TTDL-ZABTER-11-DA-005: Difference between revisions

From Dudjom Wiki
TTDL-ZABTER-11-DA-005
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
དབུ་ཁྲིད་བརྡ་ཡིག༔ ༢༣ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མནོལ་བསང་ཡེ་ཤེས་མེ་ལྕེ་བཞུགས་སོ༔ ༠༠༠༠བརྡ་ཡིག༔ ༢༣ན་མོ་པདྨ་ཀ་ར་ཡེ༔ རྟེན་འབྲེལ་ཟབ་མོའི་ཆོ་ག་འདི༔ དགོན་གནས་གཙུག་ལག་ཆོས་འཁོར་དང་༔ ལྷ་མི་གྲིབ་ཀྱིས་མནོལ་གྱུར་ན༔ བཟང་ཤིང་ཕྱེ་མར་གསུར་དུད་ལ༔ བརྟེན་ནས་ཉམས་སུ་བླངས་པས་སེལ༔ ན་མོ༔ བླ་མེད་བླ་མ་སྐྱབས་གནས་དཀོན་མཆོག་གསུམ༔ ཆོས་ཉིད་རང་བཞིན་གདོད་ནས་རྣམ་པར་དག༔ ཆོས་ཅན་རྒྱུ་འབྲས་རྟེན་འབྲེལ་བསླུ་མེད་པའི༔ ཐུགས་རྗེའི་བྱིན་རླབས་ནུས་སྟོབས་བདེན་པའི་མཐུས༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི༔ མགོན་སྐྱབས་དཔུང་གྲོགས་རྒྱབ་བརྟེན་ལྷ་སྲུང་དང་༔ ཁང་ཁྱིམ་ཡོ་བྱད་ཟས་ནོར་ལོངས་སྤྱོད་དང་༔ བླ་བཙུན་སྔགས་བོན་སྐྱེས་པ་བུད་མེད་དང་༔ ན་ཆུང་བྱིས་པ་ཕོ་མོ་ཡན་ཆད་ལ༔ དམེ་ཡུག་བང་ནལ་གྲིབ་ཀྱིས་ཕོག་པ་བསང་༔ མཛེ་ཕོ་དམ་ཉམས་གྲིབ་ཀྱིས༴མགར་བ་སྡིག་སྤྱོད་གྲིབ་ཀྱིས༴རོ་བག་མནའ་ཟན་གྲིབ་ཀྱིས༴མཐུ་གཏད་རིགས་སྔགས་གྲིབ་ཀྱིས༴ཧོམ་ཟོར་འཁོར་ལོའི་གྲིབ་ཀྱིས༴རྫས་སྦྱོར་རྦོད་གཏོང་གྲིབ་ཀྱིས༴ལྷ་སྲིན་སྡེ་བརྒྱད་གྲིབ་ཀྱིས༴སྣང་སྲིད་ལྷ་འདྲེའི་གྲིབ་ཀྱིས༴ཡུལ་ལྷ་ཟོ་དོར་གྲིབ་ཀྱིས༴ཟས་གོས་རྒྱན་ཆའི་གྲིབ་ཀྱིས༴ཁང་ཁྱིམ་གནས་ངན་གྲིབ་ཀྱིས༴གོ་མཚོན་ཡོ་བྱད་གྲིབ་ཀྱིས་ཕོག་པ་བསང་༔ མདོར་ན་སྣང་དང་སྣང་མིན་ཐམས་ཅད་ལས༔ བྱུང་བའི་མནོལ་གྲིབ་ནད་དང་སྡུག་བསྔལ་ཀུན༔ རྗེས་ཤུལ་ལྷག་མ་མེད་པར་བསང་གྱུར་ཅིག༔ ལྷ་དང་སྲུང་མ་ཟག་མེད་བདེ་ལྡན་ཅིང་༔ མཐུ་རྩལ་ནུས་སྟོབས་ཕྲིན་ལས་དཔལ་འབར་ཤོག༔ མི་རྣམས་ཚེ་རིང་ནད་མེད་ལང་ཚོ་རྒྱས༔ ལེགས་པའི་ཡོན་ཏན་ཕུན་སུམ་ཚོགས་པར་ཤོག༔ ཕྱུགས་འཕེལ་ལོ་ལེགས་འབྲས་བུ་རབ་རྒྱས་ནས༔ འབད་མེད་འདོད་ཡོན་རང་བྱུང་ལྷུན་གྲུབ་ཤོག༔ ནད་མུག་མཚོན་གྱི་བསྐལ་པ་ནུབ་གྱུར་ཏེ༔ རྒྱལ་ཁམས་ཀུན་ཏུ་བཀྲ་ཤིས་དཔལ་འབར་ཤོག༔ འདི་ནི་མ་དང་མཁའ་འགྲོ་ཡི༔ བྱིན་རླབས་ནུས་པ་བཅུད་དྲིལ་བའི༔ ཡང་སྙིང་ཡིན་ཏེ་གཅེས་པར་ཟུངས༔ ཕན་པའི་ཡོན་ཏན་བསམ་མི་ཁྱབ༔ རིག་འཛིན་འབུམ་གྱི་དགོངས་རྒྱས་བཏབ༔ གཅེས་པའི་བུ་ལ་གཏད་དོ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་བསྒྱུར་བའོ།།ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།སརྦ་མངྒ་ལཾ།།།།     
{{Text
དབུ་ཁྲིད་བརྡ་ཡིག༔ ༢༤དག་སྣང་ཡེ་ཤེས་དྲྭ་བ་ལས༔ གྲིབ་བསང་བདུད་རྩིའི་སྤྲིན་ཕུང་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ གྲིབ་བསང་བདུད་རྩིའི་སྤྲིན་དཔུང་འདི༔ བཟང་ཤིང་ཕྱེ་མར་གསུར་དུད་ལ༔ བརྟེན་ནས་གྲངས་མང་བརྗོད་གྱུར་ན༔ གྲིབ་མནོལ་ཀུན་སེལ་གཙང་མར་གྱུར༔ སྐྱབས་མཆོག་གསུམ་རྩ་གསུམ་བྱིན་རླབས་དང་༔ ཆོས་བདེན་པ་གཉིས་ཀྱི་བདེན་སྟོབས་ཀྱིས༔ ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན་བསང་༔ ཞིང་དག་པ་མཁའ་སྤྱོད་ལྟ་བུར་གྱུར༔ ནང་གཡོ་བ་བཅུད་ཀྱི་སེམས་ཅན་བསང་༔ ལྷ་དཔའ་བོ་མཁའ་འགྲོ་ཁོ་ནར་གྱུར༔ གནས་སྦྲ་ཁང་ཟས་ནོར་འདོད་ཡོན་བསང་༔ རྟེན་གཞལ་ཡས་འདོད་རྒུ་ཕུན་ཚོགས་གྱུར༔ སྐྱབས་ཕན་བྱེད་ལྷ་དང་སྲུང་མ་བསང་༔ མཐུ་ནུས་སྟོབས་རྩལ་རྒྱས་བདེ་ལྡན་གྱུར༔ མི་འདིར་འདུས་ཡོན་མཆོད་འཁོར་བཅས་བསང་༔ རྐྱེན་མི་མཐུན་བར་ཆད་ཀུན་ཞི་ནས༔ དཔལ་བདེ་སྐྱིད་མངའ་ཐང་ལོངས་སྤྱོད་རྒྱས༔ དོན་འདི་ཕྱིའི་དགེ་ལེགས་ཀུན་འགྲུབ་ཤོག༔ རིག་འཛིན་པདྨ་འབྱུང་གནས་ངས༔ བྱིན་གྱིས་བརླབས་ཤིང་དགོངས་རྒྱས་བཏབ༔ རྡོ་རྗེ་གླུ་ཡི་ཚིག་འདི་དག༔ བརྗོད་པས་བསམ་པའི་དོན་ཀུན་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ལ་འོད་གསལ་ཉམས་ཀྱི་སྣང་ངོར་གདམས་པའོ།།ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།།།[[Category:Wyckibaat]]
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=11
