TTDL-ZABTER-02-KHA-003: Difference between revisions

From Dudjom Wiki
TTDL-ZABTER-02-KHA-003
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
༠༠༠༠བརྡ་ཡིག༤༧ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཇམ་དཔལ་གསང་བ་འདུས་པའི་གསོལ་འདེབས་དངོས་གྲུབ་ཆར་འབེབས་བཞུགས་སོ༔ ༠༠༠༠བརྡ་ཡིག༤༧ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཨེ་མ་ཧོ༔ ཀ་དག་སྤྲོས་མཐའ་བྲལ་བའི་ཕོ་བྲང་ནས༔ གདོད་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཁྱེན་གཟིགས་ཤེས་རབ་མངོན་གྱུར་དངོས་གྲུབ་སྩོལ༔ ལྷུན་གྲུབ་བདེ་བ་ཆེན་པོའི་གཞལ་ཡས་ནས༔ ལོངས་སྤྱོད་རྫོགས་སྐུ་རིགས་ལྔ་གངས་ཆེན་མཚོ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཁྱེན་གཟིགས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ གཞོན་ནུ་བུམ་པ་སྐུ་ཡི་དཀྱིལ་འཁོར་ནས༔ སྤྲུལ་པའི་སྐུ་མཆོག་དགའ་རབ་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཁྱེན་གཟིགས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ ཆོས་ཉིད་སྒྱུ་མར་རོལ་བའི་ཀློང་ཆེན་ནས༔ རིག་འཛིན་ཆེན་པོ་ཤྲཱི་སེངྷ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཁྱེན་གཟིགས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ ཁམས་གསུམ་དབང་དུ་སྡུད་པའི་ཕོ་བྲང་ནས༔ ཨོ་རྒྱན་ཆེ་མཆོག་པདྨ་འབྱུང་གནས་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཁྱེན་གཟིགས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ ཟག་མེད་བདེ་ཆེན་ཡེ་ཤེས་རོལ་བའི་ཀློང་༔ མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཁྱེན་གཟིགས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ དོན་གཉིས་མཐར་ཕྱིན་སྐུ་གཉིས་མངོན་གྱུར་པ༔ གྲུབ་པའི་རིག་འཛིན་ཁྱེའུ་ཆུང་ལོ་ཙཱ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཁྱེན་གཟིགས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་ནས༔ བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཁྱེན་གཟིགས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ ཆོས་དབྱིངས་ཡེ་ཤེས་ཆེན་པོའི་ཀློང་མཛོད་ནས༔ འཇམ་དཔལ་ཀུན་ཁྱབ་དབང་པོ་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཁྱེན་གཉིས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ མེ་ལོང་ཡེ་ཤེས་ཆེན་པོའི་ཀློང་མཛོད་ནས༔ འཇམ་དཔལ་གསལ་ཁྱབ་དབང་པོ་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཁྱེན་གཉིས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ མཉམ་ཉིད་ཡེ་ཤེས་རོལ་བའི་ཀློང་མཛོད་ནས༔ འཇམ་དཔལ་ཡོན་ཏན་འབྱུང་གནས་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཁྱེན་གཉིས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ སོར་རྟོག་ཡེ་ཤེས་རོལ་བའི་ཀློང་མཛོད་ནས༔ འཇམ་དཔལ་སྨྲ་བའི་སེང་གེ་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཁྱེན་གཉིས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ བྱ་གྲུབ་ཡེ་ཤེས་རོལ་པའི་ཀློང་མཛོད་ནས༔ འཇམ་དཔལ་འཁོར་བ་ཡོངས་སྒྲོལ་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཁྱེན་གཉིས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ གང་འདུལ་ཐབས་ཀྱིས་འགྲོ་དྲུག་གནས་ནས་འདྲེན༔ སྒོ་སྐྱོང་གཤིན་རྗེའི་གཤེད་ཆེན་རིགས་བཞི་ལ༔ གསོལ་བ་འདེབས་སོ་བདག་རྒྱུན་བྱིན་གྱིས་རློབས༔ མཁྱེན་གཉིས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ ཆོས་ཉིད་ནམ་མཁའ་མཛོད་ཀྱི་ཀློང་ཆེན་པོ༔ ཡེ་ཤེས་སྒྱུ་འཕྲུལ་རོལ་བའི་སྒྱུ་མ་མཁན༔ འཇམ་དཔལ་ཡེ་ཤེས་སེམས་དཔའ་དེ་མཁྱེན་ནོ༔ མཁྱེན་གཉིས་ཡེ་ཤེས་བདག་གི་རྒྱུད་ལ་སྤོར༔ མགོན་པོ་ཁྱོད་ཀྱི་གོ་འཕང་མཆོག་ཉིད་དུ༔ སྐད་ཅིག་མྱུར་བ་ཉིད་དུ་བདག་དྲོངས་ཤིག༔ འཁོར་བ་སྟོང་ཉིད་ཆེན་པོའི་རོལ་བ་རུ༔ ཤེས་རབ་ཆེན་པོའི་སྟོབས་དང་ཤུགས་ཀྱིས་སྒྲོལ༔ དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་ཆེན་མོ༔ མ་ཅིག་དབྱངས་ཅན་ལྷ་མོ་དེ་མཁྱེན་ནོ༔ མཁྱེན་གཟིགས་ཤེས་རབ་བདག་གི་རྒྱུད་ལ་སྤོར༔ འཁོར་བ་དོང་ནས་སྤྲུགས་པའི་དབུགས་དབྱུང་མཛོད༔ བདག་རྟོག་རཱུ་དྲ་བསྒྲལ་བའི་བམ་ཁྲོད་དུ༔ ཞིང་བཅུའི་སྲོག་གི་གཤེད་མར་ལྷུན་གྱིས་གྲུབ༔ བཀའ་སྲུང་དྲེགས་པའི་ཚོགས་ལ་གསོལ་བ་འདེབས༔ རབ་འབྱམས་ཕྲིན་ལས་མ་ལུས་ལྷུན་གྲུབ་ཅིང་༔ ཕྱི་ནང་བར་ཆད་ཞི་བར་བྱིན་གྱིས་རློབས༔ དེ་ལྟར་གསོལ་བ་བཏབ་པའི་མཐུ་བྱིན་གྱིས༔ བདག་དང་མཐའ་ཡས་འགྲོ་བ་མ་ལུས་པའི༔ སྒྲིབ་གཉིས་བག་ཆགས་དྲི་མ་ཀུན་དག་ནས༔ གཞོན་ནུ་བུམ་སྐུར་ཡང་དག་སངས་རྒྱས་ཤོག༔ ཁྱད་པར་འཇམ་དཔལ་གསང་འདུས་སྒྱུ་འཕྲུལ་ལྷ༔ བསྒྲུབ་པ་ཙམ་གྱིས་འབྲས་བུ་མངོན་གྱུར་ཏེ༔ སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པ་རུ༔ སྨིན་ཅིང་གྲོལ་ནས་ཡེ་ཤེས་སྒྱུ་མའི་སྐུ༔ འཇམ་དཔལ་དཔའ་བོའི་གོ་འཕང་མྱུར་ཐོབ་ཤོག༔ དེ་ལྟར་གསོལ་བ་འདེབས་པའི་ཚིག་ཇི་བཞིན༔ ལྷ་རྣམས་ཡིད་ལ་དྲན་ནས་མངོན་སུམ་དུ༔ རིམ་བཞིན་རང་ལ་ཐིམ་པར་བསམ་བྱས་ཏེ༔ དད་དང་མོས་གུས་གདུང་ཤུགས་དྲག་པོ་བསྐྱེད༔ དེ་ལྟར་གནད་དང་ལྡན་པའི་སྐྱེས་བུ་རྣམས༔ རིང་པོར་མི་ཐོགས་མྱུར་དུ་གྲོལ་ཐོབ་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཡང་གཏེར་སྟོན་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་གདན་དྲངས་ཏེ་མི་ལོ་སུམ་ཅུའི་བར་དུ་བཀའ་རྒྱས་བཏབ་སྟེ་མཐར་རྟེན་འབྲེལ་དུས་ལ་བབས་ཚེ་ཆོས་ཀྱི་བདག་པོ་ཀུན་བཟང་ཆོས་གྲགས་དང་།དགེ་འདུན་རྒྱ་མཚོ་གཉིས་ཀྱིས་ནན་དུ་བསྐུལ་ངོར་གསེར་ཤོད་བླ་མ་རོང་དུ་དག་པར་ཕབ་པའི་ཡི་གེ་པ་ནི་ཀུན་བཟང་ངོ་།།དགེའོ།།དགེའོ།།དགེའོ།།།།[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=02
