TTDL-ZABTER-08-NYA-007: Difference between revisions

From Dudjom Wiki
TTDL-ZABTER-08-NYA-007
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
བརྡ་ཡིག༠༠༠༠༠༠༤༥༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དབང་ཕྱུག་མ་ཧཱ་དཱེ་ཝའི་སྐྱེ་རྒྱུད་གསལ་བྱེད་སྒྲོན་མེ་ཞེས་བྱ་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག༠༠༠༠༠༠༔ ཨཻཿདཔལ་ལྡན་སངས་རྒྱས་རྡོ་རྗེའི་ལྕེ༔ མཁའ་ཁྱབ་མཁའ་ཀློང་ཡངས་པ་རུ༔ ཡེ་ཤེས་དབང་མོ་མཉམ་བརྡལ་ཡན༔ སྲིད་ཞི་མཉམ་ཉིད་དབྱིངས་མངོན་བྱ༔ གསང་ཆེན་རོལ་པའི་དུར་ཁྲོད་ནི༔ བདག་རྟོག་རོ་ཐང་བརྡལ་ཁྲོད་ནས༔ བདག་མེད་དབྱིངས་ཀྱི་སྤྱི་རྗེ་མོ༔ གང་འདུལ་སྣ་ཚོགས་ཐབས་དུ་མས༔ འཁོར་བ་རུ་ལོག་དེ་འདས་ཀྱི༔ དབྱིངས་བསྒྱུར་མཁའ་འགྲོ་སེང་གདོང་མའི༔ ཁམས་གསུམ་དབང་སྡུད་གད་རྒྱངས་ཀྱིས༔ དྲེགས་པ་དབང་དུ་སྡུད་པའི་ཚེ༔ ཁམས་གསུམ་དབང་ཕྱུག་ཆེན་པོ་དང་༔ དེ་ཡི་དགྱེས་བདེ་ཨུ་མ་གཉིས༔ དྲེགས་པའི་འཁོར་ཚོགས་དང་བཅས་པ༔ རང་དབང་མེད་པར་མདུན་དུ་བཀུག༔ ཡེ་ཤེས་མཁའ་འགྲོའི་ཞལ་ན་རེ༔ མཁྱེན་བཞིན་ཁྱོད་ཅག་སུ་ཡིན་གསུངས༔ དབང་ཕྱུག་ཆེན་པོས་འདི་སྐད་ཞུས༔ གསོན་ཅིག་ཡེ་ཤེས་མཁའ་འགྲོ་མ༔ ང་ནི་འཇིག་རྟེན་གསུམ་གྱི་བདག༔ ཁམས་གསུམ་ལྷ་ལ་དབང་བསྒྱུར་བའི༔ དབང་ཕྱུག་མ་ཧཱ་དཱེ་ཝ་ཡིན༔ འོག་ཕྱོགས་ས་བདག་ཀླུ་གཉན་ལ༔ མངའ་དབང་འཁོར་ལོའི་བསྒྱུར་རྒྱལ་ཏེ༔ ཤར་ཕྱོགས་སྲིད་པ་སྐྱེ་འགྲོ་ལ༔ དབང་མཛད་མ་ཧཱ་དཱེ་ཝ་དཀར༔ ཞི་བའི་ལས་ལ་མངའ་དབང་བསྒྱུར༔ ཐམས་ཅད་འགུགས་པའི་ཕྱག་རྒྱས་བསྒྱུར༔ ལྷོ་ཕྱོགས་སྲིད་པ་སྐྱེ་འགྲོའི་བདག༔ འདོད་དགུའི་དཔལ་སྟེར་དབང་ཕྱུག་སེར༔ འདོད་ཡོན་ཡུལ་དུ་ཐམས་ཅད་འཆིང་༔ ནུབ་ཕྱོགས་སྲིད་པ་སྐྱེ་འགྲོའི་བདག༔ ཁམས་གསུམ་དབང་བསྒྱུར་དམར་པོ་སྟེ༔ ཐམས་ཅད་ང་ཡི་ཀློང་དུ་བསྡོམ༔ བྱང་ཕྱོགས་སྲིད་པ་སྐྱེ་འགྲོའི་བདག༔ རབ་འབྱམས་ལས་ལ་མངའ་དབང་མཛད༔ དྲེགས་པའི་དབང་ཕྱུག་ཧེ་རུ་ཀ༔ ཐམས་ཅད་འཕྲུལ་དེ་ཐམས་ཅད་བསྒྲལ༔ དེ་བཞིན་ཤར་ལྷོའི་མཚམས་ཤེད་ན༔ ང་ནི་དགའ་བའི་དབང་པོ་ཡིན༔ ཐམས་ཅད་དགའ་བའི་ཡུལ་དུ་འགུག༔ རྣམ་པར་གཡེང་བའི་ལས་ལ་དགའ༔ ལྷོ་ནུབ་མཚམས་ཀྱི་འཇིག་རྟེན་ན༔ ང་ནི་འཕྲུལ་གྱི་དབང་ཕྱུག་ལགས༔ འདོད་ཡོན་སྣ་ཚོགས་དགའ་སྟོན་ངོམས༔ སྣང་བའི་ཡུལ་དུ་ཐམས་ཅད་འཆང་༔ ནུབ་བྱང་མཚམས་ཀྱི་འཇིག་རྟེན་ན༔ ང་ནི་འདོད་པའི་རྒྱལ་པོ་སྟེ༔ ཆགས་དང་ཞེན་པའི་ཡུལ་སྣང་འགྱེད༔ ཆགས་དང་བདེ་བའི་རྒྱས་འདེབས་ཤིང་༔ ཁམས་གསུམ་ཐམས་ཅད་རྨོངས་པར་བྱེད༔ བྱང་ཤར་མཚམས་ཀྱི་འཇིག་རྟེན་ན༔ ང་ནི་ལས་ཀྱི་དཔའ་བོ་སྟེ༔ སྣ་ཚོགས་ལས་བྱེད་འཕྲུལ་སྣང་སྟོན༔ ལས་ཀྱི་ལམ་ལ་ཐམས་ཅད་གཟུད༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ གདོད་མ་གཞི་ཡི་སངས་རྒྱས་ནི༔ ཀ་དག་ཀུན་བཟང་ཡབ་དང་ཡུམ༔ སྟོང་དང་གསལ་བའི་ཆ་ཉིད་ལས༔ ཀུན་ཏུ་གཟིགས་པའི་ཡེ་ཤེས་ཉིད༔ ཤེས་སྒྲིབ་ཕྲ་བས་སྦགས་པ་ལས༔ ཐུགས་རྗེ་སྤྱན་རས་གཟིགས་སུ་གྲགས༔ དེ་ཡང་དེ་ཉིད་ཅུང་བསྟན་པས༔ ང་ཉིད་འཇིག་རྟེན་དབང་པོར་ཤར༔ དེ་དག་ང་ཉིད་བསྒྲུབ་པ་ཡིས༔ གཞི་དང་བསྐྱེད་དང་དམིགས་གསལ་བའི༔ གཟུགས་མེད་གཟུགས་སུ་བཅོས་པ་དང་༔ ཡུལ་མེད་ཡུལ་ནས་འབོད་པའི་ཚུལ༔ མིང་མེད་མིང་དུ་བཟུང་ནས་སུ༔ བཟླས་བརྗོད་བྱེད་པའི་ལམ་བསྟན་པ༔ བདེན་པ་མེད་དེ་དངོས་མཚན་མེད༔ རྫུན་པ་མེད་དེ་འབྲས་བུ་སྣང་༔ ང་ལ་ཡེ་ཤེས་པ་དང་ནི༔ འཇིག་རྟེན་པ་རུ་འཛིན་བརྗོད་པ༔ གང་ཡང་མི་རྫུན་ཐམས་ཅད་བདེན༔ ཤེས་རབ་མིག་འབྲས་ཟུམ་པ་ཡིས༔ དམུས་ལོང་དག་གི་སྤྱོད་ཡུལ་དུ༔ ཀུན་ཤེས་ཀུན་ཏུ་གཟིགས་པ་ཡིས༔ ཡེ་ཤེས་སྤྱན་དང་ལྡན་པ་ལ༔ ཐམས་ཅད་རྫུན་ཅིང་བདེན་པ་མེད༔ ང་ནི་མི་གནས་ཡེ་ཤེས་ཏེ༔ ཁས་ལེན་བརྗོད་བྱའི་ཡུལ་ལས་འདས༔ བརྗོད་པ་མེད་ལ་རྗོད་བྱེད་ཅིང་༔ ཕྱོགས་མེད་ས་ལ་ཕྱོགས་འཛིན་པའི༔ མི་ཤེས་རྨོངས་ལ་ཤེས་རློམ་པའི༔ སྐྱེས་བུས་བཟང་ངན་ཚིག་བརྗོད་པ༔ བརྗོད་མེད་བརྗོད་པའི་ཚིག་འཛིན་སྒྲོག༔ མི་ཤེས་སྐྱེས་བུ་སྙིང་རྗེའི་གནས༔ ང་ནི་བྱུང་དང་གནས་དང་འགྲོ༔ གཟུགས་དང་ཁ་དོག་སྐྱེ་མཆེད་ཚོགས༔ ཅི་བཞིན་གྲུབ་པའི་ཚུལ་བཤད་ན༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ གཏུམ་ཆེན་མུན་པ་ཕོ་མོ་གཉིས༔ མ་འཕྲད་ངང་གིས་སྦྱོར་བ་ལས༔ བདེ་དང་དྲོད་ཀྱིས་བཞིན་འབར་བའི༔ དེ་ཡི་དྭངས་མ་དཀར་དམར་གཉིས༔ ཟུང་འཇུག་རོལ་པའི་རྟེན་འབྲེལ་ལས༔ སྣང་ཞིང་གསལ་བའི་འོད་ལུས་ལ༔ ང་རུ་ཤེས་པས་བདག་ཏུ་བཟུང་༔ བདག་ལ་ང་ཡིས་གསོས་སུ་བཏབ༔ ང་ནི་སྒྱུ་མ་མཁན་པོ་སྟེ༔ རྟེན་འབྲེལ་རྫུ་འཕྲུལ་ཅིར་ཡང་སྟོན༔ དང་པོ་མ་བྱུང་བྱུང་བ་ལས༔ [[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=08
|volumeLetter=NYA
|textnuminvol=007
|pdflink=File:TTDL-ZABTER-08-NYA-007.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-08-NYA
}}
<h1>Tibetan Text</h1>
<onlyinclude>
{{TibP|བརྡ་ཡིག༠༠༠༠༠༠༤༥༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དབང་ཕྱུག་མ་ཧཱ་དཱེ་ཝའི་སྐྱེ་རྒྱུད་གསལ་བྱེད་སྒྲོན་མེ་ཞེས་བྱ་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག༠༠༠༠༠༠༔ ཨཻཿདཔལ་ལྡན་སངས་རྒྱས་རྡོ་རྗེའི་ལྕེ༔ མཁའ་ཁྱབ་མཁའ་ཀློང་ཡངས་པ་རུ༔ ཡེ་ཤེས་དབང་མོ་མཉམ་བརྡལ་ཡན༔ སྲིད་ཞི་མཉམ་ཉིད་དབྱིངས་མངོན་བྱ༔ གསང་ཆེན་རོལ་པའི་དུར་ཁྲོད་ནི༔ བདག་རྟོག་རོ་ཐང་བརྡལ་ཁྲོད་ནས༔ བདག་མེད་དབྱིངས་ཀྱི་སྤྱི་རྗེ་མོ༔ གང་འདུལ་སྣ་ཚོགས་ཐབས་དུ་མས༔ འཁོར་བ་རུ་ལོག་དེ་འདས་ཀྱི༔ དབྱིངས་བསྒྱུར་མཁའ་འགྲོ་སེང་གདོང་མའི༔ ཁམས་གསུམ་དབང་སྡུད་གད་རྒྱངས་ཀྱིས༔ དྲེགས་པ་དབང་དུ་སྡུད་པའི་ཚེ༔ ཁམས་གསུམ་དབང་ཕྱུག་ཆེན་པོ་དང་༔ དེ་ཡི་དགྱེས་བདེ་ཨུ་མ་གཉིས༔ དྲེགས་པའི་འཁོར་ཚོགས་དང་བཅས་པ༔ རང་དབང་མེད་པར་མདུན་དུ་བཀུག༔ ཡེ་ཤེས་མཁའ་འགྲོའི་ཞལ་ན་རེ༔ མཁྱེན་བཞིན་ཁྱོད་ཅག་སུ་ཡིན་གསུངས༔ དབང་ཕྱུག་ཆེན་པོས་འདི་སྐད་ཞུས༔ གསོན་ཅིག་ཡེ་ཤེས་མཁའ་འགྲོ་མ༔ ང་ནི་འཇིག་རྟེན་གསུམ་གྱི་བདག༔ ཁམས་གསུམ་ལྷ་ལ་དབང་བསྒྱུར་བའི༔ དབང་ཕྱུག་མ་ཧཱ་དཱེ་ཝ་ཡིན༔ འོག་ཕྱོགས་ས་བདག་ཀླུ་གཉན་ལ༔ མངའ་དབང་འཁོར་ལོའི་བསྒྱུར་རྒྱལ་ཏེ༔ ཤར་ཕྱོགས་སྲིད་པ་སྐྱེ་འགྲོ་ལ༔ དབང་མཛད་མ་ཧཱ་དཱེ་ཝ་དཀར༔ ཞི་བའི་ལས་ལ་མངའ་དབང་བསྒྱུར༔ ཐམས་ཅད་འགུགས་པའི་ཕྱག་རྒྱས་བསྒྱུར༔ ལྷོ་ཕྱོགས་སྲིད་པ་སྐྱེ་འགྲོའི་བདག༔ འདོད་དགུའི་དཔལ་སྟེར་དབང་ཕྱུག་སེར༔ འདོད་ཡོན་ཡུལ་དུ་ཐམས་ཅད་འཆིང་༔ ནུབ་ཕྱོགས་སྲིད་པ་སྐྱེ་འགྲོའི་བདག༔ ཁམས་གསུམ་དབང་བསྒྱུར་དམར་པོ་སྟེ༔ ཐམས་ཅད་ང་ཡི་ཀློང་དུ་བསྡོམ༔ བྱང་ཕྱོགས་སྲིད་པ་སྐྱེ་འགྲོའི་བདག༔ རབ་འབྱམས་ལས་ལ་མངའ་དབང་མཛད༔ དྲེགས་པའི་དབང་ཕྱུག་ཧེ་རུ་ཀ༔ ཐམས་ཅད་འཕྲུལ་དེ་ཐམས་ཅད་བསྒྲལ༔ དེ་བཞིན་ཤར་ལྷོའི་མཚམས་ཤེད་ན༔ ང་ནི་དགའ་བའི་དབང་པོ་ཡིན༔ ཐམས་ཅད་དགའ་བའི་ཡུལ་དུ་འགུག༔ རྣམ་པར་གཡེང་བའི་ལས་ལ་དགའ༔ ལྷོ་ནུབ་མཚམས་ཀྱི་འཇིག་རྟེན་ན༔ ང་ནི་འཕྲུལ་གྱི་དབང་ཕྱུག་ལགས༔ འདོད་ཡོན་སྣ་ཚོགས་དགའ་སྟོན་ངོམས༔ སྣང་བའི་ཡུལ་དུ་ཐམས་ཅད་འཆང་༔ ནུབ་བྱང་མཚམས་ཀྱི་འཇིག་རྟེན་ན༔ ང་ནི་འདོད་པའི་རྒྱལ་པོ་སྟེ༔ ཆགས་དང་ཞེན་པའི་ཡུལ་སྣང་འགྱེད༔ ཆགས་དང་བདེ་བའི་རྒྱས་འདེབས་ཤིང་༔ ཁམས་གསུམ་ཐམས་ཅད་རྨོངས་པར་བྱེད༔ བྱང་ཤར་མཚམས་ཀྱི་འཇིག་རྟེན་ན༔ ང་ནི་ལས་ཀྱི་དཔའ་བོ་སྟེ༔ སྣ་ཚོགས་ལས་བྱེད་འཕྲུལ་སྣང་སྟོན༔ ལས་ཀྱི་ལམ་ལ་ཐམས་ཅད་གཟུད༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ གདོད་མ་གཞི་ཡི་སངས་རྒྱས་ནི༔ ཀ་དག་ཀུན་བཟང་ཡབ་དང་ཡུམ༔ སྟོང་དང་གསལ་བའི་ཆ་ཉིད་ལས༔ ཀུན་ཏུ་གཟིགས་པའི་ཡེ་ཤེས་ཉིད༔ ཤེས་སྒྲིབ་ཕྲ་བས་སྦགས་པ་ལས༔ ཐུགས་རྗེ་སྤྱན་རས་གཟིགས་སུ་གྲགས༔ དེ་ཡང་དེ་ཉིད་ཅུང་བསྟན་པས༔ ང་ཉིད་འཇིག་རྟེན་དབང་པོར་ཤར༔ དེ་དག་ང་ཉིད་བསྒྲུབ་པ་ཡིས༔ གཞི་དང་བསྐྱེད་དང་དམིགས་གསལ་བའི༔ གཟུགས་མེད་གཟུགས་སུ་བཅོས་པ་དང་༔ ཡུལ་མེད་ཡུལ་ནས་འབོད་པའི་ཚུལ༔ མིང་མེད་མིང་དུ་བཟུང་ནས་སུ༔ བཟླས་བརྗོད་བྱེད་པའི་ལམ་བསྟན་པ༔ བདེན་པ་མེད་དེ་དངོས་མཚན་མེད༔ རྫུན་པ་མེད་དེ་འབྲས་བུ་སྣང་༔ ང་ལ་ཡེ་ཤེས་པ་དང་ནི༔ འཇིག་རྟེན་པ་རུ་འཛིན་བརྗོད་པ༔ གང་ཡང་མི་རྫུན་ཐམས་ཅད་བདེན༔ ཤེས་རབ་མིག་འབྲས་ཟུམ་པ་ཡིས༔ དམུས་ལོང་དག་གི་སྤྱོད་ཡུལ་དུ༔ ཀུན་ཤེས་ཀུན་ཏུ་གཟིགས་པ་ཡིས༔ ཡེ་ཤེས་སྤྱན་དང་ལྡན་པ་ལ༔ ཐམས་ཅད་རྫུན་ཅིང་བདེན་པ་མེད༔ ང་ནི་མི་གནས་ཡེ་ཤེས་ཏེ༔ ཁས་ལེན་བརྗོད་བྱའི་ཡུལ་ལས་འདས༔ བརྗོད་པ་མེད་ལ་རྗོད་བྱེད་ཅིང་༔ ཕྱོགས་མེད་ས་ལ་ཕྱོགས་འཛིན་པའི༔ མི་ཤེས་རྨོངས་ལ་ཤེས་རློམ་པའི༔ སྐྱེས་བུས་བཟང་ངན་ཚིག་བརྗོད་པ༔ བརྗོད་མེད་བརྗོད་པའི་ཚིག་འཛིན་སྒྲོག༔ མི་ཤེས་སྐྱེས་བུ་སྙིང་རྗེའི་གནས༔ ང་ནི་བྱུང་དང་གནས་དང་འགྲོ༔ གཟུགས་དང་ཁ་དོག་སྐྱེ་མཆེད་ཚོགས༔ ཅི་བཞིན་གྲུབ་པའི་ཚུལ་བཤད་ན༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ གཏུམ་ཆེན་མུན་པ་ཕོ་མོ་གཉིས༔ མ་འཕྲད་ངང་གིས་སྦྱོར་བ་ལས༔ བདེ་དང་དྲོད་ཀྱིས་བཞིན་འབར་བའི༔ དེ་ཡི་དྭངས་མ་དཀར་དམར་གཉིས༔ ཟུང་འཇུག་རོལ་པའི་རྟེན་འབྲེལ་ལས༔ སྣང་ཞིང་གསལ་བའི་འོད་ལུས་ལ༔ ང་རུ་ཤེས་པས་བདག་ཏུ་བཟུང་༔ བདག་ལ་ང་ཡིས་གསོས་སུ་བཏབ༔ ང་ནི་སྒྱུ་མ་མཁན་པོ་སྟེ༔ རྟེན་འབྲེལ་རྫུ་འཕྲུལ་ཅིར་ཡང་སྟོན༔ དང་པོ་མ་བྱུང་བྱུང་བ་ལས༔ }}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:43, 4 June 2024

Wylie title TTDL-ZABTER-08-NYA-007.pdf
Location bdud 'joms gling pa zab gter
Volume 8, Text 7, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
བརྡ་ཡིག༠༠༠༠༠༠༤༥༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དབང་ཕྱུག་མ་ཧཱ་དཱེ་ཝའི་སྐྱེ་རྒྱུད་གསལ་བྱེད་སྒྲོན་མེ་ཞེས་བྱ་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག༠༠༠༠༠༠༔ ཨཻཿདཔལ་ལྡན་སངས་རྒྱས་རྡོ་རྗེའི་ལྕེ༔ མཁའ་ཁྱབ་མཁའ་ཀློང་ཡངས་པ་རུ༔ ཡེ་ཤེས་དབང་མོ་མཉམ་བརྡལ་ཡན༔ སྲིད་ཞི་མཉམ་ཉིད་དབྱིངས་མངོན་བྱ༔ གསང་ཆེན་རོལ་པའི་དུར་ཁྲོད་ནི༔ བདག་རྟོག་རོ་ཐང་བརྡལ་ཁྲོད་ནས༔ བདག་མེད་དབྱིངས་ཀྱི་སྤྱི་རྗེ་མོ༔ གང་འདུལ་སྣ་ཚོགས་ཐབས་དུ་མས༔ འཁོར་བ་རུ་ལོག་དེ་འདས་ཀྱི༔ དབྱིངས་བསྒྱུར་མཁའ་འགྲོ་སེང་གདོང་མའི༔ ཁམས་གསུམ་དབང་སྡུད་གད་རྒྱངས་ཀྱིས༔ དྲེགས་པ་དབང་དུ་སྡུད་པའི་ཚེ༔ ཁམས་གསུམ་དབང་ཕྱུག་ཆེན་པོ་དང་༔ དེ་ཡི་དགྱེས་བདེ་ཨུ་མ་གཉིས༔ དྲེགས་པའི་འཁོར་ཚོགས་དང་བཅས་པ༔ རང་དབང་མེད་པར་མདུན་དུ་བཀུག༔ ཡེ་ཤེས་མཁའ་འགྲོའི་ཞལ་ན་རེ༔ མཁྱེན་བཞིན་ཁྱོད་ཅག་སུ་ཡིན་གསུངས༔ དབང་ཕྱུག་ཆེན་པོས་འདི་སྐད་ཞུས༔ གསོན་ཅིག་ཡེ་ཤེས་མཁའ་འགྲོ་མ༔ ང་ནི་འཇིག་རྟེན་གསུམ་གྱི་བདག༔ ཁམས་གསུམ་ལྷ་ལ་དབང་བསྒྱུར་བའི༔ དབང་ཕྱུག་མ་ཧཱ་དཱེ་ཝ་ཡིན༔ འོག་ཕྱོགས་ས་བདག་ཀླུ་གཉན་ལ༔ མངའ་དབང་འཁོར་ལོའི་བསྒྱུར་རྒྱལ་ཏེ༔ ཤར་ཕྱོགས་སྲིད་པ་སྐྱེ་འགྲོ་ལ༔ དབང་མཛད་མ་ཧཱ་དཱེ་ཝ་དཀར༔ ཞི་བའི་ལས་ལ་མངའ་དབང་བསྒྱུར༔ ཐམས་ཅད་འགུགས་པའི་ཕྱག་རྒྱས་བསྒྱུར༔ ལྷོ་ཕྱོགས་སྲིད་པ་སྐྱེ་འགྲོའི་བདག༔ འདོད་དགུའི་དཔལ་སྟེར་དབང་ཕྱུག་སེར༔ འདོད་ཡོན་ཡུལ་དུ་ཐམས་ཅད་འཆིང་༔ ནུབ་ཕྱོགས་སྲིད་པ་སྐྱེ་འགྲོའི་བདག༔ ཁམས་གསུམ་དབང་བསྒྱུར་དམར་པོ་སྟེ༔ ཐམས་ཅད་ང་ཡི་ཀློང་དུ་བསྡོམ༔ བྱང་ཕྱོགས་སྲིད་པ་སྐྱེ་འགྲོའི་བདག༔ རབ་འབྱམས་ལས་ལ་མངའ་དབང་མཛད༔ དྲེགས་པའི་དབང་ཕྱུག་ཧེ་རུ་ཀ༔ ཐམས་ཅད་འཕྲུལ་དེ་ཐམས་ཅད་བསྒྲལ༔ དེ་བཞིན་ཤར་ལྷོའི་མཚམས་ཤེད་ན༔ ང་ནི་དགའ་བའི་དབང་པོ་ཡིན༔ ཐམས་ཅད་དགའ་བའི་ཡུལ་དུ་འགུག༔ རྣམ་པར་གཡེང་བའི་ལས་ལ་དགའ༔ ལྷོ་ནུབ་མཚམས་ཀྱི་འཇིག་རྟེན་ན༔ ང་ནི་འཕྲུལ་གྱི་དབང་ཕྱུག་ལགས༔ འདོད་ཡོན་སྣ་ཚོགས་དགའ་སྟོན་ངོམས༔ སྣང་བའི་ཡུལ་དུ་ཐམས་ཅད་འཆང་༔ ནུབ་བྱང་མཚམས་ཀྱི་འཇིག་རྟེན་ན༔ ང་ནི་འདོད་པའི་རྒྱལ་པོ་སྟེ༔ ཆགས་དང་ཞེན་པའི་ཡུལ་སྣང་འགྱེད༔ ཆགས་དང་བདེ་བའི་རྒྱས་འདེབས་ཤིང་༔ ཁམས་གསུམ་ཐམས་ཅད་རྨོངས་པར་བྱེད༔ བྱང་ཤར་མཚམས་ཀྱི་འཇིག་རྟེན་ན༔ ང་ནི་ལས་ཀྱི་དཔའ་བོ་སྟེ༔ སྣ་ཚོགས་ལས་བྱེད་འཕྲུལ་སྣང་སྟོན༔ ལས་ཀྱི་ལམ་ལ་ཐམས་ཅད་གཟུད༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ གདོད་མ་གཞི་ཡི་སངས་རྒྱས་ནི༔ ཀ་དག་ཀུན་བཟང་ཡབ་དང་ཡུམ༔ སྟོང་དང་གསལ་བའི་ཆ་ཉིད་ལས༔ ཀུན་ཏུ་གཟིགས་པའི་ཡེ་ཤེས་ཉིད༔ ཤེས་སྒྲིབ་ཕྲ་བས་སྦགས་པ་ལས༔ ཐུགས་རྗེ་སྤྱན་རས་གཟིགས་སུ་གྲགས༔ དེ་ཡང་དེ་ཉིད་ཅུང་བསྟན་པས༔ ང་ཉིད་འཇིག་རྟེན་དབང་པོར་ཤར༔ དེ་དག་ང་ཉིད་བསྒྲུབ་པ་ཡིས༔ གཞི་དང་བསྐྱེད་དང་དམིགས་གསལ་བའི༔ གཟུགས་མེད་གཟུགས་སུ་བཅོས་པ་དང་༔ ཡུལ་མེད་ཡུལ་ནས་འབོད་པའི་ཚུལ༔ མིང་མེད་མིང་དུ་བཟུང་ནས་སུ༔ བཟླས་བརྗོད་བྱེད་པའི་ལམ་བསྟན་པ༔ བདེན་པ་མེད་དེ་དངོས་མཚན་མེད༔ རྫུན་པ་མེད་དེ་འབྲས་བུ་སྣང་༔ ང་ལ་ཡེ་ཤེས་པ་དང་ནི༔ འཇིག་རྟེན་པ་རུ་འཛིན་བརྗོད་པ༔ གང་ཡང་མི་རྫུན་ཐམས་ཅད་བདེན༔ ཤེས་རབ་མིག་འབྲས་ཟུམ་པ་ཡིས༔ དམུས་ལོང་དག་གི་སྤྱོད་ཡུལ་དུ༔ ཀུན་ཤེས་ཀུན་ཏུ་གཟིགས་པ་ཡིས༔ ཡེ་ཤེས་སྤྱན་དང་ལྡན་པ་ལ༔ ཐམས་ཅད་རྫུན་ཅིང་བདེན་པ་མེད༔ ང་ནི་མི་གནས་ཡེ་ཤེས་ཏེ༔ ཁས་ལེན་བརྗོད་བྱའི་ཡུལ་ལས་འདས༔ བརྗོད་པ་མེད་ལ་རྗོད་བྱེད་ཅིང་༔ ཕྱོགས་མེད་ས་ལ་ཕྱོགས་འཛིན་པའི༔ མི་ཤེས་རྨོངས་ལ་ཤེས་རློམ་པའི༔ སྐྱེས་བུས་བཟང་ངན་ཚིག་བརྗོད་པ༔ བརྗོད་མེད་བརྗོད་པའི་ཚིག་འཛིན་སྒྲོག༔ མི་ཤེས་སྐྱེས་བུ་སྙིང་རྗེའི་གནས༔ ང་ནི་བྱུང་དང་གནས་དང་འགྲོ༔ གཟུགས་དང་ཁ་དོག་སྐྱེ་མཆེད་ཚོགས༔ ཅི་བཞིན་གྲུབ་པའི་ཚུལ་བཤད་ན༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ གཏུམ་ཆེན་མུན་པ་ཕོ་མོ་གཉིས༔ མ་འཕྲད་ངང་གིས་སྦྱོར་བ་ལས༔ བདེ་དང་དྲོད་ཀྱིས་བཞིན་འབར་བའི༔ དེ་ཡི་དྭངས་མ་དཀར་དམར་གཉིས༔ ཟུང་འཇུག་རོལ་པའི་རྟེན་འབྲེལ་ལས༔ སྣང་ཞིང་གསལ་བའི་འོད་ལུས་ལ༔ ང་རུ་ཤེས་པས་བདག་ཏུ་བཟུང་༔ བདག་ལ་ང་ཡིས་གསོས་སུ་བཏབ༔ ང་ནི་སྒྱུ་མ་མཁན་པོ་སྟེ༔ རྟེན་འབྲེལ་རྫུ་འཕྲུལ་ཅིར་ཡང་སྟོན༔ དང་པོ་མ་བྱུང་བྱུང་བ་ལས༔