TTDL-ZABTER-05-CA-010: Difference between revisions
From Dudjom Wiki
TTDL-ZABTER-05-CA-010
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
༠༠༠༠༠བརྡ་ཡིག༡༡༩ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་གསང་བའི་རྒྱ་ཅན་དཔལ་ཆེན་ཕྲིན་ལས་ཀྱི་སྒྲུབ་སྐོར་ལས༔ བསྐང་བ་དངོས་གྲུབ་ཆར་འབེབས་བཞུགས་སོ༔ | {{Text | ||
ན་མོ་གུ་རུ་པདྨ་ཀ་ར་ཡ༔ ༠༠༠༠༠༠༠༠བརྡ་ཡིག༡༡༩རྣལ་འབྱོར་ཉམས་ཆག་བསྐང་བ་དང་༔ ཚོགས་རྫོགས་སྒྲིབ་པ་སྦྱང་བའི་ཐབས༔ ཚོགས་ཀྱི་འཁོར་ལོ་ལ་བརྟེན་ནས༔ དཀྱིལ་འཁོར་གཙོ་མཆོག་བླ་མ་དང་༔ དབྱེར་མེད་ཡི་དམ་ལྷ་མཆོག་གི༔ བསྐང་བ་འདི་ཉིདཉམས་སུ་ལོངས༔ སྭ་བྷཱ་ཝ་ཡིས་སྟོང་པར་སྦྱངས༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ནམ་མཁའ་ལ་འཇའ་ཚོན་ཤར་བ་བཞིན་དུ་སྐད་ཅིག་གི་མཐུན་རྫས་མཆོད་རྫས་སྐོང་རྫས་བརྟེན་རྫས་སྒྲུབ་རྫས་རྣམ་པ་སྣ་ཚོགས་མ་ཚང་བ་མེད་པ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་བ་ལས་བྱུང་བའི་མཆོད་པའི་སྤྲིན་རྒྱ་མཚོས་འཁོར་འདས་ཡོངས་ལ་ཁྱབ་པར་གྱུར་ཅིག༔ ན་མཿསརྦ་ཏ་ཐཱ་ག་ར་བྷྱོ་སོགས་ནམ་མཁའ་མཛོད་ཀྱི་སྔགས་ལན་གསུམ་བརྗོད༔ ཧཱུྃ༔ ཆོས་དབྱིངས་སྤྲོས་མཐའ་བྲལ་བའི་དབྱིངས་རུམ་ནས༔ ཆོས་སྐུ་ཐིག་ལེ་ཉག་གཅིག་སྐུ་བཞེངས་ལ༔ བསྐང་བའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ལྷུན་གྲུབ་བདེ་བ་ཆེན་པོའི་གཞལ་ཡས་ནས༔ ལོངས་སྐུ་རྡོ་རྗེ་གཞོན་ནུ་འཁོར་དང་བཅས༔ བསྐང་བའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཐུགས་རྗེ་ཀུན་ཁྱབ་བརྡལ་བའི་ཀློང་དཀྱིལ་ནས༔ སྲིད་པའི་རྡོ་རྗེ་ཕུར་བུ་སྐུ་བཞེངས་ནས༔ བསྐང་བའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཆོས་ཉིད་སྒྱུ་མར་རོལ་བའི་དུར་ཁྲོད་ནས༔ ཀཱི་ལ་རིགས་བཞི་ཁྲོ་བཅུ་ཡབ་ཡུམ་དང་༔ ཟ་གསོད་སྒོ་བ་སྒོ་མ་སྐུ་བཞེངས་ཤིག༔ བསྐང་བའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བཀའ་དང་དམ་ཚིག་གཉན་པོའི་ཕོ་བྲང་ནས༔ ཕུར་སྲུང་དམ་ཅན་རྒྱ་མཚོ་འཁོར་དང་བཅས༔ བསྐང་བའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿཛཿཧཱུྃ་བཾ་ཧོཿདེ་ནས་ཐུགས་དམ་བསྐང་བ་ནི༔ ཧཱུྃ༔ རང་སྣང་རྣམ་དག་དོན་གྱི་འོག་མིན་ནས༔ དྲིན་ཆེན་རྩ་བརྒྱད་བླ་མའི་ཐུགས་དམ་བསྐང་༔ ཀ་དག་སྤྲོས་མཐའ་བྲལ་བའི་ཕོ་བྲང་ནས༔ ཆོས་སྐུ་ཐིག་ལེ་ཉག་གཅིག་ཐུགས་དམ་བསྐང་༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་གཞལ་ཡས་ནས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཐུགས་དམ་བསྐང་༔ ཐུགས་རྗེ་ཀུན་ཁྱབ་གདལ་བའི་དཀྱིལ་འཁོར་ནས༔ བདུད་འདུལ་རྡོ་རྗེ་ཕུར་པའི་ཐུགས་དམ་བསྐང་༔ ཐབས་ཤེས་གཉིས་མེད་སྦྱོར་བའི་ཡུམ་ཆེན་མོ༔ འཁོར་ལོ་རྒྱས་འདེབས་མ་ཡི་ཐུགས་དམ་བསྐང་༔ ཁམས་གསུམ་འཁོར་བ་གཞི་རུ་སྒྲོལ་བའི་ཡུམ༔ རྗེ་མོ་ཨེ་ཀ་ཛ་ཊཱིའི་ཐུགས་དམ་བསྐང་༔ ཤར་ཕྱོགས་ཞི་བ་ལྷུན་གྲུབ་དཀྱིལ་འཁོར་ནས༔ བཛྲ་ཀཱི་ལ་ཡ་ཡི་ཐུགས་དམ་བསྐང་༔ ལྷོ་ཕྱོགས་རྒྱས་པའི་ཕྲིན་ལས་ལྷུན་གྲུབ་པའི༔ སྲས་མཆོག་རཏྣ་ཀཱི་ལའི་ཐུགས་དམ་བསྐང་༔ ནུབ་ཕྱོགས་དབང་གི་ཕྲིན་ལས་ལྷུན་གྲུབ་པའི༔ སྲས་མཆོག་པདྨ་ཀཱི་ལའི་ཐུགས་དམ་བསྐང་༔ བྱང་ཕྱོགས་དྲག་པོའི་ཕྲིན་ལས་ལྷུན་གྲུབ་པའི༔ སྲས་མཆོག་ཀརྨ་ཀཱི་ལའི་ཐུགས་དམ་བསྐང་༔ སྟེང་ཕྱོགས་ལྷ་གདོན་ཟིལ་གནོན་ཁྲོ་བོའི་རྒྱལ༔ ཧཱུྃ་ཆེན་ཀཱ་ར་ཡབ་ཡུམ་ཐུགས་དམ་བསྐང་༔ ཤར་ཕྱོགས་དྲི་ཟ་ཟིལ་གནོན་ཁྲོ་བོའི་རྒྱལ༔ རྣམ་པར་རྒྱལ་བ་ཡབ་ཡུམ་ཐུགས་དམ་བསྐང་༔ ཤར་ལྷོ་མེ་ལྷ་ཟིལ་གནོན་ཁྲོ་བོའི་རྒྱལ༔ དབྱུག་པ་སྔོན་པོ་ཡབ་ཡུམ་ཐུགས་དམ་བསྐང་༔ ལྷོ་ཕྱོགས་གཤིན་རྗེ་ཟིལ་གནོན་ཁྲོ་བོའི་རྒྱལ༔ གཤིན་རྗེ་གཤེད་པོ་ཡབ་ཡུམ་ཐུགས་དམ་བསྐང་༔ ལྷོ་ནུབ་སྲིན་པོ་ཟིལ་གནོན་ཁྲོ་བོའི་རྒྱལ༔ མི་གཡོ་མགོན་པོ་ཡབ་ཡུམ་ཐུགས་དམ་བསྐང་༔ ནུབ་ཕྱོགས་ཀླུ་གདོན་ཟིལ་གནོན་ཁྲོ་བོའི་རྒྱལ༔ རྟ་མགྲིན་རྒྱལ་པོ་ཡབ་ཡུམ་ཐུགས་དམ་བསྐང་༔ ནུབ་བྱང་རླུང་ལྷ་ཟིལ་གནོན་ཁྲོ་བོའི་རྒྱལ༔ འདོད་པའི་རྒྱལ་པོ་ཡབ་ཡུམ་ཐུགས་དམ་བསྐང་༔ བྱང་ཕྱོགས་གནོད་སྦྱིན་ཟིལ་གནོན་ཁྲོ་བོའི་རྒྱལ༔ བདུད་རྩི་འཁྱིལ་བ་ཡབ་ཡུམ་ཐུགས་དམ་བསྐང་༔ བྱང་ཤར་དབང་ལྡན་ཟིལ་གནོན་ཁྲོ་བོའི་རྒྱལ༔ ཁམས་གསུམ་རྣམ་རྒྱལ་ཡབ་ཡུམ་ཐུགས་དམ་བསྐང་༔ འོག་ཕྱོགས་ས་བདག་ཟིལ་གནོན་ཁྲོ་བོའི་རྒྱལ༔ ཁྲོ་རྒྱལ་སྟོབས་ཆེན་ཡབ་ཡུམ་ཐུགས་དམ་བསྐང་༔ ཕྱོགས་བཅུའི་གདོན་ཚོགས་ཟ་ཞིང་གསོད་བྱེད་པའི༔ སྤྲུལ་པ་ཟ་གསོད་ཉི་ཤུའི་ཐུགས་དམ་བསྐང་༔ རྣམ་བཞིའི་ཕྲིན་ལས་ཐོགས་མེད་སྒྲུབ་པ་ཡི༔ ཡེ་ཤེས་སྒོ་མ་བཞི་ཡི་ཐུགས་དམ་བསྐང་༔ ཕྱོགས་བཞིའི་དགྲ་བགེགས་མ་ལུས་འདུལ་མཛད་པ༔ ཕུར་སྲུང་ཆེན་པོ་བཅུ་དྲུག་ཐུགས་དམ་བསྐང་༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི༔ བཀའ་སྡོད་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་༔ ཕྱི་མཆོད་ཉེར་སྤྱོད་བདུན་གྱིས་ཐུགས་དམ་བསྐང་༔ ནང་མཆོད་འདོད་ཡོན་ལྔ་ཡིས་ཐུགས་དམ་བསྐང་༔ གསང་མཆོད་སྨན་གཏོར་རཀྟས་ཐུགས་དམ་བསྐང་༔ ཁྱད་པར་ཏ་ན་ག་ནའི་ཚོགས་ཀྱིས་བསྐང་༔ ལོངས་སྤྱོད་ཚོགས་ཀྱི་འཁོར་ལོས་ཐུགས་དམ་བསྐང་༔ སྣང་སྲིད་རང་བྱུང་མཆོད་པས་ཐུགས་དམ་བསྐང་༔ འཁོར་འདས་དག་མཉམ་རོལ་པས་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་ངོ་དབང་དང་དངོས་གྲུབ་སྩོལ༔ དེ་ལྟར་ཐུགས་དམ་བསྐང་བའི་བསོད་ནམས་ཀྱིས༔ སྒྲིབ་གཉིས་བག་ཆགས་མ་ལུས་བྱང་གྱུར་ཅིག༔ སྡོམ་དང་བསླབ་པ་དམ་ཉམས་དག་གྱུར་ཅིག༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་གྱུར་ཅིག༔ དོན་གཉིས་མཐར་ཕྱིན་སྐུ་གཉིས་ཐོབ་པར་ཤོག༔ ཅེས་ཡི་གེ་བརྒྱ་པ་བརྗོད༔ དེ་ལྟར་གཉེན་པོ་སྟོབས་བཞིའི་གནད་ལྡན་པས༔ ཉམས་ཆག་ཉེས་ལྟུང་མ་ལུས་ཀུན་བྱང་ནས༔ བསོད་ནམས་ཡེ་ཤེས་ཚོགས་ཆེན་རབ་རྫོགས་ནས༔ ཚེ་འདིར་རྣམ་པར་གྲོལ་བའི་ལམ་དུ་འཛུད༔ བཀའ་འདི་དབང་ཕྱུག་མ་ཧཱ་དཱེ་ཝར་གཏད༔ ཐུབ་པར་སྲུངས་ཤིག་བཀའ་དམ་གཉན་པོའི་རྒྱ༔ བསྟན་འཛིན་སྐྱེས་བུ་རྣམས་ཀྱི་ཕྲིན་ལས་སྒྲུབས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཨྠིྀ༔ ཞེས་པ་འདིའང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་སྤྱན་དྲངས་ཏེ་མི་ལོ་སུམ་ཅུ་རྩ་གསུམ་བར་དུ་བཀའ་རྒྱས་བཏབ་སྟེ་མཐར་རིགས་སྲས་མཁྱེན་བརྩེའི་མྱུ་གུས་ནན་དུ་བསྐུལ་ངོར་སྐལ་བཟང་དགོན་ནས་གཏན་ལ་ཕབ་པའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།ཤུབྷཾ།།།། | |classification=Tibetan Publications | ||
|subclass=Tibetan Texts | |||
|collectiontitle=bdud 'joms gling pa zab gter | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|totalvolumes=21 | |||
|author=bdud 'joms gling pa | |||
|authortib=བདུད་འཇོམས་གླིང་པ་ | |||
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=05 | |||
|volumeLetter=CA | |||
|textnuminvol=010 | |||
|pdflink=File:TTDL-ZABTER-05-CA-010.pdf | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-05-CA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༠༠༠༠༠བརྡ་ཡིག༡༡༩ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་གསང་བའི་རྒྱ་ཅན་དཔལ་ཆེན་ཕྲིན་ལས་ཀྱི་སྒྲུབ་སྐོར་ལས༔ བསྐང་བ་དངོས་གྲུབ་ཆར་འབེབས་བཞུགས་སོ༔ | |||
ན་མོ་གུ་རུ་པདྨ་ཀ་ར་ཡ༔ ༠༠༠༠༠༠༠༠བརྡ་ཡིག༡༡༩རྣལ་འབྱོར་ཉམས་ཆག་བསྐང་བ་དང་༔ ཚོགས་རྫོགས་སྒྲིབ་པ་སྦྱང་བའི་ཐབས༔ ཚོགས་ཀྱི་འཁོར་ལོ་ལ་བརྟེན་ནས༔ དཀྱིལ་འཁོར་གཙོ་མཆོག་བླ་མ་དང་༔ དབྱེར་མེད་ཡི་དམ་ལྷ་མཆོག་གི༔ བསྐང་བ་འདི་ཉིདཉམས་སུ་ལོངས༔ སྭ་བྷཱ་ཝ་ཡིས་སྟོང་པར་སྦྱངས༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ནམ་མཁའ་ལ་འཇའ་ཚོན་ཤར་བ་བཞིན་དུ་སྐད་ཅིག་གི་མཐུན་རྫས་མཆོད་རྫས་སྐོང་རྫས་བརྟེན་རྫས་སྒྲུབ་རྫས་རྣམ་པ་སྣ་ཚོགས་མ་ཚང་བ་མེད་པ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་བ་ལས་བྱུང་བའི་མཆོད་པའི་སྤྲིན་རྒྱ་མཚོས་འཁོར་འདས་ཡོངས་ལ་ཁྱབ་པར་གྱུར་ཅིག༔ ན་མཿསརྦ་ཏ་ཐཱ་ག་ར་བྷྱོ་སོགས་ནམ་མཁའ་མཛོད་ཀྱི་སྔགས་ལན་གསུམ་བརྗོད༔ ཧཱུྃ༔ ཆོས་དབྱིངས་སྤྲོས་མཐའ་བྲལ་བའི་དབྱིངས་རུམ་ནས༔ ཆོས་སྐུ་ཐིག་ལེ་ཉག་གཅིག་སྐུ་བཞེངས་ལ༔ བསྐང་བའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ལྷུན་གྲུབ་བདེ་བ་ཆེན་པོའི་གཞལ་ཡས་ནས༔ ལོངས་སྐུ་རྡོ་རྗེ་གཞོན་ནུ་འཁོར་དང་བཅས༔ བསྐང་བའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཐུགས་རྗེ་ཀུན་ཁྱབ་བརྡལ་བའི་ཀློང་དཀྱིལ་ནས༔ སྲིད་པའི་རྡོ་རྗེ་ཕུར་བུ་སྐུ་བཞེངས་ནས༔ བསྐང་བའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཆོས་ཉིད་སྒྱུ་མར་རོལ་བའི་དུར་ཁྲོད་ནས༔ ཀཱི་ལ་རིགས་བཞི་ཁྲོ་བཅུ་ཡབ་ཡུམ་དང་༔ ཟ་གསོད་སྒོ་བ་སྒོ་མ་སྐུ་བཞེངས་ཤིག༔ བསྐང་བའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བཀའ་དང་དམ་ཚིག་གཉན་པོའི་ཕོ་བྲང་ནས༔ ཕུར་སྲུང་དམ་ཅན་རྒྱ་མཚོ་འཁོར་དང་བཅས༔ བསྐང་བའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿཛཿཧཱུྃ་བཾ་ཧོཿདེ་ནས་ཐུགས་དམ་བསྐང་བ་ནི༔ ཧཱུྃ༔ རང་སྣང་རྣམ་དག་དོན་གྱི་འོག་མིན་ནས༔ དྲིན་ཆེན་རྩ་བརྒྱད་བླ་མའི་ཐུགས་དམ་བསྐང་༔ ཀ་དག་སྤྲོས་མཐའ་བྲལ་བའི་ཕོ་བྲང་ནས༔ ཆོས་སྐུ་ཐིག་ལེ་ཉག་གཅིག་ཐུགས་དམ་བསྐང་༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་གཞལ་ཡས་ནས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཐུགས་དམ་བསྐང་༔ ཐུགས་རྗེ་ཀུན་ཁྱབ་གདལ་བའི་དཀྱིལ་འཁོར་ནས༔ བདུད་འདུལ་རྡོ་རྗེ་ཕུར་པའི་ཐུགས་དམ་བསྐང་༔ ཐབས་ཤེས་གཉིས་མེད་སྦྱོར་བའི་ཡུམ་ཆེན་མོ༔ འཁོར་ལོ་རྒྱས་འདེབས་མ་ཡི་ཐུགས་དམ་བསྐང་༔ ཁམས་གསུམ་འཁོར་བ་གཞི་རུ་སྒྲོལ་བའི་ཡུམ༔ རྗེ་མོ་ཨེ་ཀ་ཛ་ཊཱིའི་ཐུགས་དམ་བསྐང་༔ ཤར་ཕྱོགས་ཞི་བ་ལྷུན་གྲུབ་དཀྱིལ་འཁོར་ནས༔ བཛྲ་ཀཱི་ལ་ཡ་ཡི་ཐུགས་དམ་བསྐང་༔ ལྷོ་ཕྱོགས་རྒྱས་པའི་ཕྲིན་ལས་ལྷུན་གྲུབ་པའི༔ སྲས་མཆོག་རཏྣ་ཀཱི་ལའི་ཐུགས་དམ་བསྐང་༔ ནུབ་ཕྱོགས་དབང་གི་ཕྲིན་ལས་ལྷུན་གྲུབ་པའི༔ སྲས་མཆོག་པདྨ་ཀཱི་ལའི་ཐུགས་དམ་བསྐང་༔ བྱང་ཕྱོགས་དྲག་པོའི་ཕྲིན་ལས་ལྷུན་གྲུབ་པའི༔ སྲས་མཆོག་ཀརྨ་ཀཱི་ལའི་ཐུགས་དམ་བསྐང་༔ སྟེང་ཕྱོགས་ལྷ་གདོན་ཟིལ་གནོན་ཁྲོ་བོའི་རྒྱལ༔ ཧཱུྃ་ཆེན་ཀཱ་ར་ཡབ་ཡུམ་ཐུགས་དམ་བསྐང་༔ ཤར་ཕྱོགས་དྲི་ཟ་ཟིལ་གནོན་ཁྲོ་བོའི་རྒྱལ༔ རྣམ་པར་རྒྱལ་བ་ཡབ་ཡུམ་ཐུགས་དམ་བསྐང་༔ ཤར་ལྷོ་མེ་ལྷ་ཟིལ་གནོན་ཁྲོ་བོའི་རྒྱལ༔ དབྱུག་པ་སྔོན་པོ་ཡབ་ཡུམ་ཐུགས་དམ་བསྐང་༔ ལྷོ་ཕྱོགས་གཤིན་རྗེ་ཟིལ་གནོན་ཁྲོ་བོའི་རྒྱལ༔ གཤིན་རྗེ་གཤེད་པོ་ཡབ་ཡུམ་ཐུགས་དམ་བསྐང་༔ ལྷོ་ནུབ་སྲིན་པོ་ཟིལ་གནོན་ཁྲོ་བོའི་རྒྱལ༔ མི་གཡོ་མགོན་པོ་ཡབ་ཡུམ་ཐུགས་དམ་བསྐང་༔ ནུབ་ཕྱོགས་ཀླུ་གདོན་ཟིལ་གནོན་ཁྲོ་བོའི་རྒྱལ༔ རྟ་མགྲིན་རྒྱལ་པོ་ཡབ་ཡུམ་ཐུགས་དམ་བསྐང་༔ ནུབ་བྱང་རླུང་ལྷ་ཟིལ་གནོན་ཁྲོ་བོའི་རྒྱལ༔ འདོད་པའི་རྒྱལ་པོ་ཡབ་ཡུམ་ཐུགས་དམ་བསྐང་༔ བྱང་ཕྱོགས་གནོད་སྦྱིན་ཟིལ་གནོན་ཁྲོ་བོའི་རྒྱལ༔ བདུད་རྩི་འཁྱིལ་བ་ཡབ་ཡུམ་ཐུགས་དམ་བསྐང་༔ བྱང་ཤར་དབང་ལྡན་ཟིལ་གནོན་ཁྲོ་བོའི་རྒྱལ༔ ཁམས་གསུམ་རྣམ་རྒྱལ་ཡབ་ཡུམ་ཐུགས་དམ་བསྐང་༔ འོག་ཕྱོགས་ས་བདག་ཟིལ་གནོན་ཁྲོ་བོའི་རྒྱལ༔ ཁྲོ་རྒྱལ་སྟོབས་ཆེན་ཡབ་ཡུམ་ཐུགས་དམ་བསྐང་༔ ཕྱོགས་བཅུའི་གདོན་ཚོགས་ཟ་ཞིང་གསོད་བྱེད་པའི༔ སྤྲུལ་པ་ཟ་གསོད་ཉི་ཤུའི་ཐུགས་དམ་བསྐང་༔ རྣམ་བཞིའི་ཕྲིན་ལས་ཐོགས་མེད་སྒྲུབ་པ་ཡི༔ ཡེ་ཤེས་སྒོ་མ་བཞི་ཡི་ཐུགས་དམ་བསྐང་༔ ཕྱོགས་བཞིའི་དགྲ་བགེགས་མ་ལུས་འདུལ་མཛད་པ༔ ཕུར་སྲུང་ཆེན་པོ་བཅུ་དྲུག་ཐུགས་དམ་བསྐང་༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི༔ བཀའ་སྡོད་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་༔ ཕྱི་མཆོད་ཉེར་སྤྱོད་བདུན་གྱིས་ཐུགས་དམ་བསྐང་༔ ནང་མཆོད་འདོད་ཡོན་ལྔ་ཡིས་ཐུགས་དམ་བསྐང་༔ གསང་མཆོད་སྨན་གཏོར་རཀྟས་ཐུགས་དམ་བསྐང་༔ ཁྱད་པར་ཏ་ན་ག་ནའི་ཚོགས་ཀྱིས་བསྐང་༔ ལོངས་སྤྱོད་ཚོགས་ཀྱི་འཁོར་ལོས་ཐུགས་དམ་བསྐང་༔ སྣང་སྲིད་རང་བྱུང་མཆོད་པས་ཐུགས་དམ་བསྐང་༔ འཁོར་འདས་དག་མཉམ་རོལ་པས་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་ངོ་དབང་དང་དངོས་གྲུབ་སྩོལ༔ དེ་ལྟར་ཐུགས་དམ་བསྐང་བའི་བསོད་ནམས་ཀྱིས༔ སྒྲིབ་གཉིས་བག་ཆགས་མ་ལུས་བྱང་གྱུར་ཅིག༔ སྡོམ་དང་བསླབ་པ་དམ་ཉམས་དག་གྱུར་ཅིག༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་གྱུར་ཅིག༔ དོན་གཉིས་མཐར་ཕྱིན་སྐུ་གཉིས་ཐོབ་པར་ཤོག༔ ཅེས་ཡི་གེ་བརྒྱ་པ་བརྗོད༔ དེ་ལྟར་གཉེན་པོ་སྟོབས་བཞིའི་གནད་ལྡན་པས༔ ཉམས་ཆག་ཉེས་ལྟུང་མ་ལུས་ཀུན་བྱང་ནས༔ བསོད་ནམས་ཡེ་ཤེས་ཚོགས་ཆེན་རབ་རྫོགས་ནས༔ ཚེ་འདིར་རྣམ་པར་གྲོལ་བའི་ལམ་དུ་འཛུད༔ བཀའ་འདི་དབང་ཕྱུག་མ་ཧཱ་དཱེ་ཝར་གཏད༔ ཐུབ་པར་སྲུངས་ཤིག་བཀའ་དམ་གཉན་པོའི་རྒྱ༔ བསྟན་འཛིན་སྐྱེས་བུ་རྣམས་ཀྱི་ཕྲིན་ལས་སྒྲུབས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཨྠིྀ༔ ཞེས་པ་འདིའང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་སྤྱན་དྲངས་ཏེ་མི་ལོ་སུམ་ཅུ་རྩ་གསུམ་བར་དུ་བཀའ་རྒྱས་བཏབ་སྟེ་མཐར་རིགས་སྲས་མཁྱེན་བརྩེའི་མྱུ་གུས་ནན་དུ་བསྐུལ་ངོར་སྐལ་བཟང་དགོན་ནས་གཏན་ལ་ཕབ་པའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།ཤུབྷཾ།།།།}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 09:43, 4 June 2024
| Wylie title | ||
|---|---|---|
| Location | bdud 'joms gling pa zab gter Volume 5, Text 10, Pages (Folios to ) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | ||
| More details More details | ||
| Genre | ||