|volumeLetter=KHA
|textnuminvol=003
|pdflink=File:TTDL-ZABTER-02-KHA-003.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-02-KHA
}}
<h1>Tibetan Text</h1>
<onlyinclude>
{{TibP|༠༠༠༠བརྡ་ཡིག༤༧ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཇམ་དཔལ་གསང་བ་འདུས་པའི་གསོལ་འདེབས་དངོས་གྲུབ་ཆར་འབེབས་བཞུགས་སོ༔ ༠༠༠༠བརྡ་ཡིག༤༧ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཨེ་མ་ཧོ༔ ཀ་དག་སྤྲོས་མཐའ་བྲལ་བའི་ཕོ་བྲང་ནས༔ གདོད་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཁྱེན་གཟིགས་ཤེས་རབ་མངོན་གྱུར་དངོས་གྲུབ་སྩོལ༔ ལྷུན་གྲུབ་བདེ་བ་ཆེན་པོའི་གཞལ་ཡས་ནས༔ ལོངས་སྤྱོད་རྫོགས་སྐུ་རིགས་ལྔ་གངས་ཆེན་མཚོ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཁྱེན་གཟིགས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ གཞོན་ནུ་བུམ་པ་སྐུ་ཡི་དཀྱིལ་འཁོར་ནས༔ སྤྲུལ་པའི་སྐུ་མཆོག་དགའ་རབ་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཁྱེན་གཟིགས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ ཆོས་ཉིད་སྒྱུ་མར་རོལ་བའི་ཀློང་ཆེན་ནས༔ རིག་འཛིན་ཆེན་པོ་ཤྲཱི་སེངྷ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཁྱེན་གཟིགས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ ཁམས་གསུམ་དབང་དུ་སྡུད་པའི་ཕོ་བྲང་ནས༔ ཨོ་རྒྱན་ཆེ་མཆོག་པདྨ་འབྱུང་གནས་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཁྱེན་གཟིགས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ ཟག་མེད་བདེ་ཆེན་ཡེ་ཤེས་རོལ་བའི་ཀློང་༔ མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཁྱེན་གཟིགས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ དོན་གཉིས་མཐར་ཕྱིན་སྐུ་གཉིས་མངོན་གྱུར་པ༔ གྲུབ་པའི་རིག་འཛིན་ཁྱེའུ་ཆུང་ལོ་ཙཱ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཁྱེན་གཟིགས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་ནས༔ བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཁྱེན་གཟིགས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ ཆོས་དབྱིངས་ཡེ་ཤེས་ཆེན་པོའི་ཀློང་མཛོད་ནས༔ འཇམ་དཔལ་ཀུན་ཁྱབ་དབང་པོ་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཁྱེན་གཉིས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ མེ་ལོང་ཡེ་ཤེས་ཆེན་པོའི་ཀློང་མཛོད་ནས༔ འཇམ་དཔལ་གསལ་ཁྱབ་དབང་པོ་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཁྱེན་གཉིས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ མཉམ་ཉིད་ཡེ་ཤེས་རོལ་བའི་ཀློང་མཛོད་ནས༔ འཇམ་དཔལ་ཡོན་ཏན་འབྱུང་གནས་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཁྱེན་གཉིས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ སོར་རྟོག་ཡེ་ཤེས་རོལ་བའི་ཀློང་མཛོད་ནས༔ འཇམ་དཔལ་སྨྲ་བའི་སེང་གེ་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཁྱེན་གཉིས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ བྱ་གྲུབ་ཡེ་ཤེས་རོལ་པའི་ཀློང་མཛོད་ནས༔ འཇམ་དཔལ་འཁོར་བ་ཡོངས་སྒྲོལ་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཁྱེན་གཉིས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ གང་འདུལ་ཐབས་ཀྱིས་འགྲོ་དྲུག་གནས་ནས་འདྲེན༔ སྒོ་སྐྱོང་གཤིན་རྗེའི་གཤེད་ཆེན་རིགས་བཞི་ལ༔ གསོལ་བ་འདེབས་སོ་བདག་རྒྱུན་བྱིན་གྱིས་རློབས༔ མཁྱེན་གཉིས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ ཆོས་ཉིད་ནམ་མཁའ་མཛོད་ཀྱི་ཀློང་ཆེན་པོ༔ ཡེ་ཤེས་སྒྱུ་འཕྲུལ་རོལ་བའི་སྒྱུ་མ་མཁན༔ འཇམ་དཔལ་ཡེ་ཤེས་སེམས་དཔའ་དེ་མཁྱེན་ནོ༔ མཁྱེན་གཉིས་ཡེ་ཤེས་བདག་གི་རྒྱུད་ལ་སྤོར༔ མགོན་པོ་ཁྱོད་ཀྱི་གོ་འཕང་མཆོག་ཉིད་དུ༔ སྐད་ཅིག་མྱུར་བ་ཉིད་དུ་བདག་དྲོངས་ཤིག༔ འཁོར་བ་སྟོང་ཉིད་ཆེན་པོའི་རོལ་བ་རུ༔ ཤེས་རབ་ཆེན་པོའི་སྟོབས་དང་ཤུགས་ཀྱིས་སྒྲོལ༔ དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་ཆེན་མོ༔ མ་ཅིག་དབྱངས་ཅན་ལྷ་མོ་དེ་མཁྱེན་ནོ༔ མཁྱེན་གཟིགས་ཤེས་རབ་བདག་གི་རྒྱུད་ལ་སྤོར༔ འཁོར་བ་དོང་ནས་སྤྲུགས་པའི་དབུགས་དབྱུང་མཛོད༔ བདག་རྟོག་རཱུ་དྲ་བསྒྲལ་བའི་བམ་ཁྲོད་དུ༔ ཞིང་བཅུའི་སྲོག་གི་གཤེད་མར་ལྷུན་གྱིས་གྲུབ༔ བཀའ་སྲུང་དྲེགས་པའི་ཚོགས་ལ་གསོལ་བ་འདེབས༔ རབ་འབྱམས་ཕྲིན་ལས་མ་ལུས་ལྷུན་གྲུབ་ཅིང་༔ ཕྱི་ནང་བར་ཆད་ཞི་བར་བྱིན་གྱིས་རློབས༔ དེ་ལྟར་གསོལ་བ་བཏབ་པའི་མཐུ་བྱིན་གྱིས༔ བདག་དང་མཐའ་ཡས་འགྲོ་བ་མ་ལུས་པའི༔ སྒྲིབ་གཉིས་བག་ཆགས་དྲི་མ་ཀུན་དག་ནས༔ གཞོན་ནུ་བུམ་སྐུར་ཡང་དག་སངས་རྒྱས་ཤོག༔ ཁྱད་པར་འཇམ་དཔལ་གསང་འདུས་སྒྱུ་འཕྲུལ་ལྷ༔ བསྒྲུབ་པ་ཙམ་གྱིས་འབྲས་བུ་མངོན་གྱུར་ཏེ༔ སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པ་རུ༔ སྨིན་ཅིང་གྲོལ་ནས་ཡེ་ཤེས་སྒྱུ་མའི་སྐུ༔ འཇམ་དཔལ་དཔའ་བོའི་གོ་འཕང་མྱུར་ཐོབ་ཤོག༔ དེ་ལྟར་གསོལ་བ་འདེབས་པའི་ཚིག་ཇི་བཞིན༔ ལྷ་རྣམས་ཡིད་ལ་དྲན་ནས་མངོན་སུམ་དུ༔ རིམ་བཞིན་རང་ལ་ཐིམ་པར་བསམ་བྱས་ཏེ༔ དད་དང་མོས་གུས་གདུང་ཤུགས་དྲག་པོ་བསྐྱེད༔ དེ་ལྟར་གནད་དང་ལྡན་པའི་སྐྱེས་བུ་རྣམས༔ རིང་པོར་མི་ཐོགས་མྱུར་དུ་གྲོལ་ཐོབ་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཡང་གཏེར་སྟོན་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་གདན་དྲངས་ཏེ་མི་ལོ་སུམ་ཅུའི་བར་དུ་བཀའ་རྒྱས་བཏབ་སྟེ་མཐར་རྟེན་འབྲེལ་དུས་ལ་བབས་ཚེ་ཆོས་ཀྱི་བདག་པོ་ཀུན་བཟང་ཆོས་གྲགས་དང་།དགེ་འདུན་རྒྱ་མཚོ་གཉིས་ཀྱིས་ནན་དུ་བསྐུལ་ངོར་གསེར་ཤོད་བླ་མ་རོང་དུ་དག་པར་ཕབ་པའི་ཡི་གེ་པ་ནི་ཀུན་བཟང་ངོ་།།དགེའོ།།དགེའོ།།དགེའོ།།།།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:43, 4 June 2024

