TTDL-ZABTER-07-JA-002: Difference between revisions

From Dudjom Wiki
TTDL-ZABTER-07-JA-002
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
༠༠༠༠བརྡ་ཡིག༢༧ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི༔ ཕྱི་སྒྲུབ་གསལ་བའི་མེ་ལོང་ལས༔ དབང་ཆོག་གཏེར་གྱི་བུམ་བཟང་བཞུགས་སོ༔ ༠༠༠༠བརྡ་ཡིག༢༧པདྨ་འབྱུང་གནས་མཆོག་ལ་ཕྱག་འཚལ་ལོ༔ མཁའ་འགྲོའི་དབང་མཆོག་གཏེར་གྱི་བུམ་བཟང་འདི༔ ལག་ཏུ་ལེན་པའི་རིམ་པ་ནི༔ བུམ་པ་མཚན་ལྡན་མགུལ་ཆིངས་དམར༔ ཐོད་པ་མཚན་ལྡན་བདུད་རྩིས་བཀང་༔ དེ་གཉིས་མཉྫིའི་ཁར་བཞག་སྟེ༔ དབང་ཙཀ་ཤེལ་རྡོ་གཏོར་མ་སོགས༔ དབང་རྫས་ལེགས་གྲུབ་གཞུང་བསྲང་བསྒྲུབ༔ དེ་མཐར་དམ་ལྡན་སློབ་མ་བསྡུས༔ ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ༔ དེ་ནས་གསོལ་བ་གདབ་པ་ནི༔ ཀྱཻ་ཧོཿདཀྱིལ་འཁོར་གཙོ་མཆོག་བླ་མ་རྗེ༔ བདག་ཅག་དཀྱིལ་འཁོར་ཀུན་ཏུ་འཇུག༔ འགྲོ་དྲུག་གནས་ནས་སྒྲོལ་བའི་ཕྱིར༔ སྨིན་བྱེད་དབང་མཆོག་བསྐུར་དུ་གསོལ༔ དེ་ནས་བླ་མས༔ ཀྱཻ༔ སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས༔ ཁྱེད་ཅག་དབང་གི་སྒོར་ཞུགས་ན༔ བསྒྲུབ་དང་དཀྱིལ་འཁོར་ཉམས་ལེན་ཅིང་༔ དམ་ཚིག་རྣམ་ཀུན་བསྲུང་ནུས་སམ༔ དེ་ནས་སློབ་མས༔ ཀྱཻ༔ མགོན་པོ་ཐུགས་རྗེ་ཅན་དགོངས་འཚལ༔ འདི་བཟུང་བླ་མེད་བྱང་ཆུབ་བར༔ བདག་ཅག་དམ་ཚིག་ལ་གནས་ཤིང་༔ བསྒྲུབ་དང་དཀྱིལ་འཁོར་ཉམས་ལེན་བྱ༔ དེ་ནས་བླ་མས༔ ཧོཿབསོད་ནམས་ཚོགས་ཆེན་སྔོན་བསགས་པའི༔ ལས་དང་སྐལ་བར་ལྡན་པ་རྣམས༔ ཚུལ་ལ་གནས་ཤིང་ཚུལ་བཞིན་དུ༔ ཉམས་སུ་ལེན་ན་དབང་བསྐུར་བྱ༔ དེ་ནས་སྐྱབས་སེམས་ལ་འཇུག༔ མཐར་རྡོ་རྗེའི་རྭ་རྩེས་དམྱལ་ཆུ་ལྕེ་ལ་བཞག༔ ཧོཿའདི་ནི་ཁྱོོད་ཀྱི་དམྱལ་བའི་ཆུ༔ དམ་ཚིག་འདས་ན་སྙིང་བསྲེགས་ནས༔ རྡོ་རྗེ་དམྱལ་བར་ཡུན་རིང་གནས༔ བསྲུང་ན་ཚེ་འདིར་མངོན་སངས་རྒྱས༔ དེ་ཕྱིར་དམ་ཚིག་རྡོ་རྗེའི་ཆུ༔ འཐུང་ལ་དམ་ཚིག་རྟག་ཏུ་བསྲུང་༔ སློབ་བུ་ཀུན་གྱི་མནའ་ཐོ་བྱ༔ ས་མ་ཡ་ན་ར་ཀན༔ དེ་ནས་སློབ་མ་ལྷར་གསལ་ལ་ཡེ་ཤེས་པ་བསྟིམ༔ ཏིཥྛ་བཛྲ་ཞེས་བརྟན་པར་བྱ༔ དེ་ནས་བུམ་པ་ཐོགས་ལ༔ ཧཱུྃ༔ སྐྱེ་མེད་བུམ་པའི་གཞལ་ཡས་སུ༔ མ་ཅིག་གསང་བ་ཡེ་ཤེས་དང་༔ སྒྱུ་འཕྲུལ་མཁའ་འགྲོའི་དཀྱིལ་འཁོར་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ སྐུ་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ ཨོཾ་གུ་ཧྱ་ཛྙཱ་ན་ཌཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་སརྦ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཐོད་པ་བདུད་རྩི་ཐོགས་ལ༔ ཧོཿཡེ་ཤེས་དབྱིངས་ཀྱི་ཀ་པཱ་ལར༔ གསུང་གི་སྙིང་པོ་བདུད་རྩི་འཁྱིལ༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ མ་ཅིག་གསང་བ་ཡེ་ཤེས་དང་༔ སྒྱུ་འཕྲུལ་མཁའ་འགྲོ་རབ་འབྱམས་ཀྱི༔ གསང་དབང་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་གུ་ཧྱ་ཛྙཱ་ན༔ སོགས་ཝཱཀ་ཨ་བྷི་ཥིཉྩ་ཨཿདེ་ནས་གྲི་གུག་ཐོགས་ལ༔ ཧཱུྃ༔ རང་སྣང་དབང་སྡུད་གྲི་གུག་གིས༔ གཞན་སྣང་མ་ལུས་ཟིལ་གྱིས་གནོན༔ རབ་འབྱམས་མཁའ་འགྲོའི་ཐུགས་དབང་རྫོགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ གསང་བ་ཡེ་ཤེས་མཁའ་འགྲོ་དང་༔ སྒྱུ་འཕྲུལ་རབ་འབྱམས་མཁའ་འགྲོ་ཡི༔ ཐུགས་དབང་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་གུ་ཧྱ་ཛྙཱ་ན་སོགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཤེལ་རྡོ་ཐོགས་ལ༔ ཧཱུྃ༔ ཤེལ་མིག་སྦྱར་བ་འདི་ལ་ལྟོས༔ འོད་ལྔ་རིག་པའི་ཡེ་ཤེས་ལྔ༔ སྣང་སྲིད་མ་ལུས་སེམས་སུ་རྫོགས༔ ཀ་དག་ཚིག་གི་དབང་ཐོབ་ཤོག༔ ཨོཾ་གུ་ཧྱ་ཛྙཱ་ན་སོགས་སརྦ་ཨ་བྷི་ཥིཉྩ་སྭཱ༔ དེ་ནས་གསང་བ་ཡེ་ཤེས་ཀྱི་སྐུ་ཐོགས་ལ༔ ཧཱུྃ༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ལོངས་སྐུ་གསང་བ་ཡེ་ཤེས་དང་༔ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་མ༔ ཡེ་ཤེས་རང་མདངས་མཁའ་འགྲོ་བཞི༔ ཕྲིན་ལས་ཐོགས་མེད་སྒོ་མ་བཞི༔ སྒྱུ་འཕྲུལ་མཁའ་འགྲོའི་དཀྱིལ་འཁོར་རྣམས༔ ཡེ་ཤེས་དབྱིངས་སུ་ཐ་མི་དད༔ རྣམ་མང་ངོ་བོ་གཅིག་དྲིལ་ལྷ༔ ལོངས་སྐུ་གསང་བ་ཡེ་ཤེས་ཀྱི༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རབ་འབྱམས་ཕྲིན་ལས་དབང་ཐོབ་ཤོག༔ ཨོཾ་གུ་ཧྱ་ཛྙཱ་ན་ཌཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་སརྦ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་ཁ་ཊྭཱྃ་དང་གྲི་ཐོད་ཐོགས་ལ༔ ཧཱུྃ༔ རྩ་གསུམ་སྐུ་གསུམ་ལྷུན་གྲུབ་དང་༔ དུག་གསུམ་དབྱིངས་སུ་སྒྲོལ་བའི་མཚོན༔ གྲི་གུག་སྣང་སྲིད་དབང་སྡུད་མཚོན༔ ཐོད་ཁྲག་ཁམས་གསུམ་ཁྲག་ཏུ་རོལ༔ རབ་འབྱམས་མཁའ་འགྲོའི་ཕྲིན་ལས་རྫོགས༔ སྐལ་ལྡན་བུ་ལ་དབང་བསྒུར་རོ༔ ཕྲིན་ལས་ཐོགས་མེད་དབང་ཐོབ་ཤོག༔ ཧཱུྃ་ཧྲཱིཿམ་ཧ་རི་ནི་ས་སརྦ་ས་མ་ཡ་སརྦ་ཀརྨ་ཨ་བྷི་ཥིཉྩ༔ དེ་ནས་ཧྲཱིཿམ་བྷྱོ་ཛཿའི་ཡི་གེ་ཐོགས་ལ༔ ཧཱུཾ་ཧྲཱི༔ མཁའ་འགྲོ་རབ་འབྱམས་ཡོངས་ཀྱི་ཐུགས༔ ཧྲི༔ མ་བྷྱོ་ཛ༔ འི་ཡི་གེ་ཤར༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ མ་མོ་མཁའ་འགྲོ་རྒྱ་མཚོ་ཡི༔ སྲོག་དབང་ཡོངས་རྫོགས་ཐོབ་པར་ཤོག༔ ཧྲཱིཿམ་བྷྱོ་ཛཿཨ་བྷི་ཥིཉྩ༔ དེ་ནས་གཏོར་མ་ཐོགས་ལ༔ ཧཱུྃ༔ སྣང་སྲིད་གཞིར་བཞེངས་བ་ལིཾ་ཏ༔ རབ་འབྱམས་མཁའ་འགྲོའི་དཀྱིལ་འཁོར་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་ནས༔ དཀྱིལ་འཁོར་ཡོངས་ལ་དབང་ཐོབ་ཅིང་༔ རང་སྣང་དབང་དུ་སྡུད་པ་ཡིས༔ གཞན་སྣང་ཟིལ་གྱིས་གནོན་པ་དང་༔ བརྟུལ་ཞུགས་སྤྱོད་པ་མཐར་ཕྱིན་ནས༔ དོན་གཉིས་མཐར་ཕྱིན་དབང་ཐོབ་ཤོག༔ བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེའི་བདེན་སྟོབས་སོ༔ ཆོས་ཉིད་ཀྱི་བདེན་པའོ༔ གསང་སྔགས་ཀྱི་བྱིན་གྱིས་བརླབས་སོ༔ འཕགས་པའི་དགེ་འདུན་གྱི་བདེན་སྟོབས་སོ༔ མ་ཚོགས་མཁའ་འགྲོའི་དམ་ཚིག་གིས༔ སྐལ་ལྡན་སློབ་མ་རྣམས་ལ་མ་དང་མཁའ་འགྲོའི་དབང་དང་དངོས་གྲུབ་དགོངས་པ་མཐུ་སྟོབས་བྱིན་རླབས་གར་བསྒྱུར་གདུལ་བྱ་ཐམས་ཅད་ཚེ་འདི་ཉིད་ལ་ཐོབ་པར་གྱུར་ཅིག༔ སྨིན་པར་གྱུར་ཅིག༔ གྲོལ་བར་གྱུར་ཅིག༔ དབང་བར་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ལན་གསུམ་བརྗོད༔ མཐའ་རྟེན་བཀྲ་ཤིས་རྫས་རྟགས་གཏད༔ མེ་ཏོག་འཐོར་ཞིང་ཤིས་པ་བརྗོད༔ ཚོགས་ཀྱི་དགའ་སྟོན་ལོངས་སྤྱོད་ཅིང་༔ གླུ་གར་རོལ་མོ་རོལ་རྩེད་བསྒྱུར༔ འདི་འབྲེལ་སྐལ་ལྡན་ཕོ་མོ་རྣམས༔ ཚེ་འདིར་མངོན་སངས་རྒྱས་འགྱུར་རོ༔ བདུད་འདུལ་པདྨ་ཐོད་ཕྲེང་བཀའ་བཞིན་དུ༔ བུད་མེད་མཚོ་རྒྱལ་བདག་གིས་ཡི་གེར་བཀོད༔ བཀའ་འདི་བཙན་རྒྱལ་སྐྱ་གཅིག་ཁྱོད་ལ་གཏད༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཉན་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱཿབརྡ་ཐིམ༔ ཞེས་པ་འདི་ཡང་སྔགས་འཆང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་རོལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཞལ་བཤུས་ཏེ་འབྲོས་ཕུག་ཏུ་དག་པར་ཕབ་པའི་ཡི་གེའི་མཐུན་རྐྱེན་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།སརྦ་མངྒ་ལཾ།།།།[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=07
|volumeLetter=JA
|textnuminvol=002
|pdflink=File:TTDL-ZABTER-07-JA-002.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-07-JA
}}
<h1>Tibetan Text</h1>
<onlyinclude>
{{TibP|༠༠༠༠བརྡ་ཡིག༢༧ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི༔ ཕྱི་སྒྲུབ་གསལ་བའི་མེ་ལོང་ལས༔ དབང་ཆོག་གཏེར་གྱི་བུམ་བཟང་བཞུགས་སོ༔ ༠༠༠༠བརྡ་ཡིག༢༧པདྨ་འབྱུང་གནས་མཆོག་ལ་ཕྱག་འཚལ་ལོ༔ མཁའ་འགྲོའི་དབང་མཆོག་གཏེར་གྱི་བུམ་བཟང་འདི༔ ལག་ཏུ་ལེན་པའི་རིམ་པ་ནི༔ བུམ་པ་མཚན་ལྡན་མགུལ་ཆིངས་དམར༔ ཐོད་པ་མཚན་ལྡན་བདུད་རྩིས་བཀང་༔ དེ་གཉིས་མཉྫིའི་ཁར་བཞག་སྟེ༔ དབང་ཙཀ་ཤེལ་རྡོ་གཏོར་མ་སོགས༔ དབང་རྫས་ལེགས་གྲུབ་གཞུང་བསྲང་བསྒྲུབ༔ དེ་མཐར་དམ་ལྡན་སློབ་མ་བསྡུས༔ ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ༔ དེ་ནས་གསོལ་བ་གདབ་པ་ནི༔ ཀྱཻ་ཧོཿདཀྱིལ་འཁོར་གཙོ་མཆོག་བླ་མ་རྗེ༔ བདག་ཅག་དཀྱིལ་འཁོར་ཀུན་ཏུ་འཇུག༔ འགྲོ་དྲུག་གནས་ནས་སྒྲོལ་བའི་ཕྱིར༔ སྨིན་བྱེད་དབང་མཆོག་བསྐུར་དུ་གསོལ༔ དེ་ནས་བླ་མས༔ ཀྱཻ༔ སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས༔ ཁྱེད་ཅག་དབང་གི་སྒོར་ཞུགས་ན༔ བསྒྲུབ་དང་དཀྱིལ་འཁོར་ཉམས་ལེན་ཅིང་༔ དམ་ཚིག་རྣམ་ཀུན་བསྲུང་ནུས་སམ༔ དེ་ནས་སློབ་མས༔ ཀྱཻ༔ མགོན་པོ་ཐུགས་རྗེ་ཅན་དགོངས་འཚལ༔ འདི་བཟུང་བླ་མེད་བྱང་ཆུབ་བར༔ བདག་ཅག་དམ་ཚིག་ལ་གནས་ཤིང་༔ བསྒྲུབ་དང་དཀྱིལ་འཁོར་ཉམས་ལེན་བྱ༔ དེ་ནས་བླ་མས༔ ཧོཿབསོད་ནམས་ཚོགས་ཆེན་སྔོན་བསགས་པའི༔ ལས་དང་སྐལ་བར་ལྡན་པ་རྣམས༔ ཚུལ་ལ་གནས་ཤིང་ཚུལ་བཞིན་དུ༔ ཉམས་སུ་ལེན་ན་དབང་བསྐུར་བྱ༔ དེ་ནས་སྐྱབས་སེམས་ལ་འཇུག༔ མཐར་རྡོ་རྗེའི་རྭ་རྩེས་དམྱལ་ཆུ་ལྕེ་ལ་བཞག༔ ཧོཿའདི་ནི་ཁྱོོད་ཀྱི་དམྱལ་བའི་ཆུ༔ དམ་ཚིག་འདས་ན་སྙིང་བསྲེགས་ནས༔ རྡོ་རྗེ་དམྱལ་བར་ཡུན་རིང་གནས༔ བསྲུང་ན་ཚེ་འདིར་མངོན་སངས་རྒྱས༔ དེ་ཕྱིར་དམ་ཚིག་རྡོ་རྗེའི་ཆུ༔ འཐུང་ལ་དམ་ཚིག་རྟག་ཏུ་བསྲུང་༔ སློབ་བུ་ཀུན་གྱི་མནའ་ཐོ་བྱ༔ ས་མ་ཡ་ན་ར་ཀན༔ དེ་ནས་སློབ་མ་ལྷར་གསལ་ལ་ཡེ་ཤེས་པ་བསྟིམ༔ ཏིཥྛ་བཛྲ་ཞེས་བརྟན་པར་བྱ༔ དེ་ནས་བུམ་པ་ཐོགས་ལ༔ ཧཱུྃ༔ སྐྱེ་མེད་བུམ་པའི་གཞལ་ཡས་སུ༔ མ་ཅིག་གསང་བ་ཡེ་ཤེས་དང་༔ སྒྱུ་འཕྲུལ་མཁའ་འགྲོའི་དཀྱིལ་འཁོར་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ སྐུ་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ ཨོཾ་གུ་ཧྱ་ཛྙཱ་ན་ཌཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་སརྦ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཐོད་པ་བདུད་རྩི་ཐོགས་ལ༔ ཧོཿཡེ་ཤེས་དབྱིངས་ཀྱི་ཀ་པཱ་ལར༔ གསུང་གི་སྙིང་པོ་བདུད་རྩི་འཁྱིལ༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ མ་ཅིག་གསང་བ་ཡེ་ཤེས་དང་༔ སྒྱུ་འཕྲུལ་མཁའ་འགྲོ་རབ་འབྱམས་ཀྱི༔ གསང་དབང་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་གུ་ཧྱ་ཛྙཱ་ན༔ སོགས་ཝཱཀ་ཨ་བྷི་ཥིཉྩ་ཨཿདེ་ནས་གྲི་གུག་ཐོགས་ལ༔ ཧཱུྃ༔ རང་སྣང་དབང་སྡུད་གྲི་གུག་གིས༔ གཞན་སྣང་མ་ལུས་ཟིལ་གྱིས་གནོན༔ རབ་འབྱམས་མཁའ་འགྲོའི་ཐུགས་དབང་རྫོགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ གསང་བ་ཡེ་ཤེས་མཁའ་འགྲོ་དང་༔ སྒྱུ་འཕྲུལ་རབ་འབྱམས་མཁའ་འགྲོ་ཡི༔ ཐུགས་དབང་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་གུ་ཧྱ་ཛྙཱ་ན་སོགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཤེལ་རྡོ་ཐོགས་ལ༔ ཧཱུྃ༔ ཤེལ་མིག་སྦྱར་བ་འདི་ལ་ལྟོས༔ འོད་ལྔ་རིག་པའི་ཡེ་ཤེས་ལྔ༔ སྣང་སྲིད་མ་ལུས་སེམས་སུ་རྫོགས༔ ཀ་དག་ཚིག་གི་དབང་ཐོབ་ཤོག༔ ཨོཾ་གུ་ཧྱ་ཛྙཱ་ན་སོགས་སརྦ་ཨ་བྷི་ཥིཉྩ་སྭཱ༔ དེ་ནས་གསང་བ་ཡེ་ཤེས་ཀྱི་སྐུ་ཐོགས་ལ༔ ཧཱུྃ༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ལོངས་སྐུ་གསང་བ་ཡེ་ཤེས་དང་༔ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་མ༔ ཡེ་ཤེས་རང་མདངས་མཁའ་འགྲོ་བཞི༔ ཕྲིན་ལས་ཐོགས་མེད་སྒོ་མ་བཞི༔ སྒྱུ་འཕྲུལ་མཁའ་འགྲོའི་དཀྱིལ་འཁོར་རྣམས༔ ཡེ་ཤེས་དབྱིངས་སུ་ཐ་མི་དད༔ རྣམ་མང་ངོ་བོ་གཅིག་དྲིལ་ལྷ༔ ལོངས་སྐུ་གསང་བ་ཡེ་ཤེས་ཀྱི༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རབ་འབྱམས་ཕྲིན་ལས་དབང་ཐོབ་ཤོག༔ ཨོཾ་གུ་ཧྱ་ཛྙཱ་ན་ཌཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་སརྦ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་ཁ་ཊྭཱྃ་དང་གྲི་ཐོད་ཐོགས་ལ༔ ཧཱུྃ༔ རྩ་གསུམ་སྐུ་གསུམ་ལྷུན་གྲུབ་དང་༔ དུག་གསུམ་དབྱིངས་སུ་སྒྲོལ་བའི་མཚོན༔ གྲི་གུག་སྣང་སྲིད་དབང་སྡུད་མཚོན༔ ཐོད་ཁྲག་ཁམས་གསུམ་ཁྲག་ཏུ་རོལ༔ རབ་འབྱམས་མཁའ་འགྲོའི་ཕྲིན་ལས་རྫོགས༔ སྐལ་ལྡན་བུ་ལ་དབང་བསྒུར་རོ༔ ཕྲིན་ལས་ཐོགས་མེད་དབང་ཐོབ་ཤོག༔ ཧཱུྃ་ཧྲཱིཿམ་ཧ་རི་ནི་ས་སརྦ་ས་མ་ཡ་སརྦ་ཀརྨ་ཨ་བྷི་ཥིཉྩ༔ དེ་ནས་ཧྲཱིཿམ་བྷྱོ་ཛཿའི་ཡི་གེ་ཐོགས་ལ༔ ཧཱུཾ་ཧྲཱི༔ མཁའ་འགྲོ་རབ་འབྱམས་ཡོངས་ཀྱི་ཐུགས༔ ཧྲི༔ མ་བྷྱོ་ཛ༔ འི་ཡི་གེ་ཤར༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ མ་མོ་མཁའ་འགྲོ་རྒྱ་མཚོ་ཡི༔ སྲོག་དབང་ཡོངས་རྫོགས་ཐོབ་པར་ཤོག༔ ཧྲཱིཿམ་བྷྱོ་ཛཿཨ་བྷི་ཥིཉྩ༔ དེ་ནས་གཏོར་མ་ཐོགས་ལ༔ ཧཱུྃ༔ སྣང་སྲིད་གཞིར་བཞེངས་བ་ལིཾ་ཏ༔ རབ་འབྱམས་མཁའ་འགྲོའི་དཀྱིལ་འཁོར་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་ནས༔ དཀྱིལ་འཁོར་ཡོངས་ལ་དབང་ཐོབ་ཅིང་༔ རང་སྣང་དབང་དུ་སྡུད་པ་ཡིས༔ གཞན་སྣང་ཟིལ་གྱིས་གནོན་པ་དང་༔ བརྟུལ་ཞུགས་སྤྱོད་པ་མཐར་ཕྱིན་ནས༔ དོན་གཉིས་མཐར་ཕྱིན་དབང་ཐོབ་ཤོག༔ བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེའི་བདེན་སྟོབས་སོ༔ ཆོས་ཉིད་ཀྱི་བདེན་པའོ༔ གསང་སྔགས་ཀྱི་བྱིན་གྱིས་བརླབས་སོ༔ འཕགས་པའི་དགེ་འདུན་གྱི་བདེན་སྟོབས་སོ༔ མ་ཚོགས་མཁའ་འགྲོའི་དམ་ཚིག་གིས༔ སྐལ་ལྡན་སློབ་མ་རྣམས་ལ་མ་དང་མཁའ་འགྲོའི་དབང་དང་དངོས་གྲུབ་དགོངས་པ་མཐུ་སྟོབས་བྱིན་རླབས་གར་བསྒྱུར་གདུལ་བྱ་ཐམས་ཅད་ཚེ་འདི་ཉིད་ལ་ཐོབ་པར་གྱུར་ཅིག༔ སྨིན་པར་གྱུར་ཅིག༔ གྲོལ་བར་གྱུར་ཅིག༔ དབང་བར་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ལན་གསུམ་བརྗོད༔ མཐའ་རྟེན་བཀྲ་ཤིས་རྫས་རྟགས་གཏད༔ མེ་ཏོག་འཐོར་ཞིང་ཤིས་པ་བརྗོད༔ ཚོགས་ཀྱི་དགའ་སྟོན་ལོངས་སྤྱོད་ཅིང་༔ གླུ་གར་རོལ་མོ་རོལ་རྩེད་བསྒྱུར༔ འདི་འབྲེལ་སྐལ་ལྡན་ཕོ་མོ་རྣམས༔ ཚེ་འདིར་མངོན་སངས་རྒྱས་འགྱུར་རོ༔ བདུད་འདུལ་པདྨ་ཐོད་ཕྲེང་བཀའ་བཞིན་དུ༔ བུད་མེད་མཚོ་རྒྱལ་བདག་གིས་ཡི་གེར་བཀོད༔ བཀའ་འདི་བཙན་རྒྱལ་སྐྱ་གཅིག་ཁྱོད་ལ་གཏད༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཉན་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱཿབརྡ་ཐིམ༔ ཞེས་པ་འདི་ཡང་སྔགས་འཆང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་རོལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཞལ་བཤུས་ཏེ་འབྲོས་ཕུག་ཏུ་དག་པར་ཕབ་པའི་ཡི་གེའི་མཐུན་རྐྱེན་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།སརྦ་མངྒ་ལཾ།།།།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:43, 4 June 2024

Wylie title TTDL-ZABTER-07-JA-002.pdf
Location bdud 'joms gling pa zab gter
Volume 7, Text 2, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིག༢༧ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི༔ ཕྱི་སྒྲུབ་གསལ་བའི་མེ་ལོང་ལས༔ དབང་ཆོག་གཏེར་གྱི་བུམ་བཟང་བཞུགས་སོ༔ ༠༠༠༠བརྡ་ཡིག༢༧པདྨ་འབྱུང་གནས་མཆོག་ལ་ཕྱག་འཚལ་ལོ༔ མཁའ་འགྲོའི་དབང་མཆོག་གཏེར་གྱི་བུམ་བཟང་འདི༔ ལག་ཏུ་ལེན་པའི་རིམ་པ་ནི༔ བུམ་པ་མཚན་ལྡན་མགུལ་ཆིངས་དམར༔ ཐོད་པ་མཚན་ལྡན་བདུད་རྩིས་བཀང་༔ དེ་གཉིས་མཉྫིའི་ཁར་བཞག་སྟེ༔ དབང་ཙཀ་ཤེལ་རྡོ་གཏོར་མ་སོགས༔ དབང་རྫས་ལེགས་གྲུབ་གཞུང་བསྲང་བསྒྲུབ༔ དེ་མཐར་དམ་ལྡན་སློབ་མ་བསྡུས༔ ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ༔ དེ་ནས་གསོལ་བ་གདབ་པ་ནི༔ ཀྱཻ་ཧོཿདཀྱིལ་འཁོར་གཙོ་མཆོག་བླ་མ་རྗེ༔ བདག་ཅག་དཀྱིལ་འཁོར་ཀུན་ཏུ་འཇུག༔ འགྲོ་དྲུག་གནས་ནས་སྒྲོལ་བའི་ཕྱིར༔ སྨིན་བྱེད་དབང་མཆོག་བསྐུར་དུ་གསོལ༔ དེ་ནས་བླ་མས༔ ཀྱཻ༔ སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས༔ ཁྱེད་ཅག་དབང་གི་སྒོར་ཞུགས་ན༔ བསྒྲུབ་དང་དཀྱིལ་འཁོར་ཉམས་ལེན་ཅིང་༔ དམ་ཚིག་རྣམ་ཀུན་བསྲུང་ནུས་སམ༔ དེ་ནས་སློབ་མས༔ ཀྱཻ༔ མགོན་པོ་ཐུགས་རྗེ་ཅན་དགོངས་འཚལ༔ འདི་བཟུང་བླ་མེད་བྱང་ཆུབ་བར༔ བདག་ཅག་དམ་ཚིག་ལ་གནས་ཤིང་༔ བསྒྲུབ་དང་དཀྱིལ་འཁོར་ཉམས་ལེན་བྱ༔ དེ་ནས་བླ་མས༔ ཧོཿབསོད་ནམས་ཚོགས་ཆེན་སྔོན་བསགས་པའི༔ ལས་དང་སྐལ་བར་ལྡན་པ་རྣམས༔ ཚུལ་ལ་གནས་ཤིང་ཚུལ་བཞིན་དུ༔ ཉམས་སུ་ལེན་ན་དབང་བསྐུར་བྱ༔ དེ་ནས་སྐྱབས་སེམས་ལ་འཇུག༔ མཐར་རྡོ་རྗེའི་རྭ་རྩེས་དམྱལ་ཆུ་ལྕེ་ལ་བཞག༔ ཧོཿའདི་ནི་ཁྱོོད་ཀྱི་དམྱལ་བའི་ཆུ༔ དམ་ཚིག་འདས་ན་སྙིང་བསྲེགས་ནས༔ རྡོ་རྗེ་དམྱལ་བར་ཡུན་རིང་གནས༔ བསྲུང་ན་ཚེ་འདིར་མངོན་སངས་རྒྱས༔ དེ་ཕྱིར་དམ་ཚིག་རྡོ་རྗེའི་ཆུ༔ འཐུང་ལ་དམ་ཚིག་རྟག་ཏུ་བསྲུང་༔ སློབ་བུ་ཀུན་གྱི་མནའ་ཐོ་བྱ༔ ས་མ་ཡ་ན་ར་ཀན༔ དེ་ནས་སློབ་མ་ལྷར་གསལ་ལ་ཡེ་ཤེས་པ་བསྟིམ༔ ཏིཥྛ་བཛྲ་ཞེས་བརྟན་པར་བྱ༔ དེ་ནས་བུམ་པ་ཐོགས་ལ༔ ཧཱུྃ༔ སྐྱེ་མེད་བུམ་པའི་གཞལ་ཡས་སུ༔ མ་ཅིག་གསང་བ་ཡེ་ཤེས་དང་༔ སྒྱུ་འཕྲུལ་མཁའ་འགྲོའི་དཀྱིལ་འཁོར་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ སྐུ་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ ཨོཾ་གུ་ཧྱ་ཛྙཱ་ན་ཌཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་སརྦ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཐོད་པ་བདུད་རྩི་ཐོགས་ལ༔ ཧོཿཡེ་ཤེས་དབྱིངས་ཀྱི་ཀ་པཱ་ལར༔ གསུང་གི་སྙིང་པོ་བདུད་རྩི་འཁྱིལ༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ མ་ཅིག་གསང་བ་ཡེ་ཤེས་དང་༔ སྒྱུ་འཕྲུལ་མཁའ་འགྲོ་རབ་འབྱམས་ཀྱི༔ གསང་དབང་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་གུ་ཧྱ་ཛྙཱ་ན༔ སོགས་ཝཱཀ་ཨ་བྷི་ཥིཉྩ་ཨཿདེ་ནས་གྲི་གུག་ཐོགས་ལ༔ ཧཱུྃ༔ རང་སྣང་དབང་སྡུད་གྲི་གུག་གིས༔ གཞན་སྣང་མ་ལུས་ཟིལ་གྱིས་གནོན༔ རབ་འབྱམས་མཁའ་འགྲོའི་ཐུགས་དབང་རྫོགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ གསང་བ་ཡེ་ཤེས་མཁའ་འགྲོ་དང་༔ སྒྱུ་འཕྲུལ་རབ་འབྱམས་མཁའ་འགྲོ་ཡི༔ ཐུགས་དབང་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་གུ་ཧྱ་ཛྙཱ་ན་སོགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཤེལ་རྡོ་ཐོགས་ལ༔ ཧཱུྃ༔ ཤེལ་མིག་སྦྱར་བ་འདི་ལ་ལྟོས༔ འོད་ལྔ་རིག་པའི་ཡེ་ཤེས་ལྔ༔ སྣང་སྲིད་མ་ལུས་སེམས་སུ་རྫོགས༔ ཀ་དག་ཚིག་གི་དབང་ཐོབ་ཤོག༔ ཨོཾ་གུ་ཧྱ་ཛྙཱ་ན་སོགས་སརྦ་ཨ་བྷི་ཥིཉྩ་སྭཱ༔ དེ་ནས་གསང་བ་ཡེ་ཤེས་ཀྱི་སྐུ་ཐོགས་ལ༔ ཧཱུྃ༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ལོངས་སྐུ་གསང་བ་ཡེ་ཤེས་དང་༔ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་མ༔ ཡེ་ཤེས་རང་མདངས་མཁའ་འགྲོ་བཞི༔ ཕྲིན་ལས་ཐོགས་མེད་སྒོ་མ་བཞི༔ སྒྱུ་འཕྲུལ་མཁའ་འགྲོའི་དཀྱིལ་འཁོར་རྣམས༔ ཡེ་ཤེས་དབྱིངས་སུ་ཐ་མི་དད༔ རྣམ་མང་ངོ་བོ་གཅིག་དྲིལ་ལྷ༔ ལོངས་སྐུ་གསང་བ་ཡེ་ཤེས་ཀྱི༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རབ་འབྱམས་ཕྲིན་ལས་དབང་ཐོབ་ཤོག༔ ཨོཾ་གུ་ཧྱ་ཛྙཱ་ན་ཌཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་སརྦ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་ཁ་ཊྭཱྃ་དང་གྲི་ཐོད་ཐོགས་ལ༔ ཧཱུྃ༔ རྩ་གསུམ་སྐུ་གསུམ་ལྷུན་གྲུབ་དང་༔ དུག་གསུམ་དབྱིངས་སུ་སྒྲོལ་བའི་མཚོན༔ གྲི་གུག་སྣང་སྲིད་དབང་སྡུད་མཚོན༔ ཐོད་ཁྲག་ཁམས་གསུམ་ཁྲག་ཏུ་རོལ༔ རབ་འབྱམས་མཁའ་འགྲོའི་ཕྲིན་ལས་རྫོགས༔ སྐལ་ལྡན་བུ་ལ་དབང་བསྒུར་རོ༔ ཕྲིན་ལས་ཐོགས་མེད་དབང་ཐོབ་ཤོག༔ ཧཱུྃ་ཧྲཱིཿམ་ཧ་རི་ནི་ས་སརྦ་ས་མ་ཡ་སརྦ་ཀརྨ་ཨ་བྷི་ཥིཉྩ༔ དེ་ནས་ཧྲཱིཿམ་བྷྱོ་ཛཿའི་ཡི་གེ་ཐོགས་ལ༔ ཧཱུཾ་ཧྲཱི༔ མཁའ་འགྲོ་རབ་འབྱམས་ཡོངས་ཀྱི་ཐུགས༔ ཧྲི༔ མ་བྷྱོ་ཛ༔ འི་ཡི་གེ་ཤར༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ མ་མོ་མཁའ་འགྲོ་རྒྱ་མཚོ་ཡི༔ སྲོག་དབང་ཡོངས་རྫོགས་ཐོབ་པར་ཤོག༔ ཧྲཱིཿམ་བྷྱོ་ཛཿཨ་བྷི་ཥིཉྩ༔ དེ་ནས་གཏོར་མ་ཐོགས་ལ༔ ཧཱུྃ༔ སྣང་སྲིད་གཞིར་བཞེངས་བ་ལིཾ་ཏ༔ རབ་འབྱམས་མཁའ་འགྲོའི་དཀྱིལ་འཁོར་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་ནས༔ དཀྱིལ་འཁོར་ཡོངས་ལ་དབང་ཐོབ་ཅིང་༔ རང་སྣང་དབང་དུ་སྡུད་པ་ཡིས༔ གཞན་སྣང་ཟིལ་གྱིས་གནོན་པ་དང་༔ བརྟུལ་ཞུགས་སྤྱོད་པ་མཐར་ཕྱིན་ནས༔ དོན་གཉིས་མཐར་ཕྱིན་དབང་ཐོབ་ཤོག༔ བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེའི་བདེན་སྟོབས་སོ༔ ཆོས་ཉིད་ཀྱི་བདེན་པའོ༔ གསང་སྔགས་ཀྱི་བྱིན་གྱིས་བརླབས་སོ༔ འཕགས་པའི་དགེ་འདུན་གྱི་བདེན་སྟོབས་སོ༔ མ་ཚོགས་མཁའ་འགྲོའི་དམ་ཚིག་གིས༔ སྐལ་ལྡན་སློབ་མ་རྣམས་ལ་མ་དང་མཁའ་འགྲོའི་དབང་དང་དངོས་གྲུབ་དགོངས་པ་མཐུ་སྟོབས་བྱིན་རླབས་གར་བསྒྱུར་གདུལ་བྱ་ཐམས་ཅད་ཚེ་འདི་ཉིད་ལ་ཐོབ་པར་གྱུར་ཅིག༔ སྨིན་པར་གྱུར་ཅིག༔ གྲོལ་བར་གྱུར་ཅིག༔ དབང་བར་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ལན་གསུམ་བརྗོད༔ མཐའ་རྟེན་བཀྲ་ཤིས་རྫས་རྟགས་གཏད༔ མེ་ཏོག་འཐོར་ཞིང་ཤིས་པ་བརྗོད༔ ཚོགས་ཀྱི་དགའ་སྟོན་ལོངས་སྤྱོད་ཅིང་༔ གླུ་གར་རོལ་མོ་རོལ་རྩེད་བསྒྱུར༔ འདི་འབྲེལ་སྐལ་ལྡན་ཕོ་མོ་རྣམས༔ ཚེ་འདིར་མངོན་སངས་རྒྱས་འགྱུར་རོ༔ བདུད་འདུལ་པདྨ་ཐོད་ཕྲེང་བཀའ་བཞིན་དུ༔ བུད་མེད་མཚོ་རྒྱལ་བདག་གིས་ཡི་གེར་བཀོད༔ བཀའ་འདི་བཙན་རྒྱལ་སྐྱ་གཅིག་ཁྱོད་ལ་གཏད༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཉན་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱཿབརྡ་ཐིམ༔ ཞེས་པ་འདི་ཡང་སྔགས་འཆང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་རོལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཞལ་བཤུས་ཏེ་འབྲོས་ཕུག་ཏུ་དག་པར་ཕབ་པའི་ཡི་གེའི་མཐུན་རྐྱེན་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།སརྦ་མངྒ་ལཾ།།།།