TTDL-ZABTER-15-BA-012: Difference between revisions

From Dudjom Wiki
TTDL-ZABTER-15-BA-012
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
དག་སྣང་ཡེ་ཤེས་དྲྭ་བ་ལས༔ འཇམ་དཔལ་སྨྲ་བའི་སེང་གེའི་སྒོམ་བཟླས་ཡེ་ཤེས་ཉི་མ་བཞུགས༔ ༠༠༠༠བརྡ་ཡིག༦༡ན་མོ་གུ་རུ་པདྨ་ཀ་ར་ཡེ༔ འཇམ་དཔལ་བསྒོམ་པའི་གནད་བྱང་ནི༔ ཨཱཿསྣང་བ་ཐམས་ཅད་སྟོང་པར་ཞི༔ ཀ་དག་མངོན་གྱུར་སྤྲོས་མཐའ་བྲལ༔ དབྱིངས་ལས་ཧྲཱིཿཡིག་དམར་པོ་ཤར༔ ལྷུན་གྲུབ་བདེ་ཆེན་ཞིང་ཁམས་སུ༔ པདྨ་ཉི་ཟླ་བརྩེགས་པའི་སྟེང་༔ སེང་གེ་སྔོན་པོ་རབ་ཏུ་འགྱིང་༔ དེ་སྟེང་ཧྲཱི༔ ཡིག་ཡོངས་གྱུར་ལས༔ འཇམ་དཔལ་དམར་པོ་པད་རཱག་མདོག༔ རབ་མཛེས་གཞོན་ནུའི་ལང་ཚོས་བརྒྱན༔ ཕྱག་གཡས་རལ་གྲི་གཡོན་པོ་ཏི༔ ཞི་འཛུམ་ལོངས་སྐུའི་ཆས་རྣམས་རྫོགས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་ཉི་ཟླའི་གྭའུའི་སྦུབས༔ ཧྲཱིཿདམར་ཉིད་ལ་སྔགས་ཀྱིས་བསྐོར༔ མདུན་དུ་པདྨ་ཟླ་གདན་ལ༔ དབྱངས་ཅན་མཐིང་ག་བཞེངས་སྟབས་བཞུགས༔ ཕྱག་ན་རལ་གྲི་པོ་ཏི་བསྣམས༔ ཞི་འཛུམ་མཚན་དཔེའི་ལང་ཚོས་མཛེས༔ ལོངས་སྐུའི་ཆས་རྫོགས་འོད་ཕུང་འབར༔ ཐུགས་ཀར་འོད་ཀྱི་ཐིག་ལེའི་སྦུབས༔ ཧྲཱིཿསྔོན་ཉིད་ལ་སྔགས་གཡོན་འཁོར༔ ཤེས་རབ་ཡེ་ཤེས་འོད་ཟེར་གྱིས༔ དུས་གསུམ་རྒྱལ་བའི་དབང་དངོས་གྲུབ༔ འཇའ་ཡི་སྤྲིན་དཔུང་འཐིབས་པ་བཞིན༔ ཚུར་འདུས་བདག་ལ་ཐིམ་པར་དམིགས༔ ཤེས་རབ་ཡེ་ཤེས་འབར་བར་བསྒོམ༔ ཨོཾ་ཧྲཱི༔ དྷི་མ་མི་དྷི་པཾ་མཉྫུ་ཤྲཱི་མུཾ་ཧྲཱི༔ པྲཛྙུ་ཝརྡྷ་ནི་ཧྲཱི༔ དྷི་སྭཱ་ཧཱ༔ ཤེས་པ་གཞན་དུ་མ་ཡེངས་པར༔ ལྷ་ཡི་ང་རྒྱལ་བརྟན་པ་དང་༔ མི་ཚིག་རྣམས་ཀྱིས་བར་མ་ཆོད༔ སྔགས་ཀྱི་བཟླས་པ་དག་ལ་འབད༔ ཤེས་རབ་ཡེ་ཤེས་རབ་རྒྱས་ཤིང་༔ ཚེ་འདིར་རྣམ་པར་གྲོལ་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ཡང་རང་གི་ཚ་བོ་ལྷ་རྗེས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཕབ་པའོ།།དགེའོ།།།།[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=15
