TTDL-ZABTER-06-CHA-015: Difference between revisions

From Dudjom Wiki
TTDL-ZABTER-06-CHA-015
No edit summary
m (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|language=Tibetan
|pagestatus=Temporary stub only
|pagestatus=Temporary stub only

Revision as of 09:37, 4 June 2024

Wylie title TTDL-ZABTER-06-CHA-015.pdf
Location bdud 'joms gling pa zab gter
Volume 6, Text 15, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
དབུ་ཁྲིད་བརྡ་ཡིག༔ ༡༥༧ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བཀའ་བརྒྱད་གསང་བ་འདུས་པའི་གསང་སྒྲུབ་ཆུ་གཏེར་འདུས་པའི༔ སྲེག་བླུགས་ལས་བཞིའི་ལྷུན་གྲུབ་བཞུགས་སོ༔ ཤྲཱི་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ༠༠༠༠༠བརྡ་ཡིག༔ ༡༥༨བདག་ཉིད་ཆེན་པོ་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་འཕྲོ་སྐལ་ལྡན་སྤྱོད་ཡུལ་དུ༔ གསང་བའི་ཡང་གསང་ཆུ་གཏེར་འདུས་པ་ཡི༔ སྲེག་བླུགས་ལས་བཞི་ལྷུན་གྲུབ་ཅེས་བྱ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ ས་སྟེགས་འཁོད་སྙོམས་སྟེང་དུ་འཁོར་ལོ་ནི༔ རྩིབས་བརྒྱད་ལྟེ་བར་གྲུ་གསུམ་སུམ་རིམ་དབུས༔ ཧཱུྃ་ཡིག་ཕྱི་རིམ་ཟླུམ་འཁོར་མེ་རིས་བསྐོར༔ བརྩིགས་ཤིང་གྲུ་གསུམ་ལེགས་བརྩེགས་ཤར་མེ་དར༔ ཤར་ལྷོ་མེ་སྒྲོན་ནུབ་བྱང་རླུང་གཡབ་འཛུགས༔ མར་ཁུ་ཡམ་ཤིང་རྫས་སྣ་བཅུ་གསུམ་དང་༔ ཕྱི་ནང་མཆོད་པའི་ཡོ་བྱད་འདུ་བྱས་ལ༔ ལས་གཞུང་བསྲང་ནས་རང་ཉིད་ནུས་ལྡན་བསྒྲུབ༔ དཀར་དམར་ནག་ཕྱོགས་རིགས་ལ་གཏོར་མ་སྦྱིན༔ བར་ཆད་ཞི་ཞིང་མཐུན་པའི་འདོད་དོན་ལ༔ ཕྲིན་ལས་བཅོལ་ནས་དང་པོ་རྡོ་རྗེ་དང་༔ དྲིལ་བུ་ཕྱག་རྒྱ་བྱིན་གྱིས་བརླབ་པ་ནི༔ ཨོཾ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ སྟོང་པའི་ངང་ལས་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ཐབས་ཀྱི་རང་བཞིན་དང་༔ མུཾ་ལས་དྲིལ་བུ་ཤེས་རབ་ཀྱི་རང་བཞིན་གཉིས་ཀའང་སྣང་སྟོང་ཟུང་དུ་འཇུག་པའི་ཡེ་ཤེས་ཀྱི་རོལ་པར་གྱུར༔ ཨོཾ་བཛྲ་དྷརྨ་ཛྙཱ་ན་ཧཱུྃ༔ ཨོཾ་བཛྲ་གཎྜེ་དྷརྨ་ཤཔྡ་ཧོ༔ དེ་ནས་བསྲེག་རྫས་བྱིན་གྱིས་བརླབ་པ་ནི༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ མཆོད་རྫས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་བྷྲུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི་ཕྱི་ནང་གསང་བའི་མཆོད་སྤྲིན་མ་ཚང་བ་མེད་པ་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་གྱུར༔ ནམ་མཁའ་མཛོད་སྔགས་ལན་བདུན་གྱིས་བརླབ་ཅིང་སྤེལ༔ དེ་ནས་མེ་སྦར་བ་ནི༔ ཧཱུྃ༔ བདེ་གཤེགས་ཐུགས་ཀྱི་དཀྱིལ་འཁོར་ནས༔ མེ་ཡི་ལྷ་མོ་གོས་དཀར་མོ༔ ལས་བཞི་ལྷུན་གྱིས་གྲུབ་པ་ཡི༔ ཡེ་ཤེས་མེ་རུ་འབར་བར་མཛོད༔ ཨོཾ་ཨགྣེ་ཛྭ་ལ་རཾ༔ དེ་ནས་མེ་ལྷ་བསྐྱེད་པ་ནི༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སོགས་ཀོ྅་ཧཾ༔ མེ་ཐབ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་རྡོ་རྗེ་སྲུང་བའི་གུར་ཁང་ཡངས་པའི་དབུས་སུ་ཡེ་ཤེས་ཀྱི་མེ་དཔུང་དམར་ནག་རབ་ཏུ་འཁྲིགས་པའི་ཀློང་དུ༔ པདྨ་ཉི་མ་ར་སྐྱེས་སྟེང་༔ ཧཱུྃ་ཡིག་མཐིང་ནག་མེ་འབར་བ༔ སྐད་ཅིག་ཡོངས་གྱུར་དྲང་སྲོང་ཆེ༔ མེ་ལྷ་ཨགྣེ་རཱ་ཛ་ནི༔ མཐིང་ནག་ཞི་མ་ཁྲོ་འཛུམ་བརྗིད༔ ཕྱག་གཡས་དང་པོས་ལྕགས་ཀྱུ་དང་༔ འོག་མས་རིལ་པ་སྤྱི་བླུགས་འཛིན༔ གཡོན་གྱི་དང་པོས་བསྒྲང་ཕྲེང་དང་༔ འོག་མས་མེ་ཡི་འཁོར་ལོ་བསྣམས༔ ཞབས་གཉིས་ཕྱེད་སྐྱིལ་སྟབས་སུ་བཞུགས༔ དབུ་སྐྲ་ཐོར་ཅོག་ཟར་བུ་འཁྲོལ༔ དར་དམར་ཨང་རག་ཚངས་སྐུད་སྤྲས༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ སྣང་སྟོང་སྒྱུ་མའི་སྐུར་བསྒོམ་པའི༔ སྤྱི་བོར་ཨོཾ་དང་མགྲིན་པར་ཨཱཿཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ ཤར་ལྷོ་མེ་ལྷའི་གྲོང་ཁྱེར་ནས༔ ཨགྣེ་རཱ་ཛ་འཁོར་དང་བཅས༔ སྤྱན་དྲངས་དམ་ཡེ་རོ་གཅིག་གྱུར༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཨགྣེ་རཱ་ཛ་ལྷ་ཡི་ལྷ༔ རབ་འབྱམས་ཕྲིན་ལས་བསྒྲུབ་པའི་ཕྱིར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ འབར་བ་མེ་ཡི་གདན་ལ་བཞུགས༔ ཕྲིན་ལས་སྒྲུབ་ཕྱིར་ཕྱག་ཀྱང་འཚལ༔ ཨོཾ་ཨགྣེ་དཱེ་ཝ་ཤྲཱི་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོ༔ ཧོ༔ པྲ་ཏཱིཙྪ་ཧོཿདེ་ནས་མཆོད་པ་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ དངོས་འབྱོར་ཡིད་ལས་སྐྱེས་པ་ཡི༔ ཕྱི་ནང་གསང་གསུམ་མཆོད་པའི་སྤྲིན༔ དྲང་སྲོང་མེ་ཡི་ལྷ་ལ་འབུལ༔ ཕྲིན་ལས་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཨོཾ་ཨགྣེ་རཱ་ཛ་སརྦ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་སོགས་ཤཔྡ་པཱུ་ཛ་ཧོ༔ རཱུ་པ་ཤཔྡ་སོགས་སྤཪྴེ་པཱུ་ཛ་ཧོ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཨཱ་ཧཱུྃ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་དཔལ་གྱུར་མེ་ཡི་ལྷ༔ ཤར་ལྷོ་གདོན་གྱི་ཚོགས་བཅས་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ དེ་ནས་བྱོན་སྐྱེམས་འབུལ་བ་ནི༔ ཨོཾ་ཨགྣེ་ཡེ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བྷ་ཧ་ན་ཡེ་སྭཱ་ཧཱ༔ དེ་ནས་རྫས་རྣམས་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ བརྡལ་ཁྱབ་ཡངས་པའི་སྣོད་མཆོག་ཏུ༔ རང་གསལ་སྒྲིབ་མེད་བདུད་རྩི་འཁྱིལ༔ འདོད་ཡོན་སྣང་བ་མི་ཟད་གཏེར༔ དྲང་སྲོང་མེ་ཡི་ལྷ་ལ་འབུལ༔ གང་བསམ་ཕྲིན་ལས་ལྷུན་གྲུབ་མཛོད༔ དེ་ནས་མར་ཁུ་ལ༔ ཨོཾ་ཨགྣེ་ཡེ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ ཡམ་ཤིང་ལ༔ ཨོཾ་ཨགྣེ་ཡེ་བོ་དྷི་བྷྲྀཀྵ་ཡེ་སྭཱ་ཧཱ༔ རྫས་རྣམས་ལ༔ ཨོཾ་ཨགྣེ་སརྦ་པཉྩ་པཱུ་ཛ་ལ་ཁཱ་ཧི༔ རང་རང་ལས་ཀྱི་འདོད་གསོལ་གདབ༔ དེ་མཐར་གོང་གི་བསྟོད་པའི་རྗེས་སུ༔ བསྲེག་ལྷ་བསྐྱེད་པ་ནི༔ མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་ཀློང་དུ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས༔ བྷྲུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ༔ གཞུང་གི་ལྷ་བསྐྱེད་སྤྱན་འདྲེན་མཇུག་ཏུ་བྱོན་སྐྱེམས་འབུལ་པ་ནི༔ ཨོཾ་ཨཱཿཧཱུྃ༔ ཐབས་དང་ཤེས་རབ་མཉམ་སྦྱོར་རྒྱུན༔ གསང་བ་མཆོག་གི་དམ་རྫས་འདི༔ བདེ་གཤེགས་འདུས་པའི་ལྷ་ལ་འབུལ༔ བྱིན་རླབས་ཚེ་དབང་དངོས་གྲུབ་སྩོལ༔ རྩ་སྔགས་མཐར༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ ཉེར་གཅིག་གིས་ཕུལ་མཐར༔ གཞུང་གི་བཞུགས་གསོལ་ཕྱག་འཚལ་མཆོད་པའི་མཇུག་ཏུ་ཕྱི་ནང་གསང་བའི་སྔགས་རྣམས་བསྒྲག་ནས་འབུལ་ལོ༔ དེ་ནས་རྫས་རྣམས་འབུལ་བ་ནི༔ ཧཱུྃ༔ ཡེ་ཤེས་གསང་ཆེན་འཕྲུལ་མོ་ཆེ༔ འདོད་ཡོན་སྣང་བ་མི་ཟད་གཏེར༔ ཀུན་ཁྱབ་བདེ་ཆེན་གསང་མཆོག་བཅུད༔ བདེ་གཤེགས་དཀྱིལ་འཁོར་ལྷ་ལ་འབུལ༔ དང་པོ་མར་ཁུ་ལ་རྩ་སྔགས་མཇུག་ཏུ༔ པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ ཤམ་བུ་གདགས༔ ཡམ་ཤིང་ལ་རྩ་སྔགས་མཐར༔ ཨོཾ་བོ་དྷི་བྷྲྀཀྵ་ཡེ་སྭཱ་ཧཱ༔ ཤམ་བུ་གདགས༔ རྫས་རྣམས་ལ་རྩ་སྔགས་མཐར༔ མ་ཧཱ་པཉྩ་པཱུ་ཛ་ལ་ཁཱ་ཧི༔ ཤམ་བུ་གདགས༔ ཤམ་བུའི་སྡེ་ཁ་ནི་ཞི་བ་ལ༔ ནད་གདོན་འཇིགས་བརྒྱད་སྒྲིབ་གཉིས་བག་ཆགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ རྒྱས་པ་ལ༔ ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དབང་ལ༔ ཁམས་གསུམ་སྲིད་གསུམ་མོས་པ་རྣམ་བཞི་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དྲག་པོ་ལ༔ གནོད་བྱེད་དུག་ལྔ་དུག་གསུམ་ལོག་པར་ལྟ་བའི་དགྲ་བགེགས་སརྦ་ཤ་ཏྲུཾ་མཱ་ར་ཡ་ཛྭ་ལ་རཾ་ཁཱ་ཧི༔ མཚམས་སུ་འདོད་དོན་གསོལ་བ་གདབ་པ་ནི༔ དང་པོ་ཞི་བ་ལ༔ ཧོཿབདེ་གཤེགས་བཀའ་འདུས་རྩ་བའི་དཀྱིལ་འཁོར་དུ་བདུད་རྩི་སྲེག་བླུག་གི་མཆོད་པ་འདི་ཕུལ་བའི་མཐུས༔ བདག་ཅག་དཔོན་སློབ་ཡོན་མཆོད་མི་ནོར་འཁོར་དང་བཅས་པ་རྣམས་ཀྱི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བའི་ཕྲིན་ལས་མཛོད་ཅིག༔ རྒྱས་པ་ལ༔ ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཡེ་ཤེས་ཡོན་ཏན་གདུལ་བྱ་སྙན་གྲགས་ཐམས་ཅད་རྒྱས་པའི་ཕྲིན་ལས་མཛོད་ཅིག༔ དབང་ལ༔ ཁམས་གསུམ་སྲིད་གསུམ་སྐྱེ་འགྲོ་ཕོ་མོ་རྟ་ལུག་གནག་ཕྱུགས་ཟས་ནོར་ལོངས་སྤྱོད་འདོད་རྒུའི་དཔལ་ཡོན་ཐམས་ཅད་དབང་དུ་འདུ་བའི་ཕྲིན་ལས་མཛོད་ཅིག༔ དྲག་པོ་ལ༔ གནོད་བྱེད་དགྲ་བགེགས་དམ་སྲི་རྒྱལ་བསེན་འབྱུང་པོ་མི་དང་མི་མ་ཡིན་པ་ཐམས་ཅད་ཚར་གཅོད་པའི་ཕྲིན་ལས་མཛོད་ཅིག༔ དེ་ལྟར་གྲངས་མང་ཕུལ་བའི་མཐར༔ གཞུང་གི་མཆོད་པ་བྱས་པའི་རྗེས༔ ཚོགས་ཀྱི་འཁོར་ལོས་མཆོད་པར་བྱ༔ དེ་ནས་གཏང་རག་མཆོད་པ་ནི༔ ཨོཾ་ཨཱཿཧཱུྃ༔ དབང་པོའི་ཡུལ་དུ་ཤར་བའི་ཆོས༔ ཕྱི་ནང་གསང་བའི་མཆོད་སྤྲིན་དུ༔ ཡིད་ཀྱིས་རྣམ་པར་འཕྲུལ་ནས་ནི༔ དཀྱིལ་འཁོར་ལྷ་ཚོགས་དགྱེས་ཕྱིར་འབུལ༔ ཨོཾ་ཤྲཱི་བཛྲ་ཡཀྴ་ཀྲོ་དྷ་སརྦ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་ནས་ཤཔྡ་རཱུ་པ་ནས་དྷརྨ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་བ་ལིངྟ་ལ་ཁཱ་ཧི༔ དེ་ནས་གཤེགས་སྐྱེམས་འབུལ་བ་ནི༔ རྩ་སྔགས་མཐར༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ ལན་ཉེར་གཅིག་གིས་ཕུལ༔ དེ་ནས་མར་ཁུ་ལ་ཡང༔ རྩ་སྔགས་མཐར༔ ཨོཾ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ ཡམ་ཤིང་ལ་རྩ་སྔགས་མཐར༔ ཨོཾ་བོ་དྷི་བྷྲྀཀྵ་ཡེ་སྭཱ་ཧཱ༔ རྫས་རྣམས་ལ༔ ཨོཾ་མ་ཧཱ་སརྦ་པཉྩ་པཱུ་ཛ་ལ་ཁཱ་ཧི༔ གོས་ཟུང་ལ༔ ཨོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ༔ སོ་རྩི་ལ༔ ཨོཾ་བཛྲ་ཏཾ་བུ་ལ་ཡེ་སྭཱ་ཧཱཿདེ་ནས་བསྟོད་པ་ནི༔ ཧཱུྃ༔ ཆོས་ཉིད་དབྱིངས་ལས་འབར་བའི་ཕྱག་རྒྱར་བཞེངས༔ ཡེ་ཤེས་གཅིག་ལ་རྣམ་མང་སྤྲུལ་པར་སྟོན༔ གང་འདུལ་མཛད་པ་ཕྲིན་ལས་བསམ་ཡས་འགྱེད༔ བདུན་བརྒྱ་ཉེར་ལྔའི་ལྷ་ལ་ཕྱག་འཚལ་བསྟོད༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ གསང་མཆོག་བདེ་ཆེན་དཀྱིལ་འཁོར་ནས༔ བྱིན་རླབས་དབང་དང་དངོས་གྲུབ་ཀུན༔ སྒྲུབ་མཆོག་རྣལ་འབྱོར་བདག་ཅག་ལ༔ ད་ལྟ་ཉིད་དུ་ཐོབ་པར་སྩོལ༔ རྩ་སྔགས་མཐར༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོ༔ དེ་ནས་བཟོད་གསོལ་ནི༔ ཧཱུྃ༔ བདག་ཅག་མ་རིག་དབང་གྱུར་པས༔ ཉམས་ཆག་ཉེས་ལྟུང་ཅི་བགྱིས་པ༔ གནོང་འགྱོད་དྲག་པོས་མཐོལ་ཞིང་བཤགས༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་བརྗོད་བཞིན་ཐབ་ཏུ་ཡུངས་དཀར་འཐོར༔ དེ་ནས་གཤེགས་གསོལ་བྱ་བ་ནི༔ ཧཱུྃ༔ དབྱིངས་ནས་དྲངས་པའི་ཡེ་ཤེས་ལྷ༔ རང་བཞིན་ཆོས་ཀྱི་དབྱིངས་སུ་གཤེགས༔ གང་འདུལ་ཕྲིན་ལས་སྒྲུབ་པའི་ཚེ༔ སླར་ཡང་འབྱོན་པར་མཛད་དུ་གསོལ༔ བཛྲ་མུཿདེ་ནས་མེ་ལྷ་སྐད་ཅིག་གིས་གསལ་གདབ་ལ༔ ཨོཾ་ཨགྣེ་རཱ་ཛ་སརྦ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད༔ གཤེགས་སྐྱེམས་ལ༔ ཨོཾ་ཨགྣེ་ཡེ་སྭཱ་ཧཱ༔ ལན་ཉེར་གཅིག་གིས་ཕུལ༔ མར་ཁུ་ལ༔ ཨོཾ་ཨགྣེ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ ཡམ་ཤིང་ལ༔ ཨོཾ་ཨགྣེ་ཡེ་བོ་དྷི་བྷྲྀཀྵ་ཡེ་སྭཱ་ཧཱ༔ རྫས་རྣམས་ལ༔ ཨོཾ་ཨགྣེ་ཡེ་མ་ཧཱ་སརྦ་པཉྩ་པཱུ་ཛ་ལ་ཁཱ་ཧི༔ གོས་ཟུང་ལ༔ ཨོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ༔ སོ་རྩི་ལ༔ ཨོཾ་བཛྲ་ཏཾ་བུ་ལ་ཡེ་སྭཱ་ཧཱ༔ དེ་ནས་བསྟོད་པ་ནི༔ ཧཱུྃ༔ ཡེ་ཤེས་ལྷ་དང་གཉིས་སུ་མེད༔ སྦྱིན་ཟ་དྲང་སྲོང་ཕྲིན་ལས་བདག༔ འཁོར་དང་བཅས་པ་ཐམས་ཅད་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ དེ་ནས་ཡི་གེ་བརྒྱ་པ་གསུམ་གྱིས་ལྷག་ཆད་ཁ་བསྐང་༔ དེ་ནས་བཛྲ་མུཿས་ཡེ་ཤེས་པ་ཤར་ལྷོར་གཤེགས༔ དམ་ཚིག་པ་འབར་བའི་རྣམ་པར་གྱུར་ནས་སྦྱིན་སྲེག་ཟ་བའི་བགེགས་རྣམས་གཞོམ་པར་བསམ༔ དེ་ནས་བསྔོ་བ་སྨོན་ལམ་ནི༔ ཧོཿརང་རིག་ཆེ་མཆོག་ཧེ་རུ་ཀའི༔ སྒྱུ་འཕྲུལ་རོལ་པའི་དཀྱིལ་འཁོར་དུ༔ སྲེག་བླུགས་ཕུལ་བའི་བསོད་ནམས་དགེ༔ འཁོར་གསུམ་དམིགས་མེད་ངང་དུ་བསྔོ༔ སྲིད་པར་འཁྱམས་པའི་སེམས་ཅན་ཀུན༔ རང་རིག་ཡེ་ཤེས་མངོན་གྱུར་ནས༔ གདོད་མའི་གཞི་ལ་སངས་རྒྱས་ཤོག༔ ལན་གསུམ་བརྗོད་ཅིང་བཀྲ་ཤིས་ཅི་རིགས་པས་མཐའ་བརྒྱན་པར་བྱའོ༔ འདི་ལ་གསུམ་བཞི་ཚད་འཁྱོལ་ན༔ ཕྱིན་ཆད་ལས་གང་བསྒྲུབ་བཞིན་འགྲུབ༔ བདག་ཉིད་ཆེན་པོ་པད་འབྱུང་ངས༔ མ་འོངས་གདུལ་བྱ་སྐྱོབ་པའི་ཕྱིར༔ བཀའ་བརྒྱད་ཕྱི་ནང་གསང་གསུམ་གྱི༔ སྒྲུབ་ཐབས་རྒྱུད་དང་ལས་ཚོགས་བཅས༔ ཁམས་ཀྱི་རྡོ་རྗེ་བྲག་ཏུ་སྦས༔ ལས་ཅན་བུ་ལ་གཏད་རྒྱ་བྱས༔ བདུན་བརྒྱ་ཉེར་ལྔའི་སྲུང་མ་ལ༔ བཀའ་འདི་དམ་ཚིག་རྒྱ་ཡིས་གཏད༔ ཕྱི་སྲུང་དགེ་བསྙེན་གཡུ་ཕྲེང་ཅན༔ ཟབ་གཏེར་གཉེར་ཁ་འཛིན་པར་བསྐོས༔ མ་འོངས་དུས་ཀྱི་སྙིགས་མ་ལ༔ པད་འབྱུང་བདག་ལས་མི་གཞན་པའི༔ སྦས་པའི་རྣལ་འབྱོར་བདུད་འཇོམས་གླིང་༔ སྐྱེས་བུ་དེ་ཡིས་རྙེད་ནས་ཀྱང་༔ འགྲོ་དོན་གདུལ་བྱ་མཐའ་རྒྱས་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ བརྡ་ཐིམ༔ གུ་ཧྱ༔ ཞེས་པ་འདི་ཉིད་སྦས་པའི་རྣལ་འབྱོར་ཁྲོ་ལོད་རྩལ་སྣང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་རྔ་རོལ་སྟག་རྩེའི་གཡས་ཕྱོགས་ཤྭ་བྲག་རྡོ་རྗེ་ཅན་ནས་གདན་དྲངས་ཏེ་མི་ལོ་དུ་མར་བཀའ་རྒྱས་བཏབ་མཐར་རང་སློབ་ཆོས་ཀྱི་བདག་པོ་སྤྲུལ་པའི་སྐུ་སྣ་ཚོགས་རང་གྲོལ་དང་ཀློང་ཆེན་ཡངས་པ་གཉིས་ཀྱིས་ནན་ཏན་ཆེན་པོས་གསོལ་བ་བཏབ་པའི་ངོར་ལྕགས་སྤྲེལ་ཟླ་ཚེས་ལ་འོག་མིན་གསང་ཆེན་ཕུག་པའི་མདུན་ངོས།གནོད་སྦྱིན་ཛམ་ལྷ་རིགས་ལྔའི་ས་འཛིན་མཛད་པའི་ས་བདག་ལྟོ་འཕྱེ་ཆེན་པོའི་འཁྱིལ་ཁུག་ནས་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་རང་གི་རིགས་ཀྱི་སྲས་མཆོག་ཀློང་གསལ་དྲི་མེད་འོད་ཟེར་གྱིས་བགྱིས་པའོ༔ དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།