TTDL-ZABTER-13-PA-113: Difference between revisions
From Dudjom Wiki
TTDL-ZABTER-13-PA-113
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
༠༠༠༠བརྡ་ཡིག༤༠༥ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ བཀའ་སྲུང་དྲེགས་པའི་གཉེར་གཏད་མཁོན་སྦྱངས་ཟ་ངུ་དང་བཅས་པ་བཞུགས་སོ༔ | {{Text | ||
ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༤༠༦བཀའ་སྲུང་དྲེགས་པ་ཟིལ་གནོན་ཕྱིར༔ ཤ་ཁྲག་དམར་གཏོར་སྐྱེམས་བཤོས་བཤམས༔ རང་ཉིད་ཡི་དམ་ལྷར་བསྒོམ་སྟེ༔ སྭ་བྷཱ་ཝ་ཡིས་མཆོད་རྫས་ཀུན༔ སྟོང་པ་ཉིད་ཀྱི་རོལ་པར་བཤིག༔ སྟོང་པའི་དབྱིངས་ལས་སྐད་ཅིག་གིས༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ འདོད་ཡོན་ནམ་མཁའ་མཛོད་དུ་སྤེལ༔ ནམ་མཁའ་མཛོད་སྔགས་ལན་བདུན་མརྗོད༔ ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་ཐམས་ཅད་དབང་དྲག་རོལ་པའི་དལ༔ པདྨ་ཉི་མ་འབར་བའི་གདན་སྟེངས་སུ༔ རང་ཉིད་པདྨ་ཐོད་ཕྲེང་སྐུ་རུ་གསལ༔ དམར་ནག་རབ་ཁྲོས་རྡོ་རྗེ་ལྕགས་ཕུར་གདེངས༔ ཡེ་ཤེས་མེ་དཔུང་རབ་འབར་ཀློང་དུ་འགྱིང་༔ སྣང་སྲིད་དྲེགས་པ་ཕོ་མོ་ཟིལ་གནོན་གྱུར༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་རཀྴ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ མདུན་དུ་བཀའ་སྲུང་མ་མགོན་ལྕམ་དྲལ་དང་༔ མ་ཧཱ་དཱེ་ཝ་གནོད་སྦྱིན་རྨ་རུ་ཙེ༔ གཟའ་མཆོག་ཆེན་པོ་ཀུན་དགའ་གཞོན་ནུ་དང་༔ ཚེ་རིང་མཆེད་ལྔ་དམ་ཅན་རྡོར་ལེགས་དང་༔ སྐྱེ་འགྲོའི་སྲོག་དབུགས་བདག་པོ་ཙི་མ་ར༔ སྤྲུལ་འཁོར་འབྱུང་བའི་བཙན་རྒོད་ཆེན་པོ་བདུན༔ བཀའ་ཡི་ལྷ་སྲིད་སྡེ་བརྒྱད་དང་བཅས་པ༔ ལྷ་དང་མི་ཡི་ཁྲོམ་ཚོགས་ལྟ་བུར་བསྐྱེད༔ དབྱིངས་ནས་སྤྱན་དྲངས་གཉིས་སུ་མེད་པར་བསྟིམ༔ སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་ཤུ་ལ་ཏྲི་བཛྲ་ས་མ་ཡ་ཛ་ཛ་ཏིཥྛ་ལྷན༔ ཀྱཻ་ཧོཿསྐྱེ་མེད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ ལྷུན་གྲུབ་བཀོད་པ་སྒྱུ་འཕྲུལ་རོལ་པར་ཤར༔ ཐུགས་རྗེའི་རྩལ་ལས་གང་འདུལ་སྤྲུལ་པའི་སྐུར༔ བསྟན་དང་འགྲོ་བའི་དོན་དུ་ཡོངས་ཤར་བ༔ བཀའ་སྲུང་དྲེགས་པ་མ་མགོན་ལྕམ་དྲལ་དང་༔ ལྷ་ཆེན་དབང་ཕྱུག་གནོད་སྦྱིན་དམར་ནག་དང་༔ གཟའ་མཆོག་ཆེན་པོ་བདུད་མགོན་སེང་གེའི་གདོང་༔ ཚེ་རིང་མཆེད་ལྔ་རྡོ་རྗེ་ལེགས་པ་རྩལ༔ སྐྱེ་འགྲོའི་སྲོག་དབུགས་བདག་པོ་ཙི་མ་ར༔ སྤྲུལ་པ་ཡང་སྤྲུལ་བཀའ་འཁོར་བཅས་པ་རྣམས༔ མ་ལུས་བདག་ལ་གསན་ཅིང་དགོངས་སུ་གསོལ༔ རྒྱལ་དང་རྒྱལ་སྲས་རིག་པ་འཛིན་རྣམས་ཀྱིས༔ བཀའ་དང་དམ་ཚིག་གཉན་པོ་དཔང་བཙུག་སྟེ༔ དམ་ཅན་ཁྱེད་ལ་སྙན་གསན་དབབ་པ་ནི༔ དགོན་གནས་ཆོས་འཁོར་གྲྭ་སློབ་དཀོར་ནོར་བཅས༔ ཁྱེད་ལ་གཉེར་བཅོལ་སྲུང་སྐྱོབ་མ་གཡེལ་བར༔ ཁ་འཛིན་སྡོང་གྲོགས་མེལ་རྩེ་བྱ་ར་མཛོད༔ བསྟན་དང་བསྟན་འཛིན་དཀོར་ནོར་ཆོས་སྲིད་ལ༔ སྡང་བའི་དགྲ་དང་གནོད་པའི་བགེགས་ཚོགས་ཀུན༔ མ་ལུས་མི་འགྱང་ཐལ་བའི་རྡུལ་དུ་རློག༔ བདག་ཅག་མ་ཉེས་རང་ཁར་འདུག་པ་ལ༔ དགྲ་འདྲེས་རྒོལ་བ་ངན་པས་ཕོད་དུ་བཙུགས༔ མགོན་སྐྱབས་དཔུང་གཉེན་གཞན་དུ་མ་མཆིས་པས༔ བཀའ་སྲུང་དམ་ཅན་རྦད་ཅིང་དྲག་ཏུ་བསྐུལ༔ སླར་ཡང་མི་སྲུན་དགྲ་བོས་ཆེར་རྒོལ་ཞིང་༔ བསྡིགས་ཤིང་སྲོག་ལ་རྔམས་པ་མ་བཟོད་པས༔ མཁོན་པ་བསྡུམ་དང་མཐུན་ཚུལ་བྱས་པ་ཡིས༔ དམ་ཅན་ཁྱེད་ཀྱི་ཐུགས་ལ་མི་བཞེད་པའི༔ ཕོག་ཐུགས་འགལ་འཁྲུལ་ཉེས་པ་ཡོད་སྲིད་ན༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ འདོད་ཡོན་ནམ་མཁའ་མཛོད་ཀྱིས་ཐུགས་དམ་བསྐང་༔ མི་འཆབ་མི་སྦེད་སྙིང་ནས་བཤགས་བགྱིའོ༔ བཟོད་པར་བཞེས་ནས་བརྩེ་བར་དགོངས་མཛོད་ལ༔ ནང་དུ་ཕ་མ་བུ་ཚ་ཇི་བཞིན་དུ༔ འཁུ་ལྡོག་ཁྲོ་འཁྲུག་གདུག་རྩུབ་མི་མཛད་པར༔ བསམ་པའི་དོན་ཀུན་འགྲུབ་པའི་ལས་མཛོད་ཅིག༔ དགོན་གནས་ཆོས་སྡེ་བསྟན་དང་བསྟན་འཛིན་ལ༔ བསམ་སྦྱོར་ངན་པའི་ལ་ཡོག་འདོར་བ་ཡི༔ མི་སྲུན་གདུག་པའི་དགྲ་བོ་ཐམས་ཅད་ལ༔ བདག་གིས་ཕྱི་ཚུལ་མཁོན་འདུམ་མཐུན་པའི་ཚུལ༔ མི་བྱེད་རང་དབང་མེད་པའི་གལ་ཐུག་ལ༔ དགོངས་ཤིང་གནང་བར་མཛོད་ལ་དགྲ་བོ་དེ༔ མ་ཟད་བར་དུ་རྔམས་པའི་ཟ་ངུ་གྱིས༔ ང་དང་འདུམ་ཡང་ཁྱོད་དང་འདུམ་མ་བྱེད༔ ཁྱོད་ཀྱི་ཟ་སྐལ་དགྲ་བོ་དེ་ཡིན་གྱི༔ མི་ནོར་དཀོར་དང་ལོངས་སྤྱོད་ཉེ་འཁོར་བཅས༔ སྟོབས་ལྡན་དྲེགས་པ་ཁྱོད་ཀྱི་ཟ་སྐལ་གཏད༔ རྟག་ཏུ་རྔམས་པའི་ཡུས་ཀྱིས་ཟ་ངུ་གྱིས༔ དགྲ་བོའི་ཟས་ནོར་བདག་ལ་ཐོབ་པའི་ཚེ༔ དེ་མ་ཐག་ཏུ་མི་ཕྱུགས་ཤ་རུས་ཁྲག༔ བླ་སྲོག་དོན་སྙིང་ནང་རོལ་བཅས་པ་ཀུན༔ ལྷག་མ་མེད་པར་ཁྱོད་ཀྱི་ཟ་སྐལ་མཛོད༔ བདག་ཅག་བླ་སློབ་གྲྭ་འཁོར་བཅས་རྣམས་ཀྱི༔ སྐྲ་དང་གོས་དུམ་སྒྲུབ་རྫས་བྱིན་རླབས་རྟེན༔ བརྣག་པའི་དགྲ་ལ་ཐོབ་ཅིང་འཆང་སྤྱོད་ན༔ རེག་ཕུང་ཧ་ལ་ཁོང་དུ་སོང་བ་བཞིན༔ དེ་ཡི་བླ་ཚེ་སྲོག་གི་བདུད་དུ་ཕོབ༔ བསྐུལ་ཞིང་རྦད་ཚེ་གཞན་དུ་མ་འབྱམས་པར༔ བརྣག་པའི་དགྲ་བོའི་བླ་ཚེ་སྲོག་ལ་ཕོབ༔ སྔགས་མཁན་རང་ལ་སླར་མི་ལྡོག་པ་རུ༔ བཟློག་མེད་དགྲ་བོའི་བདུད་དང་གཤེད་དུ་ཕོབ༔ མཐུ་སྟོབས་ནུས་པ་ཐོགས་རྡུག་མེད་པ་ཡིས༔ དགྲ་བོའི་བླ་སྲོག་ཚེ་བསོད་དབང་ཐང་བཅས༔ མེ་སྟག་ཆུ་ཡིས་བསད་པ་བཞིན་དུ་ཐོངས༔ དེ་ལྟར་བདག་གིས་བསྒོས་ཤིང་བཅོལ་བའི་ཚིག༔ དུས་གསུམ་རྒྱལ་བ་སྤྱི་དང་བྱེ་བྲག་ཏུ༔ སྤྱི་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ༔ གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང་༔ སྣང་སྲིད་དབང་སྡུད་པདྨ་རྒྱལ་པོ་སོགས༔ རིག་འཛིན་རྒྱལ་བའི་བཀའ་དང་དམ་མནོས་བཞིན༔ བཀའ་བསྒོ་ཡིན་ནོ་བཀའ་ལས་མ་འདའ་ཞིག༔ དམ་ཚིག་ཡིན་ནོ་དམ་ལས་འདའ་མ་བྱེད༔ རྣལ་འབྱོར་བདག་གི་གཏན་གྱི་སྲུང་མར་སྒྲུབ༔ ཕྲིན་ལས་ལས་ཀྱི་བྱེད་པོ་ཁྱོད་ཀྱིས་མཛོད༔ དུས་གསུམ་རྒྱལ་དང་རྒྱལ་སྲས་དཔང་བཙུག་སྟེ༔ ཁྱོད་ཀྱི་ཐུགས་དང་ཅི་འགལ་མཐོལ་བཤགས་བཞེས༔ བཟོད་པར་གསོལ་ལོ་བཀའ་སྲུང་དམ་ཅན་རྣམས༔ ཉེས་འགལ་ཉམས་ཆག་གྱུར་པ་ཅི་མཆིས་པ༔ བཤགས་སྦྱང་ཐབས་འདི་རྡོ་རྗེ་འཆང་གི་བཀའ༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ལན་ཉེར་གཅིག་བརྗོད༔ དོན་དེ་ཐམས་ཅད་ཡིད་ལ་དྲན་བྱས་ནས༔ བརྗོད་པས་བཀའ་སྲུང་དམ་ཅན་རྒྱ་མཚོ་དང་༔ འགལ་བ་ཅི་མཆིས་མ་ལུས་འདུམ་པ་དང་༔ ཕ་མ་བུ་ཚ་བཞིན་དུ་བྱམས་ཤིང་བརྩེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཅེས་པ་འདི་ཉིད་སྨོན་ལམ་ལས་ཀྱི་འབྲེལ་བའི་སྐྱེས་བུ་ཀུན་བཟང་བསྟན་འཛིན་གྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་པའི་ཡི་གེ་པ་ནི་རིག་འཛིན་བཟང་པོའོ།།དགེའོ།།དགེའོ།།དགེའོ།།།། | |classification=Tibetan Publications | ||
|subclass=Tibetan Texts | |||
|collectiontitle=bdud 'joms gling pa zab gter | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|totalvolumes=21 | |||
|author=bdud 'joms gling pa | |||
|authortib=བདུད་འཇོམས་གླིང་པ་ | |||
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=13 | |||
|volumeLetter=PA | |||
|textnuminvol=113 | |||
|pdflink=File:TTDL-ZABTER-13-PA-113.pdf | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-13-PA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༠༠༠༠བརྡ་ཡིག༤༠༥ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ བཀའ་སྲུང་དྲེགས་པའི་གཉེར་གཏད་མཁོན་སྦྱངས་ཟ་ངུ་དང་བཅས་པ་བཞུགས་སོ༔ | |||
ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༤༠༦བཀའ་སྲུང་དྲེགས་པ་ཟིལ་གནོན་ཕྱིར༔ ཤ་ཁྲག་དམར་གཏོར་སྐྱེམས་བཤོས་བཤམས༔ རང་ཉིད་ཡི་དམ་ལྷར་བསྒོམ་སྟེ༔ སྭ་བྷཱ་ཝ་ཡིས་མཆོད་རྫས་ཀུན༔ སྟོང་པ་ཉིད་ཀྱི་རོལ་པར་བཤིག༔ སྟོང་པའི་དབྱིངས་ལས་སྐད་ཅིག་གིས༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ འདོད་ཡོན་ནམ་མཁའ་མཛོད་དུ་སྤེལ༔ ནམ་མཁའ་མཛོད་སྔགས་ལན་བདུན་མརྗོད༔ ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་ཐམས་ཅད་དབང་དྲག་རོལ་པའི་དལ༔ པདྨ་ཉི་མ་འབར་བའི་གདན་སྟེངས་སུ༔ རང་ཉིད་པདྨ་ཐོད་ཕྲེང་སྐུ་རུ་གསལ༔ དམར་ནག་རབ་ཁྲོས་རྡོ་རྗེ་ལྕགས་ཕུར་གདེངས༔ ཡེ་ཤེས་མེ་དཔུང་རབ་འབར་ཀློང་དུ་འགྱིང་༔ སྣང་སྲིད་དྲེགས་པ་ཕོ་མོ་ཟིལ་གནོན་གྱུར༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་རཀྴ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ མདུན་དུ་བཀའ་སྲུང་མ་མགོན་ལྕམ་དྲལ་དང་༔ མ་ཧཱ་དཱེ་ཝ་གནོད་སྦྱིན་རྨ་རུ་ཙེ༔ གཟའ་མཆོག་ཆེན་པོ་ཀུན་དགའ་གཞོན་ནུ་དང་༔ ཚེ་རིང་མཆེད་ལྔ་དམ་ཅན་རྡོར་ལེགས་དང་༔ སྐྱེ་འགྲོའི་སྲོག་དབུགས་བདག་པོ་ཙི་མ་ར༔ སྤྲུལ་འཁོར་འབྱུང་བའི་བཙན་རྒོད་ཆེན་པོ་བདུན༔ བཀའ་ཡི་ལྷ་སྲིད་སྡེ་བརྒྱད་དང་བཅས་པ༔ ལྷ་དང་མི་ཡི་ཁྲོམ་ཚོགས་ལྟ་བུར་བསྐྱེད༔ དབྱིངས་ནས་སྤྱན་དྲངས་གཉིས་སུ་མེད་པར་བསྟིམ༔ སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་ཤུ་ལ་ཏྲི་བཛྲ་ས་མ་ཡ་ཛ་ཛ་ཏིཥྛ་ལྷན༔ ཀྱཻ་ཧོཿསྐྱེ་མེད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ ལྷུན་གྲུབ་བཀོད་པ་སྒྱུ་འཕྲུལ་རོལ་པར་ཤར༔ ཐུགས་རྗེའི་རྩལ་ལས་གང་འདུལ་སྤྲུལ་པའི་སྐུར༔ བསྟན་དང་འགྲོ་བའི་དོན་དུ་ཡོངས་ཤར་བ༔ བཀའ་སྲུང་དྲེགས་པ་མ་མགོན་ལྕམ་དྲལ་དང་༔ ལྷ་ཆེན་དབང་ཕྱུག་གནོད་སྦྱིན་དམར་ནག་དང་༔ གཟའ་མཆོག་ཆེན་པོ་བདུད་མགོན་སེང་གེའི་གདོང་༔ ཚེ་རིང་མཆེད་ལྔ་རྡོ་རྗེ་ལེགས་པ་རྩལ༔ སྐྱེ་འགྲོའི་སྲོག་དབུགས་བདག་པོ་ཙི་མ་ར༔ སྤྲུལ་པ་ཡང་སྤྲུལ་བཀའ་འཁོར་བཅས་པ་རྣམས༔ མ་ལུས་བདག་ལ་གསན་ཅིང་དགོངས་སུ་གསོལ༔ རྒྱལ་དང་རྒྱལ་སྲས་རིག་པ་འཛིན་རྣམས་ཀྱིས༔ བཀའ་དང་དམ་ཚིག་གཉན་པོ་དཔང་བཙུག་སྟེ༔ དམ་ཅན་ཁྱེད་ལ་སྙན་གསན་དབབ་པ་ནི༔ དགོན་གནས་ཆོས་འཁོར་གྲྭ་སློབ་དཀོར་ནོར་བཅས༔ ཁྱེད་ལ་གཉེར་བཅོལ་སྲུང་སྐྱོབ་མ་གཡེལ་བར༔ ཁ་འཛིན་སྡོང་གྲོགས་མེལ་རྩེ་བྱ་ར་མཛོད༔ བསྟན་དང་བསྟན་འཛིན་དཀོར་ནོར་ཆོས་སྲིད་ལ༔ སྡང་བའི་དགྲ་དང་གནོད་པའི་བགེགས་ཚོགས་ཀུན༔ མ་ལུས་མི་འགྱང་ཐལ་བའི་རྡུལ་དུ་རློག༔ བདག་ཅག་མ་ཉེས་རང་ཁར་འདུག་པ་ལ༔ དགྲ་འདྲེས་རྒོལ་བ་ངན་པས་ཕོད་དུ་བཙུགས༔ མགོན་སྐྱབས་དཔུང་གཉེན་གཞན་དུ་མ་མཆིས་པས༔ བཀའ་སྲུང་དམ་ཅན་རྦད་ཅིང་དྲག་ཏུ་བསྐུལ༔ སླར་ཡང་མི་སྲུན་དགྲ་བོས་ཆེར་རྒོལ་ཞིང་༔ བསྡིགས་ཤིང་སྲོག་ལ་རྔམས་པ་མ་བཟོད་པས༔ མཁོན་པ་བསྡུམ་དང་མཐུན་ཚུལ་བྱས་པ་ཡིས༔ དམ་ཅན་ཁྱེད་ཀྱི་ཐུགས་ལ་མི་བཞེད་པའི༔ ཕོག་ཐུགས་འགལ་འཁྲུལ་ཉེས་པ་ཡོད་སྲིད་ན༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ འདོད་ཡོན་ནམ་མཁའ་མཛོད་ཀྱིས་ཐུགས་དམ་བསྐང་༔ མི་འཆབ་མི་སྦེད་སྙིང་ནས་བཤགས་བགྱིའོ༔ བཟོད་པར་བཞེས་ནས་བརྩེ་བར་དགོངས་མཛོད་ལ༔ ནང་དུ་ཕ་མ་བུ་ཚ་ཇི་བཞིན་དུ༔ འཁུ་ལྡོག་ཁྲོ་འཁྲུག་གདུག་རྩུབ་མི་མཛད་པར༔ བསམ་པའི་དོན་ཀུན་འགྲུབ་པའི་ལས་མཛོད་ཅིག༔ དགོན་གནས་ཆོས་སྡེ་བསྟན་དང་བསྟན་འཛིན་ལ༔ བསམ་སྦྱོར་ངན་པའི་ལ་ཡོག་འདོར་བ་ཡི༔ མི་སྲུན་གདུག་པའི་དགྲ་བོ་ཐམས་ཅད་ལ༔ བདག་གིས་ཕྱི་ཚུལ་མཁོན་འདུམ་མཐུན་པའི་ཚུལ༔ མི་བྱེད་རང་དབང་མེད་པའི་གལ་ཐུག་ལ༔ དགོངས་ཤིང་གནང་བར་མཛོད་ལ་དགྲ་བོ་དེ༔ མ་ཟད་བར་དུ་རྔམས་པའི་ཟ་ངུ་གྱིས༔ ང་དང་འདུམ་ཡང་ཁྱོད་དང་འདུམ་མ་བྱེད༔ ཁྱོད་ཀྱི་ཟ་སྐལ་དགྲ་བོ་དེ་ཡིན་གྱི༔ མི་ནོར་དཀོར་དང་ལོངས་སྤྱོད་ཉེ་འཁོར་བཅས༔ སྟོབས་ལྡན་དྲེགས་པ་ཁྱོད་ཀྱི་ཟ་སྐལ་གཏད༔ རྟག་ཏུ་རྔམས་པའི་ཡུས་ཀྱིས་ཟ་ངུ་གྱིས༔ དགྲ་བོའི་ཟས་ནོར་བདག་ལ་ཐོབ་པའི་ཚེ༔ དེ་མ་ཐག་ཏུ་མི་ཕྱུགས་ཤ་རུས་ཁྲག༔ བླ་སྲོག་དོན་སྙིང་ནང་རོལ་བཅས་པ་ཀུན༔ ལྷག་མ་མེད་པར་ཁྱོད་ཀྱི་ཟ་སྐལ་མཛོད༔ བདག་ཅག་བླ་སློབ་གྲྭ་འཁོར་བཅས་རྣམས་ཀྱི༔ སྐྲ་དང་གོས་དུམ་སྒྲུབ་རྫས་བྱིན་རླབས་རྟེན༔ བརྣག་པའི་དགྲ་ལ་ཐོབ་ཅིང་འཆང་སྤྱོད་ན༔ རེག་ཕུང་ཧ་ལ་ཁོང་དུ་སོང་བ་བཞིན༔ དེ་ཡི་བླ་ཚེ་སྲོག་གི་བདུད་དུ་ཕོབ༔ བསྐུལ་ཞིང་རྦད་ཚེ་གཞན་དུ་མ་འབྱམས་པར༔ བརྣག་པའི་དགྲ་བོའི་བླ་ཚེ་སྲོག་ལ་ཕོབ༔ སྔགས་མཁན་རང་ལ་སླར་མི་ལྡོག་པ་རུ༔ བཟློག་མེད་དགྲ་བོའི་བདུད་དང་གཤེད་དུ་ཕོབ༔ མཐུ་སྟོབས་ནུས་པ་ཐོགས་རྡུག་མེད་པ་ཡིས༔ དགྲ་བོའི་བླ་སྲོག་ཚེ་བསོད་དབང་ཐང་བཅས༔ མེ་སྟག་ཆུ་ཡིས་བསད་པ་བཞིན་དུ་ཐོངས༔ དེ་ལྟར་བདག་གིས་བསྒོས་ཤིང་བཅོལ་བའི་ཚིག༔ དུས་གསུམ་རྒྱལ་བ་སྤྱི་དང་བྱེ་བྲག་ཏུ༔ སྤྱི་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ༔ གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང་༔ སྣང་སྲིད་དབང་སྡུད་པདྨ་རྒྱལ་པོ་སོགས༔ རིག་འཛིན་རྒྱལ་བའི་བཀའ་དང་དམ་མནོས་བཞིན༔ བཀའ་བསྒོ་ཡིན་ནོ་བཀའ་ལས་མ་འདའ་ཞིག༔ དམ་ཚིག་ཡིན་ནོ་དམ་ལས་འདའ་མ་བྱེད༔ རྣལ་འབྱོར་བདག་གི་གཏན་གྱི་སྲུང་མར་སྒྲུབ༔ ཕྲིན་ལས་ལས་ཀྱི་བྱེད་པོ་ཁྱོད་ཀྱིས་མཛོད༔ དུས་གསུམ་རྒྱལ་དང་རྒྱལ་སྲས་དཔང་བཙུག་སྟེ༔ ཁྱོད་ཀྱི་ཐུགས་དང་ཅི་འགལ་མཐོལ་བཤགས་བཞེས༔ བཟོད་པར་གསོལ་ལོ་བཀའ་སྲུང་དམ་ཅན་རྣམས༔ ཉེས་འགལ་ཉམས་ཆག་གྱུར་པ་ཅི་མཆིས་པ༔ བཤགས་སྦྱང་ཐབས་འདི་རྡོ་རྗེ་འཆང་གི་བཀའ༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ལན་ཉེར་གཅིག་བརྗོད༔ དོན་དེ་ཐམས་ཅད་ཡིད་ལ་དྲན་བྱས་ནས༔ བརྗོད་པས་བཀའ་སྲུང་དམ་ཅན་རྒྱ་མཚོ་དང་༔ འགལ་བ་ཅི་མཆིས་མ་ལུས་འདུམ་པ་དང་༔ ཕ་མ་བུ་ཚ་བཞིན་དུ་བྱམས་ཤིང་བརྩེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཅེས་པ་འདི་ཉིད་སྨོན་ལམ་ལས་ཀྱི་འབྲེལ་བའི་སྐྱེས་བུ་ཀུན་བཟང་བསྟན་འཛིན་གྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་པའི་ཡི་གེ་པ་ནི་རིག་འཛིན་བཟང་པོའོ།།དགེའོ།།དགེའོ།།དགེའོ།།།།}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 09:42, 4 June 2024
| Wylie title | ||
|---|---|---|
| Location | bdud 'joms gling pa zab gter Volume 13, Text 113, Pages (Folios to ) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | ||
| More details More details | ||
| Genre | ||