|volumeLetter=DA
|textnuminvol=005
|pdflink=File:TTDL-ZABTER-11-DA-005.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-11-DA
}}
<h1>Tibetan Text</h1>
<onlyinclude>
{{TibP|དབུ་ཁྲིད་བརྡ་ཡིག༔ ༢༣ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མནོལ་བསང་ཡེ་ཤེས་མེ་ལྕེ་བཞུགས་སོ༔ ༠༠༠༠བརྡ་ཡིག༔ ༢༣ན་མོ་པདྨ་ཀ་ར་ཡེ༔ རྟེན་འབྲེལ་ཟབ་མོའི་ཆོ་ག་འདི༔ དགོན་གནས་གཙུག་ལག་ཆོས་འཁོར་དང་༔ ལྷ་མི་གྲིབ་ཀྱིས་མནོལ་གྱུར་ན༔ བཟང་ཤིང་ཕྱེ་མར་གསུར་དུད་ལ༔ བརྟེན་ནས་ཉམས་སུ་བླངས་པས་སེལ༔ ན་མོ༔ བླ་མེད་བླ་མ་སྐྱབས་གནས་དཀོན་མཆོག་གསུམ༔ ཆོས་ཉིད་རང་བཞིན་གདོད་ནས་རྣམ་པར་དག༔ ཆོས་ཅན་རྒྱུ་འབྲས་རྟེན་འབྲེལ་བསླུ་མེད་པའི༔ ཐུགས་རྗེའི་བྱིན་རླབས་ནུས་སྟོབས་བདེན་པའི་མཐུས༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི༔ མགོན་སྐྱབས་དཔུང་གྲོགས་རྒྱབ་བརྟེན་ལྷ་སྲུང་དང་༔ ཁང་ཁྱིམ་ཡོ་བྱད་ཟས་ནོར་ལོངས་སྤྱོད་དང་༔ བླ་བཙུན་སྔགས་བོན་སྐྱེས་པ་བུད་མེད་དང་༔ ན་ཆུང་བྱིས་པ་ཕོ་མོ་ཡན་ཆད་ལ༔ དམེ་ཡུག་བང་ནལ་གྲིབ་ཀྱིས་ཕོག་པ་བསང་༔ མཛེ་ཕོ་དམ་ཉམས་གྲིབ་ཀྱིས༴མགར་བ་སྡིག་སྤྱོད་གྲིབ་ཀྱིས༴རོ་བག་མནའ་ཟན་གྲིབ་ཀྱིས༴མཐུ་གཏད་རིགས་སྔགས་གྲིབ་ཀྱིས༴ཧོམ་ཟོར་འཁོར་ལོའི་གྲིབ་ཀྱིས༴རྫས་སྦྱོར་རྦོད་གཏོང་གྲིབ་ཀྱིས༴ལྷ་སྲིན་སྡེ་བརྒྱད་གྲིབ་ཀྱིས༴སྣང་སྲིད་ལྷ་འདྲེའི་གྲིབ་ཀྱིས༴ཡུལ་ལྷ་ཟོ་དོར་གྲིབ་ཀྱིས༴ཟས་གོས་རྒྱན་ཆའི་གྲིབ་ཀྱིས༴ཁང་ཁྱིམ་གནས་ངན་གྲིབ་ཀྱིས༴གོ་མཚོན་ཡོ་བྱད་གྲིབ་ཀྱིས་ཕོག་པ་བསང་༔ མདོར་ན་སྣང་དང་སྣང་མིན་ཐམས་ཅད་ལས༔ བྱུང་བའི་མནོལ་གྲིབ་ནད་དང་སྡུག་བསྔལ་ཀུན༔ རྗེས་ཤུལ་ལྷག་མ་མེད་པར་བསང་གྱུར་ཅིག༔ ལྷ་དང་སྲུང་མ་ཟག་མེད་བདེ་ལྡན་ཅིང་༔ མཐུ་རྩལ་ནུས་སྟོབས་ཕྲིན་ལས་དཔལ་འབར་ཤོག༔ མི་རྣམས་ཚེ་རིང་ནད་མེད་ལང་ཚོ་རྒྱས༔ ལེགས་པའི་ཡོན་ཏན་ཕུན་སུམ་ཚོགས་པར་ཤོག༔ ཕྱུགས་འཕེལ་ལོ་ལེགས་འབྲས་བུ་རབ་རྒྱས་ནས༔ འབད་མེད་འདོད་ཡོན་རང་བྱུང་ལྷུན་གྲུབ་ཤོག༔ ནད་མུག་མཚོན་གྱི་བསྐལ་པ་ནུབ་གྱུར་ཏེ༔ རྒྱལ་ཁམས་ཀུན་ཏུ་བཀྲ་ཤིས་དཔལ་འབར་ཤོག༔ འདི་ནི་མ་དང་མཁའ་འགྲོ་ཡི༔ བྱིན་རླབས་ནུས་པ་བཅུད་དྲིལ་བའི༔ ཡང་སྙིང་ཡིན་ཏེ་གཅེས་པར་ཟུངས༔ ཕན་པའི་ཡོན་ཏན་བསམ་མི་ཁྱབ༔ རིག་འཛིན་འབུམ་གྱི་དགོངས་རྒྱས་བཏབ༔ གཅེས་པའི་བུ་ལ་གཏད་དོ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་བསྒྱུར་བའོ།།ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།སརྦ་མངྒ་ལཾ།།།།     
དབུ་ཁྲིད་བརྡ་ཡིག༔ ༢༤དག་སྣང་ཡེ་ཤེས་དྲྭ་བ་ལས༔ གྲིབ་བསང་བདུད་རྩིའི་སྤྲིན་ཕུང་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ གྲིབ་བསང་བདུད་རྩིའི་སྤྲིན་དཔུང་འདི༔ བཟང་ཤིང་ཕྱེ་མར་གསུར་དུད་ལ༔ བརྟེན་ནས་གྲངས་མང་བརྗོད་གྱུར་ན༔ གྲིབ་མནོལ་ཀུན་སེལ་གཙང་མར་གྱུར༔ སྐྱབས་མཆོག་གསུམ་རྩ་གསུམ་བྱིན་རླབས་དང་༔ ཆོས་བདེན་པ་གཉིས་ཀྱི་བདེན་སྟོབས་ཀྱིས༔ ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན་བསང་༔ ཞིང་དག་པ་མཁའ་སྤྱོད་ལྟ་བུར་གྱུར༔ ནང་གཡོ་བ་བཅུད་ཀྱི་སེམས་ཅན་བསང་༔ ལྷ་དཔའ་བོ་མཁའ་འགྲོ་ཁོ་ནར་གྱུར༔ གནས་སྦྲ་ཁང་ཟས་ནོར་འདོད་ཡོན་བསང་༔ རྟེན་གཞལ་ཡས་འདོད་རྒུ་ཕུན་ཚོགས་གྱུར༔ སྐྱབས་ཕན་བྱེད་ལྷ་དང་སྲུང་མ་བསང་༔ མཐུ་ནུས་སྟོབས་རྩལ་རྒྱས་བདེ་ལྡན་གྱུར༔ མི་འདིར་འདུས་ཡོན་མཆོད་འཁོར་བཅས་བསང་༔ རྐྱེན་མི་མཐུན་བར་ཆད་ཀུན་ཞི་ནས༔ དཔལ་བདེ་སྐྱིད་མངའ་ཐང་ལོངས་སྤྱོད་རྒྱས༔ དོན་འདི་ཕྱིའི་དགེ་ལེགས་ཀུན་འགྲུབ་ཤོག༔ རིག་འཛིན་པདྨ་འབྱུང་གནས་ངས༔ བྱིན་གྱིས་བརླབས་ཤིང་དགོངས་རྒྱས་བཏབ༔ རྡོ་རྗེ་གླུ་ཡི་ཚིག་འདི་དག༔ བརྗོད་པས་བསམ་པའི་དོན་ཀུན་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ལ་འོད་གསལ་ཉམས་ཀྱི་སྣང་ངོར་གདམས་པའོ།།ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།།།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:43, 4 June 2024

