TTDL-ZABTER-03-GA-043: Difference between revisions
From Dudjom Wiki
TTDL-ZABTER-03-GA-043
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བླ་མ་ཞི་ཁྲོ་འདུས་པའི་སྨན་མཆོད་བདུད་རྩི་ཀུན་ཁྱབ་བཞུགས་སོ༔ ན་མོ་གུ་རུ་པདྨ་ག་ར་ཡེ༔ ཨོཾ་ཨཱཿཧཱུྃ༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ལོངས་སྐུ་རྡོ་རྗེ་སེམས་དཔའི༴སྤྲུལ་སྐུ་རིགས་གསུམ་མགོན་པོའི༴ཡང་སྤྲུལ་དགའ་རབ་རྡོ་རྗེའི༴པཎ་གྲུབ་ཤྲཱི་སིངྷའི༴ཨོཾ་རྒྱན་པདྨ་འབྱུང་གནས༴སྤྲུལ་པའི་གུ་རུ་མཚན་བརྒྱད༴མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ༴གྲུབ་ཆེན་འབྲོག་བན་ལོ་ཙཱའི༴དྲིན་ཆེན་རྩ་བའི་བླ་མའི༴ཁྱབ་བདག་གདོད་མའི་མགོན་པོའི༴རིགས་ལྔ་ཡབ་ཡུམ་བཅུའི༴བྱང་ཆུབ་སེམས་དཔའ་བརྒྱད་ཀྱི༴སེམས་མ་ཆེན་པོ་བརྒྱད་ཀྱི༴བཅོམ་ལྡན་ཐུབ་པ་དྲུག་གི༴སྒོ་བ་ཡབ་ཡུམ་བརྒྱད་ཀྱི༴སྤྱི་དཔལ་ཆེ་མཆོག་ཡབ་ཡུམ༴ཁྲག་འཐུང་ཡབ་ཡུམ་བཅུའི༴གནས་ཀྱི་ཀོའུ་རི་བརྒྱད་ཀྱི༴ཡུལ་བདག་སེང་ཧ་བརྒྱད་ཀྱི༴རྟ་གདོང་སྒོ་མ་བཞིའི༴དབང་ཕྱུག་ཉི་ཤུ་རྩ་བརྒྱད༴བཀའ་སྲུང་དམ་ཅན་རྒྱ་མཚོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ དེ་ནས་རཀྟའི་མཆོད་པ་ནི༔ ཧཱུྃ༔ འཁོར་བ་དབྱིངས་སུ་བསྒྲལ་བ་ཡི༔ རཀྟ་དམར་གྱི་རྒྱ་མཚོ་འདི༔ ཞི་ཁྲོ་རྡོ་རྗེ་དབྱིངས་ཀྱི་ལྷར༔ འབུལ་ལོ་དགྱེས་དགོངས་བཞེས་པར་རོལ༔ ཁམས་གསུམ་འཁོར་བ་སྐུ་གསུམ་དུ༔ བསྒྲལ་ནས་མཉམ་པ་ཉིད་དུ་སྦྱོར༔ མཆོག་ཐུན་དངོས་གྲུབ་མྱུར་དུ་སྩོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་མ་ཧཱ་རཀྟ་ལ་ཁཱ་ཧི༔ གཏོར་མའི་མཆོད་པ་ནི༔ ཧཱུྃ༔ སྣོད་བཅུད་དངོས་པོ་སྟོང་པར་སྦྱངས༔ རང་བཞིན་བཅུད་དུ་དྲིལ་བ་ཡིས༔ འདོད་འབྱུང་དམར་གྱི་གཏོར་མ་འདི༔ སྒྱུ་འཕྲུལ་ཞི་ཁྲོའི་དཀྱིལ་འཁོར་གྱི༔ ལྷ་ཚོགས་རྣམས་ལ་འབུལ་གྱིས་བཞེས༔ བདག་ཅག་སྒྲུབ་མཆོག་འཁོར་བཅས་ཀྱི༔ ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་༔ དམ་པ་སྐུ་གཉིས་ཐོབ་པར་ཤོག༔ གུ་རུ་དྷེ་ཝ་ཌཱ་ཀི་ནི་མ་ཧཱ་བ་ལིངྟ་ཁ་རཾ་ཁཱ་ཧི༔ ཧོ༔ བླ་མ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་ཁྱེད་རྣམས་ལ༔ བདུད་རྩི་སྨན་རཀ་གཏོར་མའི་མཆོད་པ་དམ་པ་འདི་ཕུལ་བས་བསོད་ནམས་ཀྱི་ཚོགས་ཆེན་པོ་ལ་བརྟེན་ནས༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོ་རྣམས་ཀྱི་རྐྱེན་ཕྱི་ནང་གི་ནད་གདོན་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་བྱང་ཞིང་དག་ནས་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་རྒྱ་ཆེན་པོ་མྱུར་དུ་འཐོབ་ཅིང་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་མཛད་དུ་གསོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཨ་ཐཾ་རྒྱ༔ ཞེས་པ་འདི་ཡང་རང་སློབ་དམ་པ་ངག་དབང་ཕྲིན་ལས་ཀྱིས་ནན་དུ་བསྐུལ་ངོར་ཀ་དག་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་རིག་འཛིན་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་པའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།༈དེ་ནས་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ བཀོད་པ་རྒྱལ་བའི་དཀྱིལ་འཁོར་ནས༔ བདེ་གཤེགས་ཞི་ཁྲོ་རབ་འབྱམས་ཀྱི༔ མི་གནས་ཡེ་ཤེས་གསང་བ་མཆོག༔ རྡོ་རྗེ་གསུམ་གྱི་དབང་དངོས་གྲུབ༔ སྒོ་གསུམ་བུམ་པའི་སྣོད་དུ་སྩོལ༔ མཆོག་གི་དངོས་གྲུབ་བདེ་བ་ཆེ༔ ལྷན་སྐྱེས་ཡེ་ཤེས་མངོན་གྱུར་སྩོལ༔ རྩ་སྔགས་མཐར༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་པའང་ངག་ཕྲིན་ངོར་བདུད་འཇོམས་པས་སོ།།།། | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=bdud 'joms gling pa zab gter | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|totalvolumes=21 | |||
|author=bdud 'joms gling pa | |||
|authortib=བདུད་འཇོམས་གླིང་པ་ | |||
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=03 | |||
|volumeLetter=GA | |||
|textnuminvol=043 | |||
|pdflink=File:TTDL-ZABTER-03-GA-043.pdf | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-03-GA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བླ་མ་ཞི་ཁྲོ་འདུས་པའི་སྨན་མཆོད་བདུད་རྩི་ཀུན་ཁྱབ་བཞུགས་སོ༔ ན་མོ་གུ་རུ་པདྨ་ག་ར་ཡེ༔ ཨོཾ་ཨཱཿཧཱུྃ༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ལོངས་སྐུ་རྡོ་རྗེ་སེམས་དཔའི༴སྤྲུལ་སྐུ་རིགས་གསུམ་མགོན་པོའི༴ཡང་སྤྲུལ་དགའ་རབ་རྡོ་རྗེའི༴པཎ་གྲུབ་ཤྲཱི་སིངྷའི༴ཨོཾ་རྒྱན་པདྨ་འབྱུང་གནས༴སྤྲུལ་པའི་གུ་རུ་མཚན་བརྒྱད༴མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ༴གྲུབ་ཆེན་འབྲོག་བན་ལོ་ཙཱའི༴དྲིན་ཆེན་རྩ་བའི་བླ་མའི༴ཁྱབ་བདག་གདོད་མའི་མགོན་པོའི༴རིགས་ལྔ་ཡབ་ཡུམ་བཅུའི༴བྱང་ཆུབ་སེམས་དཔའ་བརྒྱད་ཀྱི༴སེམས་མ་ཆེན་པོ་བརྒྱད་ཀྱི༴བཅོམ་ལྡན་ཐུབ་པ་དྲུག་གི༴སྒོ་བ་ཡབ་ཡུམ་བརྒྱད་ཀྱི༴སྤྱི་དཔལ་ཆེ་མཆོག་ཡབ་ཡུམ༴ཁྲག་འཐུང་ཡབ་ཡུམ་བཅུའི༴གནས་ཀྱི་ཀོའུ་རི་བརྒྱད་ཀྱི༴ཡུལ་བདག་སེང་ཧ་བརྒྱད་ཀྱི༴རྟ་གདོང་སྒོ་མ་བཞིའི༴དབང་ཕྱུག་ཉི་ཤུ་རྩ་བརྒྱད༴བཀའ་སྲུང་དམ་ཅན་རྒྱ་མཚོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ དེ་ནས་རཀྟའི་མཆོད་པ་ནི༔ ཧཱུྃ༔ འཁོར་བ་དབྱིངས་སུ་བསྒྲལ་བ་ཡི༔ རཀྟ་དམར་གྱི་རྒྱ་མཚོ་འདི༔ ཞི་ཁྲོ་རྡོ་རྗེ་དབྱིངས་ཀྱི་ལྷར༔ འབུལ་ལོ་དགྱེས་དགོངས་བཞེས་པར་རོལ༔ ཁམས་གསུམ་འཁོར་བ་སྐུ་གསུམ་དུ༔ བསྒྲལ་ནས་མཉམ་པ་ཉིད་དུ་སྦྱོར༔ མཆོག་ཐུན་དངོས་གྲུབ་མྱུར་དུ་སྩོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་མ་ཧཱ་རཀྟ་ལ་ཁཱ་ཧི༔ གཏོར་མའི་མཆོད་པ་ནི༔ ཧཱུྃ༔ སྣོད་བཅུད་དངོས་པོ་སྟོང་པར་སྦྱངས༔ རང་བཞིན་བཅུད་དུ་དྲིལ་བ་ཡིས༔ འདོད་འབྱུང་དམར་གྱི་གཏོར་མ་འདི༔ སྒྱུ་འཕྲུལ་ཞི་ཁྲོའི་དཀྱིལ་འཁོར་གྱི༔ ལྷ་ཚོགས་རྣམས་ལ་འབུལ་གྱིས་བཞེས༔ བདག་ཅག་སྒྲུབ་མཆོག་འཁོར་བཅས་ཀྱི༔ ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་༔ དམ་པ་སྐུ་གཉིས་ཐོབ་པར་ཤོག༔ གུ་རུ་དྷེ་ཝ་ཌཱ་ཀི་ནི་མ་ཧཱ་བ་ལིངྟ་ཁ་རཾ་ཁཱ་ཧི༔ ཧོ༔ བླ་མ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་ཁྱེད་རྣམས་ལ༔ བདུད་རྩི་སྨན་རཀ་གཏོར་མའི་མཆོད་པ་དམ་པ་འདི་ཕུལ་བས་བསོད་ནམས་ཀྱི་ཚོགས་ཆེན་པོ་ལ་བརྟེན་ནས༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོ་རྣམས་ཀྱི་རྐྱེན་ཕྱི་ནང་གི་ནད་གདོན་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་བྱང་ཞིང་དག་ནས་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་རྒྱ་ཆེན་པོ་མྱུར་དུ་འཐོབ་ཅིང་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་མཛད་དུ་གསོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཨ་ཐཾ་རྒྱ༔ ཞེས་པ་འདི་ཡང་རང་སློབ་དམ་པ་ངག་དབང་ཕྲིན་ལས་ཀྱིས་ནན་དུ་བསྐུལ་ངོར་ཀ་དག་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་རིག་འཛིན་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་པའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།༈དེ་ནས་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ བཀོད་པ་རྒྱལ་བའི་དཀྱིལ་འཁོར་ནས༔ བདེ་གཤེགས་ཞི་ཁྲོ་རབ་འབྱམས་ཀྱི༔ མི་གནས་ཡེ་ཤེས་གསང་བ་མཆོག༔ རྡོ་རྗེ་གསུམ་གྱི་དབང་དངོས་གྲུབ༔ སྒོ་གསུམ་བུམ་པའི་སྣོད་དུ་སྩོལ༔ མཆོག་གི་དངོས་གྲུབ་བདེ་བ་ཆེ༔ ལྷན་སྐྱེས་ཡེ་ཤེས་མངོན་གྱུར་སྩོལ༔ རྩ་སྔགས་མཐར༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་པའང་ངག་ཕྲིན་ངོར་བདུད་འཇོམས་པས་སོ།།།།}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 09:43, 4 June 2024
| Wylie title | ||
|---|---|---|
| Location | bdud 'joms gling pa zab gter Volume 3, Text 43, Pages (Folios to ) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | ||
| More details More details | ||
| Genre | ||