ཞིང་༔ བགེགས་བསྐྲད་བསྲུང་པའི་འཁོར་ལོ་བསྒོམ༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་དོ༔ དང་པོ་གསོལ་བ་གདབ་པ་ལ༔ ཀྱཻཿདུས་གསུམ་རྒྱལ་བའི་སྤྱི་གཟུགས་མཆོག༔ བླ་མ་རྡོ་རྗེ་འཛིན་ཁྱོད་ཀྱིས༔ བདག་གི་སྒོ་གསུམ་སྨིན་གྲོལ་ཕྱིར༔ རྡོ་རྗེ་གསུམ་གྱི་དབང་བསྐུར་སྩོལ༔ ལན་གསུམ་མཐར༔ དེ་ནས་སློབ་དཔོན་གྱིས༔ ཀྱཻ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ཉོན༔ མི་ལུས་ཐོབ་པ་དོན་ལྡན་ཕྱིར༔ སྒོ་གསུམ་རྡོ་རྗེའི་གྲོང་འཇུག་ན༔ ཟབ་མོའི་དབང་མཆོག་བསྐུར་བགྱིའོ༔ དེ་ནས་སློབ་མ་ལྷར་བསྐྱེད་ནི༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་སོགས་གཟུང་འཛིན་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས༔ རང་གཞུང་གི་ལྷར་བསྐྱེད་ཡེ་ཤེས་པ་དབབ་བསྟིམ་བྱས་ཏེ་ཏིཥྛ་བཛྲ་གྱིས་བརྟན་པར་བྱ༔ དེ་ནས་བུམ་པ་ཐོགས་ལ༔ ཧཱུྃ་ཆོས་དབྱིངས་རྣམ་དག་བུམ་པ་རུ༔ ལྷུན་གྲུབ་དྲག་པོ་ལྷ་གསུམ་གྱི༔ རྟེན་དང་བརྟེན་པའི་འཁོར་ལོ་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ བུམ་པ་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་དབང་ཆེན་གྱི་སྐུ་གཏད་ལ༔ ཧཱུྃ༔ ཁམས་གསུམ་རོལ་པ་དབང་གི་སྐུ༔ རྟ་མཆོག་འབར་བའི་དབང་བསྐུར་རོ༔ ལུས་ཀྱི་སྒྲིབ་པ་ཀུན་དག་ནས༔ རྡོ་རྗེའི་སྐུ་རུ་སྨིན་གྲོལ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རྡོ་རྗེ་གཏུམ་པོའི་སྐུ་གཏད་ལ༔ ཧཱུྃ༔ སྲིད་གསུམ་གདུག་པ་འདུལ་མཛད་པ༔ རྡོ་རྗེ་གཏུམ་པོའི་དབང་བསྐུར་རོ༔ གདོན་གསུམ་གཡུལ་ལས་རྒྱལ་བ་དང་༔ དྲེགས་པ་ཀུན་འདུལ་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་བྱ་ཁྱུང་རྒྱལ་པོའི་སྐུ་གཏད་ལ༔ ཧཱུྃ༔ ཆོས་ཉིད་རྩལ་ལས་རང་ཤར་བ༔ ཡེ་ཤེས་ཁྱུང་གི་དབང་བསྐུར་རོ༔ མངོན་སྤྱོད་ཕྲིན་ལས་ལྷུན་གྲུབ་ཅིང་༔ ཀླུ་གཉན་ཀུན་འདུལ་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་གསང་དབང་བསྐུར་བ་ནི༔ ཧཱུྃ༔ སྟོང་ཉིད་དབྱིངས་ཀྱི་ཀ་པཱ་ལར༔ དྲག་པོའི་གསུང་གསང་བདུད་རྩི་འཁྱིལ༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ ངག་སྒྲིབ་དག་ནས་གསང་དབང་ཐོབ༔ རྡོ་རྗེ་གསུམ་དུ་སྨིན་གྲོལ་ཤོག༔ རྩ་སྔགས་མཐར༔ ཝཱཀ་ཨ་བྷི་ཥིཉྩ་ཨཱ༔ དེ་ནས་ཤེར་དབང་བསྐུར་བ་ནི༔ ཧཱུྃ༔ སྐུ་དང་ཡེ་ཤེས་རང་བྱུང་བའི༔ མདངས་ལྡན་རྨ་བྱ་ལུག་རྒྱུད་ཀྱི༔ རྣམ་པའི་འོད་ཐིག་འདི་གཏད་པས༔ ཡིད་སྒྲིབ་དག་ནས་ཤེར་དབང་ཐོབ༔ ཆོས་ཀྱི་སྐུ་རུ་སྨིན་གྲོལ་ཤོག༔ རྩ་སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཚིག་དབང་བསྐུར་བ་ནི༔ ཧཱུྃ༔ ལྷུན་གྲུབ་རང་གདངས་འཇའ་ཤེལ་གྱི༔ རྣམ་པར་ཤར་བའི་ཀློང་དཀྱིལ་དུ༔ འོད་ལྔ་དྭངས་མའི་ཐིག་ལེ་གསལ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཉོན་ཤེས་སྒྲིབ་པ་ཀུན་དག་ནས༔ མཚན་མ་ཚིག་བྲལ་དབང་ཐོབ་སྟེ༔ ངོ་བོ་ཉིད་སྐུར་སྨིན་གྲོལ་ཤོག༔ རྩ་སྔགས་མཐར༔ སརྦ་ཨ་བྷི་ཥིཉྩ་ཨ༔ དེ་ནས་གཏོར་མའི་དབང་ལ༔ ཧཱུྃ༔ ཆོས་ཉིད་བརྡལ་ཁྱབ་གཏོར་གཞོང་དུ༔ ལྷུན་གྲུབ་དབྱིངས་ཀྱི་གཏོར་མ་བཤམས༔ གང་འདུལ་ཐབས་ཀྱི་སྐུར་སྟོན་པ༔ དབང་ཆེན་ཧྱ་གྲཱི་ཝ་དང་༔ རྡོ་རྗེ་ཅན་དང་ག་རུ་ཌའི༔ རྟེན་དང་བརྟེན་པ་ཡོངས་སུ་རྫོགས༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ དབང་བསྒྱུར་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས་མཐར༔ མཎྜ་ལ་གུ་ཧྱ་བ་ལིངྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ དེ་ལྟར་དབང་བསྐུར་ཐོབ་ནས་སླར༔ མཐའ་རྟེན་གཏད་ཅིང་ཤིས་པ་བརྗོད༔ གནད་དེས་ཕྱི་ནང་གསང་བ་ཡི༔ བར་ཆད་གེགས་རྐྱེན་ལས་གྲོལ་ཏེ༔ འདི་ཕྱིའི་དགེ་ལེགས་ངང་གིས་འབྱུང་༔ བསྐྱེད་དང་དམིགས་པའི་གནད་ལྡན་ན༔ བར་མེད་ཟླ་གསུམ་གྱིས་འགྲུབ་འགྱུར༔ བཀའ་སྲུང་དབང་ཕྱུག་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་སུམ་ཅུ་རྩ་བདུན་བར་དུ་བཀའ་རྒྱས་བཏབ་མཐར་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཡེ་ཤེས་ཀློང་ཆེན་རྡོ་རྗེའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།༈དེ་ནས་མཐའ་བརྟེན་རྫས་རྟགས་གཏད་པ་ནི༔ ཧཱུྃ་ཧྲཱིཿསྔོན་ཚེ་སྟོན་པས་བྱིན་རླབས་རྫས་མཆོག་བརྒྱད༔ རྒྱལ་བའི་མཚན་དཔེ་ལས་བྱུང་བཀྲ་ཤིས་རྟགས༔ བསོད་ནམས་མཐུ་ལས་བྱུང་བའི་རྒྱལ་སྲིད་བདུན༔ དེང་འདིར་སྐལ་ལྡན་སློབ་མར་མངའ་གསོལ་བས༔ སྲིད་ཞིའི་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག༔ མངྒ་ལཾ་ཨ་བྷི་ཥིཉྩ་མཾ༔ དགེའོ།།།།