Wylie title TTDL-ZABTER-02-KHA-003.pdf
Location bdud 'joms gling pa zab gter
Volume 2, Text 3, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིག༤༧ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཇམ་དཔལ་གསང་བ་འདུས་པའི་གསོལ་འདེབས་དངོས་གྲུབ་ཆར་འབེབས་བཞུགས་སོ༔ ༠༠༠༠བརྡ་ཡིག༤༧ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཨེ་མ་ཧོ༔ ཀ་དག་སྤྲོས་མཐའ་བྲལ་བའི་ཕོ་བྲང་ནས༔ གདོད་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཁྱེན་གཟིགས་ཤེས་རབ་མངོན་གྱུར་དངོས་གྲུབ་སྩོལ༔ ལྷུན་གྲུབ་བདེ་བ་ཆེན་པོའི་གཞལ་ཡས་ནས༔ ལོངས་སྤྱོད་རྫོགས་སྐུ་རིགས་ལྔ་གངས་ཆེན་མཚོ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཁྱེན་གཟིགས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ གཞོན་ནུ་བུམ་པ་སྐུ་ཡི་དཀྱིལ་འཁོར་ནས༔ སྤྲུལ་པའི་སྐུ་མཆོག་དགའ་རབ་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཁྱེན་གཟིགས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ ཆོས་ཉིད་སྒྱུ་མར་རོལ་བའི་ཀློང་ཆེན་ནས༔ རིག་འཛིན་ཆེན་པོ་ཤྲཱི་སེངྷ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཁྱེན་གཟིགས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ ཁམས་གསུམ་དབང་དུ་སྡུད་པའི་ཕོ་བྲང་ནས༔ ཨོ་རྒྱན་ཆེ་མཆོག་པདྨ་འབྱུང་གནས་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཁྱེན་གཟིགས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ ཟག་མེད་བདེ་ཆེན་ཡེ་ཤེས་རོལ་བའི་ཀློང་༔ མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཁྱེན་གཟིགས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ དོན་གཉིས་མཐར་ཕྱིན་སྐུ་གཉིས་མངོན་གྱུར་པ༔ གྲུབ་པའི་རིག་འཛིན་ཁྱེའུ་ཆུང་ལོ་ཙཱ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཁྱེན་གཟིགས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་ནས༔ བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཁྱེན་གཟིགས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ ཆོས་དབྱིངས་ཡེ་ཤེས་ཆེན་པོའི་ཀློང་མཛོད་ནས༔ འཇམ་དཔལ་ཀུན་ཁྱབ་དབང་པོ་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཁྱེན་གཉིས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ མེ་ལོང་ཡེ་ཤེས་ཆེན་པོའི་ཀློང་མཛོད་ནས༔ འཇམ་དཔལ་གསལ་ཁྱབ་དབང་པོ་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཁྱེན་གཉིས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ མཉམ་ཉིད་ཡེ་ཤེས་རོལ་བའི་ཀློང་མཛོད་ནས༔ འཇམ་དཔལ་ཡོན་ཏན་འབྱུང་གནས་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཁྱེན་གཉིས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ སོར་རྟོག་ཡེ་ཤེས་རོལ་བའི་ཀློང་མཛོད་ནས༔ འཇམ་དཔལ་སྨྲ་བའི་སེང་གེ་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཁྱེན་གཉིས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ བྱ་གྲུབ་ཡེ་ཤེས་རོལ་པའི་ཀློང་མཛོད་ནས༔ འཇམ་དཔལ་འཁོར་བ་ཡོངས་སྒྲོལ་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཁྱེན་གཉིས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ གང་འདུལ་ཐབས་ཀྱིས་འགྲོ་དྲུག་གནས་ནས་འདྲེན༔ སྒོ་སྐྱོང་གཤིན་རྗེའི་གཤེད་ཆེན་རིགས་བཞི་ལ༔ གསོལ་བ་འདེབས་སོ་བདག་རྒྱུན་བྱིན་གྱིས་རློབས༔ མཁྱེན་གཉིས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ ཆོས་ཉིད་ནམ་མཁའ་མཛོད་ཀྱི་ཀློང་ཆེན་པོ༔ ཡེ་ཤེས་སྒྱུ་འཕྲུལ་རོལ་བའི་སྒྱུ་མ་མཁན༔ འཇམ་དཔལ་ཡེ་ཤེས་སེམས་དཔའ་དེ་མཁྱེན་ནོ༔ མཁྱེན་གཉིས་ཡེ་ཤེས་བདག་གི་རྒྱུད་ལ་སྤོར༔ མགོན་པོ་ཁྱོད་ཀྱི་གོ་འཕང་མཆོག་ཉིད་དུ༔ སྐད་ཅིག་མྱུར་བ་ཉིད་དུ་བདག་དྲོངས་ཤིག༔ འཁོར་བ་སྟོང་ཉིད་ཆེན་པོའི་རོལ་བ་རུ༔ ཤེས་རབ་ཆེན་པོའི་སྟོབས་དང་ཤུགས་ཀྱིས་སྒྲོལ༔ དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་ཆེན་མོ༔ མ་ཅིག་དབྱངས་ཅན་ལྷ་མོ་དེ་མཁྱེན་ནོ༔ མཁྱེན་གཟིགས་ཤེས་རབ་བདག་གི་རྒྱུད་ལ་སྤོར༔ འཁོར་བ་དོང་ནས་སྤྲུགས་པའི་དབུགས་དབྱུང་མཛོད༔ བདག་རྟོག་རཱུ་དྲ་བསྒྲལ་བའི་བམ་ཁྲོད་དུ༔ ཞིང་བཅུའི་སྲོག་གི་གཤེད་མར་ལྷུན་གྱིས་གྲུབ༔ བཀའ་སྲུང་དྲེགས་པའི་ཚོགས་ལ་གསོལ་བ་འདེབས༔ རབ་འབྱམས་ཕྲིན་ལས་མ་ལུས་ལྷུན་གྲུབ་ཅིང་༔ ཕྱི་ནང་བར་ཆད་ཞི་བར་བྱིན་གྱིས་རློབས༔ དེ་ལྟར་གསོལ་བ་བཏབ་པའི་མཐུ་བྱིན་གྱིས༔ བདག་དང་མཐའ་ཡས་འགྲོ་བ་མ་ལུས་པའི༔ སྒྲིབ་གཉིས་བག་ཆགས་དྲི་མ་ཀུན་དག་ནས༔ གཞོན་ནུ་བུམ་སྐུར་ཡང་དག་སངས་རྒྱས་ཤོག༔ ཁྱད་པར་འཇམ་དཔལ་གསང་འདུས་སྒྱུ་འཕྲུལ་ལྷ༔ བསྒྲུབ་པ་ཙམ་གྱིས་འབྲས་བུ་མངོན་གྱུར་ཏེ༔ སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པ་རུ༔ སྨིན་ཅིང་གྲོལ་ནས་ཡེ་ཤེས་སྒྱུ་མའི་སྐུ༔ འཇམ་དཔལ་དཔའ་བོའི་གོ་འཕང་མྱུར་ཐོབ་ཤོག༔ དེ་ལྟར་གསོལ་བ་འདེབས་པའི་ཚིག་ཇི་བཞིན༔ ལྷ་རྣམས་ཡིད་ལ་དྲན་ནས་མངོན་སུམ་དུ༔ རིམ་བཞིན་རང་ལ་ཐིམ་པར་བསམ་བྱས་ཏེ༔ དད་དང་མོས་གུས་གདུང་ཤུགས་དྲག་པོ་བསྐྱེད༔ དེ་ལྟར་གནད་དང་ལྡན་པའི་སྐྱེས་བུ་རྣམས༔ རིང་པོར་མི་ཐོགས་མྱུར་དུ་གྲོལ་ཐོབ་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཡང་གཏེར་སྟོན་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་གདན་དྲངས་ཏེ་མི་ལོ་སུམ་ཅུའི་བར་དུ་བཀའ་རྒྱས་བཏབ་སྟེ་མཐར་རྟེན་འབྲེལ་དུས་ལ་བབས་ཚེ་ཆོས་ཀྱི་བདག་པོ་ཀུན་བཟང་ཆོས་གྲགས་དང་།དགེ་འདུན་རྒྱ་མཚོ་གཉིས་ཀྱིས་ནན་དུ་བསྐུལ་ངོར་གསེར་ཤོད་བླ་མ་རོང་དུ་དག་པར་ཕབ་པའི་ཡི་གེ་པ་ནི་ཀུན་བཟང་ངོ་།།དགེའོ།།དགེའོ།།དགེའོ།།།།