TTDL-ZABTER-15-BA-112: Difference between revisions

From Dudjom Wiki
TTDL-ZABTER-15-BA-112
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
དག་སྣང་ཡེ་ཤེས་དྲྭ་བ་ལས༔ ཟོ་དོར་གཏེར་རི་ཕྱུག་པོའི་བསང་མཆོད་འདོད་ཡོན་སྤྲིན་ཕུང་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༤༦༡བཟང་ཤིང་ཕྱེ་མར་གསུར་དུད་བཏང་༔ གསེར་སྐྱེམས་དཀར་དམར་གཏོར་མ་བཤམས༔ སྟོང་པ་ཉིད་ཀྱི་སྔགས་དང་ནི༔ ནམ་མཁའ་མཛོད་སྔགས་གསུམ་གསུམ་བརྗོད༔ ཡིད་ཀྱི་ནམ་མཁའ་མཛོད་དུ་སྤེལ༔ རང་ཉིད་ཡི་དམ་ལྷ་རུ་གསལ༔ ཟོ་དོར་གཉན་པོ་དྲན་བྱས་ནས༔ ཀྱཻ༔ ཡུལ་ནི་གསེར་ལུང་སྟོད་ཀྱི་ཆར༔ དགྲ་བླ་སྟག་གཡག་འགྱིང་བའི་སར༔ ཟངས་ལྕགས་འདྲེས་པའི་སྐུ་མཁར་ནང་༔ གཤིན་རྗེའི་ཕོ་ཉ་ནག་པོ་ཆེ༔ ཆིབས་སུ་སྟག་མོ་རི་བཀྲ་བཅིབས༔ རིན་ཆེན་གསེར་གྱི་སྒ་ཆ་འཛོམ༔ གཟིག་ལྤགས་རློན་པའི་ན་བཟའ་གསོལ༔ ཕྱག་གཡས་རལ་གྲི་འབར་བ་ཕྱར༔ གཡོན་པས་དབང་གི་ལྕགས་ཀྱུ་འཛིན༔ དབུ་ལ་རིན་ཆེན་པྲོག་ཞུ་མནབ༔ སྦྲུལ་རིག་ལྔ་ཡི་ཐོད་ཆིང་དཀྲིས༔ བྲང་དང་རྒྱབ་གཞུང་སྲུང་བའི་སྐྱབས༔ སྣ་ཚོགས་རྡོ་རྗེ་རྒྱ་གྲམ་འབར༔ དེ་ལ་དར་གྱི་དཔྱངས་ལ་འཕུར༔ ཕྱི་ལྟར་གཏེར་རི་གཡུ་རྩེ་ཞེས༔ ནང་ལྟར་གནོད་སྦྱིན་ཛམ་བྷ་ལ༔ གསང་བ་གཤིན་རྗེ་སྲོག་བདག་ནག༔ སྔོན་ཚེ་བསྐལ་པ་དང་པོ་ལ༔ ཁྲག་འཐུང་རྡོ་རྗེ་གཤོག་རྒོད་ཀྱིས༔ དམ་བཏགས་དབང་བསྐུར་མཚན་ཡང་གསོལ༔ ལས་མྱུར་རྡོ་རྗེ་སྤུ་གྲི་རྩལ༔ བསང་མཆོད་གནས་འདིར་གཤེགས་སུ་གསོལ༔ ཏིང་འཛིན་སྒྱུ་འཕྲུལ་དྲྭ་བ་ཡིས༔ བསྐྲུན་པའི་འདོད་ཡོན་ནམ་མཁའ་མཛོད༔ སྤེལ་བྱེད་བསང་གི་མཆོད་པ་འབུལ༔ བཤད་སྒྲུབ་བསྟན་པའི་མངའ་ཐང་སྤེལ༔ ཀྱཻ༔ ལས་མྱུར་རྡོ་རྗེ་དྲག་པོ་རྩལ༔ ཀླུ་ལྕམ་ཡུམ་དང་བཅས་པ་བསང་༔ ཡབ་རྗེ་རྔ་ལ་སྟག་རྩེ༴མ་ནི་དངུལ་ཆུའི་ཀླུ་མཚོ༴བླ་མཆོད་ལ་ཀོར་གསེར་ཐང་༴སྐྱབས་མགོན་དབང་ཕྱུག་ཆེན་པོ༴མེས་པོ་འབྲོང་རི་སྨུག་པོ༴ཞང་པོ་སྡོང་ར་དཀར་པོ༴དམག་དཔོན་ལྷ་རི་རྣོན་པོ༴གཟི་ལྡན་བྲག་ལྷ་དཀར་པོ༴དཀོར་མཛོད་སིལ་བའི་ཏིལ་དཀར༔ སྣ་འདྲེན་བྲག་དམར་རལ་གྲི༴ཕྱུགས་རྫི་མེ་ལྕེ་གློག་དམར༴མགར་བ་བྲག་ལྷ་གཏུམ་པོ༴སོ་མཁན་སྒོ་ཐུང་མྱུར་ལྡན༴སྒོ་སྲུང་མཁར་ལྡིང་གསེར་མིག༴བློན་ཆེན་རྫ་བཀྲ་ལྷུན་པོ་བསང་༔ གཞན་ཡང་དེ་དང་དེ་འཁོར་གྱི༔ གཉན་དང་ཀླུ་བཙན་བདུད་སྨན་ཕྲན༔ བརྒྱ་དང་སུམ་ཅུའི་ཚོགས་རྣམས་བསང་༔ རྣལ་འབྱོར་ཡང་ན་དཔོན་སློབ་ཅེས་ཁ་བསྒྱུར་བདག་ཅག་འཁོར་བཅས་ཀྱི༔ དགོན་གནས་ཆོས་སྡེ་འདི་ཉིད་ཀྱི༔ མདུན་རྒྱབ་གཡས་གཡོན་ཕྱོགས་འཚམས་ལ༔ གནས་པའི་ས་བདག་སྡེ་བརྒྱད་བསང་༔ བསླུ་མེད་མཆོག་གསུམ་ཐུགས་རྗེ་དང་༔ བདེན་པ་གཉིས་ཀྱི་བདེན་སྟོབས་དང་༔ བསང་ཁྲུས་གཉན་པོའི་རྟེན་འབྲེལ་གྱིས༔ འགོ་ཞིང་སྐྱོབ་པའི་ལྷ་སྲུང་དང་༔ སྡོང་གྲོགས་བྱེད་པའི་གཞི་བདག་རྣམས༔ བཀྲ་ཤིས་དཔལ་འབར་དགའ་བདེ་དང་༔ མཐུ་རྩལ་མྱུར་མགྱོགས་སྟོབས་རྒྱས་ནས༔ དབང་ཕྱུག་བརྒྱ་བྱིན་ཚོགས་བདག་བཞིན༔ ལེགས་པའི་ཡོན་ཏན་ཕུན་ཚོགས་ཤིང་༔ དེའི་མཐུས་བདག་ཅག་འཁོར་དང་བཅས༔ ཆོས་སྲིད་མངའ་ཐང་དགའ་བདེ་རྒྱས༔ རྫོགས་ལྡན་དུས་ཀྱི་བསྐལ་པ་བཞིན༔ ཕན་ཚུན་མཐུན་པའི་དགེ་རྒྱས་ནས༔ བདེ་ལེགས་རྒྱུ་འབྲས་ལྷུར་ལེན་ཅིང་༔ བཤད་སྒྲུབ་བསྟན་དང་བསྟན་འཛིན་སྡེ༔ མི་ནུབ་རབ་ཏུ་འཕེལ་རྒྱས་ཤོག༔ བསྟན་ལ་རྒོལ་བའི་བདུད་སྡེ་དཔུང་༔ མེ་སྟག་ཆུ་རུ་ཕོག་པ་ལྟར༔ རྗེས་ཤུལ་མེད་པར་ནུབ་པར་ཤོག༔ ས་མ་ཡ༔ དེ་ལྟར་བསང་མཆོད་བྱས་གྱུར་ན༔ དགེ་ལེགས་ཡོན་ཏན་གོང་འཕེལ་བྱེད༔ ཅེས་པ་འདི་ཡང་རྣལ་འབྱོར་པདྨ་རྒྱལ་ཚབ་དེའི་སློབ་འབངས་ཞིང་སྐྱོང་གཉིས་ཀྱིས་བསྐུལ་ངོར་ཁྲོ་ལོད་རྩལ་གྱིས་བྲིས་པའོ།།དགེའོ།།དགེའོ།།དགེའོ།།།།[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=15