Wylie title TTDL-ZABTER-11-DA-005.pdf
Location bdud 'joms gling pa zab gter
Volume 11, Text 5, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
དབུ་ཁྲིད་བརྡ་ཡིག༔ ༢༣ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མནོལ་བསང་ཡེ་ཤེས་མེ་ལྕེ་བཞུགས་སོ༔ ༠༠༠༠བརྡ་ཡིག༔ ༢༣ན་མོ་པདྨ་ཀ་ར་ཡེ༔ རྟེན་འབྲེལ་ཟབ་མོའི་ཆོ་ག་འདི༔ དགོན་གནས་གཙུག་ལག་ཆོས་འཁོར་དང་༔ ལྷ་མི་གྲིབ་ཀྱིས་མནོལ་གྱུར་ན༔ བཟང་ཤིང་ཕྱེ་མར་གསུར་དུད་ལ༔ བརྟེན་ནས་ཉམས་སུ་བླངས་པས་སེལ༔ ན་མོ༔ བླ་མེད་བླ་མ་སྐྱབས་གནས་དཀོན་མཆོག་གསུམ༔ ཆོས་ཉིད་རང་བཞིན་གདོད་ནས་རྣམ་པར་དག༔ ཆོས་ཅན་རྒྱུ་འབྲས་རྟེན་འབྲེལ་བསླུ་མེད་པའི༔ ཐུགས་རྗེའི་བྱིན་རླབས་ནུས་སྟོབས་བདེན་པའི་མཐུས༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི༔ མགོན་སྐྱབས་དཔུང་གྲོགས་རྒྱབ་བརྟེན་ལྷ་སྲུང་དང་༔ ཁང་ཁྱིམ་ཡོ་བྱད་ཟས་ནོར་ལོངས་སྤྱོད་དང་༔ བླ་བཙུན་སྔགས་བོན་སྐྱེས་པ་བུད་མེད་དང་༔ ན་ཆུང་བྱིས་པ་ཕོ་མོ་ཡན་ཆད་ལ༔ དམེ་ཡུག་བང་ནལ་གྲིབ་ཀྱིས་ཕོག་པ་བསང་༔ མཛེ་ཕོ་དམ་ཉམས་གྲིབ་ཀྱིས༴མགར་བ་སྡིག་སྤྱོད་གྲིབ་ཀྱིས༴རོ་བག་མནའ་ཟན་གྲིབ་ཀྱིས༴མཐུ་གཏད་རིགས་སྔགས་གྲིབ་ཀྱིས༴ཧོམ་ཟོར་འཁོར་ལོའི་གྲིབ་ཀྱིས༴རྫས་སྦྱོར་རྦོད་གཏོང་གྲིབ་ཀྱིས༴ལྷ་སྲིན་སྡེ་བརྒྱད་གྲིབ་ཀྱིས༴སྣང་སྲིད་ལྷ་འདྲེའི་གྲིབ་ཀྱིས༴ཡུལ་ལྷ་ཟོ་དོར་གྲིབ་ཀྱིས༴ཟས་གོས་རྒྱན་ཆའི་གྲིབ་ཀྱིས༴ཁང་ཁྱིམ་གནས་ངན་གྲིབ་ཀྱིས༴གོ་མཚོན་ཡོ་བྱད་གྲིབ་ཀྱིས་ཕོག་པ་བསང་༔ མདོར་ན་སྣང་དང་སྣང་མིན་ཐམས་ཅད་ལས༔ བྱུང་བའི་མནོལ་གྲིབ་ནད་དང་སྡུག་བསྔལ་ཀུན༔ རྗེས་ཤུལ་ལྷག་མ་མེད་པར་བསང་གྱུར་ཅིག༔ ལྷ་དང་སྲུང་མ་ཟག་མེད་བདེ་ལྡན་ཅིང་༔ མཐུ་རྩལ་ནུས་སྟོབས་ཕྲིན་ལས་དཔལ་འབར་ཤོག༔ མི་རྣམས་ཚེ་རིང་ནད་མེད་ལང་ཚོ་རྒྱས༔ ལེགས་པའི་ཡོན་ཏན་ཕུན་སུམ་ཚོགས་པར་ཤོག༔ ཕྱུགས་འཕེལ་ལོ་ལེགས་འབྲས་བུ་རབ་རྒྱས་ནས༔ འབད་མེད་འདོད་ཡོན་རང་བྱུང་ལྷུན་གྲུབ་ཤོག༔ ནད་མུག་མཚོན་གྱི་བསྐལ་པ་ནུབ་གྱུར་ཏེ༔ རྒྱལ་ཁམས་ཀུན་ཏུ་བཀྲ་ཤིས་དཔལ་འབར་ཤོག༔ འདི་ནི་མ་དང་མཁའ་འགྲོ་ཡི༔ བྱིན་རླབས་ནུས་པ་བཅུད་དྲིལ་བའི༔ ཡང་སྙིང་ཡིན་ཏེ་གཅེས་པར་ཟུངས༔ ཕན་པའི་ཡོན་ཏན་བསམ་མི་ཁྱབ༔ རིག་འཛིན་འབུམ་གྱི་དགོངས་རྒྱས་བཏབ༔ གཅེས་པའི་བུ་ལ་གཏད་དོ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་བསྒྱུར་བའོ།།ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།སརྦ་མངྒ་ལཾ།།།། དབུ་ཁྲིད་བརྡ་ཡིག༔ ༢༤དག་སྣང་ཡེ་ཤེས་དྲྭ་བ་ལས༔ གྲིབ་བསང་བདུད་རྩིའི་སྤྲིན་ཕུང་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ གྲིབ་བསང་བདུད་རྩིའི་སྤྲིན་དཔུང་འདི༔ བཟང་ཤིང་ཕྱེ་མར་གསུར་དུད་ལ༔ བརྟེན་ནས་གྲངས་མང་བརྗོད་གྱུར་ན༔ གྲིབ་མནོལ་ཀུན་སེལ་གཙང་མར་གྱུར༔ སྐྱབས་མཆོག་གསུམ་རྩ་གསུམ་བྱིན་རླབས་དང་༔ ཆོས་བདེན་པ་གཉིས་ཀྱི་བདེན་སྟོབས་ཀྱིས༔ ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན་བསང་༔ ཞིང་དག་པ་མཁའ་སྤྱོད་ལྟ་བུར་གྱུར༔ ནང་གཡོ་བ་བཅུད་ཀྱི་སེམས་ཅན་བསང་༔ ལྷ་དཔའ་བོ་མཁའ་འགྲོ་ཁོ་ནར་གྱུར༔ གནས་སྦྲ་ཁང་ཟས་ནོར་འདོད་ཡོན་བསང་༔ རྟེན་གཞལ་ཡས་འདོད་རྒུ་ཕུན་ཚོགས་གྱུར༔ སྐྱབས་ཕན་བྱེད་ལྷ་དང་སྲུང་མ་བསང་༔ མཐུ་ནུས་སྟོབས་རྩལ་རྒྱས་བདེ་ལྡན་གྱུར༔ མི་འདིར་འདུས་ཡོན་མཆོད་འཁོར་བཅས་བསང་༔ རྐྱེན་མི་མཐུན་བར་ཆད་ཀུན་ཞི་ནས༔ དཔལ་བདེ་སྐྱིད་མངའ་ཐང་ལོངས་སྤྱོད་རྒྱས༔ དོན་འདི་ཕྱིའི་དགེ་ལེགས་ཀུན་འགྲུབ་ཤོག༔ རིག་འཛིན་པདྨ་འབྱུང་གནས་ངས༔ བྱིན་གྱིས་བརླབས་ཤིང་དགོངས་རྒྱས་བཏབ༔ རྡོ་རྗེ་གླུ་ཡི་ཚིག་འདི་དག༔ བརྗོད་པས་བསམ་པའི་དོན་ཀུན་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ལ་འོད་གསལ་ཉམས་ཀྱི་སྣང་ངོར་གདམས་པའོ།།ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།།།