TTDL-ZABTER-02-KHA-029: Difference between revisions

From Dudjom Wiki
TTDL-ZABTER-02-KHA-029
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
༠༠༠བརྡ་ཡིག༣༣༧ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཆི་བདག་ལས་ཀྱི་གཤིན་རྗེ་ནག་པོའི་བསྐང་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༣༣༧འབྱོར་ཚོགས་འདོད་ཡོན་བྱེ་བྲག་བཤམས༔ ཁྱད་པར་གྲུ་གསུམ་གདན་གྱི་ཁར༔ དམར་གཏོར་ཆེ་བརྗིད་ལྡན་པ་ལ༔ གཏོར་ཆུང་བརྒྱད་སོགས་ཅི་འབྱོར་དང་༔ བ་ལིཾ་ཟན་དུམ་སྐྱུ་གུས་བསྐོར༔ ནམ་མཁའ་མཛོད་ཀྱི་སྔགས་བརྗོད་མཐར༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གི༔ གཤིན་རྗེ་ཡ་མ་རཱ་ཛ་དང་༔ ཡུམ་མཆོག་སྲོག་བདུད་ཆེན་མོ་དང་༔ སྤྲུལ་འཁོར་བཀའ་སྡོད་བཅས་པ་རྣམས༔ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ བསྒྲུབ་རྫས་འདི་རུ་རྟེན་ཆོས་ལ༔ རྣལ་འབྱོར་བདག་གི་སྲུང་མར་བཞུགས༔ ཀྱཻ༔ བཀའ་ཡི་བསྟན་སྲུང་ཆེན་པོ་ཁྱོད༔ འབོད་པའི་དུས་སུ་སྙན་མ་སྲ༔ བསྒྲུབ་པའི་དུས་སུ་ཐུགས་མ་གཡེལ༔ བསྟེན་པའི་དུས་སུ་རྒྱང་མ་རིང་༔ བསྐུལ་བའི་དུས་སུ་འགྱང་མ་བྱེད༔ མངགས་པའི་དུས་སུ་བང་མ་བུལ༔ བཅོལ་བའི་ལས་ལ་མཐུ་མ་ཆུང་༔ རྦད་བསད་ལས་ལ་རྩལ་མ་ཞན༔ ཀྱཻ༔ གཤིན་རྗེ་ཡ་མ་རཱ་ཛ་ཁྱོད༔ གྲོགས་པོར་བྱས་སོ་གཞུང་མ་ངན༔ མཛའ་བོར་བྱས་སོ་ཁྲེལ་མ་ཤོར༔ བྲན་ལྟར་བསྟེན་ནོ་རྒྱུ་མ་ངན༔ རྗེ་བོར་བསྟེན་ནོ་དབང་མ་ཆེ༔ མནའ་ཐོ་བྱས་སོ་མནའ་མ་ཟ༔ དམ་བཅའ་ཡིན་ནོ་དམ་མ་ཉམས༔ མི་འབྲལ་གྲོགས་མཛོད་བསམ་དོན་བསྒྲུབ༔ ཀྱཻ༔ གཤིན་རྗེ་ཡ་མ་རཱ་ཛ་ཁྱོད༔ འབོད་པའི་དམ་རྫས་ཡིན་པའི་ཕྱིར༔ གཡབ་དར་ནག་པོས་ཐུགས་དམ་བསྐང་༔ བསྒྲུབ་པའི་དམ་རྫས་ཡིན་པའི་ཕྱིར༔ མཐུན་རྫས་སྣ་ཚོགས་ཐུགས་དམ་བསྐང་༔ མི་འབྲལ་དམ་རྫས་ཡིན་པའི་ཕྱིར༔ སྲོག་གི་འཁོར་ལོས་ཐུགས་དམ་བསྐང་༔ བསྟེན་པའི་དམ་རྫས་ཡིན་པའི་ཕྱིར༔ དམར་གྱི་གཏོར་མས་ཐུགས་དམ་བསྐང་༔ བཞུགས་པའི་དམ་རྫས་ཡིན་པའི་ཕྱིར༔ དཀྱིལ་འཁོར་ཆེན་པོས་ཐུགས་དམ་བསྐང་༔ དགྱེས་པའི་དམ་རྫས་ཡིན་པའི་ཕྱིར༔ ལོངས་སྤྱོད་ཚོགས་ཀྱིས་ཐུགས་དམ་བསྐང་༔ ཧཱུྃ༔ དམ་ཉམས་དགྲ་བོ་བསྒྲལ་བ་ཡི༔ ཤ་ཆེན་རི་བོ་དཔངས་མཐོ་ཞིང་༔ ཁྲག་གི་རྒྱ་མཚོ་གཏིང་རེ་ཟབ༔ གཤིན་རྗེ་འཁོར་བཅས་ཐུགས་དམ་བསྐང་༔ དར་ཟབ་སྟག་གཟིག་ན་བཟའི་རིགས༔ ཀ་ཆ་དཀོར་ཆ་མཁོ་རྒུའི་རྫས༔ གཟུགས་འགྲོས་སྣ་ཚོགས་མཐུན་པའི་རྫས༔ གཤིན་རྗེ་འཁོར་བཅས་བསྐང་ཕྱིར་འབུལ༔ བཟའ་བཅའ་བཏུང་བ་ལྡག་གཞིབ་སོགས༔ མཉེས་ཤིང་ཚིམ་པའི་ལོངས་སྤྱོད་ཚོགས༔ གཤིན་རྗེ་འཁོར་བཅས་བསྐང་ཕྱིར་འབུལ༔ གཞན་ཡང་དངོས་སུ་འབྱོར་ཚོགས་དང་༔ ཡིད་ཀྱིས་སྤྲུལ་པའི་ལོངས་སྤྱོད་ཀུན༔ གཤིན་རྗེ་འཁོར་བཅས་བསྐང་ཕྱིར་འབུལ༔ ཀྱཻ༔ བསྟན་སྲུང་ཡ་མ་རཱ་ཛ་དང་༔ སྤྲུལ་འཁོར་བཀའ་སྡོད་བཅས་པ་ཀུན༔ བདག་གི་གྲོགས་སུ་མྱུར་འཁོར་ཏེ༔ སྐད་ཅིག་མི་འབྲལ་འགྲོགས་པ་དང་༔ བྱམས་བརྩེ་གདུང་སེམས་ལྡན་པའི་ཕྱིར༔ ཉེར་སྤྱོད་འདོད་ཡོན་སྨན་གཏོར་ཁྲག༔ ཕྱི་ནང་གསང་མཆོད་སྣ་ཚོགས་ཀྱིས༔ ཁམས་གསུམ་སྲོག་གི་བདག་པོ་ཆེ༔ མི་སྲུན་ཁྲོས་པ་རྔམས་པའི་སྐུ༔ བསྟན་པ་བསྲུང་བའི་དམ་ཚིག་ཅན༔ ཡ་མ་རཱ་ཛའི་ཐུགས་དམ་བསྐང་༔ དེ་ཡི་སྤྲུལ་པའི་ཆོ་རོལ་ལས༔ གཉིས་མེད་ཡུམ་གྱི་ཐུགས་དམ་བསྐང་༔ ལྷ་ཆེན་ཚངས་པའི་ཐུགས་དམ་བསྐང་༔ གཟའ་བདུད་ནག་པོའི་ཐུགས་དམ་བསྐང་༔ སྲིད་རྒྱལ་མ་མོའི་ཐུགས་དམ་བསྐང་༔ བདུད་པོ་བསྐོས་རྗེའི་ཐུགས་དམ་བསྐང་༔ སྲིན་པོའི་སྡེ་དཔོན་ཐུགས་དམ་བསྐང་༔ བཙན་རྒྱལ་ཆེན་པོའི་ཐུགས་དམ་བསྐང་༔ གནོད་སྦྱིན་ནག་པོའི་ཐུགས་དམ་བསྐང་༔ ཀླུ་བདུད་མགོ་དགུའི་ཐུགས་དམ་བསྐང་༔ དེ་འཁོར་ཡང་འཁོར་ཐུགས་དམ་བསྐང་༔ སྟོང་གསུམ་གཞི་བདག་ཐུགས་དམ་བསྐང་༔ སྣང་སྲིད་ལྷ་འདྲེའི་ཐུགས་དམ་བསྐང་༔ གཡར་དམ་གཉན་པོ་བསྐང་གྱུར་ཅིག༔ སྔོན་ཚེ་ཡ་མཱནྟ་ཀའི་བཀའ༔ བར་དུ་ཕྱག་ན་རྡོ་རྗེའི་དམ༔ ཐ་མ་ཨོ་རྒྱན་ཆེན་པོའི་ཚིག༔ རིག་འཛིན་བརྒྱུད་པའི་བཀའ་ལུང་བཅས༔ མ་ལུས་གཅིག་ཏུ་བསྡུས་ནས་ནི༔ ང་དང་ཁྱོད་ཀྱི་དཔང་དུ་བཞག༔ རྟག་ཏུ་མི་འབྲལ་འགྲོགས་པ་དང་༔ ངས་ཀྱང་མཆོད་གསོལ་ཅི་ནུས་བགྱི༔ ཁྱོད་ཀྱི་བརྩེ་གདུང་བྱམས་པས་སྐྱོངས༔ བདག་ལ་སྡང་བའི་དགྲ་བྱུང་ན༔ བརྣག་པ་ཙམ་གྱིས་བརླག་པར་མཛོད༔ བསམ་པ་ཙམ་གྱིས་བསྒྲལ་བར་མཛོད༔ སངས་རྒྱས་བསྟན་དང་བསྟན་འཛིན་གྱི༔ སྡེ་དང་བཅས་པ་རྟག་ཏུ་སྐྱོངས༔ བསྟན་ལ་སྡང་བའི་དགྲ་བོ་ནི༔ ལྷ་ཡང་རུང་སྟེ་བདུད་ཀྱང་རུང་༔ མ་ལུས་ཐལ་བའི་རྡུལ་དུ་རློག༔ སྙིང་ཁྲག་དྲོན་མོ་ཧུབ་ཀྱིས་འཐུང་༔ དབང་པོ་བསྣུབ་ལ་སྐྱེ་བརྒྱུད་ཆོད༔ གློ་བུར་ཧུར་ཐུམ་ནད་ཀྱིས་སོད༔ མདོར་ན་བདག་ཅག་འཁོར་བཅས་ཀྱི༔ ཞི་རྒྱས་དབང་དང་དྲག་པོའི་ལས༔ བསམ་བཞིན་ཐོགས་མེད་ལྷུན་གྲུབ་མཛོད༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ བཅོལ་བའི་ཕྲིན་ལས་རྟག་བསྒྲུབ་མཛོད༔ ས་མ་ཡ༔ འདི་ཡིས་སྙིང་བརྩེ་བྲན་དུ་ཁོལ༔ ཕྲིན་ལས་ཀུན་འགྲུབ་ཐེ་ཚོམ་མེད༔ མ་འོངས་ང་ཡི་བརྒྱུད་འཛིན་རྣམས༔ འདི་ནི་ཤིན་ཏུ་མི་སྲུན་པས༔ དམ་བཏགས་བསྐང་གསོལ་སྲོག་འཁོར་རྣམས༔ གནད་ཀྱི་ཡང་གཅེས་དམ་པ་ཡིན༔ བཀའ་སྲུང་དྲང་སྲོང་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་མ་བཏང་ཞིག༔ བཀའ་དང་དམ་ཚིག་གཉན་པོའི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མཐར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་རྒ་ཡི་བནྡེ་ཀུན་དགའོ།།དགེའོ།།དགེའོ།།དགེའོ།།།།[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=02
|volumeLetter=KHA
|textnuminvol=029
|pdflink=File:TTDL-ZABTER-02-KHA-029.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-02-KHA
}}
<h1>Tibetan Text</h1>
<onlyinclude>
{{TibP|༠༠༠བརྡ་ཡིག༣༣༧ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཆི་བདག་ལས་ཀྱི་གཤིན་རྗེ་ནག་པོའི་བསྐང་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༣༣༧འབྱོར་ཚོགས་འདོད་ཡོན་བྱེ་བྲག་བཤམས༔ ཁྱད་པར་གྲུ་གསུམ་གདན་གྱི་ཁར༔ དམར་གཏོར་ཆེ་བརྗིད་ལྡན་པ་ལ༔ གཏོར་ཆུང་བརྒྱད་སོགས་ཅི་འབྱོར་དང་༔ བ་ལིཾ་ཟན་དུམ་སྐྱུ་གུས་བསྐོར༔ ནམ་མཁའ་མཛོད་ཀྱི་སྔགས་བརྗོད་མཐར༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གི༔ གཤིན་རྗེ་ཡ་མ་རཱ་ཛ་དང་༔ ཡུམ་མཆོག་སྲོག་བདུད་ཆེན་མོ་དང་༔ སྤྲུལ་འཁོར་བཀའ་སྡོད་བཅས་པ་རྣམས༔ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ བསྒྲུབ་རྫས་འདི་རུ་རྟེན་ཆོས་ལ༔ རྣལ་འབྱོར་བདག་གི་སྲུང་མར་བཞུགས༔ ཀྱཻ༔ བཀའ་ཡི་བསྟན་སྲུང་ཆེན་པོ་ཁྱོད༔ འབོད་པའི་དུས་སུ་སྙན་མ་སྲ༔ བསྒྲུབ་པའི་དུས་སུ་ཐུགས་མ་གཡེལ༔ བསྟེན་པའི་དུས་སུ་རྒྱང་མ་རིང་༔ བསྐུལ་བའི་དུས་སུ་འགྱང་མ་བྱེད༔ མངགས་པའི་དུས་སུ་བང་མ་བུལ༔ བཅོལ་བའི་ལས་ལ་མཐུ་མ་ཆུང་༔ རྦད་བསད་ལས་ལ་རྩལ་མ་ཞན༔ ཀྱཻ༔ གཤིན་རྗེ་ཡ་མ་རཱ་ཛ་ཁྱོད༔ གྲོགས་པོར་བྱས་སོ་གཞུང་མ་ངན༔ མཛའ་བོར་བྱས་སོ་ཁྲེལ་མ་ཤོར༔ བྲན་ལྟར་བསྟེན་ནོ་རྒྱུ་མ་ངན༔ རྗེ་བོར་བསྟེན་ནོ་དབང་མ་ཆེ༔ མནའ་ཐོ་བྱས་སོ་མནའ་མ་ཟ༔ དམ་བཅའ་ཡིན་ནོ་དམ་མ་ཉམས༔ མི་འབྲལ་གྲོགས་མཛོད་བསམ་དོན་བསྒྲུབ༔ ཀྱཻ༔ གཤིན་རྗེ་ཡ་མ་རཱ་ཛ་ཁྱོད༔ འབོད་པའི་དམ་རྫས་ཡིན་པའི་ཕྱིར༔ གཡབ་དར་ནག་པོས་ཐུགས་དམ་བསྐང་༔ བསྒྲུབ་པའི་དམ་རྫས་ཡིན་པའི་ཕྱིར༔ མཐུན་རྫས་སྣ་ཚོགས་ཐུགས་དམ་བསྐང་༔ མི་འབྲལ་དམ་རྫས་ཡིན་པའི་ཕྱིར༔ སྲོག་གི་འཁོར་ལོས་ཐུགས་དམ་བསྐང་༔ བསྟེན་པའི་དམ་རྫས་ཡིན་པའི་ཕྱིར༔ དམར་གྱི་གཏོར་མས་ཐུགས་དམ་བསྐང་༔ བཞུགས་པའི་དམ་རྫས་ཡིན་པའི་ཕྱིར༔ དཀྱིལ་འཁོར་ཆེན་པོས་ཐུགས་དམ་བསྐང་༔ དགྱེས་པའི་དམ་རྫས་ཡིན་པའི་ཕྱིར༔ ལོངས་སྤྱོད་ཚོགས་ཀྱིས་ཐུགས་དམ་བསྐང་༔ ཧཱུྃ༔ དམ་ཉམས་དགྲ་བོ་བསྒྲལ་བ་ཡི༔ ཤ་ཆེན་རི་བོ་དཔངས་མཐོ་ཞིང་༔ ཁྲག་གི་རྒྱ་མཚོ་གཏིང་རེ་ཟབ༔ གཤིན་རྗེ་འཁོར་བཅས་ཐུགས་དམ་བསྐང་༔ དར་ཟབ་སྟག་གཟིག་ན་བཟའི་རིགས༔ ཀ་ཆ་དཀོར་ཆ་མཁོ་རྒུའི་རྫས༔ གཟུགས་འགྲོས་སྣ་ཚོགས་མཐུན་པའི་རྫས༔ གཤིན་རྗེ་འཁོར་བཅས་བསྐང་ཕྱིར་འབུལ༔ བཟའ་བཅའ་བཏུང་བ་ལྡག་གཞིབ་སོགས༔ མཉེས་ཤིང་ཚིམ་པའི་ལོངས་སྤྱོད་ཚོགས༔ གཤིན་རྗེ་འཁོར་བཅས་བསྐང་ཕྱིར་འབུལ༔ གཞན་ཡང་དངོས་སུ་འབྱོར་ཚོགས་དང་༔ ཡིད་ཀྱིས་སྤྲུལ་པའི་ལོངས་སྤྱོད་ཀུན༔ གཤིན་རྗེ་འཁོར་བཅས་བསྐང་ཕྱིར་འབུལ༔ ཀྱཻ༔ བསྟན་སྲུང་ཡ་མ་རཱ་ཛ་དང་༔ སྤྲུལ་འཁོར་བཀའ་སྡོད་བཅས་པ་ཀུན༔ བདག་གི་གྲོགས་སུ་མྱུར་འཁོར་ཏེ༔ སྐད་ཅིག་མི་འབྲལ་འགྲོགས་པ་དང་༔ བྱམས་བརྩེ་གདུང་སེམས་ལྡན་པའི་ཕྱིར༔ ཉེར་སྤྱོད་འདོད་ཡོན་སྨན་གཏོར་ཁྲག༔ ཕྱི་ནང་གསང་མཆོད་སྣ་ཚོགས་ཀྱིས༔ ཁམས་གསུམ་སྲོག་གི་བདག་པོ་ཆེ༔ མི་སྲུན་ཁྲོས་པ་རྔམས་པའི་སྐུ༔ བསྟན་པ་བསྲུང་བའི་དམ་ཚིག་ཅན༔ ཡ་མ་རཱ་ཛའི་ཐུགས་དམ་བསྐང་༔ དེ་ཡི་སྤྲུལ་པའི་ཆོ་རོལ་ལས༔ གཉིས་མེད་ཡུམ་གྱི་ཐུགས་དམ་བསྐང་༔ ལྷ་ཆེན་ཚངས་པའི་ཐུགས་དམ་བསྐང་༔ གཟའ་བདུད་ནག་པོའི་ཐུགས་དམ་བསྐང་༔ སྲིད་རྒྱལ་མ་མོའི་ཐུགས་དམ་བསྐང་༔ བདུད་པོ་བསྐོས་རྗེའི་ཐུགས་དམ་བསྐང་༔ སྲིན་པོའི་སྡེ་དཔོན་ཐུགས་དམ་བསྐང་༔ བཙན་རྒྱལ་ཆེན་པོའི་ཐུགས་དམ་བསྐང་༔ གནོད་སྦྱིན་ནག་པོའི་ཐུགས་དམ་བསྐང་༔ ཀླུ་བདུད་མགོ་དགུའི་ཐུགས་དམ་བསྐང་༔ དེ་འཁོར་ཡང་འཁོར་ཐུགས་དམ་བསྐང་༔ སྟོང་གསུམ་གཞི་བདག་ཐུགས་དམ་བསྐང་༔ སྣང་སྲིད་ལྷ་འདྲེའི་ཐུགས་དམ་བསྐང་༔ གཡར་དམ་གཉན་པོ་བསྐང་གྱུར་ཅིག༔ སྔོན་ཚེ་ཡ་མཱནྟ་ཀའི་བཀའ༔ བར་དུ་ཕྱག་ན་རྡོ་རྗེའི་དམ༔ ཐ་མ་ཨོ་རྒྱན་ཆེན་པོའི་ཚིག༔ རིག་འཛིན་བརྒྱུད་པའི་བཀའ་ལུང་བཅས༔ མ་ལུས་གཅིག་ཏུ་བསྡུས་ནས་ནི༔ ང་དང་ཁྱོད་ཀྱི་དཔང་དུ་བཞག༔ རྟག་ཏུ་མི་འབྲལ་འགྲོགས་པ་དང་༔ ངས་ཀྱང་མཆོད་གསོལ་ཅི་ནུས་བགྱི༔ ཁྱོད་ཀྱི་བརྩེ་གདུང་བྱམས་པས་སྐྱོངས༔ བདག་ལ་སྡང་བའི་དགྲ་བྱུང་ན༔ བརྣག་པ་ཙམ་གྱིས་བརླག་པར་མཛོད༔ བསམ་པ་ཙམ་གྱིས་བསྒྲལ་བར་མཛོད༔ སངས་རྒྱས་བསྟན་དང་བསྟན་འཛིན་གྱི༔ སྡེ་དང་བཅས་པ་རྟག་ཏུ་སྐྱོངས༔ བསྟན་ལ་སྡང་བའི་དགྲ་བོ་ནི༔ ལྷ་ཡང་རུང་སྟེ་བདུད་ཀྱང་རུང་༔ མ་ལུས་ཐལ་བའི་རྡུལ་དུ་རློག༔ སྙིང་ཁྲག་དྲོན་མོ་ཧུབ་ཀྱིས་འཐུང་༔ དབང་པོ་བསྣུབ་ལ་སྐྱེ་བརྒྱུད་ཆོད༔ གློ་བུར་ཧུར་ཐུམ་ནད་ཀྱིས་སོད༔ མདོར་ན་བདག་ཅག་འཁོར་བཅས་ཀྱི༔ ཞི་རྒྱས་དབང་དང་དྲག་པོའི་ལས༔ བསམ་བཞིན་ཐོགས་མེད་ལྷུན་གྲུབ་མཛོད༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ བཅོལ་བའི་ཕྲིན་ལས་རྟག་བསྒྲུབ་མཛོད༔ ས་མ་ཡ༔ འདི་ཡིས་སྙིང་བརྩེ་བྲན་དུ་ཁོལ༔ ཕྲིན་ལས་ཀུན་འགྲུབ་ཐེ་ཚོམ་མེད༔ མ་འོངས་ང་ཡི་བརྒྱུད་འཛིན་རྣམས༔ འདི་ནི་ཤིན་ཏུ་མི་སྲུན་པས༔ དམ་བཏགས་བསྐང་གསོལ་སྲོག་འཁོར་རྣམས༔ གནད་ཀྱི་ཡང་གཅེས་དམ་པ་ཡིན༔ བཀའ་སྲུང་དྲང་སྲོང་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་མ་བཏང་ཞིག༔ བཀའ་དང་དམ་ཚིག་གཉན་པོའི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མཐར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་རྒ་ཡི་བནྡེ་ཀུན་དགའོ།།དགེའོ།།དགེའོ།།དགེའོ།།།།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:43, 4 June 2024

Wylie title TTDL-ZABTER-02-KHA-029.pdf
Location bdud 'joms gling pa zab gter
Volume 2, Text 29, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠བརྡ་ཡིག༣༣༧ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཆི་བདག་ལས་ཀྱི་གཤིན་རྗེ་ནག་པོའི་བསྐང་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༣༣༧འབྱོར་ཚོགས་འདོད་ཡོན་བྱེ་བྲག་བཤམས༔ ཁྱད་པར་གྲུ་གསུམ་གདན་གྱི་ཁར༔ དམར་གཏོར་ཆེ་བརྗིད་ལྡན་པ་ལ༔ གཏོར་ཆུང་བརྒྱད་སོགས་ཅི་འབྱོར་དང་༔ བ་ལིཾ་ཟན་དུམ་སྐྱུ་གུས་བསྐོར༔ ནམ་མཁའ་མཛོད་ཀྱི་སྔགས་བརྗོད་མཐར༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གི༔ གཤིན་རྗེ་ཡ་མ་རཱ་ཛ་དང་༔ ཡུམ་མཆོག་སྲོག་བདུད་ཆེན་མོ་དང་༔ སྤྲུལ་འཁོར་བཀའ་སྡོད་བཅས་པ་རྣམས༔ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ བསྒྲུབ་རྫས་འདི་རུ་རྟེན་ཆོས་ལ༔ རྣལ་འབྱོར་བདག་གི་སྲུང་མར་བཞུགས༔ ཀྱཻ༔ བཀའ་ཡི་བསྟན་སྲུང་ཆེན་པོ་ཁྱོད༔ འབོད་པའི་དུས་སུ་སྙན་མ་སྲ༔ བསྒྲུབ་པའི་དུས་སུ་ཐུགས་མ་གཡེལ༔ བསྟེན་པའི་དུས་སུ་རྒྱང་མ་རིང་༔ བསྐུལ་བའི་དུས་སུ་འགྱང་མ་བྱེད༔ མངགས་པའི་དུས་སུ་བང་མ་བུལ༔ བཅོལ་བའི་ལས་ལ་མཐུ་མ་ཆུང་༔ རྦད་བསད་ལས་ལ་རྩལ་མ་ཞན༔ ཀྱཻ༔ གཤིན་རྗེ་ཡ་མ་རཱ་ཛ་ཁྱོད༔ གྲོགས་པོར་བྱས་སོ་གཞུང་མ་ངན༔ མཛའ་བོར་བྱས་སོ་ཁྲེལ་མ་ཤོར༔ བྲན་ལྟར་བསྟེན་ནོ་རྒྱུ་མ་ངན༔ རྗེ་བོར་བསྟེན་ནོ་དབང་མ་ཆེ༔ མནའ་ཐོ་བྱས་སོ་མནའ་མ་ཟ༔ དམ་བཅའ་ཡིན་ནོ་དམ་མ་ཉམས༔ མི་འབྲལ་གྲོགས་མཛོད་བསམ་དོན་བསྒྲུབ༔ ཀྱཻ༔ གཤིན་རྗེ་ཡ་མ་རཱ་ཛ་ཁྱོད༔ འབོད་པའི་དམ་རྫས་ཡིན་པའི་ཕྱིར༔ གཡབ་དར་ནག་པོས་ཐུགས་དམ་བསྐང་༔ བསྒྲུབ་པའི་དམ་རྫས་ཡིན་པའི་ཕྱིར༔ མཐུན་རྫས་སྣ་ཚོགས་ཐུགས་དམ་བསྐང་༔ མི་འབྲལ་དམ་རྫས་ཡིན་པའི་ཕྱིར༔ སྲོག་གི་འཁོར་ལོས་ཐུགས་དམ་བསྐང་༔ བསྟེན་པའི་དམ་རྫས་ཡིན་པའི་ཕྱིར༔ དམར་གྱི་གཏོར་མས་ཐུགས་དམ་བསྐང་༔ བཞུགས་པའི་དམ་རྫས་ཡིན་པའི་ཕྱིར༔ དཀྱིལ་འཁོར་ཆེན་པོས་ཐུགས་དམ་བསྐང་༔ དགྱེས་པའི་དམ་རྫས་ཡིན་པའི་ཕྱིར༔ ལོངས་སྤྱོད་ཚོགས་ཀྱིས་ཐུགས་དམ་བསྐང་༔ ཧཱུྃ༔ དམ་ཉམས་དགྲ་བོ་བསྒྲལ་བ་ཡི༔ ཤ་ཆེན་རི་བོ་དཔངས་མཐོ་ཞིང་༔ ཁྲག་གི་རྒྱ་མཚོ་གཏིང་རེ་ཟབ༔ གཤིན་རྗེ་འཁོར་བཅས་ཐུགས་དམ་བསྐང་༔ དར་ཟབ་སྟག་གཟིག་ན་བཟའི་རིགས༔ ཀ་ཆ་དཀོར་ཆ་མཁོ་རྒུའི་རྫས༔ གཟུགས་འགྲོས་སྣ་ཚོགས་མཐུན་པའི་རྫས༔ གཤིན་རྗེ་འཁོར་བཅས་བསྐང་ཕྱིར་འབུལ༔ བཟའ་བཅའ་བཏུང་བ་ལྡག་གཞིབ་སོགས༔ མཉེས་ཤིང་ཚིམ་པའི་ལོངས་སྤྱོད་ཚོགས༔ གཤིན་རྗེ་འཁོར་བཅས་བསྐང་ཕྱིར་འབུལ༔ གཞན་ཡང་དངོས་སུ་འབྱོར་ཚོགས་དང་༔ ཡིད་ཀྱིས་སྤྲུལ་པའི་ལོངས་སྤྱོད་ཀུན༔ གཤིན་རྗེ་འཁོར་བཅས་བསྐང་ཕྱིར་འབུལ༔ ཀྱཻ༔ བསྟན་སྲུང་ཡ་མ་རཱ་ཛ་དང་༔ སྤྲུལ་འཁོར་བཀའ་སྡོད་བཅས་པ་ཀུན༔ བདག་གི་གྲོགས་སུ་མྱུར་འཁོར་ཏེ༔ སྐད་ཅིག་མི་འབྲལ་འགྲོགས་པ་དང་༔ བྱམས་བརྩེ་གདུང་སེམས་ལྡན་པའི་ཕྱིར༔ ཉེར་སྤྱོད་འདོད་ཡོན་སྨན་གཏོར་ཁྲག༔ ཕྱི་ནང་གསང་མཆོད་སྣ་ཚོགས་ཀྱིས༔ ཁམས་གསུམ་སྲོག་གི་བདག་པོ་ཆེ༔ མི་སྲུན་ཁྲོས་པ་རྔམས་པའི་སྐུ༔ བསྟན་པ་བསྲུང་བའི་དམ་ཚིག་ཅན༔ ཡ་མ་རཱ་ཛའི་ཐུགས་དམ་བསྐང་༔ དེ་ཡི་སྤྲུལ་པའི་ཆོ་རོལ་ལས༔ གཉིས་མེད་ཡུམ་གྱི་ཐུགས་དམ་བསྐང་༔ ལྷ་ཆེན་ཚངས་པའི་ཐུགས་དམ་བསྐང་༔ གཟའ་བདུད་ནག་པོའི་ཐུགས་དམ་བསྐང་༔ སྲིད་རྒྱལ་མ་མོའི་ཐུགས་དམ་བསྐང་༔ བདུད་པོ་བསྐོས་རྗེའི་ཐུགས་དམ་བསྐང་༔ སྲིན་པོའི་སྡེ་དཔོན་ཐུགས་དམ་བསྐང་༔ བཙན་རྒྱལ་ཆེན་པོའི་ཐུགས་དམ་བསྐང་༔ གནོད་སྦྱིན་ནག་པོའི་ཐུགས་དམ་བསྐང་༔ ཀླུ་བདུད་མགོ་དགུའི་ཐུགས་དམ་བསྐང་༔ དེ་འཁོར་ཡང་འཁོར་ཐུགས་དམ་བསྐང་༔ སྟོང་གསུམ་གཞི་བདག་ཐུགས་དམ་བསྐང་༔ སྣང་སྲིད་ལྷ་འདྲེའི་ཐུགས་དམ་བསྐང་༔ གཡར་དམ་གཉན་པོ་བསྐང་གྱུར་ཅིག༔ སྔོན་ཚེ་ཡ་མཱནྟ་ཀའི་བཀའ༔ བར་དུ་ཕྱག་ན་རྡོ་རྗེའི་དམ༔ ཐ་མ་ཨོ་རྒྱན་ཆེན་པོའི་ཚིག༔ རིག་འཛིན་བརྒྱུད་པའི་བཀའ་ལུང་བཅས༔ མ་ལུས་གཅིག་ཏུ་བསྡུས་ནས་ནི༔ ང་དང་ཁྱོད་ཀྱི་དཔང་དུ་བཞག༔ རྟག་ཏུ་མི་འབྲལ་འགྲོགས་པ་དང་༔ ངས་ཀྱང་མཆོད་གསོལ་ཅི་ནུས་བགྱི༔ ཁྱོད་ཀྱི་བརྩེ་གདུང་བྱམས་པས་སྐྱོངས༔ བདག་ལ་སྡང་བའི་དགྲ་བྱུང་ན༔ བརྣག་པ་ཙམ་གྱིས་བརླག་པར་མཛོད༔ བསམ་པ་ཙམ་གྱིས་བསྒྲལ་བར་མཛོད༔ སངས་རྒྱས་བསྟན་དང་བསྟན་འཛིན་གྱི༔ སྡེ་དང་བཅས་པ་རྟག་ཏུ་སྐྱོངས༔ བསྟན་ལ་སྡང་བའི་དགྲ་བོ་ནི༔ ལྷ་ཡང་རུང་སྟེ་བདུད་ཀྱང་རུང་༔ མ་ལུས་ཐལ་བའི་རྡུལ་དུ་རློག༔ སྙིང་ཁྲག་དྲོན་མོ་ཧུབ་ཀྱིས་འཐུང་༔ དབང་པོ་བསྣུབ་ལ་སྐྱེ་བརྒྱུད་ཆོད༔ གློ་བུར་ཧུར་ཐུམ་ནད་ཀྱིས་སོད༔ མདོར་ན་བདག་ཅག་འཁོར་བཅས་ཀྱི༔ ཞི་རྒྱས་དབང་དང་དྲག་པོའི་ལས༔ བསམ་བཞིན་ཐོགས་མེད་ལྷུན་གྲུབ་མཛོད༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ བཅོལ་བའི་ཕྲིན་ལས་རྟག་བསྒྲུབ་མཛོད༔ ས་མ་ཡ༔ འདི་ཡིས་སྙིང་བརྩེ་བྲན་དུ་ཁོལ༔ ཕྲིན་ལས་ཀུན་འགྲུབ་ཐེ་ཚོམ་མེད༔ མ་འོངས་ང་ཡི་བརྒྱུད་འཛིན་རྣམས༔ འདི་ནི་ཤིན་ཏུ་མི་སྲུན་པས༔ དམ་བཏགས་བསྐང་གསོལ་སྲོག་འཁོར་རྣམས༔ གནད་ཀྱི་ཡང་གཅེས་དམ་པ་ཡིན༔ བཀའ་སྲུང་དྲང་སྲོང་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་མ་བཏང་ཞིག༔ བཀའ་དང་དམ་ཚིག་གཉན་པོའི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མཐར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་རྒ་ཡི་བནྡེ་ཀུན་དགའོ།།དགེའོ།།དགེའོ།།དགེའོ།།།།