|volumeLetter=BA
|textnuminvol=112
|pdflink=File:TTDL-ZABTER-15-BA-112.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-15-BA
}}
<h1>Tibetan Text</h1>
<onlyinclude>
{{TibP|དག་སྣང་ཡེ་ཤེས་དྲྭ་བ་ལས༔ ཟོ་དོར་གཏེར་རི་ཕྱུག་པོའི་བསང་མཆོད་འདོད་ཡོན་སྤྲིན་ཕུང་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༤༦༡བཟང་ཤིང་ཕྱེ་མར་གསུར་དུད་བཏང་༔ གསེར་སྐྱེམས་དཀར་དམར་གཏོར་མ་བཤམས༔ སྟོང་པ་ཉིད་ཀྱི་སྔགས་དང་ནི༔ ནམ་མཁའ་མཛོད་སྔགས་གསུམ་གསུམ་བརྗོད༔ ཡིད་ཀྱི་ནམ་མཁའ་མཛོད་དུ་སྤེལ༔ རང་ཉིད་ཡི་དམ་ལྷ་རུ་གསལ༔ ཟོ་དོར་གཉན་པོ་དྲན་བྱས་ནས༔ ཀྱཻ༔ ཡུལ་ནི་གསེར་ལུང་སྟོད་ཀྱི་ཆར༔ དགྲ་བླ་སྟག་གཡག་འགྱིང་བའི་སར༔ ཟངས་ལྕགས་འདྲེས་པའི་སྐུ་མཁར་ནང་༔ གཤིན་རྗེའི་ཕོ་ཉ་ནག་པོ་ཆེ༔ ཆིབས་སུ་སྟག་མོ་རི་བཀྲ་བཅིབས༔ རིན་ཆེན་གསེར་གྱི་སྒ་ཆ་འཛོམ༔ གཟིག་ལྤགས་རློན་པའི་ན་བཟའ་གསོལ༔ ཕྱག་གཡས་རལ་གྲི་འབར་བ་ཕྱར༔ གཡོན་པས་དབང་གི་ལྕགས་ཀྱུ་འཛིན༔ དབུ་ལ་རིན་ཆེན་པྲོག་ཞུ་མནབ༔ སྦྲུལ་རིག་ལྔ་ཡི་ཐོད་ཆིང་དཀྲིས༔ བྲང་དང་རྒྱབ་གཞུང་སྲུང་བའི་སྐྱབས༔ སྣ་ཚོགས་རྡོ་རྗེ་རྒྱ་གྲམ་འབར༔ དེ་ལ་དར་གྱི་དཔྱངས་ལ་འཕུར༔ ཕྱི་ལྟར་གཏེར་རི་གཡུ་རྩེ་ཞེས༔ ནང་ལྟར་གནོད་སྦྱིན་ཛམ་བྷ་ལ༔ གསང་བ་གཤིན་རྗེ་སྲོག་བདག་ནག༔ སྔོན་ཚེ་བསྐལ་པ་དང་པོ་ལ༔ ཁྲག་འཐུང་རྡོ་རྗེ་གཤོག་རྒོད་ཀྱིས༔ དམ་བཏགས་དབང་བསྐུར་མཚན་ཡང་གསོལ༔ ལས་མྱུར་རྡོ་རྗེ་སྤུ་གྲི་རྩལ༔ བསང་མཆོད་གནས་འདིར་གཤེགས་སུ་གསོལ༔ ཏིང་འཛིན་སྒྱུ་འཕྲུལ་དྲྭ་བ་ཡིས༔ བསྐྲུན་པའི་འདོད་ཡོན་ནམ་མཁའ་མཛོད༔ སྤེལ་བྱེད་བསང་གི་མཆོད་པ་འབུལ༔ བཤད་སྒྲུབ་བསྟན་པའི་མངའ་ཐང་སྤེལ༔ ཀྱཻ༔ ལས་མྱུར་རྡོ་རྗེ་དྲག་པོ་རྩལ༔ ཀླུ་ལྕམ་ཡུམ་དང་བཅས་པ་བསང་༔ ཡབ་རྗེ་རྔ་ལ་སྟག་རྩེ༴མ་ནི་དངུལ་ཆུའི་ཀླུ་མཚོ༴བླ་མཆོད་ལ་ཀོར་གསེར་ཐང་༴སྐྱབས་མགོན་དབང་ཕྱུག་ཆེན་པོ༴མེས་པོ་འབྲོང་རི་སྨུག་པོ༴ཞང་པོ་སྡོང་ར་དཀར་པོ༴དམག་དཔོན་ལྷ་རི་རྣོན་པོ༴གཟི་ལྡན་བྲག་ལྷ་དཀར་པོ༴དཀོར་མཛོད་སིལ་བའི་ཏིལ་དཀར༔ སྣ་འདྲེན་བྲག་དམར་རལ་གྲི༴ཕྱུགས་རྫི་མེ་ལྕེ་གློག་དམར༴མགར་བ་བྲག་ལྷ་གཏུམ་པོ༴སོ་མཁན་སྒོ་ཐུང་མྱུར་ལྡན༴སྒོ་སྲུང་མཁར་ལྡིང་གསེར་མིག༴བློན་ཆེན་རྫ་བཀྲ་ལྷུན་པོ་བསང་༔ གཞན་ཡང་དེ་དང་དེ་འཁོར་གྱི༔ གཉན་དང་ཀླུ་བཙན་བདུད་སྨན་ཕྲན༔ བརྒྱ་དང་སུམ་ཅུའི་ཚོགས་རྣམས་བསང་༔ རྣལ་འབྱོར་ཡང་ན་དཔོན་སློབ་ཅེས་ཁ་བསྒྱུར་བདག་ཅག་འཁོར་བཅས་ཀྱི༔ དགོན་གནས་ཆོས་སྡེ་འདི་ཉིད་ཀྱི༔ མདུན་རྒྱབ་གཡས་གཡོན་ཕྱོགས་འཚམས་ལ༔ གནས་པའི་ས་བདག་སྡེ་བརྒྱད་བསང་༔ བསླུ་མེད་མཆོག་གསུམ་ཐུགས་རྗེ་དང་༔ བདེན་པ་གཉིས་ཀྱི་བདེན་སྟོབས་དང་༔ བསང་ཁྲུས་གཉན་པོའི་རྟེན་འབྲེལ་གྱིས༔ འགོ་ཞིང་སྐྱོབ་པའི་ལྷ་སྲུང་དང་༔ སྡོང་གྲོགས་བྱེད་པའི་གཞི་བདག་རྣམས༔ བཀྲ་ཤིས་དཔལ་འབར་དགའ་བདེ་དང་༔ མཐུ་རྩལ་མྱུར་མགྱོགས་སྟོབས་རྒྱས་ནས༔ དབང་ཕྱུག་བརྒྱ་བྱིན་ཚོགས་བདག་བཞིན༔ ལེགས་པའི་ཡོན་ཏན་ཕུན་ཚོགས་ཤིང་༔ དེའི་མཐུས་བདག་ཅག་འཁོར་དང་བཅས༔ ཆོས་སྲིད་མངའ་ཐང་དགའ་བདེ་རྒྱས༔ རྫོགས་ལྡན་དུས་ཀྱི་བསྐལ་པ་བཞིན༔ ཕན་ཚུན་མཐུན་པའི་དགེ་རྒྱས་ནས༔ བདེ་ལེགས་རྒྱུ་འབྲས་ལྷུར་ལེན་ཅིང་༔ བཤད་སྒྲུབ་བསྟན་དང་བསྟན་འཛིན་སྡེ༔ མི་ནུབ་རབ་ཏུ་འཕེལ་རྒྱས་ཤོག༔ བསྟན་ལ་རྒོལ་བའི་བདུད་སྡེ་དཔུང་༔ མེ་སྟག་ཆུ་རུ་ཕོག་པ་ལྟར༔ རྗེས་ཤུལ་མེད་པར་ནུབ་པར་ཤོག༔ ས་མ་ཡ༔ དེ་ལྟར་བསང་མཆོད་བྱས་གྱུར་ན༔ དགེ་ལེགས་ཡོན་ཏན་གོང་འཕེལ་བྱེད༔ ཅེས་པ་འདི་ཡང་རྣལ་འབྱོར་པདྨ་རྒྱལ་ཚབ་དེའི་སློབ་འབངས་ཞིང་སྐྱོང་གཉིས་ཀྱིས་བསྐུལ་ངོར་ཁྲོ་ལོད་རྩལ་གྱིས་བྲིས་པའོ།།དགེའོ།།དགེའོ།།དགེའོ།།།།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:43, 4 June 2024

