TTDL-ZABTER-15-BA-021: Difference between revisions

From Dudjom Wiki
TTDL-ZABTER-15-BA-021
No edit summary
m (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|language=Tibetan
|pagestatus=Temporary stub only
|pagestatus=Temporary stub only

Revision as of 09:39, 4 June 2024

Wylie title TTDL-ZABTER-15-BA-021.pdf
Location bdud 'joms gling pa zab gter
Volume 15, Text 21, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
དག་སྣང་ཡེ་ཤེས་དྲྭ་བ་ལས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཕྱག་རྒྱ་མཐོང་བ་རང་གྲོལ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཕྱི་མ་ཐར་ལམ་དོན་གཉེར་བའི༔ རྣལ་འབྱོར་ཅན་གྱི་སྐལ་པ་རུ༔ སྒོ་གསུམ་རྡོ་རྗེའི་གྲོང་འཇུག་པའི༔ གདམས་ངག་མཆོག་ཏུ་པདྨས་གདམས༔ ན་མོ༔ རིགས་ཀྱི་ཁྱབ་བདག་རྡོ་རྗེ་འཆང་༔ སྤྱི་དཔལ་མཆོག་ལ་སྐྱབས་སུ་མཆི༔ འཁོར་བ་དོང་སྤྲུགས་ནུས་པའི་ཕྱིར༔ སྒོ་གསུམ་རྡོ་རྗེའི་གྲོང་འཇུག་བྱ༔ ཨཱཿགཟུང་དང་འཛིན་པས་བསྡུས་པ་ཡི༔ ཆོས་ཀུན་ཆོས་ཉིད་མཁའ་རུ་སངས༔ དེ་ལྟར་མ་རིག་ལོག་རྟོགས་པའི༔ ཁམས་གསུམ་སེམས་ཅན་སྙིང་རེ་རྗེ༔ ཆོས་དབྱིངས་ཟང་ཐལ་ཆེན་པོའི་མཁར༔ རང་རིག་ཡི་གེ་ཧཱུྃ་མཐིང་ཤར༔ འོད་དང་འོད་ཕུང་རབ་འཕྲོས་པས༔ ཡེ་ཤེས་མེ་དཔུང་རབ་འབར་བའི༔ བཀོད་པ་ལྷུན་གྲུབ་ཞིང་ཁམས་སུ༔ ཡེ་ཤེས་ལྔ་ལྡན་གཞལ་ཡས་ཁང་༔ ཚད་དང་མཚན་ཉིད་རྫོགས་པའི་དབུས༔ པདྨ་ཟླ་བ་ཉི་མའི་སྟེང་༔ ཕུང་པོའི་བདུད་དང་ཉོན་མོངས་བདུད༔ འཆི་བདག་ལྷ་བདུད་བསྣོལ་བའི་ཁྲིར༔ རང་རིག་ཧཱུྃ་གི་ཡི་གེ་ལས༔ འོད་འཕྲོས་དོན་གཉིས་བྱས་ནས་སུ༔ ཡོངས་གྱུར་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་གཏུམ་རྔམས་ཞལ༔ སྤྱན་དགུ་སྡང་མིག་གཡོ་ཞིང་འཁྲུགས༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས༔ སྨ་ར་སྨིན་མར་མེ་ཞགས་འཕྱོ༔ ཞལ་གདངས་ལྗགས་འདྲིལ་ཁྲོ་གཉེར་སྡུད༔ ཕྱག་དྲུག་གཡས་གཉིས་གསེར་རྡོ་རྗེ༔ རྩེ་དགུ་དང་ནི་རྩེ་ལྔ་ཕྱར༔ གཡོན་གཉིས་ཁ་ཊྭཱྃ་མེ་དཔུང་གདེངས༔ མཐའ་གཉིས་རི་རབ་ཕུར་པ་འདྲིལ༔ དུར་ཁྲོད་དཔལ་ཆས་གར་ཉམས་རྫོགས༔ ཞབས་བཞི་གྱད་ཀྱི་འདོར་སྟབས་བསྒྲད༔ འཁོར་ལོ་རྒྱས་འདེབས་ཡུམ་གྱིས་འཁྱུད༔ སྔོ་སྐྱ་ཁ་ཊཱྃ་ཐོད་ཁྲག་སྟོབ༔ གཟིག་ཤམ་དང་ནི་ཐོད་སྦྲུལ་བརྒྱན༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ ཡེ་ཤེས་མེ་དཔུང་འཁྲུགས་པའི་ཀློང་༔ འཁོར་འདས་སྤྱི་དཔལ་མཆོག་ཏུ་བསྐྱེད༔ ཐུགས་ཀར་པདྨ་ཉི་གདན་ལ༔ ཡེ་ཤེས་སེམས་དཔའ་ཚོན་གང་བའིཿཐུགས་གསང་རྡོ་རྗེ་ལྟེ་བར་ཧཱུྃ༔ མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན་བཾ་ཧཱུྃ་ཕཊ༔ སྒྲུབ་དང་ལས་སྦྱོར་དམིགས་པས་དབྱེ༔ ཚུལ་བཞིན་ཉམས་སུ་ལེན་པ་ཡི༔ སྐལ་བཟང་སྐྱེས་བུ་འདིས་གྲོལ་བྱེདཿས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀཞེས་པ་འདི་ཤེས་རབ་རྒྱ་མཚོས་ནན་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།