TTDL-ZABTER-15-BA-076: Difference between revisions
From Dudjom Wiki
TTDL-ZABTER-15-BA-076
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
དག་སྣང་སྒྱུ་འཕྲུལ་དྲྭ་བ་ལས༔ གནོད་སྦྱིན་ཆེན་པོའི་འཁྲུག་སྐོང་ཕྲིན་ལས་ལྷུན་གྲུབ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཅི་འབྱོར་མཆོད་པའི་རྫས་བསགས་ནས༔ ནམ་མཁའ་མཛོད་ཀྱི་འཁོར་ལོར་བརླབས༔ ཆོས་ཀུན་དུ་མ་རོ་གཅིག་པར༔ རྟོགས་པའི་ལྟ་བའི་ངང་ཉིད་ལས༔ ཀྵ༔ པདྨ་དབང་གི་བཀའ་སྡོད་ཆེ༔ ཨ་ཏིའི་བཀའ་ཡི་བྱ་ར་བ༔ གནོད་སྦྱིན་ཤན་པ་འཁོར་དང་བཅས༔ མཆོད་བསྐང་བརྟེན་སྒྲུབ་གནས་འདིར་བྱོན༔ ཆོས་ཉིད་སྒྱུ་མར་རོལ་པའི་འཕྲུལ༔ ཕྱི་ནང་གསང་བ་ཡང་གསང་གི༔ མཆོད་བསྐང་མཐུན་པའི་དམ་རྫས་ཀྱིས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ འགལ་འཁྲུལ་ཉེས་པའི་ཚོགས་ཀུན་བཤགས༔ འཁོར་འདས་ཡོངས་ཀྱི་ལྷ་སྲུང་མ༔ ཀུན་ཀྱང་ཁྱོད་གྱིས་ངོ་བོར་འགྲུབ༔ རྟག་དུ་བྱམས་དང་བརྩེ་བས་སྐྱོངས༔ རུ་ང་ཕྲག་དོག་གདུག་རྩུབ་སྤོངས༔ སྡང་བའི་དགྲ་ལ་ཁོང་མ་ཡངས༔ གློ་བུར་ཧུར་ཐུམ་དྲག་པོས་སོད༔ སྒྲུབ་པ་པོ་ལ་འཁུ་མ་རྐྱེན༔ མ་གཅིག་བུ་བཞིན་རྟག་ཏུ་སྐྱོངས༔ མི་ནད་ནོར་གྱི་གོད་ཁ་ཆོད༔ རྟ་ཕྱུག་གནག་ལུག་ལོངས་སྤྱོད་སྤེལ༔ ཆོས་ཉིད་བསྟན་པའི་མངའ་ཐང་རྒྱས༔ གྲྭ་འཁོར་ཡོན་གནས་འདུ་བ་བསྡུས༔ དགྲ་དང་བགེགས་ཀྱིས་འཚེ་བ་གཞོམ༔ རབ་འབྱམས་ཕྲིན་ལས་ལྷུན་གྲུབ་ཅིང་༔ ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་སྩོལ༔ འདི་ལ་གྲངས་མང་རྒྱུན་དུ་མཆོད༔ རང་བཞིན་མེད་པའི་ཆོས་ཉིད་ལས༔ རྩལ་སྣང་མཆོད་པའི་སྤྲིན་དུ་བསྒྱུར༔ ལྷ་དང་རང་སྣང་དབྱེར་མེད་པར༔ རང་བྱུང་རང་ཤར་རྒྱན་གྱིས་མཆོད༔ དེས་ནི་འཁྲུགས་པ་ཡོངས་ཞི་ཞིང་༔ བཀྲ་ཤིས་ཕུན་ཚོགས་དཔལ་ཡོན་སྟེར༔ བདེན་རྫུན་ལག་ཏུ་ལོངས་དང་གསལ༔ ཐེ་ཚོམ་མེད་དོ་ས་མ་ཡ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཉིད་རིག་སྲས་དྲི་མེད་འོད་ཟེར་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།ལེགས་སོ།།སརྦ་མངྒ་ལཾ༔ | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=bdud 'joms gling pa zab gter | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|totalvolumes=21 | |||
|author=bdud 'joms gling pa | |||
|authortib=བདུད་འཇོམས་གླིང་པ་ | |||
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=15 | |||
|volumeLetter=BA | |||