Wylie title TTDL-ZABTER-15-BA-112.pdf
Location bdud 'joms gling pa zab gter
Volume 15, Text 112, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
དག་སྣང་ཡེ་ཤེས་དྲྭ་བ་ལས༔ ཟོ་དོར་གཏེར་རི་ཕྱུག་པོའི་བསང་མཆོད་འདོད་ཡོན་སྤྲིན་ཕུང་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༤༦༡བཟང་ཤིང་ཕྱེ་མར་གསུར་དུད་བཏང་༔ གསེར་སྐྱེམས་དཀར་དམར་གཏོར་མ་བཤམས༔ སྟོང་པ་ཉིད་ཀྱི་སྔགས་དང་ནི༔ ནམ་མཁའ་མཛོད་སྔགས་གསུམ་གསུམ་བརྗོད༔ ཡིད་ཀྱི་ནམ་མཁའ་མཛོད་དུ་སྤེལ༔ རང་ཉིད་ཡི་དམ་ལྷ་རུ་གསལ༔ ཟོ་དོར་གཉན་པོ་དྲན་བྱས་ནས༔ ཀྱཻ༔ ཡུལ་ནི་གསེར་ལུང་སྟོད་ཀྱི་ཆར༔ དགྲ་བླ་སྟག་གཡག་འགྱིང་བའི་སར༔ ཟངས་ལྕགས་འདྲེས་པའི་སྐུ་མཁར་ནང་༔ གཤིན་རྗེའི་ཕོ་ཉ་ནག་པོ་ཆེ༔ ཆིབས་སུ་སྟག་མོ་རི་བཀྲ་བཅིབས༔ རིན་ཆེན་གསེར་གྱི་སྒ་ཆ་འཛོམ༔ གཟིག་ལྤགས་རློན་པའི་ན་བཟའ་གསོལ༔ ཕྱག་གཡས་རལ་གྲི་འབར་བ་ཕྱར༔ གཡོན་པས་དབང་གི་ལྕགས་ཀྱུ་འཛིན༔ དབུ་ལ་རིན་ཆེན་པྲོག་ཞུ་མནབ༔ སྦྲུལ་རིག་ལྔ་ཡི་ཐོད་ཆིང་དཀྲིས༔ བྲང་དང་རྒྱབ་གཞུང་སྲུང་བའི་སྐྱབས༔ སྣ་ཚོགས་རྡོ་རྗེ་རྒྱ་གྲམ་འབར༔ དེ་ལ་དར་གྱི་དཔྱངས་ལ་འཕུར༔ ཕྱི་ལྟར་གཏེར་རི་གཡུ་རྩེ་ཞེས༔ ནང་ལྟར་གནོད་སྦྱིན་ཛམ་བྷ་ལ༔ གསང་བ་གཤིན་རྗེ་སྲོག་བདག་ནག༔ སྔོན་ཚེ་བསྐལ་པ་དང་པོ་ལ༔ ཁྲག་འཐུང་རྡོ་རྗེ་གཤོག་རྒོད་ཀྱིས༔ དམ་བཏགས་དབང་བསྐུར་མཚན་ཡང་གསོལ༔ ལས་མྱུར་རྡོ་རྗེ་སྤུ་གྲི་རྩལ༔ བསང་མཆོད་གནས་འདིར་གཤེགས་སུ་གསོལ༔ ཏིང་འཛིན་སྒྱུ་འཕྲུལ་དྲྭ་བ་ཡིས༔ བསྐྲུན་པའི་འདོད་ཡོན་ནམ་མཁའ་མཛོད༔ སྤེལ་བྱེད་བསང་གི་མཆོད་པ་འབུལ༔ བཤད་སྒྲུབ་བསྟན་པའི་མངའ་ཐང་སྤེལ༔ ཀྱཻ༔ ལས་མྱུར་རྡོ་རྗེ་དྲག་པོ་རྩལ༔ ཀླུ་ལྕམ་ཡུམ་དང་བཅས་པ་བསང་༔ ཡབ་རྗེ་རྔ་ལ་སྟག་རྩེ༴མ་ནི་དངུལ་ཆུའི་ཀླུ་མཚོ༴བླ་མཆོད་ལ་ཀོར་གསེར་ཐང་༴སྐྱབས་མགོན་དབང་ཕྱུག་ཆེན་པོ༴མེས་པོ་འབྲོང་རི་སྨུག་པོ༴ཞང་པོ་སྡོང་ར་དཀར་པོ༴དམག་དཔོན་ལྷ་རི་རྣོན་པོ༴གཟི་ལྡན་བྲག་ལྷ་དཀར་པོ༴དཀོར་མཛོད་སིལ་བའི་ཏིལ་དཀར༔ སྣ་འདྲེན་བྲག་དམར་རལ་གྲི༴ཕྱུགས་རྫི་མེ་ལྕེ་གློག་དམར༴མགར་བ་བྲག་ལྷ་གཏུམ་པོ༴སོ་མཁན་སྒོ་ཐུང་མྱུར་ལྡན༴སྒོ་སྲུང་མཁར་ལྡིང་གསེར་མིག༴བློན་ཆེན་རྫ་བཀྲ་ལྷུན་པོ་བསང་༔ གཞན་ཡང་དེ་དང་དེ་འཁོར་གྱི༔ གཉན་དང་ཀླུ་བཙན་བདུད་སྨན་ཕྲན༔ བརྒྱ་དང་སུམ་ཅུའི་ཚོགས་རྣམས་བསང་༔ རྣལ་འབྱོར་ཡང་ན་དཔོན་སློབ་ཅེས་ཁ་བསྒྱུར་བདག་ཅག་འཁོར་བཅས་ཀྱི༔ དགོན་གནས་ཆོས་སྡེ་འདི་ཉིད་ཀྱི༔ མདུན་རྒྱབ་གཡས་གཡོན་ཕྱོགས་འཚམས་ལ༔ གནས་པའི་ས་བདག་སྡེ་བརྒྱད་བསང་༔ བསླུ་མེད་མཆོག་གསུམ་ཐུགས་རྗེ་དང་༔ བདེན་པ་གཉིས་ཀྱི་བདེན་སྟོབས་དང་༔ བསང་ཁྲུས་གཉན་པོའི་རྟེན་འབྲེལ་གྱིས༔ འགོ་ཞིང་སྐྱོབ་པའི་ལྷ་སྲུང་དང་༔ སྡོང་གྲོགས་བྱེད་པའི་གཞི་བདག་རྣམས༔ བཀྲ་ཤིས་དཔལ་འབར་དགའ་བདེ་དང་༔ མཐུ་རྩལ་མྱུར་མགྱོགས་སྟོབས་རྒྱས་ནས༔ དབང་ཕྱུག་བརྒྱ་བྱིན་ཚོགས་བདག་བཞིན༔ ལེགས་པའི་ཡོན་ཏན་ཕུན་ཚོགས་ཤིང་༔ དེའི་མཐུས་བདག་ཅག་འཁོར་དང་བཅས༔ ཆོས་སྲིད་མངའ་ཐང་དགའ་བདེ་རྒྱས༔ རྫོགས་ལྡན་དུས་ཀྱི་བསྐལ་པ་བཞིན༔ ཕན་ཚུན་མཐུན་པའི་དགེ་རྒྱས་ནས༔ བདེ་ལེགས་རྒྱུ་འབྲས་ལྷུར་ལེན་ཅིང་༔ བཤད་སྒྲུབ་བསྟན་དང་བསྟན་འཛིན་སྡེ༔ མི་ནུབ་རབ་ཏུ་འཕེལ་རྒྱས་ཤོག༔ བསྟན་ལ་རྒོལ་བའི་བདུད་སྡེ་དཔུང་༔ མེ་སྟག་ཆུ་རུ་ཕོག་པ་ལྟར༔ རྗེས་ཤུལ་མེད་པར་ནུབ་པར་ཤོག༔ ས་མ་ཡ༔ དེ་ལྟར་བསང་མཆོད་བྱས་གྱུར་ན༔ དགེ་ལེགས་ཡོན་ཏན་གོང་འཕེལ་བྱེད༔ ཅེས་པ་འདི་ཡང་རྣལ་འབྱོར་པདྨ་རྒྱལ་ཚབ་དེའི་སློབ་འབངས་ཞིང་སྐྱོང་གཉིས་ཀྱིས་བསྐུལ་ངོར་ཁྲོ་ལོད་རྩལ་གྱིས་བྲིས་པའོ།།དགེའོ།།དགེའོ།།དགེའོ།།།།