TTDL-ZABTER-15-BA-068: Difference between revisions

From Dudjom Wiki
TTDL-ZABTER-15-BA-068
No edit summary
m (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|language=Tibetan
|pagestatus=Temporary stub only
|pagestatus=Temporary stub only

Revision as of 09:39, 4 June 2024

Wylie title TTDL-ZABTER-15-BA-068.pdf
Location bdud 'joms gling pa zab gter
Volume 15, Text 68, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
དག་སྣང་ཡེ་ཤེས་དྲྭ་བ་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་ཕྱག་རྒྱ་བསྡུས་པ་ནོར་བུ་དབང་རྒྱལ་བཞུགས་སོ༔ ༠༠༠༠བརྡ་ཡིག༢༩༥ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ལྷ་ཆེན་བསྒྲུབ་པའི་རྣལ་འབྱོར་བའི༔ བསྐྱེད་རིམ་གནད་ཀྱི་ཡང་ཐིག་ཡིན༔ དེ་ཕྱིར་རང་ཉིད་ཡི་དམ་ལྷའི༔ སྤྲུལ་པ་ལས་ཀྱི་ཕོ་ཉ་རུ༔ མདུན་བསྐྱེད་གནད་ཐིག་འདི་སྐད་དོ༔ ཧཱུྃ༔ རང་ཉིད་ཡི་དམ་ལྷ་རུ་གསལ་བའི་མདུན༔ སྤྲུལ་པའི་ཞིང་ཁམས་བཀོད་པ་ཡོངས་རྫོགས་ཤར༔ དེ་སྟེང་ཡེ་ཤེས་འཕྲུལ་གྱི་གཞལ་ཡས་ཁང་༔ ཟླ་གམ་དམར་པོ་དབང་གི་འོད་ཟེར་འབར༔ དེ་དབུས་རིན་ཆེན་སྣ་ཚོགས་ཁྲི་ཡི་ཁར༔ པདྨ་དང་ནི་ཟླ་ཕྱེད་གདན་གྱིས་སྟེང་༔ ཧྲཱིཿཡིག་དམར་པོ་འོད་ཟེར་རབ་འབར་བས༔ འཁོར་འདས་གཟི་བྱིན་དྭངས་བཅུད་བསྡུས་པ་ལས༔ ཡོངས་གྱུར་དྲང་སྲོང་ལྷ་ཡི་བླ་མ་ནི༔ དམར་གསལ་བག་དྲོ་ལྷུན་ཆགས་གཟི་འོད་འབར༔ གཅེར་བུ་ཞི་མ་ཁྲོ་འཛུམ་ལིང་ག་བསྒྲེང་༔ མཐིང་ནག་རལ་པའི་ཐོར་ཚུགས་ཟླ་ཕྱེད་བརྒྱན༔ ཟར་བུ་སིལ་མ་རྟིང་པའི་རྩ་རུ་སླེབས༔ ཕྱག་གཡས་ལྕགས་ཀྱུ་གཡོན་པས་ཞགས་པ་བསྣམས༔ ཞབས་གཉིས་དོར་སྟབས་བསྒྲད་ཅིང་གཟི་འོད་འབར༔ བདེ་སྟོང་རོ་མྱང་ཆགས་པའི་ཟིལ་པ་འཁྲིགས༔ གཡོན་དུ་ཡུམ་མཆོག་ཨུ་མ་དཱེ་ཝི་དམར༔ གཅེར་བུ་ཕྱག་གཉིས་ལྕགས་ཀྱུ་གཏེར་བུམ་བསྣམས༔ ལྗང་སྔོན་རལ་པའི་ཐོར་ཚུགས་པདྨས་བརྒྱན༔ ཟར་བུ་སིལ་མས་སྐུ་རྒྱབ་ཁེབས་ཤིང་མཛེས༔ བཞེངས་སྟབས་ཡབ་ལ་རེག་ཅིང་བལྟ་ན་སྡུག༔ ཞི་འཛུམ་དགྱེས་ཤིང་ཆགས་པའི་ཉམས་དང་ལྡན༔ ཕྱོགས་བཞིར་ཕྱོགས་མདོག་པདྨོ་བཞད་པའི་ཁར༔ འགུགས་མཆིང་རྨོངས་མྱོས་ལས་ཀྱི་ལྷ་མོ་བཞི༔ དམར་གསལ་གཡས་རྣམས་འགུགས་བྱེད་ལྕགས་ཀྱུ་དང་༔ གཡོན་རྣམས་ཞགས་པ་ལྕགས་སྒྲོག་དྲིལ་བུ་བསྣམས༔ གཅེར་བུ་རཏྣ་ཀུ་མུ་ཏ་ཡིས་བརྒྱན༔ དེ་མཐར་བཀའ་སྲུང་ཆོས་སྐྱོང་རྒྱ་མཚོ་དང་༔ སྣང་སྲིད་དྲེགས་པ་ཕོ་མོའི་འཁོར་གྱིས་བསྐོར༔ གནས་གསུམ་འབྲུ་གསུམ་འོད་ཟེར་རབ་འཕྲོས་པས༔ དབྱིངས་ནས་སྤྱན་དྲངས་གཉིས་སུ་མེད་པར་བསྟིམ༔ དེ་ནས་འབོད་སྔགས་ནི་ཨོཾམ་ཧཱ་དཱེ་ཝ་ས་མ་ཡ་ཧྲཱིཾ་ཛ་ཛཿཞེས་འབོད་སྔགས་རྟགས་མ་བྱུང་བར་དུ་བརྗོད༔ སླར་ཡང་བསྒྲུབ་སྔགས་བཟླ་བ་ལ༔ ཨོཾ་མ་ཧཱ་དཱེ་ཝ་ཛ་ཨུ་མ་དཱེ་ཝི་ཧྲཱིཾཿཧ་རི་ནི་ས་པཱ་ཤཾ་ཀུ་རུ་ཧོ༔ སརྦ་བ་སུ་སིདྡྷི་ཧཱུྃ་ཛ༔ དེ་ལྟར་བསྙེན་པ་གྲངས་ལྡན་བཟླ༔ ཤེས་པ་གཞན་དུ་མ་ཡེངས་པར༔ དམིགས་པའི་གནད་ལ་ནན་ཆེར་འབད༔ དེ་བཞིན་གནད་དང་ལྡན་གྱུར་ན༔ མི་རིང་མྱུར་དུ་ལྟས་མཚན་བྱུང་༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐྱེ་མཆོག་ལུང་རྟོགས་མྱུ་གུས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།