TTDL-ZABTER-08-NYA-051: Difference between revisions
From Dudjom Wiki
TTDL-ZABTER-08-NYA-051
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
བརྡ་ཡིག་༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གནོད་སྦྱིན་ཤན་པ་དམར་ནག་གི་ལས་བྱང་བསྟན་དགྲའི་སྲོག་འདྲེན་ལྕགས་ཀྱུ་འབར་བ་བཞུགས་སོ༔ | {{Text | ||
བརྡ་ཡིག་༠༠༠༠༠༠༔ པདྨ་དྲག་པོ་རྩལ་ལ་ཕྱག་འཚལ་ལོ༔ བརྡ་ཡིག་༠༠༠༠༠༠༤༦༦༔ བདག་འདྲ་པདྨ་ཐོད་ཕྲེང་ངས༔ ཟབ་ཆོས་གསང་བ་སྐོར་གསུམ་ཆ་རྐྱེན་དུ༔ བསྟན་སྲུང་ཆེན་པོའི་བསྒྲུབ་པ་བསྟན་པར་བྱ༔ མ་འོངས་ང་ཡི་བརྒྱུད་འཛིན་གང་ཟག་རྣམས༔ གྲོགས་སུ་དམ་ཅན་སྲུང་མ་བསྟེན༔ ལས་སུ་བསྒྲུབ་ན་དཀྱིལ་འཁོར་ཉམས་སུ་ལོངས༔ བློ་ཕུག་རྩ་བ་གསུམ་ལ་རྒྱུན་དུ་གཏོད༔ འདི་ནི་ལས་ལ་མྱུར་བའི་སྲུང་མ་མཆོག༔ འདི་ཕྱི་མཐུན་རྐྱེན་ཐམས་ཅད་འབྱུང་བའི་གནས༔ དམ་ཚིག་ཅན་ལ་བུ་ལྟར་བརྩེ་བ་དང་༔ དམ་ཉམས་སྲོག་གི་གཤེད་དམར་བསྔགས་པ་སྟེ༔ ཉམས་སུ་ལེན་པའི་གང་ཟག་སྐལ་པ་རུ༔ ང་ཡིས་གསང་མཛོད་སྒོ་ཕྱེས་བསྟན་པ་ཡིན༔ སྙིང་ཐིག་ཉམས་སུ་ལེན་རྣམས་འདི་ལ་བརྩོན༔ ཟང་ཟིང་ཟས་ནོར་འདོད་ཀྱང་འདིས་ཐོབ་ཅིང་༔ ཟག་མེད་དགེ་བའི་བར་ཆད་ཀུན་སེལ་འགྱུར༔ དེ་ཕྱིར་འདི་ཉིད་ཉམས་སུ་ལེན་པར་གྱིས༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ དང་པོ་ཡི་དམ་ལྷ་བསྒོམ་སྔགས་བཟླས་ཏེ༔ དེ་ནས་སྒྲུབ་རྫས་མཆོད་རྫས་གཞུང་བཞིན་བཤམས༔ རང་ཉིད་ཡི་དམ་ལྷ་ཡི་ང་རྒྱལ་གྱིས༔ ཨོཾ་སྭ་བྷཱ་ཝ་སོགས་སྟོང་པའི་ངང་ལས་རང་ཉིད་དཔལ་ཆེན་པོ་ཡི་དམ་ལྷ་ཡི་ང་རྒྱལ་དང་ལྡན་པའི་མདུན་དུ༔ མེ་རླུང་འཚུབས་མ་འཁྱིལ་བའི་ཀློང་དུ་བྷྲུྃ་ལས་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ༔ པདྨ་དང་ཉི་མའི་གདན་ལ་ཧཱུྃ་ཡིག་དམར་ནག་མེ་འབར་བ་གཅིག་ཡོངས་སུ་གྱུར་པ་ལས༔ དབང་དྲག་ཆེན་པོ་གནོད་སྦྱིན་ཤན་པ་དམར་ནག་ཞལ་གཅིག་ཕྱག་བཞི་པ༔ གཡས་ཀྱི་དང་པོ་ན་སྣང་སྲིད་དབང་སྡུད་ཀྱི་གྲི་གུག་དང་༔ གཡོན་གྱི་དང་པོ་ན་ཁམས་གསུམ་ཁྲག་ཏུ་རོལ་པའི་ཐོད་ཁྲག་ཐུགས་ཀར་བསྣམས་པ༔ ཕྱག་འོག་མ་གཉིས་ཀྱིས་རལ་གྲི་དང་དགྲ་སྙིང་དམར་རློན་བསྣམས་པ༔ སྐུ་སྟོད་ལ་གླང་ཆེན་གྱི་ཀོ་རློན་དང་རྐེད་པ་ལ་མི་ལྤགས་ཀྱི་གཡང་གཞི་སྨད་ལ་སྟག་ལྤགས་ཀྱི་ཤམ་ཐབས་གསོལ་བ༔ ཐོད་སྐམ་གྱི་དབུ་རྒྱན་ཐོད་རློན་གྱི་ཕྲེང་བ་གདོལ་པའི་དོ་ཤལ་སྦྲུལ་ནག་གི་གདུ་བུ་དང་སྤྱི་བོར་ཐལ་ཆེན་གྱི་ཚོམ་བུ༔ མཁུར་ཚོས་ལ་རཀྟའི་ཐིག་ལེ༔ ཞལ་ལ་ཞག་གི་ཟོ་རིས༔ རིན་པོ་ཆེའི་སྙན་ཆས་བརྒྱན་པ༔ དབུ་སྐྲ་དང་སྨ་ར་སྨིན་མར་མེ་ཡི་ཚྭ་ཚྭ་འཕྲོ་བ༔ སྤྱན་གསུམ་དམར་ཟླུམ་གློག་ལྟར་འཁྱིལ་བ༔ ཁྲོ་གཏུམ་རྔམས་ཤིང་བརྗིད་པ༔ མཆེ་བ་ཟླ་ལྟར་མན་དུ་གཙིགས་པ་མེ་ཁྱུང་དམར་པོའི་སྟེང་དུ་ཞབས་གཉིས་གྱད་ཀྱི་འདོར་སྟབས་སུ་བགྲད་པ་བསྐལ་པའི་མེ་དཔུང་དམར་ནག་འབར་བའི་ཀློང་དུ་བསྐྱེད་དོ༔ དེའི་མདུན་དུ་རྒྱལ་པོ་རྣམ་ཐོས་སྲས་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་ཞི་འཛུམ་གྱི་མདངས་དང་ལྡན་པ་རྒྱལ་མཚན་དང་ནེའུ་ལེ་བསྣམས་ཤིང་གོ་ཁྲབ་དང་བསེ་རྨོག་གསོལ་བ་སེང་གེ་དཀར་མོའི་སྟེང་དུ་ཕྱེད་འགྱིང་གིས་བཞུགས་པར་བསྒོམ༔ གཡས་སུ་དྲང་སྲོང་གཟའ་བདུད་མིག་དམར་སྐུ་མདོག་དམར་ནག་ཕྱག་གཡས་མདུང་ཐུང་གཡོན་པས་སྦྲུལ་ཞགས་བསྣམས་པ་བེར་ནག་གསོལ་ཞིང་ཁྲོ་གཏུམ་རྔམས་བརྗིད་ཀྱི་ཉམས་ཅན་བདུད་རྟ་ནག་པོ་ལ་ཆིབས་པར་བསྒོམ༔ གཡོན་དུ་བྷྱོཿལས་དབྱིངས་ཀྱི་ཡུམ་མཆོག་གསོད་བྱེད་མ་དམར་མོ་ཞལ་གཅིག་ཕྱག་གཉིས་གཡས་སྤུ་གྲི་དང་གཡོན་པས་དགྲ་སྙིང་དམར་རློན་གསོལ་བ་རྟ་དམར་ལ་ཆིབས་ཤིང་ཁྲོ་གཏུམ་རྔམས་བརྗིད་ཀྱི་ཉམས་དང་ལྡན་པ་ཞིག་ཏུ་བསྐྱེད་དོ༔ དེའི་ཕྱི་རིམ་དུ་སྤྲུལ་པའི་འཁོར་བརྒྱད་དང་མངགས་གཞུག་སྡེ་བརྒྱད་ཀྱི་ཚོགས་དང་བཅས་པ་ལྷ་མིའི་ཁྲོམ་ཚོགས་པ་བཞིན་དུ་བསྐྱེད་དོ༔ དེ་རྣམས་ཀྱི་ཐུགས་ཀར་རང་རང་གི་མིང་ཡིག་དང་པོ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་དབྱིངས་དང་འཇིག་རྟེན་གྱི་གནས་ནས་གནོད་སྦྱིན་ཆེན་པོ་ཤན་པ་དམར་ནག་སྤྲུལ་པ་དང་ཡང་སྤྲུལ་བཀའ་སྡོད་དང་བཅས་པ་སྤྱན་དྲངས་ལ་བསྟིམ་མོ༔ ཨོཾ་མ་ཧཱ་ཀྲོ་ཏ་དམའ་རུ་རྩེ་གུ་ཎ་ཧྲཱིཿད་སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་སརྦ་ལོ་ཀ་པཱ་ལ་བཛྲ་ས་མ་ཡ་ཛ་ཛཿཛཿཧཱུྃ་བཾ་ཧོཿདེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ་ཛཿཧེ་ཆེན་བརྡལ་བའི་དུར་ཁྲོད་ནས༔ གནོད་སྦྱིན་ཆེན་པོ་གཤེགས་སུ་གསོལ༔ བྱང་ཕྱོགས་གཏེར་གྱི་གཞལ་ཡས་ནས༔ རྒྱལ་ཆེན་རྣམ་སྲས་གཤེགས་སུ་གསོལ༔ ནམ་མཁའ་ཡངས་པའི་ཀློང་དཀྱིལ་ནས༔ གཟའ་བདུད་མིག་དམར་གཤེགས་སུ་གསོལ༔ ན་ལེན་ཤིང་ལེན་གནས་མཆོག་ནས༔ གསོད་བྱེད་དམར་མོ་གཤེགས་སུ་གསོལ༔ ཤར་ཕྱོགས་སྟག་འདུ་ལྷ་ཁང་ནས༔ སྟག་གི་གདོང་ཅན་གཤེགས་སུ་གསོལ༔ འུབ་ཆུམ་ལྡན་པའི་བྲག་རི་ནས༔ གཟིག་གི་གདོང་ཅན་གཤེགས་སུ་གསོལ༔ བྲག་དམར་ལྡེམ་ལྡེམ་ཁྱུང་ཚང་ནས༔ དོམ་གྱི་མགོ་ཅན་གཤེགས་སུ་གསོལ༔ བྲག་ནག་མུ་ལའི་ཏ་ཀ་ནས༔ གཡག་གི་མགོ་ཅན་གཤེགས་སུ་གསོལ༔ རོལ་པ་སྟེང་གི་མཚོ་ནག་ནས༔ རྨ་བྱའི་གདོང་ཅན་གཤེགས་སུ་གསོལ༔ ཕུང་བྱའི་གྲོང་ཁྱེར་ནག་པོ་ནས༔ ནེ་ཙོའི་གདོང་ཅན་གཤེགས་སུ་གསོལ༔ ཡངས་པ་རིམ་གྱི་ལུང་པ་ནས༔ ཤང་ཤང་གདོང་ཅན་གཤེགས་སུ་གསོལ༔ གཏིང་སེ་མཛོད་ཀྱི་ནང་ཤེད་ནས༔ ཉ་མོའི་གདོང་ཅན་གཤེགས་སུ་གསོལ༔ བཀའ་དང་དམ་ཚིག་གཞལ་ཡས་ནས༔ ལྷ་སྲིན་སྡེ་བརྒྱད་གཤེགས་སུ་གསོལ༔ དད་པ་དང་ནི་དམ་ཚིག་གི༔ གདུང་བའི་ང་རོས་ཁྱོད་འབོད་དོ༔ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ བརྩེ་བའི་ཐུགས་ཀྱིས་ཕྲིན་ལས་སྒྲུབ༔ བཛྲ་ས་མ་ཡ་ཛ་ཛཿཛཿཧཱུྃ་བཾ་ཧོཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ དབང་དྲག་ཆེན་པོ་དམའ་རུ་རྩེ༔ སྤྲུལ་འཁོར་བྱེ་བ་འབུམ་སྡེ་བཅས༔ རང་རང་དགྱེས་པའི་གདན་སྟེངས་སུ༔ ཕྲིན་ལས་བསྒྲུབ་ཕྱིར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ མ་རུངས་གདུག་པ་འདུལ་མཛད་ཕྱིར༔ འཇིགས་བྱེད་ཆེན་པོའི་སྐུར་སྟོན་པ༔ གནོད་སྦྱིན་དམར་ནག་འཁོར་བཅས་ལ༔ བསྟན་པ་བསྲུང་ཕྱིར་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོཿདེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་གཟུགས་སྐུར་སྟོན༔ མ་རུངས་འདུལ་མཛད་དྲག་པོའི་སྐུ༔ གནོད་སྦྱིན་ཆེན་པོ་འཁོར་བཅས་ལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ གཟུགས་སྒྲ་དྲི་རོ་རེག་བྱ་སོགས༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ བདུད་རྩི་སྨན་གཏོར་རཀྟ་སོགས༔ གསང་བའི་མཆོད་པ་དམ་པ་འབུལ༔ གསེར་དངུལ་ཟངས་ལྕགས་བཻཌཱུཪྻ༔ རིན་ཆེན་ལྔ་ཡི་མཆོད་པ་འབུལ༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་ཅིང་༔ དགྲ་བགེགས་མ་ལུས་རྡུལ་དུ་རློག༔ ཨོཾ་མ་ཧཱ་ཨརྒྷཾ་སོགས་ཤཔྟ་རཱུ་པ་སོགས་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཧོཿདེ་ནས་བསྟོད་པ་ནི༔ ཧཱུྃ༔ གསང་སྔགས་བསྟན་སྲུང་རྫུ་འཕྲུལ་ཅན༔ ཆོས་ཀྱི་དབྱིངས་ལས་གཟུགས་སྐུར་སྟོན༔ གདོད་ནས་ཀུན་བཟང་རོལ་པ་ལས༔ མ་རུངས་འདུལ་ཕྱིར་དྲག་པོའི་སྐུ༔ འཁོར་འདས་ཡོངས་ལ་དབང་བསྒྱུར་ཕྱིར༔ སྤྲུལ་དང་ཡང་སྤྲུལ་དཔག་ཡས་འགྱེད༔ སྣང་སྲིད་སྐད་ཅིག་དབང་བསྒྱུར་ཕྱིར༔ སྤྲུལ་པའི་མེ་ཁྱུང་དམར་པོ་ཆིབས༔ བསྟན་སྲུང་ཆེན་པོ་ཁྱོད་ལ་བསྟོད༔ དབང་དང་དྲག་པོའི་ཕྲིན་ལས་ལ༔ ཐོགས་མེད་བསྒྱུར་ཕྱིར་དམར་ནག་འབར༔ ཕྲིན་ལས་ལྷུན་གྲུབ་ཕྱག་བཞི་པ༔ སྣང་སྲིད་དབང་སྡུད་གྲི་གུག་དང་༔ ཁམས་གསུམ་ཁྲག་རོལ་ཐོད་ཁྲག་བསྣམས༔ མ་རིག་རྩད་གཅོད་ཤེས་རབ་མཚོན༔ བསྟན་དགྲའི་སྲོག་གི་ཙིཏྟ་བསྣམས༔ བསྟན་སྲུང་རྒྱལ་པོ་ཁྱོད་ལ་བསྟོད༔ ཡེ་ཤེས་རང་མདངས་མེ་འོད་ཀློང་༔ རབ་འཇིགས་དུར་ཁྲོད་ཆས་ཀྱིས་བརྒྱན༔ འཇིགས་བྱེད་དབང་གི་རྒྱལ་པོ་ཆེ༔ གནོད་སྦྱིན་ཆེན་པོའི་ཆོ་འབྲང་འཚལ༔ བསྟན་སྲུང་ཁྱོད་ལ་ཕྱག་འཚལ་བསྟོད༔ ཡིད་བཞིན་ནོར་ལ་དབང་མཛད་བདག༔ རྣམ་ཐོས་སྲས་ལ་ཕྱག་འཚལ་བསྟོད༔ སྣང་སྲིད་ཁམས་ལ་དབང་མཛད་པ༔ གཟའ་བདུད་རྒྱལ་པོའི་སྐུ་ལ་བསྟོད༔ གནས་ཡུལ་དུར་ཁྲོད་ཀུན་གྱི་བདག༔ སྙིང་འབྱིན་དམར་མོར་ཕྱག་འཚལ་བསྟོད༔ དགྲ་བགེགས་སྲོག་གི་གཤེད་མ་ཆེ༔ སྤྲུལ་འཁོར་ཡོངས་རྫོགས་ཚོགས་ལ་བསྟོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ཉིད་བསྒྲུབ་པའི་གང་ཟག་རྣམས༔ ཕྲིན་ལས་ཐོགས་མེད་བར་ཆད་སེལ༔ འདོད་དོན་བསམ་བཞིན་འགྲུབ་འགྱུར་རོ༔ བུད་མེད་ཡེ་ཤེས་མཚོ་རྒྱལ་ངས༔ ཀུན་བཟང་པདྨའི་བཀའ་བཞིན་བྲིས༔ མ་འོངས་དོན་དུ་གཏེར་དུ་སྦས༔ མ་མོ་སྲིད་པའི་རྒྱལ་མོར་བཅོལ༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྣལ་འབྱོར་དབང་ཕྱུག་ནུས་ལྡན་རྡོ་རྗེ་རྩལ།།གར་དབང་བདུད་འཇོམས་རྡོ་རྗེའི་གཏེར་མའོ།།མཁས་ཆེད་ཡིག་བྲིས་བདག་ལ་བྱེད་བློ་མེད།།པདྨའི་བཀའ་བཞིན་རྣམ་དཀར་ཤོག་གུར་བསྒྱུར།།ཡི་གེའི་རིས་བྱེད་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།བཀྲ་ཤིས།ཨྠིྀ།།།། | |classification=Tibetan Publications | ||
|subclass=Tibetan Texts | |||
|collectiontitle=bdud 'joms gling pa zab gter | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|totalvolumes=21 | |||
|author=bdud 'joms gling pa | |||
|authortib=བདུད་འཇོམས་གླིང་པ་ | |||
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=08 | |||
