TTDL-ZABTER-05-CA-034: Difference between revisions
From Dudjom Wiki
TTDL-ZABTER-05-CA-034
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
༠༠༠༠༠བརྡ་ཡིག༢༩༩ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཕུར་པ་བདེ་གཤེགས་སྙིང་པོའི་དྲག་ཟློག་གནམ་ལྕགས་ཐོག་མདའ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༢༩༩དྲག་བཟློག་ཟབ་མོ་བརྩོན་པ་ན༔ དང་པོ་དཀྱིལ་འཁོར་ཁོད་སྙོམས་གཞིར༔ གྲུ་གསུམ་མཐིང་ནག་ཨེ་ཡི་མཁར༔ མ་ཏྲཾ་གན་རྐྱལ་གནས་པའི་སྟེང་༔ དྲག་པོ་དཔལ་གྱི་གཏོར་ཆེན་ལ༔ གཏོར་ཕྲན་བཞི་དང་བཅུ་ཡིས་བསྐོར༔ རྩང་དང་མེ་རིས་བརྒྱན་པར་བྱ༔ ཤ་ཁྲག་གཏོར་མ་ལིང་རོ་བཤམ༔ དེ་ནས་བཟློག་པ་བྱ་བ་ལ༔ ཧཱུྃ༔ མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ ལྷག་པའི་ལྷ་མཆོག་རྡོ་རྗེ་གཞོན་ནུ་ཆེ༔ ཆོས་ཉིད་སྐྱེ་མེད་དབྱིངས་ལས་སྐུར་བཞེངས་ཤིག༔ སྲས་མཆོག་རིགས་ལྔ་ཁྲོ་བཅུ་ཟ་གསོད་དང་༔ སྦྱོར་སྒྲོལ་ཡུམ་ཆེན་ཁྲོ་མོ་སྐུར་བཞེངས་ཤིག༔ ཤྭ་ན་མཆེད་བཞི་བདག་ཉིད་མ་བཞི་དང་༔ ས་བདག་མ་བཞི་གིང་དང་དབང་ཕྱུག་སོགས༔ ཕྱི་ནང་སྒོ་སྐྱོང་སྤྲུལ་པ་ཡང་སྤྲུལ་བཅས༔ ཆོས་ཀྱི་དབྱིངས་ནས་གཟུགས་ཀྱི་སྐུར་བཞེངས་ཤིག༔ གློག་ལྟར་མྱུར་བའི་ཤུགས་ཀྱིས་འདིར་གཤེགས་ལ༔ དགྲ་བགེགས་ཤ་ཁྲག་སྲོག་དབུགས་དཀོར་ལ་རོལ༔ ཕྲིན་ལས་རབ་འབྱམས་ཐོགས་མེད་གྲུབ་པར་མཛོད༔ བསྐུལ་ལོ་ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་ལྷ༔ མཛོད་ཅིག་མཐའ་དམག་གདུག་པ་ཚར་གཅོད་མཛོད༔ སོད་ཅིག་སྒྲོལ་ཞིག་དགྲ་བགེགས་འབྱུང་པོ་ཐུལ༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ བྷྱོ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཡི༔ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་དཔག་མེད་ཀྱིས༔ དགྲ་བགེགས་གནོད་བྱེད་བཟློག་པའི་ལས་མཛོད་ཅིག༔ གཟུགས་ཅན་གཟུགས་མེད་གནོད་བྱེད་ཐམས་ཅད་ཟློག༔ ནད་གདོན་སྡུག་བསྔལ་ལས་རྐྱེན་ངན་པ་ཟློག༔ མི་མཐུན་མི་འདོད་ཉེར་འཚེ་ཐམས་ཅད་ཟློག༔ བྱད་ཁ་རྦོད་གཏོང་ཧོམ་ཟོར་མནན་གཏད་ཟློག༔ མི་ནད་ནོར་གྱི་གོད་ཁ་ཐམས་ཅད་ཟློག༔ ཐམས་ཅད་སྡང་དགྲ་དམ་ཉམས་སྟེང་དུ་ཟློག༔ ཡུམ་ཆེན་ཁྲོ་མོ་འཁོར་ལོ་རྒྱས་འདེབས་མས༔ འཁོར་འདས་གཉིས་ཀྱི་རྒོལ་ངན་ཐམས་ཅད་ཟློག༔ སྒྲོལ་བའི་ཡུམ་ཆེན་ཨེ་ཀ་ཙ་ཏི་མས༔ བཀའ་སྲུང་སྡེ་བརྒྱད་ལྷ་འདྲེའི་རྒོལ་ངན་ཟློག༔ སྲས་མཆོག་དཔལ་ཆེན་བུདྡྷ་ཀཱི་ལ་ཡས༔ སྟེང་འོག་དབུས་ཀྱི་དགྲ་བགེགས་གནོད་བྱེད་ཟློག༔ སྲས་མཆོག་བཛྲ་ཀཱི་ལ་འཁོར་བཅས་ཀྱིས༔ ཤར་གྱི་ཕྱོགས་ཀྱི་དགྲ་བགེགས༴སྲས་མཆོག་རཏྣ་ཀཱི་ལ་འཁོར་བཅས་ཀྱིས༔ ལྷོ་ཡི་ཕྱོགས་ཀྱི་དགྲ་བགེགས༴སྲས་མཆོག་པདྨ་ཀཱི་ལ་འཁོར་བཅས་ཀྱིས༔ ནུབ་ཀྱི་ཕྱོགས་ཀྱི་དགྲ་བགེགས༴སྲས་མཆོག་ཀརྨ་ཀཱི་ལ་འཁོར་བཅས་ཀྱིས༔ བྱང་གི་ཕྱོགས་ཀྱི་དགྲ༴ཁྲོ་ཆེན་ཧཱུྃ་ཀཱར་ཡབ་ཡུམ་འཁོར་བཅས་ཀྱིས༔ སྟེང་གི་ཕྱོགས་ཀྱི་དགྲ་བགེགས༴ཁྲོ་ཆེན་རྣམ་རྒྱལ་ཡབ་ཡུམ་འཁོར་བཅས་ཀྱིས༔ དྲི་ཟའི་ཕྱོགས་ཀྱི་དགྲ་བགེགས་ཐམས༴ཁྲོ་ཆེན་དབྱུག་པ་སྔོན་པོ་འཁོར་བཅས་ཀྱིས༔ མེ་ལྷའི་ཕྱོགས་ཀྱི་དགྲ་བགེགས་གནོད་བྱེད་ཟློག༔ ཁྲོ་ཆེན་གཤིན་རྗེའི་གཤེད་པོ་འཁོར་བཅས་ཀྱིས༔ གཤིན་རྗེའི་ཕྱོགས་ཀྱི༴ཁྲོ་ཆེན་མི་གཡོ་མགོན་པོ་འཁོར་བཅས་ཀྱིས༔ སྲིན་པོའི་ཕྱོགས་ཀྱི་དགྲ་བགེགས༴ཁྲོ་ཆེན་རྟ་མགྲིན་རྒྱལ་པོ་འཁོར༴ཆུ་ལྷའི་ཕྱོགས་ཀྱི༴ཁྲོ་ཆེན་འདོད་པའི་རྒྱལ་པོ་འཁོར་བཅས་ཀྱིས༔ རླུང་ལྷའི་ཕྱོགས་ཀྱི༴ཁྲོ་ཆེན་བདུད་རྩི་འཁྱིལ་བ་འཁོར་བཅས་ཀྱིས༔ གནོད་སྦྱིན་ཕྱོགས་ཀྱི༴ཁྲོ་ཆེན་ཁམས་གསུམ་རྣམ་རྒྱལ༴དབང་ལྡན་ཕྱོགས་ཀྱི༴ཁྲོ་རྒྱལ་སྟོབས་ཆེན་ཡབ་ཡུམ་འཁོར་བཅས་ཀྱིས༔ འོག་གི་ཕྱོགས་ཀྱི་དགྲ་བགེགས༴ཤར་གྱི་སྒོ་མས་ཞེ་སྡང་དགྲ་བགེགས་ཟློག༔ ལྷོ་ཡི་སྒོ་མས་ང་རྒྱལ༴ནུབ་ཀྱི་སྒོ་མས་འདོད་ཆགས༴བྱང་གི་སྒོ་མས་ཕྲག་དོག་དགྲ་བགེགས༴ལྟ་ལོག་སུམ་བརྒྱ་དྲུག་ཅུའི་གཡུལ་ངོ་ཟློག༔ བདག་ཉིད་མ་བཞི་ཤྭ་ན་ཆེན་མོ་བཞི༔ ས་བདག་མ་བཞི་སྐྱེས་བུ་ཆེན་པོ་བཞི༔ གིང་ཆེན་བཅོ་བརྒྱད་གིང་ཕྲན་ཕོ་མོ་དང་༔ དབང་ཕྱུག་མ་དང་འབར་མ་ཆེན་མོ་སོགས༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་འཁོར་བཅས་ཀྱིས༔ དགྲ་བགེགས་མ་ལུས་བཟློག་བསྒྱུར་ཕྲིན་ལས་མཛོད༔ ལྟ་ལོག་སྡེ་དཔུང་མ་ལུས་དགྲ་ལ་ཟློག༔ བདུད་དང་རཱུ་དྲའི་དམག་དཔུང༴བཞི་བརྒྱ་རྩ་བཞིའི་ནད་རྣམས༴སྟོང་ཕྲག་བརྒྱད་ཅུའི་བགེགས་དཔུང༴འཇིགས་ཆེན་བརྒྱད་དང་བཅུ་དྲུག༴བྱིས་པའི་གདོན་ཆེན་བཅོ་ལྔ༴དུས་མིན་འཆི་བ་མ་ལུས༴གྲི་ཁ་མཚོན་ཁ་ནད་མུག༴བན་བོན་ཀླ་ཀློའི་བྱད་རྣམས༴ཐན་ལྟས་རྨི་ངན་ཐམས་ཅད༴མོ་རྩིས་མཚན་མ་ངན་པ༴ཡེ་ཤེས་ལྷ་ཡི་བཀའ་ཆད༴ཆོས་སྐྱོང་ཡོངས་ཀྱི་རྒོལ་ངན༴སྡེ་བརྒྱད་ལྷ་འདྲེས་རྒོལ་ངན༴མི་དང་མི་མིན་གཟུགས་ཅན་གཟུགས་མེད་དང་༔ སེམས་ཅན་ཡོངས་ཀྱི་རྒོལ་ངན་དགྲ༴མདོར་ན་མི་མཐུན་མི་འདོད་ཐམས་ཅད་ཀུན༔ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ༴གནོད་པར་བྱེད་པའི་བགེགས་ཀྱི་སྟེང་དུ༴དཀོན་མཆོག་དབུ་འཕང་སྨད་པའི་སྟེང༴རྐུ་འཕྲོག་དམག་ཇག་བྱེད་པའི་སྟེང༴དྲག་པོ་དམར་གྱི་གཏོར་མ་འདི་ཡིས་ཟློག༔ དཀོན་མཆོག་གསུམ་གྱི་བདེན་པའི་སྟོབས་ཀྱིས་ཟློག༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་མཐུ་ཡིས་ཟློག༔ དྲག་པོ་སྲིད་པའི་རྩང་ཕུར་འདི་ཡིས་ཟློག༔ རྩ་སྔགས་མཐར༔ མི་མཐུན་པའི་ཕྱོགས་དང་མི་འདོད་པའི་སྡུག་བསྔལ་ཉེར་འཚེ་ཐམས་ཅད་སྡང་བྱེད་དགྲ་དང་གནོད་བྱེད་བགེགས་ཀྱི་སྟེང་དུ་བཟློག་ཅིག་བསྒྱུར་ཅིག་ཨེ་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ བསྐྱེད་རིམ་གནད་དང་ལྡན་གྱུར་ན༔ འདི་ཡིས་མི་ཟློག་གང་ཡང་མེད༔ དགྲ་བགེགས་གདུག་པ་ཚར་གཅོད་ཅིང་༔ དྲག་པོའི་ཕྲིན་ལས་ཐོགས་མེད་འགྲུབ༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་ཉེར་དགུའི་བར་དུ་བཀའ་རྒྱ་བྱས་མཐར་གསེར་ཤོད་བླ་མ་རོང་དུ་དག་པར་ཕབ་པའི་ཡི་གེ་པ་ནི་རིགས་སྲས་མཁྱེན་བརྩེའི་མྱུ་གུའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།་ | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=bdud 'joms gling pa zab gter | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|totalvolumes=21 | |||
|author=bdud 'joms gling pa | |||
|authortib=བདུད་འཇོམས་གླིང་པ་ | |||
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=05 | |||
|volumeLetter=CA | |||