|volumeLetter=BA
|textnuminvol=012
|pdflink=File:TTDL-ZABTER-15-BA-012.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-15-BA
}}
<h1>Tibetan Text</h1>
<onlyinclude>
{{TibP|དག་སྣང་ཡེ་ཤེས་དྲྭ་བ་ལས༔ འཇམ་དཔལ་སྨྲ་བའི་སེང་གེའི་སྒོམ་བཟླས་ཡེ་ཤེས་ཉི་མ་བཞུགས༔ ༠༠༠༠བརྡ་ཡིག༦༡ན་མོ་གུ་རུ་པདྨ་ཀ་ར་ཡེ༔ འཇམ་དཔལ་བསྒོམ་པའི་གནད་བྱང་ནི༔ ཨཱཿསྣང་བ་ཐམས་ཅད་སྟོང་པར་ཞི༔ ཀ་དག་མངོན་གྱུར་སྤྲོས་མཐའ་བྲལ༔ དབྱིངས་ལས་ཧྲཱིཿཡིག་དམར་པོ་ཤར༔ ལྷུན་གྲུབ་བདེ་ཆེན་ཞིང་ཁམས་སུ༔ པདྨ་ཉི་ཟླ་བརྩེགས་པའི་སྟེང་༔ སེང་གེ་སྔོན་པོ་རབ་ཏུ་འགྱིང་༔ དེ་སྟེང་ཧྲཱི༔ ཡིག་ཡོངས་གྱུར་ལས༔ འཇམ་དཔལ་དམར་པོ་པད་རཱག་མདོག༔ རབ་མཛེས་གཞོན་ནུའི་ལང་ཚོས་བརྒྱན༔ ཕྱག་གཡས་རལ་གྲི་གཡོན་པོ་ཏི༔ ཞི་འཛུམ་ལོངས་སྐུའི་ཆས་རྣམས་རྫོགས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་ཉི་ཟླའི་གྭའུའི་སྦུབས༔ ཧྲཱིཿདམར་ཉིད་ལ་སྔགས་ཀྱིས་བསྐོར༔ མདུན་དུ་པདྨ་ཟླ་གདན་ལ༔ དབྱངས་ཅན་མཐིང་ག་བཞེངས་སྟབས་བཞུགས༔ ཕྱག་ན་རལ་གྲི་པོ་ཏི་བསྣམས༔ ཞི་འཛུམ་མཚན་དཔེའི་ལང་ཚོས་མཛེས༔ ལོངས་སྐུའི་ཆས་རྫོགས་འོད་ཕུང་འབར༔ ཐུགས་ཀར་འོད་ཀྱི་ཐིག་ལེའི་སྦུབས༔ ཧྲཱིཿསྔོན་ཉིད་ལ་སྔགས་གཡོན་འཁོར༔ ཤེས་རབ་ཡེ་ཤེས་འོད་ཟེར་གྱིས༔ དུས་གསུམ་རྒྱལ་བའི་དབང་དངོས་གྲུབ༔ འཇའ་ཡི་སྤྲིན་དཔུང་འཐིབས་པ་བཞིན༔ ཚུར་འདུས་བདག་ལ་ཐིམ་པར་དམིགས༔ ཤེས་རབ་ཡེ་ཤེས་འབར་བར་བསྒོམ༔ ཨོཾ་ཧྲཱི༔ དྷི་མ་མི་དྷི་པཾ་མཉྫུ་ཤྲཱི་མུཾ་ཧྲཱི༔ པྲཛྙུ་ཝརྡྷ་ནི་ཧྲཱི༔ དྷི་སྭཱ་ཧཱ༔ ཤེས་པ་གཞན་དུ་མ་ཡེངས་པར༔ ལྷ་ཡི་ང་རྒྱལ་བརྟན་པ་དང་༔ མི་ཚིག་རྣམས་ཀྱིས་བར་མ་ཆོད༔ སྔགས་ཀྱི་བཟླས་པ་དག་ལ་འབད༔ ཤེས་རབ་ཡེ་ཤེས་རབ་རྒྱས་ཤིང་༔ ཚེ་འདིར་རྣམ་པར་གྲོལ་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ཡང་རང་གི་ཚ་བོ་ལྷ་རྗེས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཕབ་པའོ།།དགེའོ།།།།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:43, 4 June 2024