|textnuminvol=076 | |||
|pdflink=File:TTDL-ZABTER-15-BA-076.pdf | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-15-BA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|དག་སྣང་སྒྱུ་འཕྲུལ་དྲྭ་བ་ལས༔ གནོད་སྦྱིན་ཆེན་པོའི་འཁྲུག་སྐོང་ཕྲིན་ལས་ལྷུན་གྲུབ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཅི་འབྱོར་མཆོད་པའི་རྫས་བསགས་ནས༔ ནམ་མཁའ་མཛོད་ཀྱི་འཁོར་ལོར་བརླབས༔ ཆོས་ཀུན་དུ་མ་རོ་གཅིག་པར༔ རྟོགས་པའི་ལྟ་བའི་ངང་ཉིད་ལས༔ ཀྵ༔ པདྨ་དབང་གི་བཀའ་སྡོད་ཆེ༔ ཨ་ཏིའི་བཀའ་ཡི་བྱ་ར་བ༔ གནོད་སྦྱིན་ཤན་པ་འཁོར་དང་བཅས༔ མཆོད་བསྐང་བརྟེན་སྒྲུབ་གནས་འདིར་བྱོན༔ ཆོས་ཉིད་སྒྱུ་མར་རོལ་པའི་འཕྲུལ༔ ཕྱི་ནང་གསང་བ་ཡང་གསང་གི༔ མཆོད་བསྐང་མཐུན་པའི་དམ་རྫས་ཀྱིས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ འགལ་འཁྲུལ་ཉེས་པའི་ཚོགས་ཀུན་བཤགས༔ འཁོར་འདས་ཡོངས་ཀྱི་ལྷ་སྲུང་མ༔ ཀུན་ཀྱང་ཁྱོད་གྱིས་ངོ་བོར་འགྲུབ༔ རྟག་དུ་བྱམས་དང་བརྩེ་བས་སྐྱོངས༔ རུ་ང་ཕྲག་དོག་གདུག་རྩུབ་སྤོངས༔ སྡང་བའི་དགྲ་ལ་ཁོང་མ་ཡངས༔ གློ་བུར་ཧུར་ཐུམ་དྲག་པོས་སོད༔ སྒྲུབ་པ་པོ་ལ་འཁུ་མ་རྐྱེན༔ མ་གཅིག་བུ་བཞིན་རྟག་ཏུ་སྐྱོངས༔ མི་ནད་ནོར་གྱི་གོད་ཁ་ཆོད༔ རྟ་ཕྱུག་གནག་ལུག་ལོངས་སྤྱོད་སྤེལ༔ ཆོས་ཉིད་བསྟན་པའི་མངའ་ཐང་རྒྱས༔ གྲྭ་འཁོར་ཡོན་གནས་འདུ་བ་བསྡུས༔ དགྲ་དང་བགེགས་ཀྱིས་འཚེ་བ་གཞོམ༔ རབ་འབྱམས་ཕྲིན་ལས་ལྷུན་གྲུབ་ཅིང་༔ ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་སྩོལ༔ འདི་ལ་གྲངས་མང་རྒྱུན་དུ་མཆོད༔ རང་བཞིན་མེད་པའི་ཆོས་ཉིད་ལས༔ རྩལ་སྣང་མཆོད་པའི་སྤྲིན་དུ་བསྒྱུར༔ ལྷ་དང་རང་སྣང་དབྱེར་མེད་པར༔ རང་བྱུང་རང་ཤར་རྒྱན་གྱིས་མཆོད༔ དེས་ནི་འཁྲུགས་པ་ཡོངས་ཞི་ཞིང་༔ བཀྲ་ཤིས་ཕུན་ཚོགས་དཔལ་ཡོན་སྟེར༔ བདེན་རྫུན་ལག་ཏུ་ལོངས་དང་གསལ༔ ཐེ་ཚོམ་མེད་དོ་ས་མ་ཡ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཉིད་རིག་སྲས་དྲི་མེད་འོད་ཟེར་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།ལེགས་སོ།།སརྦ་མངྒ་ལཾ༔ }} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 09:43, 4 June 2024
| Wylie title | ||
|---|---|---|
| Location | bdud 'joms gling pa zab gter Volume 15, Text 76, Pages (Folios to ) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | ||
| More details More details | ||
| Genre | ||