|textnuminvol=033 | |||
|pdflink=File:TTDL-ZABTER-05-CA-033.pdf | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-05-CA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༠༠༠༠༠བརྡ་ཡིག༢༩༩ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཕུར་པ་བདེ་གཤེགས་སྙིང་པོའི་དྲག་ཟློག་གནམ་ལྕགས་ཐོག་མདའ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༢༩༩དྲག་བཟློག་ཟབ་མོ་བརྩོན་པ་ན༔ དང་པོ་དཀྱིལ་འཁོར་ཁོད་སྙོམས་གཞིར༔ གྲུ་གསུམ་མཐིང་ནག་ཨེ་ཡི་མཁར༔ མ་ཏྲཾ་གན་རྐྱལ་གནས་པའི་སྟེང་༔ དྲག་པོ་དཔལ་གྱི་གཏོར་ཆེན་ལ༔ གཏོར་ཕྲན་བཞི་དང་བཅུ་ཡིས་བསྐོར༔ རྩང་དང་མེ་རིས་བརྒྱན་པར་བྱ༔ ཤ་ཁྲག་གཏོར་མ་ལིང་རོ་བཤམ༔ དེ་ནས་བཟློག་པ་བྱ་བ་ལ༔ ཧཱུྃ༔ མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ ལྷག་པའི་ལྷ་མཆོག་རྡོ་རྗེ་གཞོན་ནུ་ཆེ༔ ཆོས་ཉིད་སྐྱེ་མེད་དབྱིངས་ལས་སྐུར་བཞེངས་ཤིག༔ སྲས་མཆོག་རིགས་ལྔ་ཁྲོ་བཅུ་ཟ་གསོད་དང་༔ སྦྱོར་སྒྲོལ་ཡུམ་ཆེན་ཁྲོ་མོ་སྐུར་བཞེངས་ཤིག༔ ཤྭ་ན་མཆེད་བཞི་བདག་ཉིད་མ་བཞི་དང་༔ ས་བདག་མ་བཞི་གིང་དང་དབང་ཕྱུག་སོགས༔ ཕྱི་ནང་སྒོ་སྐྱོང་སྤྲུལ་པ་ཡང་སྤྲུལ་བཅས༔ ཆོས་ཀྱི་དབྱིངས་ནས་གཟུགས་ཀྱི་སྐུར་བཞེངས་ཤིག༔ གློག་ལྟར་མྱུར་བའི་ཤུགས་ཀྱིས་འདིར་གཤེགས་ལ༔ དགྲ་བགེགས་ཤ་ཁྲག་སྲོག་དབུགས་དཀོར་ལ་རོལ༔ ཕྲིན་ལས་རབ་འབྱམས་ཐོགས་མེད་གྲུབ་པར་མཛོད༔ བསྐུལ་ལོ་ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་ལྷ༔ མཛོད་ཅིག་མཐའ་དམག་གདུག་པ་ཚར་གཅོད་མཛོད༔ སོད་ཅིག་སྒྲོལ་ཞིག་དགྲ་བགེགས་འབྱུང་པོ་ཐུལ༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ བྷྱོ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཡི༔ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་དཔག་མེད་ཀྱིས༔ དགྲ་བགེགས་གནོད་བྱེད་བཟློག་པའི་ལས་མཛོད་ཅིག༔ གཟུགས་ཅན་གཟུགས་མེད་གནོད་བྱེད་ཐམས་ཅད་ཟློག༔ ནད་གདོན་སྡུག་བསྔལ་ལས་རྐྱེན་ངན་པ་ཟློག༔ མི་མཐུན་མི་འདོད་ཉེར་འཚེ་ཐམས་ཅད་ཟློག༔ བྱད་ཁ་རྦོད་གཏོང་ཧོམ་ཟོར་མནན་གཏད་ཟློག༔ མི་ནད་ནོར་གྱི་གོད་ཁ་ཐམས་ཅད་ཟློག༔ ཐམས་ཅད་སྡང་དགྲ་དམ་ཉམས་སྟེང་དུ་ཟློག༔ ཡུམ་ཆེན་ཁྲོ་མོ་འཁོར་ལོ་རྒྱས་འདེབས་མས༔ འཁོར་འདས་གཉིས་ཀྱི་རྒོལ་ངན་ཐམས་ཅད་ཟློག༔ སྒྲོལ་བའི་ཡུམ་ཆེན་ཨེ་ཀ་ཙ་ཏི་མས༔ བཀའ་སྲུང་སྡེ་བརྒྱད་ལྷ་འདྲེའི་རྒོལ་ངན་ཟློག༔ སྲས་མཆོག་དཔལ་ཆེན་བུདྡྷ་ཀཱི་ལ་ཡས༔ སྟེང་འོག་དབུས་ཀྱི་དགྲ་བགེགས་གནོད་བྱེད་ཟློག༔ སྲས་མཆོག་བཛྲ་ཀཱི་ལ་འཁོར་བཅས་ཀྱིས༔ ཤར་གྱི་ཕྱོགས་ཀྱི་དགྲ་བགེགས༴སྲས་མཆོག་རཏྣ་ཀཱི་ལ་འཁོར་བཅས་ཀྱིས༔ ལྷོ་ཡི་ཕྱོགས་ཀྱི་དགྲ་བགེགས༴སྲས་མཆོག་པདྨ་ཀཱི་ལ་འཁོར་བཅས་ཀྱིས༔ ནུབ་ཀྱི་ཕྱོགས་ཀྱི་དགྲ་བགེགས༴སྲས་མཆོག་ཀརྨ་ཀཱི་ལ་འཁོར་བཅས་ཀྱིས༔ བྱང་གི་ཕྱོགས་ཀྱི་དགྲ༴ཁྲོ་ཆེན་ཧཱུྃ་ཀཱར་ཡབ་ཡུམ་འཁོར་བཅས་ཀྱིས༔ སྟེང་གི་ཕྱོགས་ཀྱི་དགྲ་བགེགས༴ཁྲོ་ཆེན་རྣམ་རྒྱལ་ཡབ་ཡུམ་འཁོར་བཅས་ཀྱིས༔ དྲི་ཟའི་ཕྱོགས་ཀྱི་དགྲ་བགེགས་ཐམས༴ཁྲོ་ཆེན་དབྱུག་པ་སྔོན་པོ་འཁོར་བཅས་ཀྱིས༔ མེ་ལྷའི་ཕྱོགས་ཀྱི་དགྲ་བགེགས་གནོད་བྱེད་ཟློག༔ ཁྲོ་ཆེན་གཤིན་རྗེའི་གཤེད་པོ་འཁོར་བཅས་ཀྱིས༔ གཤིན་རྗེའི་ཕྱོགས་ཀྱི༴ཁྲོ་ཆེན་མི་གཡོ་མགོན་པོ་འཁོར་བཅས་ཀྱིས༔ སྲིན་པོའི་ཕྱོགས་ཀྱི་དགྲ་བགེགས༴ཁྲོ་ཆེན་རྟ་མགྲིན་རྒྱལ་པོ་འཁོར༴ཆུ་ལྷའི་ཕྱོགས་ཀྱི༴ཁྲོ་ཆེན་འདོད་པའི་རྒྱལ་པོ་འཁོར་བཅས་ཀྱིས༔ རླུང་ལྷའི་ཕྱོགས་ཀྱི༴ཁྲོ་ཆེན་བདུད་རྩི་འཁྱིལ་བ་འཁོར་བཅས་ཀྱིས༔ གནོད་སྦྱིན་ཕྱོགས་ཀྱི༴ཁྲོ་ཆེན་ཁམས་གསུམ་རྣམ་རྒྱལ༴དབང་ལྡན་ཕྱོགས་ཀྱི༴ཁྲོ་རྒྱལ་སྟོབས་ཆེན་ཡབ་ཡུམ་འཁོར་བཅས་ཀྱིས༔ འོག་གི་ཕྱོགས་ཀྱི་དགྲ་བགེགས༴ཤར་གྱི་སྒོ་མས་ཞེ་སྡང་དགྲ་བགེགས་ཟློག༔ ལྷོ་ཡི་སྒོ་མས་ང་རྒྱལ༴ནུབ་ཀྱི་སྒོ་མས་འདོད་ཆགས༴བྱང་གི་སྒོ་མས་ཕྲག་དོག་དགྲ་བགེགས༴ལྟ་ལོག་སུམ་བརྒྱ་དྲུག་ཅུའི་གཡུལ་ངོ་ཟློག༔ བདག་ཉིད་མ་བཞི་ཤྭ་ན་ཆེན་མོ་བཞི༔ ས་བདག་མ་བཞི་སྐྱེས་བུ་ཆེན་པོ་བཞི༔ གིང་ཆེན་བཅོ་བརྒྱད་གིང་ཕྲན་ཕོ་མོ་དང་༔ དབང་ཕྱུག་མ་དང་འབར་མ་ཆེན་མོ་སོགས༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་འཁོར་བཅས་ཀྱིས༔ དགྲ་བགེགས་མ་ལུས་བཟློག་བསྒྱུར་ཕྲིན་ལས་མཛོད༔ ལྟ་ལོག་སྡེ་དཔུང་མ་ལུས་དགྲ་ལ་ཟློག༔ བདུད་དང་རཱུ་དྲའི་དམག་དཔུང༴བཞི་བརྒྱ་རྩ་བཞིའི་ནད་རྣམས༴སྟོང་ཕྲག་བརྒྱད་ཅུའི་བགེགས་དཔུང༴འཇིགས་ཆེན་བརྒྱད་དང་བཅུ་དྲུག༴བྱིས་པའི་གདོན་ཆེན་བཅོ་ལྔ༴དུས་མིན་འཆི་བ་མ་ལུས༴གྲི་ཁ་མཚོན་ཁ་ནད་མུག༴བན་བོན་ཀླ་ཀློའི་བྱད་རྣམས༴ཐན་ལྟས་རྨི་ངན་ཐམས་ཅད༴མོ་རྩིས་མཚན་མ་ངན་པ༴ཡེ་ཤེས་ལྷ་ཡི་བཀའ་ཆད༴ཆོས་སྐྱོང་ཡོངས་ཀྱི་རྒོལ་ངན༴སྡེ་བརྒྱད་ལྷ་འདྲེས་རྒོལ་ངན༴མི་དང་མི་མིན་གཟུགས་ཅན་གཟུགས་མེད་དང་༔ སེམས་ཅན་ཡོངས་ཀྱི་རྒོལ་ངན་དགྲ༴མདོར་ན་མི་མཐུན་མི་འདོད་ཐམས་ཅད་ཀུན༔ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ༴གནོད་པར་བྱེད་པའི་བགེགས་ཀྱི་སྟེང་དུ༴དཀོན་མཆོག་དབུ་འཕང་སྨད་པའི་སྟེང༴རྐུ་འཕྲོག་དམག་ཇག་བྱེད་པའི་སྟེང༴དྲག་པོ་དམར་གྱི་གཏོར་མ་འདི་ཡིས་ཟློག༔ དཀོན་མཆོག་གསུམ་གྱི་བདེན་པའི་སྟོབས་ཀྱིས་ཟློག༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་མཐུ་ཡིས་ཟློག༔ དྲག་པོ་སྲིད་པའི་རྩང་ཕུར་འདི་ཡིས་ཟློག༔ རྩ་སྔགས་མཐར༔ མི་མཐུན་པའི་ཕྱོགས་དང་མི་འདོད་པའི་སྡུག་བསྔལ་ཉེར་འཚེ་ཐམས་ཅད་སྡང་བྱེད་དགྲ་དང་གནོད་བྱེད་བགེགས་ཀྱི་སྟེང་དུ་བཟློག་ཅིག་བསྒྱུར་ཅིག་ཨེ་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ བསྐྱེད་རིམ་གནད་དང་ལྡན་གྱུར་ན༔ འདི་ཡིས་མི་ཟློག་གང་ཡང་མེད༔ དགྲ་བགེགས་གདུག་པ་ཚར་གཅོད་ཅིང་༔ དྲག་པོའི་ཕྲིན་ལས་ཐོགས་མེད་འགྲུབ༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་ཉེར་དགུའི་བར་དུ་བཀའ་རྒྱ་བྱས་མཐར་གསེར་ཤོད་བླ་མ་རོང་དུ་དག་པར་ཕབ་པའི་ཡི་གེ་པ་ནི་རིགས་སྲས་མཁྱེན་བརྩེའི་མྱུ་གུའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།་}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 09:43, 4 June 2024
| Wylie title | ||
|---|---|---|
| Location | bdud 'joms gling pa zab gter Volume 5, Text 33, Pages (Folios to ) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | ||
| More details More details | ||
| Genre | ||