Wylie title TTDL-ZABTER-15-BA-012.pdf
Location bdud 'joms gling pa zab gter
Volume 15, Text 12, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
དག་སྣང་ཡེ་ཤེས་དྲྭ་བ་ལས༔ འཇམ་དཔལ་སྨྲ་བའི་སེང་གེའི་སྒོམ་བཟླས་ཡེ་ཤེས་ཉི་མ་བཞུགས༔ ༠༠༠༠བརྡ་ཡིག༦༡ན་མོ་གུ་རུ་པདྨ་ཀ་ར་ཡེ༔ འཇམ་དཔལ་བསྒོམ་པའི་གནད་བྱང་ནི༔ ཨཱཿསྣང་བ་ཐམས་ཅད་སྟོང་པར་ཞི༔ ཀ་དག་མངོན་གྱུར་སྤྲོས་མཐའ་བྲལ༔ དབྱིངས་ལས་ཧྲཱིཿཡིག་དམར་པོ་ཤར༔ ལྷུན་གྲུབ་བདེ་ཆེན་ཞིང་ཁམས་སུ༔ པདྨ་ཉི་ཟླ་བརྩེགས་པའི་སྟེང་༔ སེང་གེ་སྔོན་པོ་རབ་ཏུ་འགྱིང་༔ དེ་སྟེང་ཧྲཱི༔ ཡིག་ཡོངས་གྱུར་ལས༔ འཇམ་དཔལ་དམར་པོ་པད་རཱག་མདོག༔ རབ་མཛེས་གཞོན་ནུའི་ལང་ཚོས་བརྒྱན༔ ཕྱག་གཡས་རལ་གྲི་གཡོན་པོ་ཏི༔ ཞི་འཛུམ་ལོངས་སྐུའི་ཆས་རྣམས་རྫོགས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་ཉི་ཟླའི་གྭའུའི་སྦུབས༔ ཧྲཱིཿདམར་ཉིད་ལ་སྔགས་ཀྱིས་བསྐོར༔ མདུན་དུ་པདྨ་ཟླ་གདན་ལ༔ དབྱངས་ཅན་མཐིང་ག་བཞེངས་སྟབས་བཞུགས༔ ཕྱག་ན་རལ་གྲི་པོ་ཏི་བསྣམས༔ ཞི་འཛུམ་མཚན་དཔེའི་ལང་ཚོས་མཛེས༔ ལོངས་སྐུའི་ཆས་རྫོགས་འོད་ཕུང་འབར༔ ཐུགས་ཀར་འོད་ཀྱི་ཐིག་ལེའི་སྦུབས༔ ཧྲཱིཿསྔོན་ཉིད་ལ་སྔགས་གཡོན་འཁོར༔ ཤེས་རབ་ཡེ་ཤེས་འོད་ཟེར་གྱིས༔ དུས་གསུམ་རྒྱལ་བའི་དབང་དངོས་གྲུབ༔ འཇའ་ཡི་སྤྲིན་དཔུང་འཐིབས་པ་བཞིན༔ ཚུར་འདུས་བདག་ལ་ཐིམ་པར་དམིགས༔ ཤེས་རབ་ཡེ་ཤེས་འབར་བར་བསྒོམ༔ ཨོཾ་ཧྲཱི༔ དྷི་མ་མི་དྷི་པཾ་མཉྫུ་ཤྲཱི་མུཾ་ཧྲཱི༔ པྲཛྙུ་ཝརྡྷ་ནི་ཧྲཱི༔ དྷི་སྭཱ་ཧཱ༔ ཤེས་པ་གཞན་དུ་མ་ཡེངས་པར༔ ལྷ་ཡི་ང་རྒྱལ་བརྟན་པ་དང་༔ མི་ཚིག་རྣམས་ཀྱིས་བར་མ་ཆོད༔ སྔགས་ཀྱི་བཟླས་པ་དག་ལ་འབད༔ ཤེས་རབ་ཡེ་ཤེས་རབ་རྒྱས་ཤིང་༔ ཚེ་འདིར་རྣམ་པར་གྲོལ་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ཡང་རང་གི་ཚ་བོ་ལྷ་རྗེས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཕབ་པའོ།།དགེའོ།།།།