TTDL-ZABTER-01-KA-016: Difference between revisions

From Dudjom Wiki
TTDL-ZABTER-01-KA-016
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རིག་འཛིན་བླ་མ་འདུས་པའི་ཚོགས་མཆོད་ནོར་བུའི་དོ་ཤལ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག་༡༧༧༔ བླ་མ་སྒྲུབ་པའི་རྣལ་འབྱོར་གྱིས༔ ཉམས་ཆག་འགལ་འཁྲུལ་སྐོང་བའི་ཕྱིར༔ འབྱོར་ཚོགས་འདོད་ཡོན་བཤམས་ནས་སུ༔ ནམ་མཁའ་མཛོད་ཀྱི་དགོངས་རྒྱས་བཏབ༔ ཧཱུྃ༔ མ་རིག་ལས་ཉོན་གཟུང་འཛིན་གྱིས༔ བསླད་པའི་འབག་རྩོག་དྲི་མ་ཀུན༔ བདག་མེད་བརྟུལ་ཞུགས་ཆེན་པོས་སྦྱངས༔ གསང་གསུམ་ནུས་པས་བྱིན་གྱིས་བརླབས༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ རང་སྣང་འོག་མིན་བདེ་ཆེན་ཞིང་༔ མི་འགྱུར་གསང་ཆེན་གཞལ་ཡས་ནས༔ རིག་འཛིན་བླ་མའི་དཀྱིལ་འཁོར་ལྷ༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ སརྦ་མ་ཧཱ་གུ་རུ་བཛྲ་ས་མ་ཡ་ཛཿཛཿདེ་ནས་ཚོགས་ཕུད་འབུལ་བ་ནི༔ ཧཱུྃ༔ དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ རིག་འཛིན་བླ་མའི་དཀྱིལ་འཁོར་དུ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ན་མོ་མ་ཧཱ་གུ་རུ་སརྦ་གྷ་ཎ་ཙཀྲ་ལ་ཁཱ་ཧི༔ དེ་ནས་ཉམས་པ་བཤགས་པ་ནི༔ ན་མོ༔ རིག་འཛིན་བླ་མའི་སྤྱན་སྔ་རུ༔ དམ་ཚིག་ཉམས་འགལ་ཅི་མཆིས་པ༔ ཞལ་ཟས་ཚོགས་ཀྱིས་བསྐང་ཞིང་བཤགས༔ བཟོད་གསོལ་ཚངས་པའི་དངོས་གྲུབ་སྩོལ༔ ཨོཾ་གྷ་ཎ་ཙཀྲ་སཏྭ་ས་མ་ཡ༔ སོགས༔ དེ་ནས་བསྟན་དགྲ་བསྒྲལ་བ་ནི༔ ཧཱུྃ༔ བླ་མེད་གསང་ཆེན་དཀྱིལ་འཁོར་ནས༔ རིག་འཛིན་བླ་མ་སྐུར་བཞེངས་ཤིག༔ བསྟན་ལ་སྡང་བའི་ཞིང་བཅུ་འདི༔ མངོན་སྤྱོད་ཤུགས་ཀྱིས་རྡུལ་དུ་རློག༔ རཱུ་ཏྲ་ཨ་མུ་ཀ་མཱ་ར་ཡ་ཕཊ༔ དེ་ནས་ཞལ་དུ་བསྟབ་པ་ནི༔ ཧཱུྃ༔ ཞིང་བཅུ་བསྒྲལ་བའི་ཕུང་པོ་འདི༔ རིག་འཛིན་ལྷ་ཚོགས་ཞལ་དུ་བསྟབ༔ དགྱེས་པར་དགོངས་ལ་བཞེས་ཤིག་རོལ༔ རྣམ་ཤེས་དག་པའི་ས་ལ་སྤོར༔ མ་ཧཱ་མཱཾ་ས་རཀྟ་ཙིཏྟ་ལ་ཁཱ་ཧི༔ དེ་ནས་ལྷག་མ་འབུལ་བ་ནི༔ བྷྱོ༔ དཔལ་གྱི་བཀའ་སྡོད་ལྷག་སྐྱོང་ཚོགས༔ འདིར་གཤེགས་ལྷག་མའི་ལོངས་སྤྱོད་རོལ༔ བསྟན་དང་བསྟན་འཛིན་སྡེ་སྐྱོངས་ལ༔ བྱང་ཆུབ་སྒྲུབ་པའི་བར་ཆད་ཟློག༔ ཨོཾ་ཨུཙྪིཥྚ་བ་ལིངྟ་ཁཱ་ཧི༔ དེ་ནས་ཆད་མདོ་བཏང་བ་ནི༔ ཧཱུྃ་བྷྱོ༔ ཐོག་མཐའ་བར་གསུམ་རྩོད་ལྡན་ཡན༔ རིག་འཛིན་བརྒྱུད་པའི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་བསྟན་སྲུང་སྡེ༔ འདིར་གཤེགས་དམར་གྱི་གཏོར་མ་ལོངས༔ ཆོས་སྲིད་མངའ་ཐང་འཕེལ་རྒྱས་ཤིང་༔ བསམ་པ་སྒྲུབས་ལ་བར་ཆད་ཟློག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དམ་ལས་མ་འདའ་ས་མ་ཡ༔ དེ་ནས་བརྟན་མ་སྐྱོང་བ་ནི༔ ཧཱུྃ༔ རིག་འཛིན་རྡོ་རྗེ་ཐོད་ཕྲེང་གིས༔ དམ་བཏགས་དབང་བསྐུར་བཀའ་བསྒོས་པའི༔ མ་སྲིང་བརྟན་མ་དཔོན་གཡོག་རྣམས༔ འདིར་གཤེགས་བཤལ་ཆུའི་གཏོར་མ་ལོངས༔ སྒྲུབ་པའི་རྣལ་འབྱོར་མཆེད་ལྕམ་སྲུངས༔ མ་མ་ཧྲཱིཾ་ཧྲཱིཾ་ཨི་དཾ་བ་ལིངྟ་ཁཱ་ཧི༔ དེ་ནས་རྟ་བྲོ་བརྡུང་བ་ནི༔ ཧཱུྃ༔ བདག་རྟོག་འཁོར་བའི་རཱུ་ཏྲ་ལ༔ བདག་མེད་རོལ་པའི་རྟ་བྲོ་བརྡུང་༔ ཆོས་ཉིད་བརྡལ་ཁྱབ་དབྱིངས་སུ་བཅོམ༔ ནམ་ཡང་ལྡང་མེད་བྲོ་རྒྱས་གདབ༔ སྟྭཾ་བྷ་ཡ་ནན༔ མཱ་ར་ཡ་ནན༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ རིག་འཛིན་བླ་མའི་གསང་ཆེན་བཅུད༔ སྨིན་གྲོལ་དབང་བྱིན་དངོས་གྲུབ་ཀུན༔ ད་ལྟ་ཉིད་དུ་བདག་ལ་སྩོལ༔ རྣམ་པར་གྲོལ་བའི་དབུགས་འབྱིན་མཛོད༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱིཿདེ་ནས་བསྔོ་བ་སྨོན་ལམ་ནི༔ ཧཱུྃ༔ བདག་གི་དུས་གསུམ་དགེ་རྩ་ཀུན༔ ཟག་མེད་བདེ་བ་ཆེན་པོར་བསྔོ༔ འཁོར་འདས་དག་མཉམ་རོལ་པ་རུ༔ བྱང་ཆུབ་ཆེན་པོར་སངས་རྒྱས་ཤོག༔ དེ་ནས་བསྡུ་བའི་རིམ་པ་ནི༔ ཧཱུྃ༔ སྒྱུ་འཕྲུལ་བླ་མའི་དཀྱིལ་འཁོར་ལྷ༔ གདོད་མའི་ཡེ་གཞི་ཆེན་པོར་གཤེགས༔ གཉིས་མེད་ལྷན་སྐྱེས་ཡེ་ཤེས་ཉིད༔ མངོན་གྱུར་རང་གྲོལ་རང་ངོ་སྤྲོད༔ ཨ་ཨ་ཨ༔ དེ་ནས་བཀྲ་ཤིས་བྱ་བ་ནི༔ ཧཱུྃ༔ གདོད་ནས་མ་བཅོས་ཆོས་ཀྱི་སྐུ༔ ལྷུན་གྲུབ་རོལ་པ་ལོངས་སྤྱོད་རྫོགས༔ གང་འདུལ་ཐུགས་རྗེ་འགྲོ་བའི་མགོན༔ རིག་འཛིན་བླ་མའི་བཀྲ་ཤིས་ཤོག༔ དེ་ལྟར་དུས་གསུམ་སངས་རྒྱས་ཀུན༔ ཡོངས་འདུས་བདག་ཉིད་བླ་མ་ཡི༔ སྒྲུབ་པ་ལྷུར་ལེན་སྐལ་བཟང་ཀུན༔ ཚེ་འདིར་གྲོལ་འགྱུར་གདོན་མི་ཟ༔ གྲུབ་རྟགས་མངོན་དུ་མ་གྱུར་བར༔ སྒྲུབ་ལ་གཞོལ་མཛད་སྐལ་བཟང་རྣམས༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་མ༔ བཀའ་འདི་བརྡ་ཡི་རིས་སུ་ཐོབས༔ རྡོ་རྗེ་བྲག་ལ་གཏེར་དུ་སྦོས༔ བཀའ་སྲུང་གནོད་སྦྱིན་ཤན་པས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདིའང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཡོངས་གྲུབ་རིག་པའི་རྡོ་རྗེའོ།།དགེའོ།།སརྦ་མངྒ་ལཾ།།།།[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=01
|volumeLetter=KA
|textnuminvol=016
|pdflink=File:TTDL-ZABTER-01-KA-016.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-01-KA
}}
<h1>Tibetan Text</h1>
<onlyinclude>
{{TibP|༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རིག་འཛིན་བླ་མ་འདུས་པའི་ཚོགས་མཆོད་ནོར་བུའི་དོ་ཤལ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག་༡༧༧༔ བླ་མ་སྒྲུབ་པའི་རྣལ་འབྱོར་གྱིས༔ ཉམས་ཆག་འགལ་འཁྲུལ་སྐོང་བའི་ཕྱིར༔ འབྱོར་ཚོགས་འདོད་ཡོན་བཤམས་ནས་སུ༔ ནམ་མཁའ་མཛོད་ཀྱི་དགོངས་རྒྱས་བཏབ༔ ཧཱུྃ༔ མ་རིག་ལས་ཉོན་གཟུང་འཛིན་གྱིས༔ བསླད་པའི་འབག་རྩོག་དྲི་མ་ཀུན༔ བདག་མེད་བརྟུལ་ཞུགས་ཆེན་པོས་སྦྱངས༔ གསང་གསུམ་ནུས་པས་བྱིན་གྱིས་བརླབས༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ རང་སྣང་འོག་མིན་བདེ་ཆེན་ཞིང་༔ མི་འགྱུར་གསང་ཆེན་གཞལ་ཡས་ནས༔ རིག་འཛིན་བླ་མའི་དཀྱིལ་འཁོར་ལྷ༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ སརྦ་མ་ཧཱ་གུ་རུ་བཛྲ་ས་མ་ཡ་ཛཿཛཿདེ་ནས་ཚོགས་ཕུད་འབུལ་བ་ནི༔ ཧཱུྃ༔ དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ རིག་འཛིན་བླ་མའི་དཀྱིལ་འཁོར་དུ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ན་མོ་མ་ཧཱ་གུ་རུ་སརྦ་གྷ་ཎ་ཙཀྲ་ལ་ཁཱ་ཧི༔ དེ་ནས་ཉམས་པ་བཤགས་པ་ནི༔ ན་མོ༔ རིག་འཛིན་བླ་མའི་སྤྱན་སྔ་རུ༔ དམ་ཚིག་ཉམས་འགལ་ཅི་མཆིས་པ༔ ཞལ་ཟས་ཚོགས་ཀྱིས་བསྐང་ཞིང་བཤགས༔ བཟོད་གསོལ་ཚངས་པའི་དངོས་གྲུབ་སྩོལ༔ ཨོཾ་གྷ་ཎ་ཙཀྲ་སཏྭ་ས་མ་ཡ༔ སོགས༔ དེ་ནས་བསྟན་དགྲ་བསྒྲལ་བ་ནི༔ ཧཱུྃ༔ བླ་མེད་གསང་ཆེན་དཀྱིལ་འཁོར་ནས༔ རིག་འཛིན་བླ་མ་སྐུར་བཞེངས་ཤིག༔ བསྟན་ལ་སྡང་བའི་ཞིང་བཅུ་འདི༔ མངོན་སྤྱོད་ཤུགས་ཀྱིས་རྡུལ་དུ་རློག༔ རཱུ་ཏྲ་ཨ་མུ་ཀ་མཱ་ར་ཡ་ཕཊ༔ དེ་ནས་ཞལ་དུ་བསྟབ་པ་ནི༔ ཧཱུྃ༔ ཞིང་བཅུ་བསྒྲལ་བའི་ཕུང་པོ་འདི༔ རིག་འཛིན་ལྷ་ཚོགས་ཞལ་དུ་བསྟབ༔ དགྱེས་པར་དགོངས་ལ་བཞེས་ཤིག་རོལ༔ རྣམ་ཤེས་དག་པའི་ས་ལ་སྤོར༔ མ་ཧཱ་མཱཾ་ས་རཀྟ་ཙིཏྟ་ལ་ཁཱ་ཧི༔ དེ་ནས་ལྷག་མ་འབུལ་བ་ནི༔ བྷྱོ༔ དཔལ་གྱི་བཀའ་སྡོད་ལྷག་སྐྱོང་ཚོགས༔ འདིར་གཤེགས་ལྷག་མའི་ལོངས་སྤྱོད་རོལ༔ བསྟན་དང་བསྟན་འཛིན་སྡེ་སྐྱོངས་ལ༔ བྱང་ཆུབ་སྒྲུབ་པའི་བར་ཆད་ཟློག༔ ཨོཾ་ཨུཙྪིཥྚ་བ་ལིངྟ་ཁཱ་ཧི༔ དེ་ནས་ཆད་མདོ་བཏང་བ་ནི༔ ཧཱུྃ་བྷྱོ༔ ཐོག་མཐའ་བར་གསུམ་རྩོད་ལྡན་ཡན༔ རིག་འཛིན་བརྒྱུད་པའི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་བསྟན་སྲུང་སྡེ༔ འདིར་གཤེགས་དམར་གྱི་གཏོར་མ་ལོངས༔ ཆོས་སྲིད་མངའ་ཐང་འཕེལ་རྒྱས་ཤིང་༔ བསམ་པ་སྒྲུབས་ལ་བར་ཆད་ཟློག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དམ་ལས་མ་འདའ་ས་མ་ཡ༔ དེ་ནས་བརྟན་མ་སྐྱོང་བ་ནི༔ ཧཱུྃ༔ རིག་འཛིན་རྡོ་རྗེ་ཐོད་ཕྲེང་གིས༔ དམ་བཏགས་དབང་བསྐུར་བཀའ་བསྒོས་པའི༔ མ་སྲིང་བརྟན་མ་དཔོན་གཡོག་རྣམས༔ འདིར་གཤེགས་བཤལ་ཆུའི་གཏོར་མ་ལོངས༔ སྒྲུབ་པའི་རྣལ་འབྱོར་མཆེད་ལྕམ་སྲུངས༔ མ་མ་ཧྲཱིཾ་ཧྲཱིཾ་ཨི་དཾ་བ་ལིངྟ་ཁཱ་ཧི༔ དེ་ནས་རྟ་བྲོ་བརྡུང་བ་ནི༔ ཧཱུྃ༔ བདག་རྟོག་འཁོར་བའི་རཱུ་ཏྲ་ལ༔ བདག་མེད་རོལ་པའི་རྟ་བྲོ་བརྡུང་༔ ཆོས་ཉིད་བརྡལ་ཁྱབ་དབྱིངས་སུ་བཅོམ༔ ནམ་ཡང་ལྡང་མེད་བྲོ་རྒྱས་གདབ༔ སྟྭཾ་བྷ་ཡ་ནན༔ མཱ་ར་ཡ་ནན༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ རིག་འཛིན་བླ་མའི་གསང་ཆེན་བཅུད༔ སྨིན་གྲོལ་དབང་བྱིན་དངོས་གྲུབ་ཀུན༔ ད་ལྟ་ཉིད་དུ་བདག་ལ་སྩོལ༔ རྣམ་པར་གྲོལ་བའི་དབུགས་འབྱིན་མཛོད༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱིཿདེ་ནས་བསྔོ་བ་སྨོན་ལམ་ནི༔ ཧཱུྃ༔ བདག་གི་དུས་གསུམ་དགེ་རྩ་ཀུན༔ ཟག་མེད་བདེ་བ་ཆེན་པོར་བསྔོ༔ འཁོར་འདས་དག་མཉམ་རོལ་པ་རུ༔ བྱང་ཆུབ་ཆེན་པོར་སངས་རྒྱས་ཤོག༔ དེ་ནས་བསྡུ་བའི་རིམ་པ་ནི༔ ཧཱུྃ༔ སྒྱུ་འཕྲུལ་བླ་མའི་དཀྱིལ་འཁོར་ལྷ༔ གདོད་མའི་ཡེ་གཞི་ཆེན་པོར་གཤེགས༔ གཉིས་མེད་ལྷན་སྐྱེས་ཡེ་ཤེས་ཉིད༔ མངོན་གྱུར་རང་གྲོལ་རང་ངོ་སྤྲོད༔ ཨ་ཨ་ཨ༔ དེ་ནས་བཀྲ་ཤིས་བྱ་བ་ནི༔ ཧཱུྃ༔ གདོད་ནས་མ་བཅོས་ཆོས་ཀྱི་སྐུ༔ ལྷུན་གྲུབ་རོལ་པ་ལོངས་སྤྱོད་རྫོགས༔ གང་འདུལ་ཐུགས་རྗེ་འགྲོ་བའི་མགོན༔ རིག་འཛིན་བླ་མའི་བཀྲ་ཤིས་ཤོག༔ དེ་ལྟར་དུས་གསུམ་སངས་རྒྱས་ཀུན༔ ཡོངས་འདུས་བདག་ཉིད་བླ་མ་ཡི༔ སྒྲུབ་པ་ལྷུར་ལེན་སྐལ་བཟང་ཀུན༔ ཚེ་འདིར་གྲོལ་འགྱུར་གདོན་མི་ཟ༔ གྲུབ་རྟགས་མངོན་དུ་མ་གྱུར་བར༔ སྒྲུབ་ལ་གཞོལ་མཛད་སྐལ་བཟང་རྣམས༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་མ༔ བཀའ་འདི་བརྡ་ཡི་རིས་སུ་ཐོབས༔ རྡོ་རྗེ་བྲག་ལ་གཏེར་དུ་སྦོས༔ བཀའ་སྲུང་གནོད་སྦྱིན་ཤན་པས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདིའང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཡོངས་གྲུབ་རིག་པའི་རྡོ་རྗེའོ།།དགེའོ།།སརྦ་མངྒ་ལཾ།།།།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:43, 4 June 2024

Wylie title TTDL-ZABTER-01-KA-016.pdf
Location bdud 'joms gling pa zab gter
Volume 1, Text 16, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རིག་འཛིན་བླ་མ་འདུས་པའི་ཚོགས་མཆོད་ནོར་བུའི་དོ་ཤལ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག་༡༧༧༔ བླ་མ་སྒྲུབ་པའི་རྣལ་འབྱོར་གྱིས༔ ཉམས་ཆག་འགལ་འཁྲུལ་སྐོང་བའི་ཕྱིར༔ འབྱོར་ཚོགས་འདོད་ཡོན་བཤམས་ནས་སུ༔ ནམ་མཁའ་མཛོད་ཀྱི་དགོངས་རྒྱས་བཏབ༔ ཧཱུྃ༔ མ་རིག་ལས་ཉོན་གཟུང་འཛིན་གྱིས༔ བསླད་པའི་འབག་རྩོག་དྲི་མ་ཀུན༔ བདག་མེད་བརྟུལ་ཞུགས་ཆེན་པོས་སྦྱངས༔ གསང་གསུམ་ནུས་པས་བྱིན་གྱིས་བརླབས༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ རང་སྣང་འོག་མིན་བདེ་ཆེན་ཞིང་༔ མི་འགྱུར་གསང་ཆེན་གཞལ་ཡས་ནས༔ རིག་འཛིན་བླ་མའི་དཀྱིལ་འཁོར་ལྷ༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ སརྦ་མ་ཧཱ་གུ་རུ་བཛྲ་ས་མ་ཡ་ཛཿཛཿདེ་ནས་ཚོགས་ཕུད་འབུལ་བ་ནི༔ ཧཱུྃ༔ དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ རིག་འཛིན་བླ་མའི་དཀྱིལ་འཁོར་དུ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ན་མོ་མ་ཧཱ་གུ་རུ་སརྦ་གྷ་ཎ་ཙཀྲ་ལ་ཁཱ་ཧི༔ དེ་ནས་ཉམས་པ་བཤགས་པ་ནི༔ ན་མོ༔ རིག་འཛིན་བླ་མའི་སྤྱན་སྔ་རུ༔ དམ་ཚིག་ཉམས་འགལ་ཅི་མཆིས་པ༔ ཞལ་ཟས་ཚོགས་ཀྱིས་བསྐང་ཞིང་བཤགས༔ བཟོད་གསོལ་ཚངས་པའི་དངོས་གྲུབ་སྩོལ༔ ཨོཾ་གྷ་ཎ་ཙཀྲ་སཏྭ་ས་མ་ཡ༔ སོགས༔ དེ་ནས་བསྟན་དགྲ་བསྒྲལ་བ་ནི༔ ཧཱུྃ༔ བླ་མེད་གསང་ཆེན་དཀྱིལ་འཁོར་ནས༔ རིག་འཛིན་བླ་མ་སྐུར་བཞེངས་ཤིག༔ བསྟན་ལ་སྡང་བའི་ཞིང་བཅུ་འདི༔ མངོན་སྤྱོད་ཤུགས་ཀྱིས་རྡུལ་དུ་རློག༔ རཱུ་ཏྲ་ཨ་མུ་ཀ་མཱ་ར་ཡ་ཕཊ༔ དེ་ནས་ཞལ་དུ་བསྟབ་པ་ནི༔ ཧཱུྃ༔ ཞིང་བཅུ་བསྒྲལ་བའི་ཕུང་པོ་འདི༔ རིག་འཛིན་ལྷ་ཚོགས་ཞལ་དུ་བསྟབ༔ དགྱེས་པར་དགོངས་ལ་བཞེས་ཤིག་རོལ༔ རྣམ་ཤེས་དག་པའི་ས་ལ་སྤོར༔ མ་ཧཱ་མཱཾ་ས་རཀྟ་ཙིཏྟ་ལ་ཁཱ་ཧི༔ དེ་ནས་ལྷག་མ་འབུལ་བ་ནི༔ བྷྱོ༔ དཔལ་གྱི་བཀའ་སྡོད་ལྷག་སྐྱོང་ཚོགས༔ འདིར་གཤེགས་ལྷག་མའི་ལོངས་སྤྱོད་རོལ༔ བསྟན་དང་བསྟན་འཛིན་སྡེ་སྐྱོངས་ལ༔ བྱང་ཆུབ་སྒྲུབ་པའི་བར་ཆད་ཟློག༔ ཨོཾ་ཨུཙྪིཥྚ་བ་ལིངྟ་ཁཱ་ཧི༔ དེ་ནས་ཆད་མདོ་བཏང་བ་ནི༔ ཧཱུྃ་བྷྱོ༔ ཐོག་མཐའ་བར་གསུམ་རྩོད་ལྡན་ཡན༔ རིག་འཛིན་བརྒྱུད་པའི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་བསྟན་སྲུང་སྡེ༔ འདིར་གཤེགས་དམར་གྱི་གཏོར་མ་ལོངས༔ ཆོས་སྲིད་མངའ་ཐང་འཕེལ་རྒྱས་ཤིང་༔ བསམ་པ་སྒྲུབས་ལ་བར་ཆད་ཟློག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དམ་ལས་མ་འདའ་ས་མ་ཡ༔ དེ་ནས་བརྟན་མ་སྐྱོང་བ་ནི༔ ཧཱུྃ༔ རིག་འཛིན་རྡོ་རྗེ་ཐོད་ཕྲེང་གིས༔ དམ་བཏགས་དབང་བསྐུར་བཀའ་བསྒོས་པའི༔ མ་སྲིང་བརྟན་མ་དཔོན་གཡོག་རྣམས༔ འདིར་གཤེགས་བཤལ་ཆུའི་གཏོར་མ་ལོངས༔ སྒྲུབ་པའི་རྣལ་འབྱོར་མཆེད་ལྕམ་སྲུངས༔ མ་མ་ཧྲཱིཾ་ཧྲཱིཾ་ཨི་དཾ་བ་ལིངྟ་ཁཱ་ཧི༔ དེ་ནས་རྟ་བྲོ་བརྡུང་བ་ནི༔ ཧཱུྃ༔ བདག་རྟོག་འཁོར་བའི་རཱུ་ཏྲ་ལ༔ བདག་མེད་རོལ་པའི་རྟ་བྲོ་བརྡུང་༔ ཆོས་ཉིད་བརྡལ་ཁྱབ་དབྱིངས་སུ་བཅོམ༔ ནམ་ཡང་ལྡང་མེད་བྲོ་རྒྱས་གདབ༔ སྟྭཾ་བྷ་ཡ་ནན༔ མཱ་ར་ཡ་ནན༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ རིག་འཛིན་བླ་མའི་གསང་ཆེན་བཅུད༔ སྨིན་གྲོལ་དབང་བྱིན་དངོས་གྲུབ་ཀུན༔ ད་ལྟ་ཉིད་དུ་བདག་ལ་སྩོལ༔ རྣམ་པར་གྲོལ་བའི་དབུགས་འབྱིན་མཛོད༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱིཿདེ་ནས་བསྔོ་བ་སྨོན་ལམ་ནི༔ ཧཱུྃ༔ བདག་གི་དུས་གསུམ་དགེ་རྩ་ཀུན༔ ཟག་མེད་བདེ་བ་ཆེན་པོར་བསྔོ༔ འཁོར་འདས་དག་མཉམ་རོལ་པ་རུ༔ བྱང་ཆུབ་ཆེན་པོར་སངས་རྒྱས་ཤོག༔ དེ་ནས་བསྡུ་བའི་རིམ་པ་ནི༔ ཧཱུྃ༔ སྒྱུ་འཕྲུལ་བླ་མའི་དཀྱིལ་འཁོར་ལྷ༔ གདོད་མའི་ཡེ་གཞི་ཆེན་པོར་གཤེགས༔ གཉིས་མེད་ལྷན་སྐྱེས་ཡེ་ཤེས་ཉིད༔ མངོན་གྱུར་རང་གྲོལ་རང་ངོ་སྤྲོད༔ ཨ་ཨ་ཨ༔ དེ་ནས་བཀྲ་ཤིས་བྱ་བ་ནི༔ ཧཱུྃ༔ གདོད་ནས་མ་བཅོས་ཆོས་ཀྱི་སྐུ༔ ལྷུན་གྲུབ་རོལ་པ་ལོངས་སྤྱོད་རྫོགས༔ གང་འདུལ་ཐུགས་རྗེ་འགྲོ་བའི་མགོན༔ རིག་འཛིན་བླ་མའི་བཀྲ་ཤིས་ཤོག༔ དེ་ལྟར་དུས་གསུམ་སངས་རྒྱས་ཀུན༔ ཡོངས་འདུས་བདག་ཉིད་བླ་མ་ཡི༔ སྒྲུབ་པ་ལྷུར་ལེན་སྐལ་བཟང་ཀུན༔ ཚེ་འདིར་གྲོལ་འགྱུར་གདོན་མི་ཟ༔ གྲུབ་རྟགས་མངོན་དུ་མ་གྱུར་བར༔ སྒྲུབ་ལ་གཞོལ་མཛད་སྐལ་བཟང་རྣམས༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་མ༔ བཀའ་འདི་བརྡ་ཡི་རིས་སུ་ཐོབས༔ རྡོ་རྗེ་བྲག་ལ་གཏེར་དུ་སྦོས༔ བཀའ་སྲུང་གནོད་སྦྱིན་ཤན་པས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདིའང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཡོངས་གྲུབ་རིག་པའི་རྡོ་རྗེའོ།།དགེའོ།།སརྦ་མངྒ་ལཾ།།།།