TTDL-ZABTER-08-NYA-035: Difference between revisions

From Dudjom Wiki
TTDL-ZABTER-08-NYA-035
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
བརྡ་ཡིག་༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཟབ་ཆོས་བཀའ་ཡི་སྲུང་མ༔ ལྷ་ཆེན་གཙུག་ན་ཟླ་བའི་རྩ་སྒྲུབ་དངོས་གྲུབ་དཔལ་ཕྲེང་བཞུགས་སོ༔  
{{Text
བརྡ་ཡིག་༠༠༠༠༠༠༣༠༠༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ མ་འོངས་བསྐལ་པ་རྩུབ་འགྱུར་དུས༔ པདྨའི་བརྒྱུད་འཛིན་སྐྱེས་བུ་རྣམས༔ དབུ་འཕང་མཐོ་ཞིང་དཔལ་རྒྱས་ཕྱིར༔ ལྷ་ཆེན་གཙུག་ན་ཟླ་བ་ཡི༔ རྩ་སྒྲུབ་དངོས་གྲུབ་དཔལ་ཕྲེང་ཟུངས༔ དཀྱིལ་འཁོར་བཀོད་ལེགས་མཛེས་ལྡན་པ༔ ཟླ་གམ་དབང་གི་ཁ་ཏོག་ཅན༔ དེ་དབུས་སྒྲུབ་རྫས་སྲོག་འཁོར་མཐར༔ གཏེར་བུམ་རིན་ཆེན་སྣ་ཚོགས་དང་༔ འབྲུ་སྨན་ཟས་ཚོགས་འབྱོར་ཚད་ཀྱིས༔ བསྐོར་ཏེ་དར་དམར་ལྡིང་གུར་ཕུབ༔ སྒྲུབ་གཏོར་གཙོ་འཁོར་ཆེ་གྲངས་བཅའ༔ འབྱོར་ཚོགས་འདོད་ཡོན་སྣ་ཚོགས་དང་༔ ཁྱད་པར་དཀར་གསུམ་གཏོར་མ་བཤམས༔ རང་ཉིད་ཡི་དམ་ལྷག་པའི་ལྷའི༔ བསྒོམ་བསྒྲུབ་སྔོན་སོང་གནད་དུ་གཅེས༔ དེ་ནས་ལྷ་བསྐྱེད་རིམ་པ་ནི༔ ཧཱུྃ༔ བདག་ཉིད་ཡི་དམ་ལྷ་ཡི་སྐུར་བསྒོམ་པའི༔ མདུན་དུ་རིན་ཆེན་རི་རབ་ཆེན་པོའི་རྩེར༔ རཱ་གའི་གཞལ་ཡས་རྒྱ་ཆེ་ཁྱོན་ཡངས་པར༔ བཀོད་ལེགས་ཟླ་གམ་དབང་གི་ཁ་ཏོག་འབར༔ དེ་དབུས་རིན་ཆེན་སྣ་ཚོགས་ཁྲི་ཡི་ཁར༔ འོད་འབར་རབ་དཀར་ཟླ་ཕྱེད་གདན་སྟེང་དུ༔ ཧྲཱིཿལས་འདོད་ཁམས་དབང་ཕྱུག་ཚོགས་ཀྱི་བདག༔ དམར་གསལ་ཆེ་བརྗིད་སྟོབས་ལྡན་གླང་པོའི་གདོང་༔ ཟླ་ཕྱེད་དབང་རྒྱལ་ནོར་བུ་གཙུག་ན་མཛེས༔ ཕྱག་གཡས་ལྕགས་ཀྱུས་སྣང་སྲིད་དབང་སྡུད་ཅིང་༔ གཏེར་བུམ་མཆན་བརྟེན་དགོས་འདོད་ཆར་དུ་འབེབས༔ གཡོན་པས་ཞགས་འཛིན་སྲིད་པ་བྲན་དུ་བཅིངས༔ བག་དྲོ་ལྷུན་ཆགས་གཟི་བརྗིད་འོད་ཕུང་འབར༔ ཞབས་གཉིས་གྱད་སྟབས་ལིང་ག་གྱེན་དུ་བསྒྲེང་༔ ཤིན་ཏུ་ཆགས་པའི་གོས་དང་རྒྱན་ཆ་སྤངས༔ བདེ་སྟོང་ཉམས་རྒྱས་འདོད་པའི་རོ་ལ་གདུང་༔ དགའ་བའི་མདངས་ལྡན་ཆགས་པའི་ཟིལ་པ་འཁྲིགས༔ གཟུགས་མེད་སྙོམས་འཇུག་དབང་པོ་སྟོང་པའི་བདག༔ གཟུགས་ཁམས་གསལ་བའི་དབང་པོ་བདེ་བ་ཆེ༔ འདོད་ཁམས་འདོད་པའི་རྒྱལ་པོར་ལྷུན་གྱིས་གྲུབ༔ བདེ་སྟེར་ལྷ་མོ་ཨུ་མ་དཱེ་ཝི་ནི༔ དམར་སེར་སྤྲེའུའི་གཟུགས་ངོམས་གཡས་ནོར་བུ༔ གཡོན་པས་སྟོབས་བསྐྱེད་སྨན་གྱི་རིལ་བུ་སྟོབ༔ བདེ་བའི་ཉམས་ལྡན་དགའ་བའི་བཞིན་མདངས་ངོམས༔ འདོད་པའི་ངང་ལྡན་ཆགས་པའི་ཟིལ་པ་འཁྲིགས༔ ཤར་དུ་འགུགས་བྱེད་དམར་མོས་ལྕགས་ཀྱུ་དང་༔ གཡོན་པས་རིན་ཆེན་དུང་གི་ཕྲེང་བ་འདྲེན༔ ལྷོ་རུ་འཆིང་བྱེད་དམར་མོས་ཉི་ཟེར་ཞགས༔ གཡོན་པས་ཡིད་བཞིན་ནོར་བུ་བསམ་འཕེལ་བསྣམས༔ ནུབ་ཏུ་སྡོམ་བྱེད་དམར་མོས་ལྕགས་སྒྲོག་དང་༔ གཡོན་པས་ནོར་བུ་དབང་གི་རྒྱལ་པོ་བསྣམས༔ བྱང་དུ་མྱོས་བྱེད་དམར་མོས་དྲིལ་བུ་དང་༔ གཡོན་པས་ནོར་བུ་ཕ་རོལ་དཔུང་འཇོམས་བསྣམས༔ ཀུན་ཀྱང་ཞི་འཛུམ་རིན་ཆེན་ཕྲེང་བས་སྤྲས༔ ཡིད་འཕྲོག་མཛེས་ལྡན་དགྱེས་ཆགས་ལང་ཚོས་འཁྱུད༔ ཕྱི་རིམ་འཁོར་ཡུག་དཔལ་མགོན་བདུན་ཅུ་ལྔ༔ སྣང་སྲིད་དྲེགས་པ་ཕོ་མོའི་འཁོར་གྱིས་བསྐོར༔ བར་མཚམས་འདོད་རྒུའི་ལོངས་སྤྱོད་སྤྲིན་བཞིན་གཏིབས༔ ཕྱི་ནང་འདོད་ཡོན་སྤེལ་བའི་ལྷ་མོའི་ཚོགས༔ ཞིང་རྡུལ་གྲངས་དང་མཉམ་པས་བསྐུར་ཞིང་མཆོད༔ སྣང་སྲིད་སྐྱེ་འགྲོའི་བློ་ཡིད་སེམས་གསུམ་ལ༔ དབང་བསྒྱུར་ཕྲིན་ལས་རབ་འབྱམས་ཡོངས་སུ་གྲུབ༔ རང་སྲོག་སྙིང་པོ་ལས་ནི་འོད་འཕྲོས་པས༔ ཡེ་ཤེས་དང་ནི་འཇིག་རྟེན་ལས་གྲུབ་པའི༔ བཀའ་སྲུང་དྲེགས་པའི་ཚོགས་རྣམས་ཐམས་ཅད་དང་༔ ཁྱད་པར་ལྷ་ཆེན་ཚོགས་བདག་ཡབ་ཡུམ་འཁོར༔ དམ་ཚིག་གཉན་པོའི་མཐུ་དང་སྟོབས་ཀྱིས་བསྡུས༔ སྤྱན་དྲངས་བསྐྱེད་པའི་ལྷ་ལ་གཉིས་མེད་བསྟིམ༔ དེ་ནས་འབོད་པ་ནི༔ ཧཱུྃ་ཧྲཱིཿསུམ་ཅུ་རྩ་གསུམ་ལྷ་གནས་སུ༔ བདེ་ལྡན་དབང་གི་གཞལ་ཡས་ནས༔ སྣང་སྲིད་སྐྱེ་འགྲོ་ཡོངས་ཀྱི་བདག༔ ཚོགས་ཀྱི་བདག་པོ་གཤེགས་སུ་གསོལ༔ འཕྲུལ་དགའ་ལྷ་ཡི་གནས་མཆོག་ཏུ༔ ཏིང་འཛིན་འཕྲུལ་གྱི་ཕོ་བྲང་ནས༔ འདོད་པའི་རྒྱལ་པོ་བདེ་བ་ཆེ༔ སྤྲུལ་འཁོར་དང་བཅས་གཤེགས་སུ་གསོལ༔ གཞན་འཕྲུལ་དབང་བྱེད་ལྷ་གནས་སུ༔ འདོད་ཡོན་དཔག་བསམ་ཡིད་ལས་སྐྱེས༔ དགའ་བདེ་འཕྲུལ་གྱི་བདག་པོ་སྟེ༔ དབང་ཕྱུག་ཆེན་པོ་གཤེགས་སུ་གསོལ༔ སྣང་སྲིད་དབང་ཕྱུག་འདོད་པའི་རྒྱལ༔ ལྷ་དང་ནོར་སྲུང་དཔལ་མགོན་ཚོགས༔ ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད༔ སྔོན་ཚེ་སྤྱི་དཔལ་ཆེན་པོ་དང་༔ གསང་བདག་ཕྱག་རྡོར་པད་འབྱུང་སོགས༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱིས༔ དམ་ཚིག་གཉན་པོ་དེ་ཡིས་འབོད༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ བདག་ནི་རྣལ་འབྱོར་སྒྲུབ་པ་པོས༔ དམ་ཚིག་དཔང་དུ་བཞག་ནས་སུ༔ གླུ་དབྱངས་རོལ་མོའི་སྒྲ་ཡིས་འབོད༔ སྐད་ཅིག་ཉིད་དུ་གཤེགས་སུ་གསོལ༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་ག་ཎ་པ་ཏི་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿདེ་ནས་བརྟན་བཞུགས་གསོལ་བ་ནི༔ ཧྲཱིཿདྲང་སྲོང་ལྷ་ཡི་བླ་མ་འཁོར་དང་བཅས༔ འདོད་རྒུའི་དཔལ་ཡོན་འབྱུང་བའི་གནས་སུ་བརྟན༔ མི་འབྲལ་བརྟེན་པའི་རྫས་ལ་བརྟན་བཞུགས་ནས༔ དཔག་བསམ་ཤིང་དང་ནོར་བུ་འདོད་འཇོ་བཞིན༔ འཛད་མེད་དངོས་གྲུབ་སྣ་ཚོགས་རྟག་ཏུ་སྩོལ༔ སྣང་སྲིད་སྐྱེ་འགྲོ་དབང་སྡུད་བྲན་དུ་ཁོལ༔ མི་འབྲལ་བྱམས་བརྩེ་སྲུང་སྐྱོབས་མཛད་བཞུགས་གསོལ༔ ག་ཎ་པ་ཏི་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧྲཱིཿསྲིད་གསུམ་དབང་ཕྱུག་ཆེན་པོ་ཚོགས་ཀྱི་བདག༔ ལེགས་ལྡན་འདོད་རྒྱལ་ཡབ་ཡུམ་སྲས་འཁོར་ལ༔ བདག་གི་ཅི་འདོད་བསམ་བཞིན་འགྲུབ་པ་དང་༔ སངས་རྒྱས་བསྟན་པ་བསྲུང་ཕྱིར་ཕྱག་འཚལ་ལོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧྲཱིཿདངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟ་ག་ཎ་ཚོགས༔ ཚོགས་ཀྱི་བདག་པོ་མཉེས་ཕྱིར་འབུལ༔ དར་ཟབ་ཟ་འོག་གཅན་གཟན་དང་༔ གསེར་དངུལ་ཟངས་ལྕགས་ནོར་བུ་དང་༔ གཟུགས་འགྲོས་རྣམ་པ་སྣ་ཚོགས་དང་༔ བླ་རྡོ་རྟེན་གཏོར་ཆེན་པོ་སོགས༔ ཚོགས་ཀྱི་བདག་པོ་དགྱེས་ཕྱིར་འབུལ༔ ཕྱེ་མར་ཟས་སྣ་སྣ་ཚོགས་དང་༔ དཀར་གསུམ་མངར་གསུམ་གཏོར་མ་དང་༔ ཇ་ཆང་གསེར་སྐྱེམས་ལ་སོགས་པ༔ བཟའ་བཅའ་བཏུང་བ་ལྡག་གཞིབ་ཟས༔ ཚོགས་ཀྱི་བདག་པོ་མཉེས་ཕྱིར་འབུལ༔ གཞན་ཡང་མཐུན་རྫས་སྒྲུབ་རྫས་དང་༔ བརྟེན་རྫས་མཆོད་རྫས་བསྐང་རྫས་སོགས༔ མ་ཚང་མེད་པའི་ལོངས་སྤྱོད་ཚོགས༔ ཚོགས་བདག་འཁོར་དང་བཅས་ལ་འབུལ༔ སྐད་ཅིག་མི་འབྲལ་གྲོགས་མཛད་ལ༔ འདོད་རྒུའི་དཔལ་ཡོན་ཕུན་ཚོགས་མཛོད༔ མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་ག་ཎ་པ་ཏི་སརྦ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟ་རཱུ་པ་སོགས་མ་ཧཱ་པཉྩ་རཀྟ་བ་ལིང་ཏ་ག་ཎ་ཙཀྲ་པཱུ་ཛ་ཧོཿདེ་ནས་བསྟོད་པ་ནི༔ ཧྲཱིཿཐུགས་རྗེའི་གཏེར་ཆེན་མགོན་པོ་སྤྱན་རས་གཟིགས༔ གང་འདུལ་ཐབས་མཁས་སྤྲུལ་བསྒྱུར་རོལ་པ་ལས༔ ཁམས་གསུམ་དབང་མཛད་བདག་པོའི་སྐུར་བཞེངས་པ༔ དྲང་སྲོང་ལྷ་ཡི་བླ་མ་ཁྱོད་ལ་བསྟོད༔ སྲིད་རྩེ་མི་གཡོ་ཏིང་འཛིན་དབང་པོ་ཆེ༔ གཟུགས་ཁམས་དགའ་བདེའི་རོལ་པ་འཕྲུལ་གྱི་བདག༔ འདོད་ཁམས་འདོད་པའི་རྒྱལ་པོ་བདེ་བ་ཆེ༔ ཁམས་གསུམ་དབང་ཕྱུག་ཁྱོད་ལ་ཕྱག་འཚལ་བསྟོད༔ སྲིད་པ་ལེགས་ཉེས་ཀུན་གྱི་བྱེད་པོ་ཆེ༔ དབང་གི་ཁ་ཏོག་འབར་བའི་གཟི་འོད་ཀྱིས༔ ལྷར་བཅས་སྐྱེ་རྒུའི་བློ་དང་ཡིད་འཕྲོག་ཅིང་༔ ཁྱུ་མཆོག་རབ་གཞོན་གླང་པོའི་གདོང་ངོམས་པ༔ ཁམས་གསུམ་ཁུར་དུ་བོར་ཞིང་སྟོབས་ཀྱིས་བསྒྱུར༔ ཐུགས་རྗེའི་གཏེར་ཆེན་ཟླ་བ་ནོར་བུའི་ཐོད༔ གདུལ་བྱའི་ཁམས་སུ་ཡེ་ཤེས་གསལ་མདངས་ངོམས༔ སྣང་བ་དབང་དུ་བསྡུས་པའི་ལྕགས་ཀྱུ་ཡིས༔ སྲིད་གསུམ་བློ་ཡིད་འགུགས་ཤིང་ཁ་ལོ་བསྒྱུར༔ ཐམས་ཅད་བྲན་དུ་བཅིངས་པའི་ཞགས་པ་ཡིས༔ ཁམས་གསུམ་མ་ལུས་ཡོངས་ལ་མངའ་དབང་བསྒྱུར༔ དགོས་འདོད་ཡིད་བཞིན་འབྱུང་བའི་གཏེར་བུམ་འཆང་༔ སྒྲུབ་ལ་དངོས་གྲུབ་འབད་མེད་རྒྱུན་སྩོལ་མཛོད༔ ཆགས་བདེ་རྒྱས་པའི་གོས་དང་རྒྱན་སྤང་ཞིང་༔ མཐོང་ཐོས་དྲན་རེག་དགའ་བདེའི་རོས་མྱོས་བྱེད༔ འདོད་པའི་རྒྱལ་པོ་བདེ་དྲོད་ཟིལ་པ་འཁྲིགས༔ གཟི་བྱིན་རླབས་ཀྱིས་ཐམས་ཅད་དམ་ལ་འདུད༔ ཆགས་པའི་རྡོ་རྗེ་མཁའ་ལ་བསྒྲེང་བ་ཡིས༔ ཤེས་རབ་ཨུ་མའི་བདེ་ཆེན་ཀློང་ནས་གཡོ༔ སྲིད་ཞིའི་བདེ་བ་མཁའ་རུ་སྡུད་པ་ལས༔ ཟག་མེད་བདེ་བའི་རོ་ལ་རོལ་བ་པོ༔ འགྲན་བྲལ་ཚོགས་ཀྱི་བདག་པོ་ཁྱོད་ལ་བསྟོད༔ ཁྱོད་ཀྱི་འདོད་བདེ་གཡོ་བའི་རྩལ་དང་ཤུགས༔ འགུགས་འཆིང་སྡོམ་མྱོས་ལས་ཀྱི་ཕོ་ཉར་ཤར༔ མ་ངེས་སྣ་ཚོགས་བསྒྱུར་བའི་རྫུ་འཕྲུལ་ལས༔ དཔལ་མགོན་དྲེགས་པ་འཁོར་གྱི་རོལ་པར་ཤར༔ ལྷ་ཆེན་གར་གྱི་དབང་ཕྱུག་ཁྱོད་ལ་བསྟོད༔ བདག་གིས་ཁྱོད་བསྒྲུབ་བསྟོད་པའི་ཡོན་ཏན་གྱིས༔ སངས་རྒྱས་བསྟན་དང་བསྟན་འཛིན་སྡེ་སྐྱོངས་ལ༔ ལོག་འདྲེན་དགྲ་བགེགས་རྩད་ནས་གཅོད་པ་དང་༔ བདག་གི་འདོད་དོན་མ་ལུས་ཡོངས་འགྲུབ་མཛོད༔ དེ་ནས་འཛབ་དམིགས་ནི༔ ལྷ་ཆེན་ཚོགས་ཀྱི་བདག་པོའི་ཐུགས་ཀར་ཟླ་ཕྱེད་ཀྱི་སྟེང་དུ་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོའི་ནང་ཁོངས་སུ་ཐུགས་སྲོག་ཧྲཱིཿཡིག་དམར་པོ་དང་༔ ཡུམ་གྱི་ཐུགས་ཀར་ཉི་མའི་གདན་ལ་ཡི་གེ་ཧྲཱིཿཡིག་དམར་པོ༔ འཁོར་རྣམས་ཀྱི་ཐུགས་ཀར་རང་རང་རིགས་ཀྱི་སྲོག་ཡིག་ཕྲ་མོའི་མཐར་དེ་དག་གི་གསང་སྔགས་རིག་སྔགས་གཟུངས་སྔགས་ཐམས་ཅད་སྔགས་འདི་ཁོ་ནར་གྱུར་ཏེ་འཁོར་བར་བསམ༔ བཟླས་པ་ཙམ་གྱིས་དམ་ཚིག་གཉན་གྱི་སྲོག་ཐོབ་སྟེ་མི་འབྲལ་གྲོགས་སུ་འཁོར་ཞིང་ཕྲིན་ལས་རབ་འབྱམས་ཐམས་ཅད་ཐོགས་མེད་བསྒྲུབ་པར་བསམ༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་ག་ཎ་པ་ཏི་ས་མ་ཡ་ཧྲཱིཾ་ཛཿདེ་ཡིས་འབོད་པ་གནད་དུ་བསྣུན༔ སྒྲུབ་པ་ལས་སྦྱོར་གབ་བྱང་ལྟར༔ ལྷ་ཆེན་ཚོགས་ཀྱི་བདག་པོ་ཡི༔ སྒྲུབ་པ་ཀུན་གྱི་ཡང་སྙིང་འདི༔ འབོད་དང་བསྙེན་སྒྲུབ་ལས་སྦྱོར་གྱིས༔ གནད་བསྣུན་གང་གིས་བསྒྲུབ་གྱུར་ཀྱང་༔ སྐྱེས་པའམ་ནི་བུད་མེད་ཀྱི༔ གཟུགས་སུ་སྤྲུལ་ནས་ཞལ་སྟོན་ཅིང་༔ ཕྲིན་ལས་བསྒྲུབ་པར་གདོད་མི་ཟ༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་རང་སློབ་དམ་པ་ཧོར་གྱི་བླ་མ་ཚོགས་མཆོག་གིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཤོག་སེར་ལས་དག་པར་ཕབ་པའི་ཡི་གེ་པ་ནི་ཡོངས་གྲུབ་རིག་པའི་རྡོ་རྗེའོ།།དགེའོ།།དགེའོ།།དགེའོ།།།།[[Category:Wyckibaat]]
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=08
|volumeLetter=NYA
|textnuminvol=035
|pdflink=File:TTDL-ZABTER-08-NYA-035.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-08-NYA
}}
<h1>Tibetan Text</h1>
<onlyinclude>
{{TibP|བརྡ་ཡིག་༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཟབ་ཆོས་བཀའ་ཡི་སྲུང་མ༔ ལྷ་ཆེན་གཙུག་ན་ཟླ་བའི་རྩ་སྒྲུབ་དངོས་གྲུབ་དཔལ་ཕྲེང་བཞུགས་སོ༔  
བརྡ་ཡིག་༠༠༠༠༠༠༣༠༠༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ མ་འོངས་བསྐལ་པ་རྩུབ་འགྱུར་དུས༔ པདྨའི་བརྒྱུད་འཛིན་སྐྱེས་བུ་རྣམས༔ དབུ་འཕང་མཐོ་ཞིང་དཔལ་རྒྱས་ཕྱིར༔ ལྷ་ཆེན་གཙུག་ན་ཟླ་བ་ཡི༔ རྩ་སྒྲུབ་དངོས་གྲུབ་དཔལ་ཕྲེང་ཟུངས༔ དཀྱིལ་འཁོར་བཀོད་ལེགས་མཛེས་ལྡན་པ༔ ཟླ་གམ་དབང་གི་ཁ་ཏོག་ཅན༔ དེ་དབུས་སྒྲུབ་རྫས་སྲོག་འཁོར་མཐར༔ གཏེར་བུམ་རིན་ཆེན་སྣ་ཚོགས་དང་༔ འབྲུ་སྨན་ཟས་ཚོགས་འབྱོར་ཚད་ཀྱིས༔ བསྐོར་ཏེ་དར་དམར་ལྡིང་གུར་ཕུབ༔ སྒྲུབ་གཏོར་གཙོ་འཁོར་ཆེ་གྲངས་བཅའ༔ འབྱོར་ཚོགས་འདོད་ཡོན་སྣ་ཚོགས་དང་༔ ཁྱད་པར་དཀར་གསུམ་གཏོར་མ་བཤམས༔ རང་ཉིད་ཡི་དམ་ལྷག་པའི་ལྷའི༔ བསྒོམ་བསྒྲུབ་སྔོན་སོང་གནད་དུ་གཅེས༔ དེ་ནས་ལྷ་བསྐྱེད་རིམ་པ་ནི༔ ཧཱུྃ༔ བདག་ཉིད་ཡི་དམ་ལྷ་ཡི་སྐུར་བསྒོམ་པའི༔ མདུན་དུ་རིན་ཆེན་རི་རབ་ཆེན་པོའི་རྩེར༔ རཱ་གའི་གཞལ་ཡས་རྒྱ་ཆེ་ཁྱོན་ཡངས་པར༔ བཀོད་ལེགས་ཟླ་གམ་དབང་གི་ཁ་ཏོག་འབར༔ དེ་དབུས་རིན་ཆེན་སྣ་ཚོགས་ཁྲི་ཡི་ཁར༔ འོད་འབར་རབ་དཀར་ཟླ་ཕྱེད་གདན་སྟེང་དུ༔ ཧྲཱིཿལས་འདོད་ཁམས་དབང་ཕྱུག་ཚོགས་ཀྱི་བདག༔ དམར་གསལ་ཆེ་བརྗིད་སྟོབས་ལྡན་གླང་པོའི་གདོང་༔ ཟླ་ཕྱེད་དབང་རྒྱལ་ནོར་བུ་གཙུག་ན་མཛེས༔ ཕྱག་གཡས་ལྕགས་ཀྱུས་སྣང་སྲིད་དབང་སྡུད་ཅིང་༔ གཏེར་བུམ་མཆན་བརྟེན་དགོས་འདོད་ཆར་དུ་འབེབས༔ གཡོན་པས་ཞགས་འཛིན་སྲིད་པ་བྲན་དུ་བཅིངས༔ བག་དྲོ་ལྷུན་ཆགས་གཟི་བརྗིད་འོད་ཕུང་འབར༔ ཞབས་གཉིས་གྱད་སྟབས་ལིང་ག་གྱེན་དུ་བསྒྲེང་༔ ཤིན་ཏུ་ཆགས་པའི་གོས་དང་རྒྱན་ཆ་སྤངས༔ བདེ་སྟོང་ཉམས་རྒྱས་འདོད་པའི་རོ་ལ་གདུང་༔ དགའ་བའི་མདངས་ལྡན་ཆགས་པའི་ཟིལ་པ་འཁྲིགས༔ གཟུགས་མེད་སྙོམས་འཇུག་དབང་པོ་སྟོང་པའི་བདག༔ གཟུགས་ཁམས་གསལ་བའི་དབང་པོ་བདེ་བ་ཆེ༔ འདོད་ཁམས་འདོད་པའི་རྒྱལ་པོར་ལྷུན་གྱིས་གྲུབ༔ བདེ་སྟེར་ལྷ་མོ་ཨུ་མ་དཱེ་ཝི་ནི༔ དམར་སེར་སྤྲེའུའི་གཟུགས་ངོམས་གཡས་ནོར་བུ༔ གཡོན་པས་སྟོབས་བསྐྱེད་སྨན་གྱི་རིལ་བུ་སྟོབ༔ བདེ་བའི་ཉམས་ལྡན་དགའ་བའི་བཞིན་མདངས་ངོམས༔ འདོད་པའི་ངང་ལྡན་ཆགས་པའི་ཟིལ་པ་འཁྲིགས༔ ཤར་དུ་འགུགས་བྱེད་དམར་མོས་ལྕགས་ཀྱུ་དང་༔ གཡོན་པས་རིན་ཆེན་དུང་གི་ཕྲེང་བ་འདྲེན༔ ལྷོ་རུ་འཆིང་བྱེད་དམར་མོས་ཉི་ཟེར་ཞགས༔ གཡོན་པས་ཡིད་བཞིན་ནོར་བུ་བསམ་འཕེལ་བསྣམས༔ ནུབ་ཏུ་སྡོམ་བྱེད་དམར་མོས་ལྕགས་སྒྲོག་དང་༔ གཡོན་པས་ནོར་བུ་དབང་གི་རྒྱལ་པོ་བསྣམས༔ བྱང་དུ་མྱོས་བྱེད་དམར་མོས་དྲིལ་བུ་དང་༔ གཡོན་པས་ནོར་བུ་ཕ་རོལ་དཔུང་འཇོམས་བསྣམས༔ ཀུན་ཀྱང་ཞི་འཛུམ་རིན་ཆེན་ཕྲེང་བས་སྤྲས༔ ཡིད་འཕྲོག་མཛེས་ལྡན་དགྱེས་ཆགས་ལང་ཚོས་འཁྱུད༔ ཕྱི་རིམ་འཁོར་ཡུག་དཔལ་མགོན་བདུན་ཅུ་ལྔ༔ སྣང་སྲིད་དྲེགས་པ་ཕོ་མོའི་འཁོར་གྱིས་བསྐོར༔ བར་མཚམས་འདོད་རྒུའི་ལོངས་སྤྱོད་སྤྲིན་བཞིན་གཏིབས༔ ཕྱི་ནང་འདོད་ཡོན་སྤེལ་བའི་ལྷ་མོའི་ཚོགས༔ ཞིང་རྡུལ་གྲངས་དང་མཉམ་པས་བསྐུར་ཞིང་མཆོད༔ སྣང་སྲིད་སྐྱེ་འགྲོའི་བློ་ཡིད་སེམས་གསུམ་ལ༔ དབང་བསྒྱུར་ཕྲིན་ལས་རབ་འབྱམས་ཡོངས་སུ་གྲུབ༔ རང་སྲོག་སྙིང་པོ་ལས་ནི་འོད་འཕྲོས་པས༔ ཡེ་ཤེས་དང་ནི་འཇིག་རྟེན་ལས་གྲུབ་པའི༔ བཀའ་སྲུང་དྲེགས་པའི་ཚོགས་རྣམས་ཐམས་ཅད་དང་༔ ཁྱད་པར་ལྷ་ཆེན་ཚོགས་བདག་ཡབ་ཡུམ་འཁོར༔ དམ་ཚིག་གཉན་པོའི་མཐུ་དང་སྟོབས་ཀྱིས་བསྡུས༔ སྤྱན་དྲངས་བསྐྱེད་པའི་ལྷ་ལ་གཉིས་མེད་བསྟིམ༔ དེ་ནས་འབོད་པ་ནི༔ ཧཱུྃ་ཧྲཱིཿསུམ་ཅུ་རྩ་གསུམ་ལྷ་གནས་སུ༔ བདེ་ལྡན་དབང་གི་གཞལ་ཡས་ནས༔ སྣང་སྲིད་སྐྱེ་འགྲོ་ཡོངས་ཀྱི་བདག༔ ཚོགས་ཀྱི་བདག་པོ་གཤེགས་སུ་གསོལ༔ འཕྲུལ་དགའ་ལྷ་ཡི་གནས་མཆོག་ཏུ༔ ཏིང་འཛིན་འཕྲུལ་གྱི་ཕོ་བྲང་ནས༔ འདོད་པའི་རྒྱལ་པོ་བདེ་བ་ཆེ༔ སྤྲུལ་འཁོར་དང་བཅས་གཤེགས་སུ་གསོལ༔ གཞན་འཕྲུལ་དབང་བྱེད་ལྷ་གནས་སུ༔ འདོད་ཡོན་དཔག་བསམ་ཡིད་ལས་སྐྱེས༔ དགའ་བདེ་འཕྲུལ་གྱི་བདག་པོ་སྟེ༔ དབང་ཕྱུག་ཆེན་པོ་གཤེགས་སུ་གསོལ༔ སྣང་སྲིད་དབང་ཕྱུག་འདོད་པའི་རྒྱལ༔ ལྷ་དང་ནོར་སྲུང་དཔལ་མགོན་ཚོགས༔ ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད༔ སྔོན་ཚེ་སྤྱི་དཔལ་ཆེན་པོ་དང་༔ གསང་བདག་ཕྱག་རྡོར་པད་འབྱུང་སོགས༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱིས༔ དམ་ཚིག་གཉན་པོ་དེ་ཡིས་འབོད༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ བདག་ནི་རྣལ་འབྱོར་སྒྲུབ་པ་པོས༔ དམ་ཚིག་དཔང་དུ་བཞག་ནས་སུ༔ གླུ་དབྱངས་རོལ་མོའི་སྒྲ་ཡིས་འབོད༔ སྐད་ཅིག་ཉིད་དུ་གཤེགས་སུ་གསོལ༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་ག་ཎ་པ་ཏི་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿདེ་ནས་བརྟན་བཞུགས་གསོལ་བ་ནི༔ ཧྲཱིཿདྲང་སྲོང་ལྷ་ཡི་བླ་མ་འཁོར་དང་བཅས༔ འདོད་རྒུའི་དཔལ་ཡོན་འབྱུང་བའི་གནས་སུ་བརྟན༔ མི་འབྲལ་བརྟེན་པའི་རྫས་ལ་བརྟན་བཞུགས་ནས༔ དཔག་བསམ་ཤིང་དང་ནོར་བུ་འདོད་འཇོ་བཞིན༔ འཛད་མེད་དངོས་གྲུབ་སྣ་ཚོགས་རྟག་ཏུ་སྩོལ༔ སྣང་སྲིད་སྐྱེ་འགྲོ་དབང་སྡུད་བྲན་དུ་ཁོལ༔ མི་འབྲལ་བྱམས་བརྩེ་སྲུང་སྐྱོབས་མཛད་བཞུགས་གསོལ༔ ག་ཎ་པ་ཏི་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧྲཱིཿསྲིད་གསུམ་དབང་ཕྱུག་ཆེན་པོ་ཚོགས་ཀྱི་བདག༔ ལེགས་ལྡན་འདོད་རྒྱལ་ཡབ་ཡུམ་སྲས་འཁོར་ལ༔ བདག་གི་ཅི་འདོད་བསམ་བཞིན་འགྲུབ་པ་དང་༔ སངས་རྒྱས་བསྟན་པ་བསྲུང་ཕྱིར་ཕྱག་འཚལ་ལོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧྲཱིཿདངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟ་ག་ཎ་ཚོགས༔ ཚོགས་ཀྱི་བདག་པོ་མཉེས་ཕྱིར་འབུལ༔ དར་ཟབ་ཟ་འོག་གཅན་གཟན་དང་༔ གསེར་དངུལ་ཟངས་ལྕགས་ནོར་བུ་དང་༔ གཟུགས་འགྲོས་རྣམ་པ་སྣ་ཚོགས་དང་༔ བླ་རྡོ་རྟེན་གཏོར་ཆེན་པོ་སོགས༔ ཚོགས་ཀྱི་བདག་པོ་དགྱེས་ཕྱིར་འབུལ༔ ཕྱེ་མར་ཟས་སྣ་སྣ་ཚོགས་དང་༔ དཀར་གསུམ་མངར་གསུམ་གཏོར་མ་དང་༔ ཇ་ཆང་གསེར་སྐྱེམས་ལ་སོགས་པ༔ བཟའ་བཅའ་བཏུང་བ་ལྡག་གཞིབ་ཟས༔ ཚོགས་ཀྱི་བདག་པོ་མཉེས་ཕྱིར་འབུལ༔ གཞན་ཡང་མཐུན་རྫས་སྒྲུབ་རྫས་དང་༔ བརྟེན་རྫས་མཆོད་རྫས་བསྐང་རྫས་སོགས༔ མ་ཚང་མེད་པའི་ལོངས་སྤྱོད་ཚོགས༔ ཚོགས་བདག་འཁོར་དང་བཅས་ལ་འབུལ༔ སྐད་ཅིག་མི་འབྲལ་གྲོགས་མཛད་ལ༔ འདོད་རྒུའི་དཔལ་ཡོན་ཕུན་ཚོགས་མཛོད༔ མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་ག་ཎ་པ་ཏི་སརྦ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟ་རཱུ་པ་སོགས་མ་ཧཱ་པཉྩ་རཀྟ་བ་ལིང་ཏ་ག་ཎ་ཙཀྲ་པཱུ་ཛ་ཧོཿདེ་ནས་བསྟོད་པ་ནི༔ ཧྲཱིཿཐུགས་རྗེའི་གཏེར་ཆེན་མགོན་པོ་སྤྱན་རས་གཟིགས༔ གང་འདུལ་ཐབས་མཁས་སྤྲུལ་བསྒྱུར་རོལ་པ་ལས༔ ཁམས་གསུམ་དབང་མཛད་བདག་པོའི་སྐུར་བཞེངས་པ༔ དྲང་སྲོང་ལྷ་ཡི་བླ་མ་ཁྱོད་ལ་བསྟོད༔ སྲིད་རྩེ་མི་གཡོ་ཏིང་འཛིན་དབང་པོ་ཆེ༔ གཟུགས་ཁམས་དགའ་བདེའི་རོལ་པ་འཕྲུལ་གྱི་བདག༔ འདོད་ཁམས་འདོད་པའི་རྒྱལ་པོ་བདེ་བ་ཆེ༔ ཁམས་གསུམ་དབང་ཕྱུག་ཁྱོད་ལ་ཕྱག་འཚལ་བསྟོད༔ སྲིད་པ་ལེགས་ཉེས་ཀུན་གྱི་བྱེད་པོ་ཆེ༔ དབང་གི་ཁ་ཏོག་འབར་བའི་གཟི་འོད་ཀྱིས༔ ལྷར་བཅས་སྐྱེ་རྒུའི་བློ་དང་ཡིད་འཕྲོག་ཅིང་༔ ཁྱུ་མཆོག་རབ་གཞོན་གླང་པོའི་གདོང་ངོམས་པ༔ ཁམས་གསུམ་ཁུར་དུ་བོར་ཞིང་སྟོབས་ཀྱིས་བསྒྱུར༔ ཐུགས་རྗེའི་གཏེར་ཆེན་ཟླ་བ་ནོར་བུའི་ཐོད༔ གདུལ་བྱའི་ཁམས་སུ་ཡེ་ཤེས་གསལ་མདངས་ངོམས༔ སྣང་བ་དབང་དུ་བསྡུས་པའི་ལྕགས་ཀྱུ་ཡིས༔ སྲིད་གསུམ་བློ་ཡིད་འགུགས་ཤིང་ཁ་ལོ་བསྒྱུར༔ ཐམས་ཅད་བྲན་དུ་བཅིངས་པའི་ཞགས་པ་ཡིས༔ ཁམས་གསུམ་མ་ལུས་ཡོངས་ལ་མངའ་དབང་བསྒྱུར༔ དགོས་འདོད་ཡིད་བཞིན་འབྱུང་བའི་གཏེར་བུམ་འཆང་༔ སྒྲུབ་ལ་དངོས་གྲུབ་འབད་མེད་རྒྱུན་སྩོལ་མཛོད༔ ཆགས་བདེ་རྒྱས་པའི་གོས་དང་རྒྱན་སྤང་ཞིང་༔ མཐོང་ཐོས་དྲན་རེག་དགའ་བདེའི་རོས་མྱོས་བྱེད༔ འདོད་པའི་རྒྱལ་པོ་བདེ་དྲོད་ཟིལ་པ་འཁྲིགས༔ གཟི་བྱིན་རླབས་ཀྱིས་ཐམས་ཅད་དམ་ལ་འདུད༔ ཆགས་པའི་རྡོ་རྗེ་མཁའ་ལ་བསྒྲེང་བ་ཡིས༔ ཤེས་རབ་ཨུ་མའི་བདེ་ཆེན་ཀློང་ནས་གཡོ༔ སྲིད་ཞིའི་བདེ་བ་མཁའ་རུ་སྡུད་པ་ལས༔ ཟག་མེད་བདེ་བའི་རོ་ལ་རོལ་བ་པོ༔ འགྲན་བྲལ་ཚོགས་ཀྱི་བདག་པོ་ཁྱོད་ལ་བསྟོད༔ ཁྱོད་ཀྱི་འདོད་བདེ་གཡོ་བའི་རྩལ་དང་ཤུགས༔ འགུགས་འཆིང་སྡོམ་མྱོས་ལས་ཀྱི་ཕོ་ཉར་ཤར༔ མ་ངེས་སྣ་ཚོགས་བསྒྱུར་བའི་རྫུ་འཕྲུལ་ལས༔ དཔལ་མགོན་དྲེགས་པ་འཁོར་གྱི་རོལ་པར་ཤར༔ ལྷ་ཆེན་གར་གྱི་དབང་ཕྱུག་ཁྱོད་ལ་བསྟོད༔ བདག་གིས་ཁྱོད་བསྒྲུབ་བསྟོད་པའི་ཡོན་ཏན་གྱིས༔ སངས་རྒྱས་བསྟན་དང་བསྟན་འཛིན་སྡེ་སྐྱོངས་ལ༔ ལོག་འདྲེན་དགྲ་བགེགས་རྩད་ནས་གཅོད་པ་དང་༔ བདག་གི་འདོད་དོན་མ་ལུས་ཡོངས་འགྲུབ་མཛོད༔ དེ་ནས་འཛབ་དམིགས་ནི༔ ལྷ་ཆེན་ཚོགས་ཀྱི་བདག་པོའི་ཐུགས་ཀར་ཟླ་ཕྱེད་ཀྱི་སྟེང་དུ་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོའི་ནང་ཁོངས་སུ་ཐུགས་སྲོག་ཧྲཱིཿཡིག་དམར་པོ་དང་༔ ཡུམ་གྱི་ཐུགས་ཀར་ཉི་མའི་གདན་ལ་ཡི་གེ་ཧྲཱིཿཡིག་དམར་པོ༔ འཁོར་རྣམས་ཀྱི་ཐུགས་ཀར་རང་རང་རིགས་ཀྱི་སྲོག་ཡིག་ཕྲ་མོའི་མཐར་དེ་དག་གི་གསང་སྔགས་རིག་སྔགས་གཟུངས་སྔགས་ཐམས་ཅད་སྔགས་འདི་ཁོ་ནར་གྱུར་ཏེ་འཁོར་བར་བསམ༔ བཟླས་པ་ཙམ་གྱིས་དམ་ཚིག་གཉན་གྱི་སྲོག་ཐོབ་སྟེ་མི་འབྲལ་གྲོགས་སུ་འཁོར་ཞིང་ཕྲིན་ལས་རབ་འབྱམས་ཐམས་ཅད་ཐོགས་མེད་བསྒྲུབ་པར་བསམ༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་ག་ཎ་པ་ཏི་ས་མ་ཡ་ཧྲཱིཾ་ཛཿདེ་ཡིས་འབོད་པ་གནད་དུ་བསྣུན༔ སྒྲུབ་པ་ལས་སྦྱོར་གབ་བྱང་ལྟར༔ ལྷ་ཆེན་ཚོགས་ཀྱི་བདག་པོ་ཡི༔ སྒྲུབ་པ་ཀུན་གྱི་ཡང་སྙིང་འདི༔ འབོད་དང་བསྙེན་སྒྲུབ་ལས་སྦྱོར་གྱིས༔ གནད་བསྣུན་གང་གིས་བསྒྲུབ་གྱུར་ཀྱང་༔ སྐྱེས་པའམ་ནི་བུད་མེད་ཀྱི༔ གཟུགས་སུ་སྤྲུལ་ནས་ཞལ་སྟོན་ཅིང་༔ ཕྲིན་ལས་བསྒྲུབ་པར་གདོད་མི་ཟ༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་རང་སློབ་དམ་པ་ཧོར་གྱི་བླ་མ་ཚོགས་མཆོག་གིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཤོག་སེར་ལས་དག་པར་ཕབ་པའི་ཡི་གེ་པ་ནི་ཡོངས་གྲུབ་རིག་པའི་རྡོ་རྗེའོ།།དགེའོ།།དགེའོ།།དགེའོ།།།།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:43, 4 June 2024

Wylie title TTDL-ZABTER-08-NYA-035.pdf
Location bdud 'joms gling pa zab gter
Volume 8, Text 35, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
བརྡ་ཡིག་༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཟབ་ཆོས་བཀའ་ཡི་སྲུང་མ༔ ལྷ་ཆེན་གཙུག་ན་ཟླ་བའི་རྩ་སྒྲུབ་དངོས་གྲུབ་དཔལ་ཕྲེང་བཞུགས་སོ༔ བརྡ་ཡིག་༠༠༠༠༠༠༣༠༠༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ མ་འོངས་བསྐལ་པ་རྩུབ་འགྱུར་དུས༔ པདྨའི་བརྒྱུད་འཛིན་སྐྱེས་བུ་རྣམས༔ དབུ་འཕང་མཐོ་ཞིང་དཔལ་རྒྱས་ཕྱིར༔ ལྷ་ཆེན་གཙུག་ན་ཟླ་བ་ཡི༔ རྩ་སྒྲུབ་དངོས་གྲུབ་དཔལ་ཕྲེང་ཟུངས༔ དཀྱིལ་འཁོར་བཀོད་ལེགས་མཛེས་ལྡན་པ༔ ཟླ་གམ་དབང་གི་ཁ་ཏོག་ཅན༔ དེ་དབུས་སྒྲུབ་རྫས་སྲོག་འཁོར་མཐར༔ གཏེར་བུམ་རིན་ཆེན་སྣ་ཚོགས་དང་༔ འབྲུ་སྨན་ཟས་ཚོགས་འབྱོར་ཚད་ཀྱིས༔ བསྐོར་ཏེ་དར་དམར་ལྡིང་གུར་ཕུབ༔ སྒྲུབ་གཏོར་གཙོ་འཁོར་ཆེ་གྲངས་བཅའ༔ འབྱོར་ཚོགས་འདོད་ཡོན་སྣ་ཚོགས་དང་༔ ཁྱད་པར་དཀར་གསུམ་གཏོར་མ་བཤམས༔ རང་ཉིད་ཡི་དམ་ལྷག་པའི་ལྷའི༔ བསྒོམ་བསྒྲུབ་སྔོན་སོང་གནད་དུ་གཅེས༔ དེ་ནས་ལྷ་བསྐྱེད་རིམ་པ་ནི༔ ཧཱུྃ༔ བདག་ཉིད་ཡི་དམ་ལྷ་ཡི་སྐུར་བསྒོམ་པའི༔ མདུན་དུ་རིན་ཆེན་རི་རབ་ཆེན་པོའི་རྩེར༔ རཱ་གའི་གཞལ་ཡས་རྒྱ་ཆེ་ཁྱོན་ཡངས་པར༔ བཀོད་ལེགས་ཟླ་གམ་དབང་གི་ཁ་ཏོག་འབར༔ དེ་དབུས་རིན་ཆེན་སྣ་ཚོགས་ཁྲི་ཡི་ཁར༔ འོད་འབར་རབ་དཀར་ཟླ་ཕྱེད་གདན་སྟེང་དུ༔ ཧྲཱིཿལས་འདོད་ཁམས་དབང་ཕྱུག་ཚོགས་ཀྱི་བདག༔ དམར་གསལ་ཆེ་བརྗིད་སྟོབས་ལྡན་གླང་པོའི་གདོང་༔ ཟླ་ཕྱེད་དབང་རྒྱལ་ནོར་བུ་གཙུག་ན་མཛེས༔ ཕྱག་གཡས་ལྕགས་ཀྱུས་སྣང་སྲིད་དབང་སྡུད་ཅིང་༔ གཏེར་བུམ་མཆན་བརྟེན་དགོས་འདོད་ཆར་དུ་འབེབས༔ གཡོན་པས་ཞགས་འཛིན་སྲིད་པ་བྲན་དུ་བཅིངས༔ བག་དྲོ་ལྷུན་ཆགས་གཟི་བརྗིད་འོད་ཕུང་འབར༔ ཞབས་གཉིས་གྱད་སྟབས་ལིང་ག་གྱེན་དུ་བསྒྲེང་༔ ཤིན་ཏུ་ཆགས་པའི་གོས་དང་རྒྱན་ཆ་སྤངས༔ བདེ་སྟོང་ཉམས་རྒྱས་འདོད་པའི་རོ་ལ་གདུང་༔ དགའ་བའི་མདངས་ལྡན་ཆགས་པའི་ཟིལ་པ་འཁྲིགས༔ གཟུགས་མེད་སྙོམས་འཇུག་དབང་པོ་སྟོང་པའི་བདག༔ གཟུགས་ཁམས་གསལ་བའི་དབང་པོ་བདེ་བ་ཆེ༔ འདོད་ཁམས་འདོད་པའི་རྒྱལ་པོར་ལྷུན་གྱིས་གྲུབ༔ བདེ་སྟེར་ལྷ་མོ་ཨུ་མ་དཱེ་ཝི་ནི༔ དམར་སེར་སྤྲེའུའི་གཟུགས་ངོམས་གཡས་ནོར་བུ༔ གཡོན་པས་སྟོབས་བསྐྱེད་སྨན་གྱི་རིལ་བུ་སྟོབ༔ བདེ་བའི་ཉམས་ལྡན་དགའ་བའི་བཞིན་མདངས་ངོམས༔ འདོད་པའི་ངང་ལྡན་ཆགས་པའི་ཟིལ་པ་འཁྲིགས༔ ཤར་དུ་འགུགས་བྱེད་དམར་མོས་ལྕགས་ཀྱུ་དང་༔ གཡོན་པས་རིན་ཆེན་དུང་གི་ཕྲེང་བ་འདྲེན༔ ལྷོ་རུ་འཆིང་བྱེད་དམར་མོས་ཉི་ཟེར་ཞགས༔ གཡོན་པས་ཡིད་བཞིན་ནོར་བུ་བསམ་འཕེལ་བསྣམས༔ ནུབ་ཏུ་སྡོམ་བྱེད་དམར་མོས་ལྕགས་སྒྲོག་དང་༔ གཡོན་པས་ནོར་བུ་དབང་གི་རྒྱལ་པོ་བསྣམས༔ བྱང་དུ་མྱོས་བྱེད་དམར་མོས་དྲིལ་བུ་དང་༔ གཡོན་པས་ནོར་བུ་ཕ་རོལ་དཔུང་འཇོམས་བསྣམས༔ ཀུན་ཀྱང་ཞི་འཛུམ་རིན་ཆེན་ཕྲེང་བས་སྤྲས༔ ཡིད་འཕྲོག་མཛེས་ལྡན་དགྱེས་ཆགས་ལང་ཚོས་འཁྱུད༔ ཕྱི་རིམ་འཁོར་ཡུག་དཔལ་མགོན་བདུན་ཅུ་ལྔ༔ སྣང་སྲིད་དྲེགས་པ་ཕོ་མོའི་འཁོར་གྱིས་བསྐོར༔ བར་མཚམས་འདོད་རྒུའི་ལོངས་སྤྱོད་སྤྲིན་བཞིན་གཏིབས༔ ཕྱི་ནང་འདོད་ཡོན་སྤེལ་བའི་ལྷ་མོའི་ཚོགས༔ ཞིང་རྡུལ་གྲངས་དང་མཉམ་པས་བསྐུར་ཞིང་མཆོད༔ སྣང་སྲིད་སྐྱེ་འགྲོའི་བློ་ཡིད་སེམས་གསུམ་ལ༔ དབང་བསྒྱུར་ཕྲིན་ལས་རབ་འབྱམས་ཡོངས་སུ་གྲུབ༔ རང་སྲོག་སྙིང་པོ་ལས་ནི་འོད་འཕྲོས་པས༔ ཡེ་ཤེས་དང་ནི་འཇིག་རྟེན་ལས་གྲུབ་པའི༔ བཀའ་སྲུང་དྲེགས་པའི་ཚོགས་རྣམས་ཐམས་ཅད་དང་༔ ཁྱད་པར་ལྷ་ཆེན་ཚོགས་བདག་ཡབ་ཡུམ་འཁོར༔ དམ་ཚིག་གཉན་པོའི་མཐུ་དང་སྟོབས་ཀྱིས་བསྡུས༔ སྤྱན་དྲངས་བསྐྱེད་པའི་ལྷ་ལ་གཉིས་མེད་བསྟིམ༔ དེ་ནས་འབོད་པ་ནི༔ ཧཱུྃ་ཧྲཱིཿསུམ་ཅུ་རྩ་གསུམ་ལྷ་གནས་སུ༔ བདེ་ལྡན་དབང་གི་གཞལ་ཡས་ནས༔ སྣང་སྲིད་སྐྱེ་འགྲོ་ཡོངས་ཀྱི་བདག༔ ཚོགས་ཀྱི་བདག་པོ་གཤེགས་སུ་གསོལ༔ འཕྲུལ་དགའ་ལྷ་ཡི་གནས་མཆོག་ཏུ༔ ཏིང་འཛིན་འཕྲུལ་གྱི་ཕོ་བྲང་ནས༔ འདོད་པའི་རྒྱལ་པོ་བདེ་བ་ཆེ༔ སྤྲུལ་འཁོར་དང་བཅས་གཤེགས་སུ་གསོལ༔ གཞན་འཕྲུལ་དབང་བྱེད་ལྷ་གནས་སུ༔ འདོད་ཡོན་དཔག་བསམ་ཡིད་ལས་སྐྱེས༔ དགའ་བདེ་འཕྲུལ་གྱི་བདག་པོ་སྟེ༔ དབང་ཕྱུག་ཆེན་པོ་གཤེགས་སུ་གསོལ༔ སྣང་སྲིད་དབང་ཕྱུག་འདོད་པའི་རྒྱལ༔ ལྷ་དང་ནོར་སྲུང་དཔལ་མགོན་ཚོགས༔ ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད༔ སྔོན་ཚེ་སྤྱི་དཔལ་ཆེན་པོ་དང་༔ གསང་བདག་ཕྱག་རྡོར་པད་འབྱུང་སོགས༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱིས༔ དམ་ཚིག་གཉན་པོ་དེ་ཡིས་འབོད༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ བདག་ནི་རྣལ་འབྱོར་སྒྲུབ་པ་པོས༔ དམ་ཚིག་དཔང་དུ་བཞག་ནས་སུ༔ གླུ་དབྱངས་རོལ་མོའི་སྒྲ་ཡིས་འབོད༔ སྐད་ཅིག་ཉིད་དུ་གཤེགས་སུ་གསོལ༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་ག་ཎ་པ་ཏི་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿདེ་ནས་བརྟན་བཞུགས་གསོལ་བ་ནི༔ ཧྲཱིཿདྲང་སྲོང་ལྷ་ཡི་བླ་མ་འཁོར་དང་བཅས༔ འདོད་རྒུའི་དཔལ་ཡོན་འབྱུང་བའི་གནས་སུ་བརྟན༔ མི་འབྲལ་བརྟེན་པའི་རྫས་ལ་བརྟན་བཞུགས་ནས༔ དཔག་བསམ་ཤིང་དང་ནོར་བུ་འདོད་འཇོ་བཞིན༔ འཛད་མེད་དངོས་གྲུབ་སྣ་ཚོགས་རྟག་ཏུ་སྩོལ༔ སྣང་སྲིད་སྐྱེ་འགྲོ་དབང་སྡུད་བྲན་དུ་ཁོལ༔ མི་འབྲལ་བྱམས་བརྩེ་སྲུང་སྐྱོབས་མཛད་བཞུགས་གསོལ༔ ག་ཎ་པ་ཏི་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧྲཱིཿསྲིད་གསུམ་དབང་ཕྱུག་ཆེན་པོ་ཚོགས་ཀྱི་བདག༔ ལེགས་ལྡན་འདོད་རྒྱལ་ཡབ་ཡུམ་སྲས་འཁོར་ལ༔ བདག་གི་ཅི་འདོད་བསམ་བཞིན་འགྲུབ་པ་དང་༔ སངས་རྒྱས་བསྟན་པ་བསྲུང་ཕྱིར་ཕྱག་འཚལ་ལོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧྲཱིཿདངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟ་ག་ཎ་ཚོགས༔ ཚོགས་ཀྱི་བདག་པོ་མཉེས་ཕྱིར་འབུལ༔ དར་ཟབ་ཟ་འོག་གཅན་གཟན་དང་༔ གསེར་དངུལ་ཟངས་ལྕགས་ནོར་བུ་དང་༔ གཟུགས་འགྲོས་རྣམ་པ་སྣ་ཚོགས་དང་༔ བླ་རྡོ་རྟེན་གཏོར་ཆེན་པོ་སོགས༔ ཚོགས་ཀྱི་བདག་པོ་དགྱེས་ཕྱིར་འབུལ༔ ཕྱེ་མར་ཟས་སྣ་སྣ་ཚོགས་དང་༔ དཀར་གསུམ་མངར་གསུམ་གཏོར་མ་དང་༔ ཇ་ཆང་གསེར་སྐྱེམས་ལ་སོགས་པ༔ བཟའ་བཅའ་བཏུང་བ་ལྡག་གཞིབ་ཟས༔ ཚོགས་ཀྱི་བདག་པོ་མཉེས་ཕྱིར་འབུལ༔ གཞན་ཡང་མཐུན་རྫས་སྒྲུབ་རྫས་དང་༔ བརྟེན་རྫས་མཆོད་རྫས་བསྐང་རྫས་སོགས༔ མ་ཚང་མེད་པའི་ལོངས་སྤྱོད་ཚོགས༔ ཚོགས་བདག་འཁོར་དང་བཅས་ལ་འབུལ༔ སྐད་ཅིག་མི་འབྲལ་གྲོགས་མཛད་ལ༔ འདོད་རྒུའི་དཔལ་ཡོན་ཕུན་ཚོགས་མཛོད༔ མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་ག་ཎ་པ་ཏི་སརྦ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟ་རཱུ་པ་སོགས་མ་ཧཱ་པཉྩ་རཀྟ་བ་ལིང་ཏ་ག་ཎ་ཙཀྲ་པཱུ་ཛ་ཧོཿདེ་ནས་བསྟོད་པ་ནི༔ ཧྲཱིཿཐུགས་རྗེའི་གཏེར་ཆེན་མགོན་པོ་སྤྱན་རས་གཟིགས༔ གང་འདུལ་ཐབས་མཁས་སྤྲུལ་བསྒྱུར་རོལ་པ་ལས༔ ཁམས་གསུམ་དབང་མཛད་བདག་པོའི་སྐུར་བཞེངས་པ༔ དྲང་སྲོང་ལྷ་ཡི་བླ་མ་ཁྱོད་ལ་བསྟོད༔ སྲིད་རྩེ་མི་གཡོ་ཏིང་འཛིན་དབང་པོ་ཆེ༔ གཟུགས་ཁམས་དགའ་བདེའི་རོལ་པ་འཕྲུལ་གྱི་བདག༔ འདོད་ཁམས་འདོད་པའི་རྒྱལ་པོ་བདེ་བ་ཆེ༔ ཁམས་གསུམ་དབང་ཕྱུག་ཁྱོད་ལ་ཕྱག་འཚལ་བསྟོད༔ སྲིད་པ་ལེགས་ཉེས་ཀུན་གྱི་བྱེད་པོ་ཆེ༔ དབང་གི་ཁ་ཏོག་འབར་བའི་གཟི་འོད་ཀྱིས༔ ལྷར་བཅས་སྐྱེ་རྒུའི་བློ་དང་ཡིད་འཕྲོག་ཅིང་༔ ཁྱུ་མཆོག་རབ་གཞོན་གླང་པོའི་གདོང་ངོམས་པ༔ ཁམས་གསུམ་ཁུར་དུ་བོར་ཞིང་སྟོབས་ཀྱིས་བསྒྱུར༔ ཐུགས་རྗེའི་གཏེར་ཆེན་ཟླ་བ་ནོར་བུའི་ཐོད༔ གདུལ་བྱའི་ཁམས་སུ་ཡེ་ཤེས་གསལ་མདངས་ངོམས༔ སྣང་བ་དབང་དུ་བསྡུས་པའི་ལྕགས་ཀྱུ་ཡིས༔ སྲིད་གསུམ་བློ་ཡིད་འགུགས་ཤིང་ཁ་ལོ་བསྒྱུར༔ ཐམས་ཅད་བྲན་དུ་བཅིངས་པའི་ཞགས་པ་ཡིས༔ ཁམས་གསུམ་མ་ལུས་ཡོངས་ལ་མངའ་དབང་བསྒྱུར༔ དགོས་འདོད་ཡིད་བཞིན་འབྱུང་བའི་གཏེར་བུམ་འཆང་༔ སྒྲུབ་ལ་དངོས་གྲུབ་འབད་མེད་རྒྱུན་སྩོལ་མཛོད༔ ཆགས་བདེ་རྒྱས་པའི་གོས་དང་རྒྱན་སྤང་ཞིང་༔ མཐོང་ཐོས་དྲན་རེག་དགའ་བདེའི་རོས་མྱོས་བྱེད༔ འདོད་པའི་རྒྱལ་པོ་བདེ་དྲོད་ཟིལ་པ་འཁྲིགས༔ གཟི་བྱིན་རླབས་ཀྱིས་ཐམས་ཅད་དམ་ལ་འདུད༔ ཆགས་པའི་རྡོ་རྗེ་མཁའ་ལ་བསྒྲེང་བ་ཡིས༔ ཤེས་རབ་ཨུ་མའི་བདེ་ཆེན་ཀློང་ནས་གཡོ༔ སྲིད་ཞིའི་བདེ་བ་མཁའ་རུ་སྡུད་པ་ལས༔ ཟག་མེད་བདེ་བའི་རོ་ལ་རོལ་བ་པོ༔ འགྲན་བྲལ་ཚོགས་ཀྱི་བདག་པོ་ཁྱོད་ལ་བསྟོད༔ ཁྱོད་ཀྱི་འདོད་བདེ་གཡོ་བའི་རྩལ་དང་ཤུགས༔ འགུགས་འཆིང་སྡོམ་མྱོས་ལས་ཀྱི་ཕོ་ཉར་ཤར༔ མ་ངེས་སྣ་ཚོགས་བསྒྱུར་བའི་རྫུ་འཕྲུལ་ལས༔ དཔལ་མགོན་དྲེགས་པ་འཁོར་གྱི་རོལ་པར་ཤར༔ ལྷ་ཆེན་གར་གྱི་དབང་ཕྱུག་ཁྱོད་ལ་བསྟོད༔ བདག་གིས་ཁྱོད་བསྒྲུབ་བསྟོད་པའི་ཡོན་ཏན་གྱིས༔ སངས་རྒྱས་བསྟན་དང་བསྟན་འཛིན་སྡེ་སྐྱོངས་ལ༔ ལོག་འདྲེན་དགྲ་བགེགས་རྩད་ནས་གཅོད་པ་དང་༔ བདག་གི་འདོད་དོན་མ་ལུས་ཡོངས་འགྲུབ་མཛོད༔ དེ་ནས་འཛབ་དམིགས་ནི༔ ལྷ་ཆེན་ཚོགས་ཀྱི་བདག་པོའི་ཐུགས་ཀར་ཟླ་ཕྱེད་ཀྱི་སྟེང་དུ་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོའི་ནང་ཁོངས་སུ་ཐུགས་སྲོག་ཧྲཱིཿཡིག་དམར་པོ་དང་༔ ཡུམ་གྱི་ཐུགས་ཀར་ཉི་མའི་གདན་ལ་ཡི་གེ་ཧྲཱིཿཡིག་དམར་པོ༔ འཁོར་རྣམས་ཀྱི་ཐུགས་ཀར་རང་རང་རིགས་ཀྱི་སྲོག་ཡིག་ཕྲ་མོའི་མཐར་དེ་དག་གི་གསང་སྔགས་རིག་སྔགས་གཟུངས་སྔགས་ཐམས་ཅད་སྔགས་འདི་ཁོ་ནར་གྱུར་ཏེ་འཁོར་བར་བསམ༔ བཟླས་པ་ཙམ་གྱིས་དམ་ཚིག་གཉན་གྱི་སྲོག་ཐོབ་སྟེ་མི་འབྲལ་གྲོགས་སུ་འཁོར་ཞིང་ཕྲིན་ལས་རབ་འབྱམས་ཐམས་ཅད་ཐོགས་མེད་བསྒྲུབ་པར་བསམ༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་ག་ཎ་པ་ཏི་ས་མ་ཡ་ཧྲཱིཾ་ཛཿདེ་ཡིས་འབོད་པ་གནད་དུ་བསྣུན༔ སྒྲུབ་པ་ལས་སྦྱོར་གབ་བྱང་ལྟར༔ ལྷ་ཆེན་ཚོགས་ཀྱི་བདག་པོ་ཡི༔ སྒྲུབ་པ་ཀུན་གྱི་ཡང་སྙིང་འདི༔ འབོད་དང་བསྙེན་སྒྲུབ་ལས་སྦྱོར་གྱིས༔ གནད་བསྣུན་གང་གིས་བསྒྲུབ་གྱུར་ཀྱང་༔ སྐྱེས་པའམ་ནི་བུད་མེད་ཀྱི༔ གཟུགས་སུ་སྤྲུལ་ནས་ཞལ་སྟོན་ཅིང་༔ ཕྲིན་ལས་བསྒྲུབ་པར་གདོད་མི་ཟ༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་རང་སློབ་དམ་པ་ཧོར་གྱི་བླ་མ་ཚོགས་མཆོག་གིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཤོག་སེར་ལས་དག་པར་ཕབ་པའི་ཡི་གེ་པ་ནི་ཡོངས་གྲུབ་རིག་པའི་རྡོ་རྗེའོ།།དགེའོ།།དགེའོ།།དགེའོ།།།།