TTDL-ZABTER-13-PA-099: Difference between revisions

From Dudjom Wiki
TTDL-ZABTER-13-PA-099
No edit summary
m (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|language=Tibetan
|pagestatus=Temporary stub only
|pagestatus=Temporary stub only

Revision as of 09:39, 4 June 2024

Wylie title TTDL-ZABTER-13-PA-099.pdf
Location bdud 'joms gling pa zab gter
Volume 13, Text 99, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ དྲག་ཤུལ་སྟོབས་ལྡན་དབང་པོའི་བསང་མཆོད་འདོད་ཡོན་སྤྲིན་དཔུང་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ དྲག་ཤུལ་སྟོབས་ལྡན་དབང་པོ་ལ༔ བདུད་རྩི་བསང་མཆོད་འབུལ་བ་ནི༔ ཤ་ཚིལ་ཕྱེ་མར་ཕུར་མ་དང་༔ བཟང་ཤིང་སྣ་ཚོགས་དུ་བ་བཏང་༔ སྭ་བྷཱ་ཝ་ཡིས་སྦྱངས་ནས་སུ༔ སྟོང་པའི་ངང་ལས་བསང་མཆོད་ཡེ་ཤེས་ཀྱི་བདུད་རྩི་ཟག་མེད་ཀྱི་བདེ་བ་བསྐྱེད་ནུས་པའི་ཀློང་ལས་འདོད་ཡོན་གཟུགས་མཛེས་རྣམ་པ་སྣ་ཚོགས༔ སྒྲ་སྙན་པའི་བྱེ་བྲག་སྣ་ཚོགས༔ དྲི་ཞིམ་པའི་རིགས་རྣམ་པ་སྣ་ཚོགས༔ རོ་བརྒྱ་ནུས་པ་སྟོང་དང་ལྡན་པའི་བཟའ་བཅའ་བཏུང་བ་ལྡག་གཞིབ་ཀྱི་བྱེ་བྲག་རྣམ་པ་སྣ་ཚོགས༔ རེག་བྱ་མཛེས་འཇམ་ཡངས་སྲབ་སྲ་ཞིང་བཙན་པའི་གོས་ཀྱི་རིགས་སྣ་ཚོགས་པ་དང་འདོད་ཡོན་མི་ཟད་པ་ལོངས་སྤྱོད་རྒྱན་གྱི་འཁོར་ལོ་ནམ་མཁའི་ཁྱོན་དང་མཉམ་པ་ཟད་མི་ཤེས་པའི་གཏེར་དུ་སྤྲོ་བར་གྱུར༔ ནམ་མཁའ་མཛོད་སྔགས་ལན་བདུན་བརྗོད་མཐར༔ ཨ་ཀཱ་རོས་ཀྱང་སྤེལ༔ ཀྱཻ༔ དབྱིངས་ཕྱུག་ནམ་མཁའ་ཡངས་པའི་ཀློང་༔ སྤྱན་མའི་གཟུགས་བརྫུས་ཆོ་འཕྲུལ་ལས༔ ཕྱི་ལྟར་རིན་ཆེན་ལྷུན་པོ་ངོམས༔ ནང་ནི་རིན་ཆེན་སྣ་སྔ་ལས༔ གྲུབ་པའི་སྐུ་མཁར་ཆེན་པོའི་དབུས༔ དྲག་ཤུལ་སྟོབས་ལྡན་དབང་པོ་ནི༔ དམར་ནག་ཁྲོ་གཏུམ་རབ་འཇིགས་རྔམས༔ སྐུ་ལ་བེར་ཆེན་དམར་ནག་གསོལ༔ ཕྱག་གཡས་སྲོག་གཅོད་སྤུ་གྲི་དང་༔ གཡོན་པས་འགུགས་བྱེད་ལྕགས་ཀྱུ་བསྣམས༔ ཟངས་ཞགས་དམར་པོ་གྲུ་ལ་བསྐོན༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྨ་ར་སྨིན་མར་མེ་ཞགས་འཕྲོས༔ མེ་ཡི་རལ་པ་གནམ་དུ་གཟེང་༔ ཐོད་སྐམ་དབུ་རྒྱན་ཅོད་པན་མཛེས༔ རྒྱ་སྟག་དམར་བཀྲའི་ཁྲི་ལ་འགྱིང་༔ དུར་ཁྲོད་ཆས་ཀྱིས་རབ་ཏུ་བརྒྱན༔ གཡོན་དུ་ཉི་མ་གཞོན་ནུ་ནི༔ ཕྱག་གཡས་འགུགས་པའི་ལྕགས་ཀྱུ་དང་༔ གཡོན་པས་གློ་སྙིང་དྲོན་མོ་འཆང་༔ དམར་ནག་ཤིན་ཏུ་ཁྲོས་པའི་གཟུགས༔ གཅེར་བུ་མི་ལྤགས་གཡང་གཞི་གསོལ༔ ཐོད་པའི་ཕྲེང་བ་སེ་རལ་ཁར༔ རལ་པ་ཁམ་ནག་སྐུ་རྒྱབ་འཕྱང་༔ ས་རྟ་ངང་པ་གསེར་ལྡན་ཞོན༔ གཉིས་ཀ་ཡེ་ཤེས་མེ་དཔུང་དང་༔ རླུང་ནག་འཚུབས་མའི་ཀློང་ན་བཞུགས༔ སྤྲུལ་པ་ལྕགས་ཀྱི་སྡིག་པ་དང་༔ ཁྲོ་ཆུང་ཁྱུང་ཆེན་ལས་ལ་འགྱེད༔ ཐུན་མཚོན་སྐྱི་སེར་བཞིན་དུ་འཚུབས༔ ཞིང་བཅུའི་ཡུལ་ལ་དྲག་ཏུ་རྒོལ༔ སྡེ་བརྒྱད་དྲེགས་པའི་འཁོར་དང་བཅས༔ མཆོད་སྦྱིན་གནས་འདིར་སྐུར་བཞེངས་ཤིག༔ དམིགས་པའི་ཡུལ་ལ་གཏན་བཞུགས་གསོལ༔ ཡུལ་གཞིའི་བདག་པོར་མངའ་གསོལ་ལོ༔ དགོན་གནས་ཆོས་སྡེའི་སྲུང་མ་དང་༔ བརྟེན་པའི་ལྷ་རུ་མངའ་གསོལ་ལོ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ སྒྲོལ་བྱེད་ཤན་པར་མངའ་གསོལ་ལོ༔ དུས་གསུམ་རྒྱལ་དང་རྒྱལ་སྲས་རྣམས༔ ཆོས་སྐུའི་ཀློང་ལས་མ་གཡོས་ཀྱང་༔ ལྷུན་གྲུབ་སྒྱུ་འཕྲུལ་དྲྭ་བ་ལས༔ རོལ་རྩལ་གཞན་གྱིས་མི་ཐུབ་པ༔ དྲག་ཤུལ་སྟོབས་ལྡན་འཇིགས་བྱེད་ཆེ༔ ཉི་མ་གཞོན་ནུ་ཡུམ་དང་ནི༔ སྡེ་བརྒྱད་དྲེགས་པའི་ཚོགས་བཅས་ཀྱི༔ སྐུར་བཞེངས་འདིར་གཤེགས་བརྟན་བཞུགས་གསོལ༔ བཛྲ་ས་མ་ཡ་ཛ་ཛཿས་མ་ཡ་ཏིཥྛ་ལྷན༔ ཀྱཻ༔ དངོས་འབྱོར་ཡིད་ལས་སྐྱེས་པ་ཡི༔ འདོད་འཇོའི་ཡིད་བཞིན་བསང་མཆོད་འདིས༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ སྟོབས་ལྡན་འཇིགས་བྱེད་ཆེན་པོ་བསང་༔ ཡུམ་མཆོག་ཉི་མ་གཞོན་ནུ་བསང་༔ ཕ་ལྷ་དབང་ཕྱུག་ཆེན་པོ་བསང་༔ མ་ལྷ་ཨུ་མ་དཱེ་ཝི་བསང་༔ སྤྲུལ་པ་ཁྱུང་སྡིག་ཁྲོ་ཚོགས་བསང་༔ འབངས་འཁོར་དྲེགས་པ་སྡེ་བརྒྱད་བསང་༔ ཤ་ཁྲག་འདོད་ཡོན་སྨན་སྤོས་དང་༔ ཀུན་བཟང་རྣམ་འཕྲུལ་ཆེན་པོ་བཞིན༔ འདོད་འཇོའི་དཔལ་ཡོན་ཕུན་ཚོགས་པའི༔ གཏོར་མ་སྐྱེམས་དང་བསང་མཆོད་འདིས༔ གསོལ་ལོ་མཆོད་དོ་བསང་ཞིང་བརྔན༔ ཐུགས་དམ་བསྐང་ངོ་བརྩེར་དགོངས་འཚལ༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ བཀའ་དམ་གཉན་པོ་དཔང་བཙུགས་ཏེ༔ བསྒྲུབ་པའི་རྣལ་འབྱོར་བདག་ཉིད་ལ༔ དགྱེས་པའི་ཞལ་དང་འགྲུབ་རྟགས་སྟོན༔ ཕ་མ་བུ་ཚ་བཞིན་བརྩེས་སྐྱོངས༔ ལུས་དང་གྲིབ་མ་ཇི་བཞིན་དུ༔ སྐད་ཅིག་མི་འབྲལ་གྲོགས་མཛོད་ལ༔ ཆོས་སྲིད་བསྟན་པའི་མངའ་ཐང་བསྐྱེད༔ ཞི་རྒྱས་དབང་དང་མངོན་སྤྱོད་ལས༔ འདོད་དོན་འབད་མེད་ལྷུན་གྲུབ་མཛོད༔ ཁྱད་པར་བསྟན་དང་བསྟན་འཛིན་ལ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ ལྷ་ཡང་རུང་སྟེ་བདུད་ཀྱང་རུང་༔ ཉེའམ་རིང་བ་གར་གནས་ཀྱང་༔ ལོ་ཟླ་འགྱངས་སུ་མ་ཤོར་བར༔ གློ་བུར་ཧུར་ཐུམ་ཉིད་དུ་སོད༔ བཀའ་དམ་གཉན་ལ་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བསླུ་མེད་དཀོན་མཆོག་གསུམ་གྱི་བདེན་སྟོབས་དང་༔ ཆོས་ཉིད་རྣམ་དག་རྟེན་འབྲེལ་བསླུ་མེད་མཐུས༔ བདག་ཅག་ལྷ་མི་འཁོར་དང་བཅས་པ་རྣམས༔ རྫོགས་ལྡན་དུས་ཀྱི་བསྐལ་པ་ཇི་བཞིན་དུ༔ ཕུན་ཚོགས་དགའ་བདེའི་དཔལ་ལ་ལོངས་སྤྱོད་ཅིང་༔ མཐར་ཐུགས་རྣམ་མཁྱེན་འབྲས་བུར་སྤྱོད་གྱུར་ཅིག༔ དེ་ལྟར་བསང་མཆོད་བྱས་གྱུར་མི༔ དྲེགས་ལ་སྟོབས་ལྡན་དབང་པོ་ཡིས༔ ཕྲིན་ལས་བསྒྲུབ་ཅིང་བར་ཆད་སེལ༔ མངའ་ཐང་བསྐྱེད་ཅིང་འབྱོར་པ་རྒྱས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བ་དུས་གསུམ་དུ་དགེ་བར་གྱུར་ཅིག།དགེའོ།།ལེགས་སོ།།ཛ་ཡནྟུ།།།།