TTDL-ZABTER-10-THA-021: Difference between revisions
From Dudjom Wiki
TTDL-ZABTER-10-THA-021
Imported new text files with Wyckibaat for processing |
No edit summary |
||
| Line 1: | Line 1: | ||
དབུ་ཁྲིད་༠༠༠༠༠༠༠༠༠བརྡ་ཡིག ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མཁའ་འགྲོ་ཁྲོས་མ་ནག་མོའི་བསྐང་བ་ཆོས་ཉིད་སྤྲིན་ཕུང་བཞུགས་སོ༔ ༠༠༠༠༠༠༠༠༠བརྡ་ཡིག ༢༢༩ མཁའ་འགྲོ་སྒྲུབ་པའི་རྣལ་འབྱོར་གྱིས༔ ཉམས་ཆག་སྡིག་སྒྲིབ་སྦྱོང་བའི་ཕྱིར༔ བསྐང་བ་ཆོས་ཉིད་སྤྲིན་ཕུང་བསྟན༔ ལོངས་སྤྱོད་ཚོགས་འཁོར་ལ་བརྟེན་ནས༔ བསྐང་བཤགས་ཟབ་མོ་ཉམས་ལེན་བྱ༔ ནམ་མཁའ་མཛད་ཀྱི་སྔགས་བདུན་མཐར༔ ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་འདོད་ཡོན་རང་བྱུང་ཕྱི་ཡི་ཚོགས༔ འབྱོར་ཚོགས་ཡོ་བྱད་བཤམས་པ་ནང་གི་ཚོགས༔ རང་ལུས་ཚོགས་སུ་གཞིག་པ་གསང་བའི་ཚོགས༔ མི་ཟད་འདོད་ཡོན་རྒྱན་གྱི་འཁོར་ལོ་རུ༔ ཆོས་ཉིད་རྣམ་དག་བདེན་པས་བྱིན་གྱིས་རློབས༔ ཕཊ་ཕཊ་ཕཊ༔ གཞི་དབྱིངས་གྲྭ་ཟུར་མེད་པ་ཐིག་ལེའི་ཀློང་༔ ལྷུན་གྲུབ་བདེ་ཆེན་དག་པའི་ཞིང་ཁམས་ནས༔ སྐུ་གསུམ་ཡེ་ཤེས་མཁའ་འགྲོའི་ཐུགས་དམ་བསྐང་༔ ཁྱེད་ཀྱི་ངང་ལས་འདས་པའི་རྟོག་སྒྲིབ་བཤགས༔ སྐུ་ལྔ་ལྷུན་གྱིས་གྲུབ་པའི་གཞལ་ཡས་ནས༔ ལོངས་སྐུ་མཁའ་འགྲོ་རིགས་ལྔའི་ཐུགས་དམ་བསྐང་༔ ཁྱེད་ཀྱི་ངང་ལས་འདས་པའི་ནོངས་པ་བཤགས༔ ཡེ་ཤེས་ལྔ་ལྡན་ལྷུན་གྲུབ་གཞལ་ཡས་ནས༔ ལས་བཞི་ལྷུན་གྲུབ་མཁའ་འགྲོའི་ཐུགས་དམ་བསྐང་༔ ཁྱེད་ཀྱི་ངང་ལས་འདས་པའི་ནོངས་པ་བཤགས༔ ཚད་མེད་རྣམ་བཞི་སྤྲུལ་པའི་ཞིང་ཁམས་ནས༔ ལས་བྱེད་མཁའ་འགྲོ་སྡེ་བཞིའི་ཐུགས་དམ་བསྐང་༔ ཁྱེད་ཀྱི་ངང་ལས་གཞན་གྱུར་ནོངས་པ་བཤགས༔ སྒོ་གསུམ་རྡོ་རྗེའི་གྲོང་དུ་འབྲེལ་བ་ཡི༔ གནས་དང་ཉེ་གནས་ཞིང་དང་ཉེ་བའི་ཞིང་༔ དུར་ཁྲོད་ཉེ་བའི་དུར་ཁྲོད་ལ་སོགས་པའི༔ ཞིང་དབང་ཞིང་སྐྱོང་དཔའ་བོ་མཁའ་འགྲོ་དང་༔ བཀའ་སྲུང་དམ་ཅན་རྒྱུ་མཚོའི་ཐུགས་དམ་བསྐང་༔ ཁྱེད་ཀྱི་ཐུགས་དང་འགལ་འདས་ནོར་འཁྲུལ་བཤགས༔ བདེ་གཤེགས་སྙིང་པོའི་ཀློང་དུ་ཆོས་སྐུར་མཉམ༔ ཁམས་གསུམ་སེམས་ཅན་ཀུན་གྱི་ཐུགས་དམ་བསྐང་༔ མ་རིག་གཉིས་འཛིན་འཁྲུལ་པའི་ནོངས་པ་བཤགས༔ འཁྲུལ་ངོར་དངོས་པོར་འཐས་པའི་གཟུང་འཛིན་སེམས༔ མི་སྲུན་གདུག་པར་ཤར་ཡང་རང་སྣང་ཉིད༔ སྣང་སྲིད་ལྷ་འདྲེ་ཡོངས་ཀྱི་ཐུགས་དམ་བསྐང་༔ གཟུང་འཛིན་རང་རྒྱུད་གོལ་བའི་ནོངས་པ་བཤགས༔ ཕཊ་ཕཊ་ཕཊ༔ ཕ་བླ་མ་སྐུ་གསུམ་མཁའ་འགྲོ་ཡི༔ ཐུགས་རྗེ་བྱིན་རླབས་ནུས་སྟོབས་ཀྱིས༔ བདག་སོགས་སེམས་ཅན་ཐམས་ཅད་ཀྱི༔ ཉམས་ཆག་ཐམས་ཅད་བསྐང་གྱུར་ཅིག༔ རྟོག་སྒྲིབ་བག་ཆགས་བྱང་གྱུར་ཅིག༔ ལས་ཉོན་སྡིག་སྒྲིབ་དག་གྱུར་ཅིག༔ ཁམས་གསུམ་སྐུ་གསུམ་ངང་གྲོལ་ནས༔ འཁོར་བའི་རྒྱ་མཚོ་སྟོང་གྱུར་ཅིག༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ས་མ་ཡ༔ འདི་ལྟར་ཉམས་སུ་ལེན་པ་ཡི༔ སྐལ་ལྡན་ཕོ་མོ་ཐམས་ཅད་ཀུན༔ སྲིད་པའི་མཚོ་ལས་ངེས་པར་གྲོལ༔ དོན་གཉིས་མཐར་ཕྱིན་གདིང་ཐོབ་བོ༔ བཀའ་སྲུང་གཟའ་བདུད་རྒྱལ་པོས་སྲུངས༔ ཉམས་སུ་ལེན་པའི་བུ་སློབ་སྐྱོངས༔ བསྟན་པའི་དགྲ་བོའི་སྲོག་རྩ་ཆོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་མ་ནུས་སྤྲང་པོ་སེམས་ཉིད་ཧད་པོའི་འཁྲུལ་ཉམས་ལས་སོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །། | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=bdud 'joms gling pa zab gter | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|totalvolumes=21 | |||
|author=bdud 'joms gling pa | |||
|authortib=བདུད་འཇོམས་གླིང་པ་ | |||
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=10 | |||
|volumeLetter=THA | |||
|textnuminvol=021 | |||
|pdflink=File:TTDL-ZABTER-10-THA-021.pdf | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-10-THA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|དབུ་ཁྲིད་༠༠༠༠༠༠༠༠༠བརྡ་ཡིག ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མཁའ་འགྲོ་ཁྲོས་མ་ནག་མོའི་བསྐང་བ་ཆོས་ཉིད་སྤྲིན་ཕུང་བཞུགས་སོ༔ ༠༠༠༠༠༠༠༠༠བརྡ་ཡིག ༢༢༩ མཁའ་འགྲོ་སྒྲུབ་པའི་རྣལ་འབྱོར་གྱིས༔ ཉམས་ཆག་སྡིག་སྒྲིབ་སྦྱོང་བའི་ཕྱིར༔ བསྐང་བ་ཆོས་ཉིད་སྤྲིན་ཕུང་བསྟན༔ ལོངས་སྤྱོད་ཚོགས་འཁོར་ལ་བརྟེན་ནས༔ བསྐང་བཤགས་ཟབ་མོ་ཉམས་ལེན་བྱ༔ ནམ་མཁའ་མཛད་ཀྱི་སྔགས་བདུན་མཐར༔ ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་འདོད་ཡོན་རང་བྱུང་ཕྱི་ཡི་ཚོགས༔ འབྱོར་ཚོགས་ཡོ་བྱད་བཤམས་པ་ནང་གི་ཚོགས༔ རང་ལུས་ཚོགས་སུ་གཞིག་པ་གསང་བའི་ཚོགས༔ མི་ཟད་འདོད་ཡོན་རྒྱན་གྱི་འཁོར་ལོ་རུ༔ ཆོས་ཉིད་རྣམ་དག་བདེན་པས་བྱིན་གྱིས་རློབས༔ ཕཊ་ཕཊ་ཕཊ༔ གཞི་དབྱིངས་གྲྭ་ཟུར་མེད་པ་ཐིག་ལེའི་ཀློང་༔ ལྷུན་གྲུབ་བདེ་ཆེན་དག་པའི་ཞིང་ཁམས་ནས༔ སྐུ་གསུམ་ཡེ་ཤེས་མཁའ་འགྲོའི་ཐུགས་དམ་བསྐང་༔ ཁྱེད་ཀྱི་ངང་ལས་འདས་པའི་རྟོག་སྒྲིབ་བཤགས༔ སྐུ་ལྔ་ལྷུན་གྱིས་གྲུབ་པའི་གཞལ་ཡས་ནས༔ ལོངས་སྐུ་མཁའ་འགྲོ་རིགས་ལྔའི་ཐུགས་དམ་བསྐང་༔ ཁྱེད་ཀྱི་ངང་ལས་འདས་པའི་ནོངས་པ་བཤགས༔ ཡེ་ཤེས་ལྔ་ལྡན་ལྷུན་གྲུབ་གཞལ་ཡས་ནས༔ ལས་བཞི་ལྷུན་གྲུབ་མཁའ་འགྲོའི་ཐུགས་དམ་བསྐང་༔ ཁྱེད་ཀྱི་ངང་ལས་འདས་པའི་ནོངས་པ་བཤགས༔ ཚད་མེད་རྣམ་བཞི་སྤྲུལ་པའི་ཞིང་ཁམས་ནས༔ ལས་བྱེད་མཁའ་འགྲོ་སྡེ་བཞིའི་ཐུགས་དམ་བསྐང་༔ ཁྱེད་ཀྱི་ངང་ལས་གཞན་གྱུར་ནོངས་པ་བཤགས༔ སྒོ་གསུམ་རྡོ་རྗེའི་གྲོང་དུ་འབྲེལ་བ་ཡི༔ གནས་དང་ཉེ་གནས་ཞིང་དང་ཉེ་བའི་ཞིང་༔ དུར་ཁྲོད་ཉེ་བའི་དུར་ཁྲོད་ལ་སོགས་པའི༔ ཞིང་དབང་ཞིང་སྐྱོང་དཔའ་བོ་མཁའ་འགྲོ་དང་༔ བཀའ་སྲུང་དམ་ཅན་རྒྱུ་མཚོའི་ཐུགས་དམ་བསྐང་༔ ཁྱེད་ཀྱི་ཐུགས་དང་འགལ་འདས་ནོར་འཁྲུལ་བཤགས༔ བདེ་གཤེགས་སྙིང་པོའི་ཀློང་དུ་ཆོས་སྐུར་མཉམ༔ ཁམས་གསུམ་སེམས་ཅན་ཀུན་གྱི་ཐུགས་དམ་བསྐང་༔ མ་རིག་གཉིས་འཛིན་འཁྲུལ་པའི་ནོངས་པ་བཤགས༔ འཁྲུལ་ངོར་དངོས་པོར་འཐས་པའི་གཟུང་འཛིན་སེམས༔ མི་སྲུན་གདུག་པར་ཤར་ཡང་རང་སྣང་ཉིད༔ སྣང་སྲིད་ལྷ་འདྲེ་ཡོངས་ཀྱི་ཐུགས་དམ་བསྐང་༔ གཟུང་འཛིན་རང་རྒྱུད་གོལ་བའི་ནོངས་པ་བཤགས༔ ཕཊ་ཕཊ་ཕཊ༔ ཕ་བླ་མ་སྐུ་གསུམ་མཁའ་འགྲོ་ཡི༔ ཐུགས་རྗེ་བྱིན་རླབས་ནུས་སྟོབས་ཀྱིས༔ བདག་སོགས་སེམས་ཅན་ཐམས་ཅད་ཀྱི༔ ཉམས་ཆག་ཐམས་ཅད་བསྐང་གྱུར་ཅིག༔ རྟོག་སྒྲིབ་བག་ཆགས་བྱང་གྱུར་ཅིག༔ ལས་ཉོན་སྡིག་སྒྲིབ་དག་གྱུར་ཅིག༔ ཁམས་གསུམ་སྐུ་གསུམ་ངང་གྲོལ་ནས༔ འཁོར་བའི་རྒྱ་མཚོ་སྟོང་གྱུར་ཅིག༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ས་མ་ཡ༔ འདི་ལྟར་ཉམས་སུ་ལེན་པ་ཡི༔ སྐལ་ལྡན་ཕོ་མོ་ཐམས་ཅད་ཀུན༔ སྲིད་པའི་མཚོ་ལས་ངེས་པར་གྲོལ༔ དོན་གཉིས་མཐར་ཕྱིན་གདིང་ཐོབ་བོ༔ བཀའ་སྲུང་གཟའ་བདུད་རྒྱལ་པོས་སྲུངས༔ ཉམས་སུ་ལེན་པའི་བུ་སློབ་སྐྱོངས༔ བསྟན་པའི་དགྲ་བོའི་སྲོག་རྩ་ཆོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་མ་ནུས་སྤྲང་པོ་སེམས་ཉིད་ཧད་པོའི་འཁྲུལ་ཉམས་ལས་སོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 10:43, 4 June 2024
First text in volume.Last text in volume.
| Wylie title | ||
|---|---|---|
| Location | bdud 'joms gling pa zab gter Volume 10, Text 21, Pages (Folios to ) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | ||
| More details More details | ||
| Genre | ||