TTDL-ZABTER-06-CHA-016: Difference between revisions

From Dudjom Wiki
TTDL-ZABTER-06-CHA-016
No edit summary
m (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|language=Tibetan
|pagestatus=Temporary stub only
|pagestatus=Temporary stub only

Revision as of 09:37, 4 June 2024

Wylie title TTDL-ZABTER-06-CHA-016.pdf
Location bdud 'joms gling pa zab gter
Volume 6, Text 16, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
དབུ་ཁྲིད་བརྡ་ཡིག༔ ༡༦༩ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བདེ་གཤེགས་ཡོངས་རྫོགས་ཆ་ལག་ལས༔ རྔ་ཡི་དག་དྲན་འཁོར་འདས་དབང་སྡུད་བཞུགས༔ ན་མོ་གུ་རུ༔ སྐྱབས་འགྲོ་ལ༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ་ཨ༔ ༈སེམས་བསྐྱེད་ལ༔ འགྲོ་བའི་དོན་ལ་བརྩོན་པར་བྱའོ་ཨ༔ ༈བགེགས་འགུགས་ལ༔ བགེགས་ཚོགས་ཁུག་ཛ་གཉིས་བརྩེགས་ཛཿ༈བགེགས་བསྐྲད་ལ༔ བར་ཆད་འབྱུང་པོ་མཱ་ར་ཡ་ཕཊ༔ ཕཊ༔ ༈སྲུང་འཁོར་ལ༔ བཛྲ་རཀྵ་རཀྵ་བྷྲུྃ༔ གཉིས་བརྩེགས་བྷྲུྃ༔ ༈དེ་ནས་བྱིན་འབེབས་ལ༔ དཀོན་མཆོག་གསུམ་གྱིས་བྱིན་ཆེན་ཕོབ་ཛ༔ ཨ༔ ༈དེ་ནས་མཆོད་རྫས་བྱིན་བརླབས་ལ༔ ཀུན་བཟང་རྣམ་འཕྲུལ་ཆེན་པོར་གྱུར་ཅིག་ཧཱུྃ༔ ༈དེ་ནས་ལྷ་བསྐྱེད་ལ༔ སྒོ་གསུམ་རྡོ་རྗེ་གྲོང་འཇུག་བྱ༔ གཉིས་བརྩེགས་ཨ༔ ༈སྤྱན་འདྲེན་ལ་འུར་ཆེམས་མཐར༔ སྒྲུབ་པའི་ལྷ་རྣམས་སྤྱན་འདྲེན་གཤེགས་ཛ་ཛ༔ ༈དེ་ནས་བཞུགས་སུ་གསོལ་བ་ལ༔ བསྒོམ་པ་རུ༔ གཉིས་མེད་བཞུགས༔ སྟྭཾ༔ ༈དེ་ནས་ཕྱག་འཚལ་ལ༔ ལྷག་པའི་ལྷ་རྣམས་གུས་ཕྱག་འཚལ་ལོ༔ ཧོཿ༈དེ་ནས་མཆོད་འབུལ་ལ་འུར་ཆེམས་མཐར༔ པཱུ་ཛ་ཧོཿཕྱི་ནང་གསང་མཆོད་འབུལ༔ གཉིས་བརྩེགས་ཧོཿདེ་ནས་བསྟོད་པ་ལ་འུར་ཆེམས་མཐར༔ མངྒ་ལཾཿགདན་གསུམ་ལྷ་ལ་གུས་པས་བསྟོད༔ མཇུག་ཏུ་འུར་ཆེམས་མཐར༔ ཉམས་པ་བཤགས་སོ་དག་པར་སྩོལ་ཞིག་ཨ༔ ༈དེ་ནས་ཚོགས་བྱིན་རླབས་ལ༔ དང་པོ་འུར་ཆེམས་མཐར༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ ༈དེ་ནས་སྤྱན་འདྲེན་པ་ལ་འུར་ཆེམས་མཐར༔ རྩ་གསུམ་སྲུང་མ་ཚོགས་ལ་བྱོན༔ གཉིས་བརྩེགས་ཛཿ༈དེ་ནས་ཚོགས་ཕུད་འབུལ་བ་ལ༔ མ་ཧཱ་ག་ཎ་པཱུ་ཛ་ཁཱ་ཧི༔ ཨ༔ ༈དེ་ནས་བཤགས་པ་ལ༔ ཉམས་ཆག་བཤགས་སོ་ཨ༔ དེ་ནས་བསྒྲལ་བ་ལ༔ རྩ་གསུམ་དམ་ཅན་རྒྱ་མཚོ་དབྱིངས་ནས་བཞེངས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད་ཅིག༔ ས་མ་ཡ༔ དེ་ནས་བསྟབ་པ་ལ་འུར་ཆེམས་དྲག་བརྡུང་མཐར༔ རྩ་གསུམ་སྲུང་མ་ཞལ་ཕྱེས་ཤིག༔ དགྲ་བགེགས་གཟུགས་ཕུང་ཞལ་དུ་བསྟབས༔ ཕཊ༔ ༈དེ་ནས་བསྐང་བ་ལ་འུར་ཆེམས་མཐར༔ རྩ་གསུམ་དམ་ཅན་བདག་ལ་དགོངས༔ ཉམས་ཆག་བཤགས་སོ་དག་པར་སྩོལ༔ ཨཱཿ༈མཇུག་ཏུ་འུར་ཆེམས་མཐར་རྔ་ལེན་ལ༔ ཡང་རྔ་ལྗིབ་པ་རྔ་གདན་ལ་ཆ་དེ་མཐར༔ བཛྲ་ས་ཏྭ་ས་མ་ཡ་ཨ༔ ༈དེ་ནས་ལྷག་མ་ལ༔ དང་པོ་འུར་ཆེམས་མཐར༔ ལྷག་མགྲོན་ཕོ་མོ་ད་ཚུར་བྱོན༔ གཉིས་བརྩེགས་ཛཿ༈མཐར་འུར་ཆེམས༔ ལྷག་སྐྱོང་དམ་ཅན་ལྷག་ལ་རོལ༔ ཕྲིན་ལས་སྒྲུབས་ཤིག་ས་མ་ཡ༔ མ་བྷྱོ་ཛཿས་མ་ཡ༔ ཨ༔ སླར་ཡང་འུར་ཆེམས་མཐར༔ དགེ་ལེགས་དཔལ་ཡོན་དངོས་གྲུབ་སྩོལ༔ ཨཱཿདེ་ནས་བསྐུལ་པ་ལ་འུར་ཆེམས་མཐར༔ དཀོན་མཆོག་རྩ་གསུམ་སྲུང་མ་དབྱིངས་ནས་བཞེངས༔ དྲག་པོ་མངོན་སྤྱོད་ལས་མཛོད་ས་མ་ཡ༔ ཛཿ༈དེ་ནས་གཏོར་མ་བཤམས་ཞིང་ཆད་མདོའི་མགོར་འུར་ཆེམས་དྲག་བརྡུང་མཐར༔ ཆད་མདོ་དམ་ཅན་སྲུང་མ་འདིར་གཤེགས་ཤིག༔ ཤ་ཁྲག་དམར་གྱི་གཏོར་མ་འདི་ལ་རོལ༔ ས་མ་ཡ༔ ༈དེ་ནས་བརྟན་མ་ལ༔ བརྟན་མ་འཁོར་བཅས་འདིར་གཤེགས་ཤིག༔ བཤལ་ཆུའི་གཏོར་མ་འདི་ལ་རོལ༔ ས་མ་ཡ༔ ༈ཆད་མདོ་དམ་ཅན་སྲུང་མའི་ཚོགས་རྣམས་ཀྱིས༔ དགྲ་བགེགས་གནོད་བྱེད་མ་ཤོར་མྱུར་དུ་སོད༔ མ་ར་ཡ་རྦད་བྷྱོ་ནན༔ ཧཱུྃ་ཧཱུྃ་ཕཊ་ཕཊ༔ དེ་ནས་བྲོ་མནན་མགོར་འུར་ཆེམས་དྲག་བརྡུང་མཐར༔ གནོད་བྱེད་ཁུག་ཨཾ་གུ་ཛ་ནན༔ ༈མཇུག་ཏུ་འུར་ཆེམས༔ ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་སྭཱ་ལཾ་ཧཱ་ལཾ་སྟྭཱཾ་བྷ་ཡ་ནན༔ མཱ་ར་ཡ་ནན༔ ནན༔ ༈མཐར་མཆོད་རོལ་ལ༔ མཆོད་དོ་གསོལ་ལོ༔ ཨརྒྷ་པཱདྱཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤཔྡ་རྔ་འུར་མཆོད་དོ་གསོལ་ལོ་ཕྱག་འཚལ་བསྟོད་དོ༔ ༈དེ་ནས་བསྐུལ་བ་ལ༔ འུར་ཆེམས་མཐར༔ ས་མ་ཡ༔ རྩ་གསུམ་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐུལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ བྷྱོ༔ དེ་ནས་མཁྱེན་དཔང་ལ༔ འུར་ཆེམས་མཐར༔ ཡེ་ཤེས་ལྷ་ལ་མཁྱེན་པར་གསོལ༔ རྣལ་འབྱོར་བདག་གི་དཔུང་གཉེན་མཛོད༔ ཛཿགཟུ་དཔང་ལ༔ ལྷ་དང་སྲུང་མ་གཟུ་དང་དཔང་༔ ཞིང་བཅུའི་དགྲ་བོར་བཀའ་ཆད་ཆོད༔ བྷྱོ༔ ༈དེ་ནས་འགུགས་གཞུག་གི་རྗེས་སུ༔ སོད་ཅིག་སྒྲོལ༔ ལན་གསུམ་གསུམ་རྗེས་སུ་འུར་ཆེམས་མྱུར་བའི་མཐར༔ ཨཾ་ཀུ་ཛཿདེ་སྐད་གསུམ་མམ་བདུན་རེའི་མཚམས་སུ་བྱ༔ ༈ཐུན་ཟོར་རྣམས་ལའང་འུར་ཆེམས་སྔར་བཞིན་བྱས་མཐར༔ རྦད་སོད་རྦད་བྷྱོ་རྦད་ཡ་ཕཊ༔ གཉིས་བརྩེགས་ནན༔ ༈ཞལ་བསྟབས་ལ༔ རྩ་གསུམ་སྲུང་མ་ཞལ་ཕྱེས་ཤིག༔ དགྲ་བགེགས་ལྔ་ཕུང་ཞལ་དུ་བསྟབས༔ རོལ༔ ༈བཟློག་པའི་མགོར༔ རྩ་གསུམ་སྲུང་མ་གཉན་པོའི་སྐུར་བཞེངས་ཤིག༔ མི་མཐུན་ཕྱོགས་རྣམས་བཟློག་པའི་ཕྲིན་ལས་མཛོད༔ ༈མཇུག་ཏུ་འུར་ཆེམས་མཐར༔ ཧཱུྃ་བྷྱོ་ཛཿམཆོག་གསུམ་སྐུ་གསུམ་བདེན་མཐུ་ནུས་སྟོབས་ཕྱུང་༔ གནོད་བྱེད་དགྲ་བགེགས་རྗེས་ཤུལ་མེད་པར་བཟློག༔ མཱ་ར་ཡ་རྦད་བྷྱོ་བཟློག་ཕཊ༔ ཡང་འུར་ཆེམས་མཐར༔ དུས་གསུམ་ཀུན༔ དགེ་ལེགས་ཤོག༔ དགེ༔ དེ་ལྟར་རྔ་ཡི་བརྡུང་ཚིག་བཞིན༔ དག་པ་དྲན་པ་རེ་མཆིས་ན༔ དེ་ཡང་ཆོ་གའི་ཡན་ལག་ཏུ༔ ཆུད་མི་ཟ་བའི་དགོས་པ་ཡོད༔ དག་དྲན་དེ་ཙམ་མེད་པ་ན༔ བཟླས་བརྗོད་དུས་ཚིགས་བཟའ་བ་ལས༔ བྱིས་པའི་རྩེད་འཇོ་ལྟ་བུའོ༔ མི་ཆེན་ཐང་ལ་ཕེབ་ཆས་ཙམ༔ མཛེས་ཆོས་གཡེང་བའི་གནས་སུ་མངོན༔ དོན་ལ་ཆུ་བཤིགས་མར་དང་འདྲ༔ དེང་དུས་ཡང་དག་དག་དྲན་ནི༔ ཤེས་མཁན་ཨུ་དུམ་ཝ་ར་ཙམ༔ དེ་ཕྱིར་རྒན་བུས་མ་ཎི་བཞིན༔ བསོད་ནམས་ཐབས་སུ་བསྒྱུར་བ་ནི༔ བསམ་པའི་བྱེ་བྲག་ཡིན་པའི་ཕྱིར༔ ཚིག་འདི་རྣམས་ཀྱི་ལེགས་པའི་ལས༔ བསོད་ནམས་ཐབས་སུ་བསྒྱུར་བ་ཡིན༔ དེས་ན་སྒྲ་བཞིན་ཚིག་རེ་བསྒྲགས༔ ༈ཡང་ན་སྟོད་ཀྱི་ཆ་རྣམས་སུ༔ དཀོན་མཆོག་རྩ་གསུམ་ལྷར༔ ཕྱག་མཆོད་སྐྱབས་རྟེན་བྱ༔ ཨ༔ ༈སྨད་ལས་རྣམས་ལ༔ མཆོག་གསུམ་རྩ་གསུམ་སྲུང་མའི་ཚོགས་རྣམས་ཀྱིས༔ དགྲ་བགེགས་གནོད་བྱེད་བཀུག་བསྒྲལ་བཟློག་ལས་མཛོད༔ ས་མ་ཡ༔ འདིས་ཀྱང་སྤྲོས་པ་མེད་ལ་ཆོག༔ སྤྲོས་པ་ཅན་ལ་གོང་བཞིན་ནོ༔ ༈བཀའ་སྲུང་ལའང༔ དཔལ་གྱི་བཀའ་སྡོད་རྣམས༔ བཀའ་དམ་བཞིན་དགོངས་སུ་གསོལ༔ ས་མ་ཡ༔ མཆོད་པ་རྣམས་ལ༔ རྩ་གསུམ་ཆོས་སྐྱོང༔ རྣམས་གསོལ་མཆོད་དོ༔ དེ་ལྟར་རྔ་ཡི་ཚིག་དྲན་རྣམས༔ སློབ་བུ་གྲོལ་མཆོག་དགའ་འཛུམ་ཕྱིར༔ བསྐུལ་བཞིན་བྲིས་པས་དགའ་བར་མཛོད༔ བདུད་འཇོམས་རྡོ་རྗེ་དེ་ཡིས་བྲིས༔ དགེའོ།།དགེའོ།།དགེའོ།།།།