|volumeLetter=NYA | |||
|textnuminvol=051 | |||
|pdflink=File:TTDL-ZABTER-08-NYA-051.pdf | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-08-NYA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|བརྡ་ཡིག་༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གནོད་སྦྱིན་ཤན་པ་དམར་ནག་གི་ལས་བྱང་བསྟན་དགྲའི་སྲོག་འདྲེན་ལྕགས་ཀྱུ་འབར་བ་བཞུགས་སོ༔ | |||
བརྡ་ཡིག་༠༠༠༠༠༠༔ པདྨ་དྲག་པོ་རྩལ་ལ་ཕྱག་འཚལ་ལོ༔ བརྡ་ཡིག་༠༠༠༠༠༠༤༦༦༔ བདག་འདྲ་པདྨ་ཐོད་ཕྲེང་ངས༔ ཟབ་ཆོས་གསང་བ་སྐོར་གསུམ་ཆ་རྐྱེན་དུ༔ བསྟན་སྲུང་ཆེན་པོའི་བསྒྲུབ་པ་བསྟན་པར་བྱ༔ མ་འོངས་ང་ཡི་བརྒྱུད་འཛིན་གང་ཟག་རྣམས༔ གྲོགས་སུ་དམ་ཅན་སྲུང་མ་བསྟེན༔ ལས་སུ་བསྒྲུབ་ན་དཀྱིལ་འཁོར་ཉམས་སུ་ལོངས༔ བློ་ཕུག་རྩ་བ་གསུམ་ལ་རྒྱུན་དུ་གཏོད༔ འདི་ནི་ལས་ལ་མྱུར་བའི་སྲུང་མ་མཆོག༔ འདི་ཕྱི་མཐུན་རྐྱེན་ཐམས་ཅད་འབྱུང་བའི་གནས༔ དམ་ཚིག་ཅན་ལ་བུ་ལྟར་བརྩེ་བ་དང་༔ དམ་ཉམས་སྲོག་གི་གཤེད་དམར་བསྔགས་པ་སྟེ༔ ཉམས་སུ་ལེན་པའི་གང་ཟག་སྐལ་པ་རུ༔ ང་ཡིས་གསང་མཛོད་སྒོ་ཕྱེས་བསྟན་པ་ཡིན༔ སྙིང་ཐིག་ཉམས་སུ་ལེན་རྣམས་འདི་ལ་བརྩོན༔ ཟང་ཟིང་ཟས་ནོར་འདོད་ཀྱང་འདིས་ཐོབ་ཅིང་༔ ཟག་མེད་དགེ་བའི་བར་ཆད་ཀུན་སེལ་འགྱུར༔ དེ་ཕྱིར་འདི་ཉིད་ཉམས་སུ་ལེན་པར་གྱིས༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ དང་པོ་ཡི་དམ་ལྷ་བསྒོམ་སྔགས་བཟླས་ཏེ༔ དེ་ནས་སྒྲུབ་རྫས་མཆོད་རྫས་གཞུང་བཞིན་བཤམས༔ རང་ཉིད་ཡི་དམ་ལྷ་ཡི་ང་རྒྱལ་གྱིས༔ ཨོཾ་སྭ་བྷཱ་ཝ་སོགས་སྟོང་པའི་ངང་ལས་རང་ཉིད་དཔལ་ཆེན་པོ་ཡི་དམ་ལྷ་ཡི་ང་རྒྱལ་དང་ལྡན་པའི་མདུན་དུ༔ མེ་རླུང་འཚུབས་མ་འཁྱིལ་བའི་ཀློང་དུ་བྷྲུྃ་ལས་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ༔ པདྨ་དང་ཉི་མའི་གདན་ལ་ཧཱུྃ་ཡིག་དམར་ནག་མེ་འབར་བ་གཅིག་ཡོངས་སུ་གྱུར་པ་ལས༔ དབང་དྲག་ཆེན་པོ་གནོད་སྦྱིན་ཤན་པ་དམར་ནག་ཞལ་གཅིག་ཕྱག་བཞི་པ༔ གཡས་ཀྱི་དང་པོ་ན་སྣང་སྲིད་དབང་སྡུད་ཀྱི་གྲི་གུག་དང་༔ གཡོན་གྱི་དང་པོ་ན་ཁམས་གསུམ་ཁྲག་ཏུ་རོལ་པའི་ཐོད་ཁྲག་ཐུགས་ཀར་བསྣམས་པ༔ ཕྱག་འོག་མ་གཉིས་ཀྱིས་རལ་གྲི་དང་དགྲ་སྙིང་དམར་རློན་བསྣམས་པ༔ སྐུ་སྟོད་ལ་གླང་ཆེན་གྱི་ཀོ་རློན་དང་རྐེད་པ་ལ་མི་ལྤགས་ཀྱི་གཡང་གཞི་སྨད་ལ་སྟག་ལྤགས་ཀྱི་ཤམ་ཐབས་གསོལ་བ༔ ཐོད་སྐམ་གྱི་དབུ་རྒྱན་ཐོད་རློན་གྱི་ཕྲེང་བ་གདོལ་པའི་དོ་ཤལ་སྦྲུལ་ནག་གི་གདུ་བུ་དང་སྤྱི་བོར་ཐལ་ཆེན་གྱི་ཚོམ་བུ༔ མཁུར་ཚོས་ལ་རཀྟའི་ཐིག་ལེ༔ ཞལ་ལ་ཞག་གི་ཟོ་རིས༔ རིན་པོ་ཆེའི་སྙན་ཆས་བརྒྱན་པ༔ དབུ་སྐྲ་དང་སྨ་ར་སྨིན་མར་མེ་ཡི་ཚྭ་ཚྭ་འཕྲོ་བ༔ སྤྱན་གསུམ་དམར་ཟླུམ་གློག་ལྟར་འཁྱིལ་བ༔ ཁྲོ་གཏུམ་རྔམས་ཤིང་བརྗིད་པ༔ མཆེ་བ་ཟླ་ལྟར་མན་དུ་གཙིགས་པ་མེ་ཁྱུང་དམར་པོའི་སྟེང་དུ་ཞབས་གཉིས་གྱད་ཀྱི་འདོར་སྟབས་སུ་བགྲད་པ་བསྐལ་པའི་མེ་དཔུང་དམར་ནག་འབར་བའི་ཀློང་དུ་བསྐྱེད་དོ༔ དེའི་མདུན་དུ་རྒྱལ་པོ་རྣམ་ཐོས་སྲས་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་ཞི་འཛུམ་གྱི་མདངས་དང་ལྡན་པ་རྒྱལ་མཚན་དང་ནེའུ་ལེ་བསྣམས་ཤིང་གོ་ཁྲབ་དང་བསེ་རྨོག་གསོལ་བ་སེང་གེ་དཀར་མོའི་སྟེང་དུ་ཕྱེད་འགྱིང་གིས་བཞུགས་པར་བསྒོམ༔ གཡས་སུ་དྲང་སྲོང་གཟའ་བདུད་མིག་དམར་སྐུ་མདོག་དམར་ནག་ཕྱག་གཡས་མདུང་ཐུང་གཡོན་པས་སྦྲུལ་ཞགས་བསྣམས་པ་བེར་ནག་གསོལ་ཞིང་ཁྲོ་གཏུམ་རྔམས་བརྗིད་ཀྱི་ཉམས་ཅན་བདུད་རྟ་ནག་པོ་ལ་ཆིབས་པར་བསྒོམ༔ གཡོན་དུ་བྷྱོཿལས་དབྱིངས་ཀྱི་ཡུམ་མཆོག་གསོད་བྱེད་མ་དམར་མོ་ཞལ་གཅིག་ཕྱག་གཉིས་གཡས་སྤུ་གྲི་དང་གཡོན་པས་དགྲ་སྙིང་དམར་རློན་གསོལ་བ་རྟ་དམར་ལ་ཆིབས་ཤིང་ཁྲོ་གཏུམ་རྔམས་བརྗིད་ཀྱི་ཉམས་དང་ལྡན་པ་ཞིག་ཏུ་བསྐྱེད་དོ༔ དེའི་ཕྱི་རིམ་དུ་སྤྲུལ་པའི་འཁོར་བརྒྱད་དང་མངགས་གཞུག་སྡེ་བརྒྱད་ཀྱི་ཚོགས་དང་བཅས་པ་ལྷ་མིའི་ཁྲོམ་ཚོགས་པ་བཞིན་དུ་བསྐྱེད་དོ༔ དེ་རྣམས་ཀྱི་ཐུགས་ཀར་རང་རང་གི་མིང་ཡིག་དང་པོ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་དབྱིངས་དང་འཇིག་རྟེན་གྱི་གནས་ནས་གནོད་སྦྱིན་ཆེན་པོ་ཤན་པ་དམར་ནག་སྤྲུལ་པ་དང་ཡང་སྤྲུལ་བཀའ་སྡོད་དང་བཅས་པ་སྤྱན་དྲངས་ལ་བསྟིམ་མོ༔ ཨོཾ་མ་ཧཱ་ཀྲོ་ཏ་དམའ་རུ་རྩེ་གུ་ཎ་ཧྲཱིཿད་སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་སརྦ་ལོ་ཀ་པཱ་ལ་བཛྲ་ས་མ་ཡ་ཛ་ཛཿཛཿཧཱུྃ་བཾ་ཧོཿདེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ་ཛཿཧེ་ཆེན་བརྡལ་བའི་དུར་ཁྲོད་ནས༔ གནོད་སྦྱིན་ཆེན་པོ་གཤེགས་སུ་གསོལ༔ བྱང་ཕྱོགས་གཏེར་གྱི་གཞལ་ཡས་ནས༔ རྒྱལ་ཆེན་རྣམ་སྲས་གཤེགས་སུ་གསོལ༔ ནམ་མཁའ་ཡངས་པའི་ཀློང་དཀྱིལ་ནས༔ གཟའ་བདུད་མིག་དམར་གཤེགས་སུ་གསོལ༔ ན་ལེན་ཤིང་ལེན་གནས་མཆོག་ནས༔ གསོད་བྱེད་དམར་མོ་གཤེགས་སུ་གསོལ༔ ཤར་ཕྱོགས་སྟག་འདུ་ལྷ་ཁང་ནས༔ སྟག་གི་གདོང་ཅན་གཤེགས་སུ་གསོལ༔ འུབ་ཆུམ་ལྡན་པའི་བྲག་རི་ནས༔ གཟིག་གི་གདོང་ཅན་གཤེགས་སུ་གསོལ༔ བྲག་དམར་ལྡེམ་ལྡེམ་ཁྱུང་ཚང་ནས༔ དོམ་གྱི་མགོ་ཅན་གཤེགས་སུ་གསོལ༔ བྲག་ནག་མུ་ལའི་ཏ་ཀ་ནས༔ གཡག་གི་མགོ་ཅན་གཤེགས་སུ་གསོལ༔ རོལ་པ་སྟེང་གི་མཚོ་ནག་ནས༔ རྨ་བྱའི་གདོང་ཅན་གཤེགས་སུ་གསོལ༔ ཕུང་བྱའི་གྲོང་ཁྱེར་ནག་པོ་ནས༔ ནེ་ཙོའི་གདོང་ཅན་གཤེགས་སུ་གསོལ༔ ཡངས་པ་རིམ་གྱི་ལུང་པ་ནས༔ ཤང་ཤང་གདོང་ཅན་གཤེགས་སུ་གསོལ༔ གཏིང་སེ་མཛོད་ཀྱི་ནང་ཤེད་ནས༔ ཉ་མོའི་གདོང་ཅན་གཤེགས་སུ་གསོལ༔ བཀའ་དང་དམ་ཚིག་གཞལ་ཡས་ནས༔ ལྷ་སྲིན་སྡེ་བརྒྱད་གཤེགས་སུ་གསོལ༔ དད་པ་དང་ནི་དམ་ཚིག་གི༔ གདུང་བའི་ང་རོས་ཁྱོད་འབོད་དོ༔ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ བརྩེ་བའི་ཐུགས་ཀྱིས་ཕྲིན་ལས་སྒྲུབ༔ བཛྲ་ས་མ་ཡ་ཛ་ཛཿཛཿཧཱུྃ་བཾ་ཧོཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ དབང་དྲག་ཆེན་པོ་དམའ་རུ་རྩེ༔ སྤྲུལ་འཁོར་བྱེ་བ་འབུམ་སྡེ་བཅས༔ རང་རང་དགྱེས་པའི་གདན་སྟེངས་སུ༔ ཕྲིན་ལས་བསྒྲུབ་ཕྱིར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ མ་རུངས་གདུག་པ་འདུལ་མཛད་ཕྱིར༔ འཇིགས་བྱེད་ཆེན་པོའི་སྐུར་སྟོན་པ༔ གནོད་སྦྱིན་དམར་ནག་འཁོར་བཅས་ལ༔ བསྟན་པ་བསྲུང་ཕྱིར་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོཿདེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་གཟུགས་སྐུར་སྟོན༔ མ་རུངས་འདུལ་མཛད་དྲག་པོའི་སྐུ༔ གནོད་སྦྱིན་ཆེན་པོ་འཁོར་བཅས་ལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ གཟུགས་སྒྲ་དྲི་རོ་རེག་བྱ་སོགས༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ བདུད་རྩི་སྨན་གཏོར་རཀྟ་སོགས༔ གསང་བའི་མཆོད་པ་དམ་པ་འབུལ༔ གསེར་དངུལ་ཟངས་ལྕགས་བཻཌཱུཪྻ༔ རིན་ཆེན་ལྔ་ཡི་མཆོད་པ་འབུལ༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་ཅིང་༔ དགྲ་བགེགས་མ་ལུས་རྡུལ་དུ་རློག༔ ཨོཾ་མ་ཧཱ་ཨརྒྷཾ་སོགས་ཤཔྟ་རཱུ་པ་སོགས་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཧོཿདེ་ནས་བསྟོད་པ་ནི༔ ཧཱུྃ༔ གསང་སྔགས་བསྟན་སྲུང་རྫུ་འཕྲུལ་ཅན༔ ཆོས་ཀྱི་དབྱིངས་ལས་གཟུགས་སྐུར་སྟོན༔ གདོད་ནས་ཀུན་བཟང་རོལ་པ་ལས༔ མ་རུངས་འདུལ་ཕྱིར་དྲག་པོའི་སྐུ༔ འཁོར་འདས་ཡོངས་ལ་དབང་བསྒྱུར་ཕྱིར༔ སྤྲུལ་དང་ཡང་སྤྲུལ་དཔག་ཡས་འགྱེད༔ སྣང་སྲིད་སྐད་ཅིག་དབང་བསྒྱུར་ཕྱིར༔ སྤྲུལ་པའི་མེ་ཁྱུང་དམར་པོ་ཆིབས༔ བསྟན་སྲུང་ཆེན་པོ་ཁྱོད་ལ་བསྟོད༔ དབང་དང་དྲག་པོའི་ཕྲིན་ལས་ལ༔ ཐོགས་མེད་བསྒྱུར་ཕྱིར་དམར་ནག་འབར༔ ཕྲིན་ལས་ལྷུན་གྲུབ་ཕྱག་བཞི་པ༔ སྣང་སྲིད་དབང་སྡུད་གྲི་གུག་དང་༔ ཁམས་གསུམ་ཁྲག་རོལ་ཐོད་ཁྲག་བསྣམས༔ མ་རིག་རྩད་གཅོད་ཤེས་རབ་མཚོན༔ བསྟན་དགྲའི་སྲོག་གི་ཙིཏྟ་བསྣམས༔ བསྟན་སྲུང་རྒྱལ་པོ་ཁྱོད་ལ་བསྟོད༔ ཡེ་ཤེས་རང་མདངས་མེ་འོད་ཀློང་༔ རབ་འཇིགས་དུར་ཁྲོད་ཆས་ཀྱིས་བརྒྱན༔ འཇིགས་བྱེད་དབང་གི་རྒྱལ་པོ་ཆེ༔ གནོད་སྦྱིན་ཆེན་པོའི་ཆོ་འབྲང་འཚལ༔ བསྟན་སྲུང་ཁྱོད་ལ་ཕྱག་འཚལ་བསྟོད༔ ཡིད་བཞིན་ནོར་ལ་དབང་མཛད་བདག༔ རྣམ་ཐོས་སྲས་ལ་ཕྱག་འཚལ་བསྟོད༔ སྣང་སྲིད་ཁམས་ལ་དབང་མཛད་པ༔ གཟའ་བདུད་རྒྱལ་པོའི་སྐུ་ལ་བསྟོད༔ གནས་ཡུལ་དུར་ཁྲོད་ཀུན་གྱི་བདག༔ སྙིང་འབྱིན་དམར་མོར་ཕྱག་འཚལ་བསྟོད༔ དགྲ་བགེགས་སྲོག་གི་གཤེད་མ་ཆེ༔ སྤྲུལ་འཁོར་ཡོངས་རྫོགས་ཚོགས་ལ་བསྟོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ཉིད་བསྒྲུབ་པའི་གང་ཟག་རྣམས༔ ཕྲིན་ལས་ཐོགས་མེད་བར་ཆད་སེལ༔ འདོད་དོན་བསམ་བཞིན་འགྲུབ་འགྱུར་རོ༔ བུད་མེད་ཡེ་ཤེས་མཚོ་རྒྱལ་ངས༔ ཀུན་བཟང་པདྨའི་བཀའ་བཞིན་བྲིས༔ མ་འོངས་དོན་དུ་གཏེར་དུ་སྦས༔ མ་མོ་སྲིད་པའི་རྒྱལ་མོར་བཅོལ༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྣལ་འབྱོར་དབང་ཕྱུག་ནུས་ལྡན་རྡོ་རྗེ་རྩལ།།གར་དབང་བདུད་འཇོམས་རྡོ་རྗེའི་གཏེར་མའོ།།མཁས་ཆེད་ཡིག་བྲིས་བདག་ལ་བྱེད་བློ་མེད།།པདྨའི་བཀའ་བཞིན་རྣམ་དཀར་ཤོག་གུར་བསྒྱུར།།ཡི་གེའི་རིས་བྱེད་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།བཀྲ་ཤིས།ཨྠིྀ།།།།}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 09:43, 4 June 2024
| Wylie title | ||
|---|---|---|
| Location | bdud 'joms gling pa zab gter Volume 8, Text 51, Pages (Folios to ) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | ||
| More details More details | ||
| Genre | ||