TTDL-ZABTER-12-NA-012: Difference between revisions

From Dudjom Wiki
TTDL-ZABTER-12-NA-012
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
༠༠༠༠༠༠བརྡ་ཡིག༤༧མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ཕྲིན་ལས་མེ་འབར་གྱི་ལས་བྱང་རྡོ་རྗེའི་ཕྲེང་བ་བཞུགས་སོ༔  
{{Text
དཔའ་བོ་དཔའ་མོའི་ཚོགས་ཀྱི་གྲལ༔ གདལ་ཁྱབ་ཡངས་པའི་ཀློང་ལ་འདུད༔ སྐྱེ་འགགས་གཞོམ་གཞིག་བྲལ་བའི་གནས༔ རང་སྣང་འོག་མིན་གསང་མཛོད་དུ༔ ཀུན་གཞི་ཀ་དག་ཀུན་བཟང་ལ༔ རིག་པ་ཀུན་བྱེད་དཔའ་བོ་ཡིས༔ ཀྱཻ་ཧོ༔ ཀ་དག་ཆོས་སྐུའི་སྟོན་པ་མཆོག༔ མ་རིག་འཁྲུལ་པ་དབྱིངས་སྒྲོལ་ཕྱིར༔ ཕྲིན་ལས་ལྷུན་གྲུབ་ཆེ་བའི་མཆོག༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ཡི༔ གསང་སྒྲུབ་རྡོ་རྗེའི་ཕྲེང་བ་ཅན༔ དུས་འདིར་བདག་ལ་སྩལ་དུ་གསོལ༔ དེ་ནས་ཀ་དག་ཆོས་སྐུ་ཡིས༔ ཧོཿརིག་པ་ཀུན་བྱེད་དཔའ་བོ་དང་༔ རྟོག་ཚོགས་རང་གྲོལ་རྣལ་འབྱོར་ཚོགས༔ ལེགས་པར་བཤད་ཀྱིས་གུས་པས་ཉོན༔ བདག་མེད་བདག་ཏུ་འཛིན་པའི་སེམས༔ གདོད་ནས་གཉིས་འཛིན་ཕྱི་ཡི་ལྷ༔ ང་བདག་གཟུང་འཛིན་རྒྱུ་རྐྱེན་གྱིས༔ བསྡུས་ཤིང་མངོན་ཞེན་དང་འབྲེལ་བའི༔ རྐྱེན་དེས་རང་སྣང་ཕྱི་རུ་ཚོལ༔ སོ་སོའི་སེམས་ཅན་དེས་བསླུ་འཁྲུལ༔ རང་སྣང་ཐམས་ཅད་དག་པའི་ཞིང་༔ རྟོག་ཚོགས་རང་གྲོལ་ཡེ་ཤེས་ལྷ༔ མ་རྟོགས་གཞན་ཚོལ་སོ་སོའི་ལམ༔ ངེས་པའི་དོན་ལ་གཞན་ཚོལ་མིན༔ ཡེ་ནས་མ་བཅོས་མི་འགྱུར་བ༔ རིག་པ་སྐུ་གསུམ་ལྷུན་གྲུབ་ངང་༔ ལམ་ལོག་ཡུལ་ཞེན་ལྡོག་པའི་ཕྱིར༔ རང་བྱུང་ལྷུན་གྲུབ་རང་ཉིད་བསྒོམ༔ རྒྱུ་བཟང་བསྒྲིབ་པའི་རྐྱེན་ངན་གྱི༔ ཕྱིས་མཐར་རང་རྒྱུ་ལྷར་ངེར་མངོན༔ འོན་ཀྱང་ཀུན་རྫོབ་ཙམ་ཞིག་ལ༔ སྒྱུ་མའི་མཆེད་འགྱུར་ལྟ་བུ་ཡི༔ རང་སྣང་རང་ལ་མཆེད་གྱུར་མདུན༔ དལ་ནི་དབྱིབས་ལེགས་མཛེས་ལྡན་དབུས༔ མཚན་ལྡན་བུམ་པ་མགུལ་ཆིངས་ལྗང་༔ ཁ་རྒྱན་ལྕགས་སམ་སེང་ལྡེང་གི༔ ཁྲོ་ཕུར་བསྐྱེད་ཆོག་ཇི་བཞིན་འཛུག༔ འབྱོར་ཚོགས་མཆོད་པའི་བྱེ་བྲག་བཤམས༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ སྣང་སྲིད་བཞིར་བཞེངས་དཀྱིལ་འཁོར་དུ༔ དག་པ་རབ་འབྱམས་སངས་རྒྱས་ལ༔ རང་རྩལ་རིག་པས་སྐྱབས་སུ་མཆི༔ འཁོར་བ་དབྱིངས་སྒྲོལ་སེམས་བསྐྱེད་དོ༔ ལན་གསུམ༔ དེ་ནས་བཀའ་བསྒོ་བ་ནི༔ ཧཱུྃ༔ ང་ནི་ཡེ་ནས་སངས་རྒྱས་ཏེ༔ ཁྱབ་བདག་ཆེ་མཆོག་བདུད་རྩི་འཁྱིལ༔ འདིར་ལྷགས་གཉིས་སུ་འཛིན་པའི་བགེགས༔ མཐུན་རྫས་ལོངས་ལ་རང་གནས་སོང་༔ ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡ་ཕཊ༔ རྩ་སྔགས་ཧཱུྃ་བཞིའི་སྔགས་བརྗོད༔ དེ་ནས་མཚམས་གཅོད་པ་ནི༔ ཧཱུྃ༔ བདག་ནི་མ་བཅོས་ཆོས་ཀྱི་སྐུ༔ སྣོད་བཅུད་དག་པར་རབ་འབྱམས་ལ༔ ཕྱོགས་མེད་ཐུགས་རྗེའི་བསྲུང་བའི་མཚམས༔ ལོག་པར་འདྲེན་པའི་མིང་ཡང་མེད༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿབཛྲ་རཀྵ་ཛྭ་ལ་རཾ་རཾ༔ དེ་ནས་བྱིན་ཆེན་དབབ་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ སྐྱེ་མེད་གདལ་ཁྱབ་ཆོས་ཀྱི་སྐུ༔ ལྷུན་གྲུབ་འགགས་མེད་བདུད་རྩི་འཁྱིལ༔ ཕྱོགས་མེད་ཐུགས་རྗེའི་སྒྱུ་འཕྲུལ་གྱིས༔ དོན་དམ་རང་སྣང་དཀྱིལ་འཁོར་འདིར༔ འོད་གསལ་ཆོས་སྐུའི་བྱིན་ཕོབ་ལ༔ སྐུ་གསུམ་ཡོངས་རྫོགས་དབང་སྐུར་ཅིག༔ འཕོ་བ་ཆེན་པོར་བྱིན་གྱིས་རློབས༔ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ བུདྡྷཱ་བཛྲ་རཏྣ་པདྨ་ཀརྨ་ཀཱ་ཡ་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཨ་ཝེ་ཤ་ཡ་ཨ་ཨ༔ དེ་ནས་མཆོད་རྫས་བྱིན་གྱིས་བརླབ་པ་ནི༔ ཨོཾ་ཨཱཿཧཱུྃ༔ སྣང་བ་ཁྱབ་གདལ་ཡངས་པ་རུ༔ སྲིད་པ་དག་སྦྱངས་མཆོད་པའི་སྤྲིན༔ མ་ཧཱ་ག་ཎ་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཋ༔ དེ་ནས་ལྷ་བསྐྱེད་པ་ནི༔ ཨཱཿཆོས་དབྱིངས་ཡེ་ཤེས་དེ་བཞིན་ཉིད༔ འགགས་མེད་ཁྱབ་གདལ་སྙིང་རྗེའི་མདངས༔ ཕྱོགས་མེད་ཐུགས་རྗེ་ཧཱུྃ་གི་ངང་༔ སྤྲོས་པའི་མཚན་རྫོགས་གཞལ་ཡས་དབུས༔ མ་ཆགས་སྐྱོན་བྲལ་པད་ཉིའི་སྟེང་༔ བདག་འཛིན་རཱུ་ཏྲ་བསྣོལ་བའི་གདན༔ རབ་འབྱམས་རྒྱལ་བའི་གཟི་བྱིན་དབང་༔ བསྡུས་པས་སྐད་ཅིག་དྲན་རྫོགས་སུ༔ རང་ཉིད་ཆེ་མཆོག་བདུད་རྩི་འཁྱིལ༔ ལྗང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་ཞལ་སེར་གསལ་གཟི་འོད་འབར༔ གཡོན་ཞལ་དུད་ཁ་ཁྲོ་གཏུམ་བརྗིད༔ གཡས་གཡོན་དང་པོས་རྡོ་རྗེ་དང་༔ ཁ་ཊྭཱྃ་རྩེ་གསུམ་མཁའ་ལ་གདེངས༔ བར་མས་རྒྱ་གྲམ་དབྱུག་ཏོ་ཐོགས༔ མཐའ་གཉིས་རལ་གྲི་སྦྲུལ་ཞགས་བསྣམས༔ སྤྱན་དགུ་སྡང་མིག་མཁའ་ལ་གཟིགས༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྨ་ར་སྨི་མ་མེ་ལྟར་འབར༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ ཐོད་རློན་ཕྲེང་བས་དོ་ཤལ་བྱས༔ ཀོ་རློན་གཡང་གཞི་སྟག་ཤམ་གསོལ༔ རྡོ་རྗེའི་གཤོག་པ་མཁའ་ལ་གདེངས༔ ཞབས་བཞི་གྱད་ཀྱི་འདོར་སྟབས་བསྒྲད༔ མ་རུངས་དྲེགས་པ་ཕོ་མོ་གནོན༔ དུར་ཁྲོད་དཔལ་ཆས་གར་ཉམས་རྫོགས༔ ཡུམ་མཆོག་རླུང་འབྱིན་གཡོན་ནས་འཁྲིལ༔ ལྗང་སྐྱ་ཞལ་གཅིག་ཕྱག་གཉིས་མ༔ ཕྱག་གཡས་རྒྱ་གྲམ་ཡབ་ལ་འཁྱུད༔ གཡོན་པས་དུང་དམར་ཡབ་ལ་སྟོབ༔ ཁྲོ་མོའི་ཆས་རྫོགས་རལ་པ་འཕྱང་༔ བསྐལ་པའི་མེ་ལྟར་འབར་བའི་ཀློང་༔ སྐྱེ་འགགས་འགྱུར་མེད་རིག་པའི་སྐུ༔ སྣ་ཚོགས་རང་མདངས་ཡེ་ཤེས་རྒྱན༔ ཁྱབ་གདལ་ཀློང་ཆེན་སྐུ་ཡི་ཆར༔ རབ་འབྱམས་རྒྱལ་ཀུན་དཀྱིལ་འཁོར་རྣམས༔ གདོད་ནས་ལྷུན་གྲུབ་ཆེན་པོར་བསྒོམ༔ སྤྱི་བོར་ལྕགས་ཀྱི་ཁྱུང་ཆེན་ལྡིང༔ གནམ་ལྕགས་གཤོག་པའི་རླབས་ཆེན་རྡེབ༔ དུག་དང་རྡོ་རྗེའི་ཆར་པ་འབེབས༔ ཀླུ་གདོན་ཕོ་མོའི་གློ་སྙིང་འདྲེན༔ རྭ་བར་འཇའ་ཐིག་འོད་ཁྱིམ་ཀློང་༔ བླ་མ་ཀུན་བཟང་ཡབ་ཡུམ་གསལ༔ ཕྱི་རིམ་པདྨ་འདབ་བཞིའི་སྟེང་༔ ཐུགས་ཀྱི་རང་མདངས་ཁྲོ་ཆེན་བཞི༔ ཤར་དུ་བཛྲ་ཀྲོ་ཏ་དཀར༔ རྡོ་རྗེ་གཡས་ལ་ཐོད་ཁྲག་གཡོན༔ ཁ་ཊྭཱྃ་རྩེ་གསུམ་མཆན་དུ་བཅུག༔ ལྷོ་རུ་རཏྣ་ཀྲོ་ཏ་སེར༔ བེ་ཅོན་གཡས་ལ་ཐོད་ཁྲག་གཡོན༔ ཁ་ཊྭཱྃ་རྩེ་གསུམ་མཆན་དུ་བཅུག༔ ནུབ་ཏུ་པདྨ་ཀྲོ་ཏ་དམར༔ དབྱུག་ཏོ་གཡས་ལ་ཐོད་ཁྲག་གཡོན༔ ཁ་ཊྭཱྃ་རྩེ་གསུམ་མཆན་དུ་བཅུག༔ བྱང་དུ་ཀརྨ་ཀྲོ་ཏ་ལྗང་༔ རལ་གྲི་གཡས་ལ་ཐོད་ཁྲག་གཡོན༔ ཁ་ཊྭཱྃ་རྩེ་གསུམ་མཆན་དུ་བཅུག༔ ཀུན་ཀྱང་ཁྲོ་ཚུལ་སྒེག་པའི་ཉམས༔ དུར་ཁྲོད་དཔལ་ཆས་གར་ཉམས་རྫོགས༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བསྒྲད༔ ཡེ་ཤེས་མེ་དཔུང་ཀློང་དུ་གསལ༔ རང་རང་རིགས་ཀྱི་སེམས་དཔའ་ནི༔ པདྨ་ཟླ་དཀྱིལ་འོད་ཐིག་ཀློང་༔ སྤྱི་བོར་རིགས་ཀྱི་བདག་པོར་ཤར༔ ཕྲིན་ལས་ལྷུན་གྲུབ་སྒོ་བཞི་རུ༔ པདྨ་ཉི་མའི་གདན་སྟེངས་སུ༔ ཤར་སྒོར་མཁའ་འགྲོ་ལྕགས་ཀྱུ་མ༔ དཀར་མོ་ལྕགས་ཀྱུ་དྲིལ་བུ་བསྣམས༔ ཞབས་གཉིས་གར་སྟབས་ཁྲོས་པའི་ཚུལ༔ ལྷོ་སྒོར་མཁའ་འགྲོ་ཞགས་པ་མ༔ སེར་མོ་ཞགས་པ་དྲིལ་བུ་བསྣམས༔ ནུབ་སྒོར་མཁའ་འགྲོ་ལྕགས་སྒྲོག་མ༔ དམར་མོ་ལྕགས་སྒྲོག་དྲིལ་བུ་བསྣམས༔ བྱང་སྒོར་མཁའ་འགྲོ་དྲིལ་བུ་མ༔ ལྗང་མོ་རྒྱ་གྲམ་དྲིལ་བུ་གསིལ༔ ཀུན་ཀྱང་གར་སྟབས་རཱུ་ཏྲ་གནོན༔ གཅེར་བུ་རུས་པའི་རྒྱན་དྲུག་མཛེས༔ རང་མདངས་མེ་དཔུང་ཀློང་དུ་གསལ༔ འཁོར་ཡུག་བར་ཁྱམས་ཐམས་ཅད་དུ༔ རྒྱལ་བའི་དཀྱིལ་འཁོར་ཡོངས་རྫོགས་ཀུན༔ མ་འདྲེས་ལྷུན་རྫོགས་ཆེན་པོར་བསྒོམ༔ སྣང་བ་འོད་གསལ་ཆེན་པོའི་དལ༔ ཆོས་ཉིད་དོན་གྱི་རིག་སྐུར་ཤར༔ རྟོག་ཚོགས་རང་གྲོལ་རོལ་པ་ལས༔ རབ་འབྱམས་འཁོར་གྱི་ངང་དུ་ཤར༔ མ་བཅོས་ལྷུན་གྲུབ་མི་འགྱུར་བ༔ གདོད་ནས་རྫོགས་ལྡན་བདེ་བ་ཆེ༔ དེ་ནས་ཡེ་ཤེས་པ་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱི༔ ཕྱོགས་ལྷུང་བྲལ་བའི་ཞིང་ཁམས་ནས༔ རིག་པའི་ཡེ་ཤེས་བདུད་རྩི་འཁྱིལ༔ རང་མདངས་འཁོར་གྱི་རོལ་པར་བཅས༔ རང་རིག་རང་ངོར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱི༔ གདོད་ནས་ཁྱབ་གདལ་དོན་གྱི་ལྷ༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད༔ ཡེ་ཤེས་དབྱིངས་སུ་མ་ངེས་གར༔ གཉིས་མེད་ལྷུན་རྫོགས་རོ་གཅིག་བཞུགས༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ་ཧྲཱིཿསྐྱེ་མེད་གདལ་ཁྱབ་ཆོས་ཀྱི་སྐུ༔ མ་འགགས་རོལ་རྩལ་ཅིར་ཡང་བསྒྱུར༔ ཕྱོགས་མེད་ཐུགས་རྗེས་འཁོར་བ་སྒྲོལ༔ བདུད་རྩི་འཁྱིལ་ལ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ་ཧྲཱིཿསྣང་ཞིང་སྲིད་པའི་འཇིག་རྟེན་ན༔ དངོས་པོར་གྲུབ་པའི་ཆོས་སོ་ཅོག༔ མ་ལུས་བསྡུས་ཏེ་མཆོད་པའི་སྤྲིན༔ འདོད་ཡོན་ལྔ་ཡི་རྒྱན་དུ་ཤར༔ རང་རྩལ་རྫོགས་ལྡན་ཡེ་ཤེས་ལྷ༔ ཆེ་མཆོག་བདུད་རྩི་འཁྱིལ་བ་དང་༔ རང་མདངས་འཁོར་གྱི་ཚོགས་ལ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ མ་ཧཱ་ག་ཎ་སརྦ་པཱུ་ཛ་ཧོ༔ མཚན་དོན་སྦྱར༔ དེ་ནས་བསྟོད་པ་གླུ་ཡི་མཆོད་པ་ནི༔ ཧཱུྃ་ཧྲཱིཿཁྱབ་གདལ་ཆོས་དབྱིངས་གཞལ་ཡས་ན༔ བདུད་སྡེ་བསྣོལ་བ་བམ་གྱི་སྟེང་༔ མ་སྐྱེས་ལྷུན་གྱིས་གྲུབ་པའི་ལྷ༔ ཆེ་བའི་ཆེ་མཆོག་བདུད་རྩི་འཁྱིལ༔ རྒྱལ་བ་ཀུན་འདུས་ངོ་བོ་ཉིད༔ སྤྲུལ་པ་གར་གྱི་དབང་ཕྱུག་ཆེ༔ མ་རུངས་རཱུ་ཏྲ་འཇོམས་མཛད་ལྷ༔ མི་འགྱུར་མི་འཇིགས་རྡོ་རྗེའི་སྐུ༔ གསུང་གི་ང་རོས་འཁོར་བ་འཇིག༔ ཐུགས་ཀྱི་སྤྲུལ་པས་འཁོར་འདས་ཁྱབ༔ ཡོན་ཏན་སྤྲུལ་པ་ཅིར་ཡང་སྟོན༔ ཕྲིན་ལས་དྲག་པོས་དགྲ་བགེགས་འདུལ༔ སྐྱེ་མེད་དབྱིངས་ལས་སྐུར་བཞེངས་པ༔ འགགས་མེད་རོལ་པའི་སྒྱུ་འཕྲུལ་སྟོན༔ ཕྱོགས་མེད་ཐུགས་རྗེའི་ཀུན་ཁྱབ་ཀྱི༔ ཆོས་ཉིད་སྒྱུ་མར་རོལ་པ་ཡི༔ ཆོ་འཕྲུལ་ཆེན་པོའི་དཔལ་ལ་བསྟོད༔ གུས་པ་ཆེན་པོས་ཕྱག་འཚལ་བསྟོད༔ གདུང་བའི་དབྱངས་ཀྱིས་བསྟོད་པར་བགྱི༔ ཕྱག་རྒྱ་གར་གྱིས་ཕྱག་འཚལ་བསྟོད༔ རང་རྩལ་རྫོགས་པའི་ཧེ་རུ་ཀ༔ རང་ངོ་རིག་པའི་ངོ་མཚར་གྱི༔ དགའ་བདེའི་རོལ་པའི་གླུ་གར་གྱིས༔ དབྱིངས་རིག་བདེ་བ་ཆེན་པོར་བསྟོད༔ བདག་ཅག་སྒྲུབ་མཆོག་འཁོར་བཅས་ཀུན༔ ཡང་གསང་དཀྱིལ་འཁོར་འདི་ཉིད་དུ༔ ཚེ་དང་སྒྲུབ་པ་མཐར་སོན་ནས༔ འཕོ་ཆེན་བུམ་སྐུ་འགྲུབ་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལས་དང་སྐལ་བར་ལྡན་པ་ཡིས༔ གང་ཟག་སྦྱངས་པ་སྔོན་སོང་ཅན༔ དལ་འདི་བསྒྲུབ་པ་གང་དང་གང་༔ ཚེ་འདིར་རིག་འཛིན་ས་ལ་འགོད༔ མི་བསླུ་ངེས་པ་པདྨའི་བཀའ༔ ལྷ་ཡང་གཞན་ལ་ཚོལ་མི་དགོས༔ ཆོས་ཉིད་དོན་གྱི་རིག་སྐུ་སྐྱོང་༔ འཁོར་འདས་སྐད་ཅིག་རིག་ངོར་རྫོགས༔ བྱ་བྱེད་བཅོས་བཀག་བྱེད་པ་ནོར༔ གདོད་ནས་རང་རིག་སངས་རྒྱས་ཏེ༔ ཤེས་པ་ཙམ་གྱིས་རྫོགས་པ་ལ༔ ཨ་འཐས་ཞེན་ཆགས་བྱེད་པ་ནོར༔ སྒྱུ་མ་ལྟ་བུའི་ཆོས་ཉིད་ལ༔ རྟག་གམ་ཆད་པར་བྱེད་ན་ནོར༔ ཞེན་པ་མེད་པའི་བསྐྱེད་རིམ་ལ༔ ཞེན་ཆགས་བཅོས་མ་བྱེད་པ་ནོར༔ ཡེ་ཤེས་རང་མདངས་རྒྱན་མཚན་ཤར༔ དེ་ལ་གཞན་དུ་གྲུབ་འཛིན་ནོར༔ གང་ལ་མ་ནོར་གདིང་ལྡན་གཅེས༔ ཚེ་གཅིག་སངས་རྒྱས་དངོས་གྲུབ་མཆོག༔ ཚེ་འདིའི་དོན་དུ་གཉེར་བ་ནོར༔ མ་ནོར་རིག་ངོར་རྫོགས་ལྡན་ནོ༔ ས་མ་ཡ༔ ༠༠༠༠༠བརྡ་ཡིག༥༦སྒྲུབ་མཆོག་ཉམས་ཆག་སྐོང་བ་དང་༔ ཚོགས་གཉིས་རྫོགས་ཕྱིར་ཚོགས་མཆོད་འབུལ༔ དུས་བཟང་དང་ནི་མང་འགྱུར་དུས༔ བཀྲ་ཤིས་སྐྱིད་པའི་གནས་མཆོག་ཏུ༔ འབྱོར་ཚོགས་བཤམས་ལ་ཡིད་ཀྱིས་སྤེལ༔ དེ་ལ་དང་པོ་བྱིན་བརླབ་ནི༔ རཾ་ཡཾ་ཁཾ༔ རྣམ་རྟོག་མཚན་མའི་བག་ཆགས་སྦྱངས༔ སྣང་སྲིད་ཚོགས་ཀྱི་འཁོར་ལོ་བཤམས༔ འབྲུ་གསུམ་འོད་ཞུ་བདུད་རྩིར་བསྒྱུར༔ མཆོད་སྤྲིན་རྒྱ་མཚོས་འཁོར་འདས་ཁྱབ༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱིཿསྣང་སྲིད་གཞིར་བཞེངས་དཀྱིལ་འཁོར་ནས༔ རང་བྱུང་ཡེ་ཤེས་རང་མདངས་ལས༔ རྩ་གསུམ་དཔའ་བོ་མཁའ་འགྲོའི་ཚོགས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿདེ་ནས་ཚོགས་ཕུད་འབུལ་བ་ནི༔ ཧོཿསྣང་བ་སྣོད་ཀྱི་གཞོང་པ་རུ༔ སྲིད་པ་བཅུད་ཀྱི་འདོད་ཡོན་ཚོགས༔ ཟག་མེད་ཡེ་ཤེས་བདུད་རྩི་འདི༔ རང་རིག་རྩ་བ་གསུམ་ལ་འབུལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷ་ཀི་ནཱི༔ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ལ་ཁཱ་ཧི༔ དེ་ནས་བཤགས་པ་ནི༔ ཧོཿཡེ་ཤེས་རང་སྣང་རྒྱལ་བའི་ཞིང་༔ དག་པ་རབ་འབྱམས་སངས་རྒྱས་ཏེ༔ མ་རྟོགས་འཁོར་བར་འཁྱམས་པའི་སེམས༔ ཐམས་ཅད་ཚོགས་ཀྱིས་བསྐང་ཞིང་བཤགས༔ ཨོཾ་ག་ཎ་ཙཀྲ་ས་ཏྭ་སོགས༔ དེ་ནས་བདག་འཛིན་རཱུ་ཏྲ་བསྒྲལ་བ་ནི༔ ཧཱུྃ༔ གདོད་ནས་རང་རིག་ཡེ་ཤེས་ལྷ༔ རྟོག་ཚོགས་རང་གྲོལ་ཐུགས་རྗེའི་མཚོན༔ ཆར་ལྟར་འབེབས་ཤིང་རླུང་ལྟར་འཚུབས༔ བདག་ཏུ་འཛིན་པའི་རཱུ་ཏྲ་བཤིག༔ ཨོཾ་བཛྲ་ཛྙཱ་ན་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ དགྲ་བགེགས་ཨཾ་ཀུ་ཤ་ཛ་ཕྱེས་ཤིག་ཛྭ་ལ་པ་ཡ་ཏ་ཐ་ཡ་ཕྱེ་མ་ཕྱེ་མ་མཱ་ར་ཡ་ཕཊ༔ དེ་ནས་བསྟབས་པ་ནི༔ ཧོཿམ་རིག་གཉིས་སུ་འཛིན་པ་ཡི༔ རྣམ་རྟོག་འཁོར་བའི་ངར་འཛིན་བགེགས༔ ཆོས་ཉིད་རོལ་པའི་དབྱིངས་སུ་བསྒྲལ༔ སྐྱེ་མེད་ཆོས་སྐུའི་ཀློང་དུ་བསྟབས༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་དགྲ་བགེགས་སརྦ་ཤ་ཏྲུཾ་མཱ་ར་ཡ་ཁཱ་ཧི༔ དེ་ནས་ཚོགས་ཀྱི་དངོས་གྲུབ་རྡོ་རྗེ་སློབ་དཔོན་ལ་འབུལ་ཏེ༔ ཀྱཻ༔ སྟོན་པ་རྡོ་རྗེ་རྒྱལ་པོ་དགོངས༔ འདོད་ཡོན་ཚོགས་འཁོར་དམ་པ་འདིར༔ གཙང་དང་རྨེ་བ་གཉིས་འཛིན་བྲལ༔ བྲམ་ཟེ་གདོལ་པ་ཁྱི་དང་ཕག༔ རང་བཞིན་གཅིག་ཏུ་དགོངས་ཏེ་རོལ༔ བླ་མས༔ ཧོཿཚོགས་འཁོར་འདོད་ཡོན་གསང་སྔགས་རྫས༔ དངོས་གྲུབ་ཐམས་ཅད་འདི་ལས་བྱུང་༔ བླ་མེད་ཐེག་པ་ཆེན་པོའི་བཅུད༔ ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ༔ ཨ་ལ་ལ་ཧོ༔ དེ་ནས་ལྷག་མ་ཁ་ཆུས་བྲན་ལ༔ ཨོཾ་ཨཱཿཧཱུྃ༔ ལྷག་ལ་དབང་བ་མ་མོའི་ཚོགས༔ བསྟན་པ་བསྲུང་བའི་དམ་ཅན་རྣམས༔ འདིར་གཤེགས་ལྷག་མའི་འདོད་ཡོན་རོལ༔ བསྟན་པ་བསྲུང་ལ་དགྲ་བགེགས་སྒྲོལ༔ མ་མ་ཌཱཀྐི་ནཱི་སརྦ་དྷརྨཱ་པཱ་ལ་སརྦ་ལོ་ཀ་པཱ་ལ་མ་ཧཱ་ག་ཎ་ཙཀྲ་མྲྀ་ཏ་ཁཱ་ཧི༔ དེ་ནས་ཆད་མདོ་བཏང་བ་ནི༔ ཧཱུྃ་བྷྱོ༔ སྔོན་ཚེ་ཀུན་བཟང་གསང་བདག་པད་འབྱུང་གི༔ བཀའ་ཉན་ཁས་བླངས་དམ་བཅས་དྲེགས་པའི་ཚོགས༔ འདིར་གཤེགས་བཀའ་ཡི་གཏོར་མ་འདི་ལོངས་ལ༔ དམ་ལ་མ་འདའ་ཕྲིན་ལས་རྣམ་བཞི་བསྒྲུབ༔ བཛྲ་ས་མ་ཡ༔ དེ་ནས་བརྟན་མ་ནི༔ ཧོཿཀུན་བཟང་སྒྱུ་འཕྲུལ་པདྨ་འབྱུང་གནས་ཀྱིས༔ བཀའ་བསྒོས་དམ་བཞག་མ་མོ་བརྟན་མའི་ཚོགས༔ འདིར་གཤེགས་དམར་གྱི་གཏོར་མ་འདི་ལོངས་ལ༔ ཡང་གསང་བསྟན་པ་སྤེལ་ལ་ཕྲིན་ལས་བསྒྲུབ༔ མ་མ་ཌཱཀྐི་ནཱི་སརྦ་ས་མ་ཡ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་བྲོ་མནན་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ མ་རིག་ཉོན་མོངས་རྒྱུར་བྱུང་བའི༔ རྐྱེན་སྣང་བདུད་བགེགས་དམ་སྲིའི་ཚོགས༔ རིམ་དགུ་ས་ཡི་འོག་ཏུ་མནན༔ མ་ཤོར་ཐེག་པ་རིམ་དགུའི་རྒྱ༔ ཡ་མ་དམ་སྲི་སྟྭཾ་བྷ་ཡ་ནན༔ མཱ་ར་ཡ་ནན༔ དེ་ནས་ཉེས་འགལ་བཤགས་པ་ནི༔ ཧོཿཡེ་རིག་ཆོས་སྐུ་སྤྲོས་མཐའ་བྲལ༔ རྒྱལ་ཀུན་དཀྱིལ་འཁོར་ཡོངས་རྫོགས་ལ༔ མ་རྟོགས་ལོག་པའི་ལམ་ཞུགས་ཏེ༔ འགལ་འཁྲུལ་ཉམས་ཆག་ཐམས་ཅད་བཤགས༔ ཨོཾ་བཛྲ་ས་ཏྭ༴ཅི་མང་བཟླས༔ དེ་ནས་བཀྲ་ཤིས་ནི༔ ཧཱུྃ༔ སྐྱེ་མེད་མཐའ་བྲལ་ཆོས་ཀྱི་སྐུ༔ འགགས་མེད་རོལ་པ་ལོངས་སྤྱོད་རྫོགས༔ ཕྱོགས་མེད་ཐུགས་རྗེ་སྤྲུལ་པའི་སྐུ༔ སྐུ་གསུམ་ལྷུན་གྲུབ་བཀྲ་ཤིས་ཤོག༔ དེ་ནས་བསྔོ་སྨོན་ནི༔ ཧོཿའདི་དང་དུས་གསུམ་དགེ་ཚོགས་རྣམས༔ མ་ལུས་བསྡུས་ཏེ་འགྲོ་ལ་བསྔོ༔ མ་གྱུར་སེམས་ཅན་མ་ལུས་པ༔ ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག༔ དེ་ནས་རྟག་པར་ལྟ་བའི་མཐའ་སེལ་ཆེད་དུ་བསྡུ་རིམ་ནི༔ སྣོད་བཅུད་དཀྱིལ་འཁོར་རང་ཉིད་ལ༔ བདག་ཀྱང་ཐུགས་ཀའི་སྔགས་འཁོར་དང་༔ སྔགས་ཕྲེང་ཧཱུྃ་ཡིག་ཐིག་ལེ་ལ༔ ཐིག་ལེ་ཆོས་དབྱིངས་ངང་དུ་ཐིམ༔ དེ་ནས་ཆད་པར་ལྟ་བའི་མཐའ་བསལ་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་དབྱིངས་རོལ་པའི་མཁའ་ཀློང་ནས༔ མི་འཇིགས་རྡོ་རྗེའི་སྐུར་བཞེངས་པའི༔ སྣང་སྲིད་རིག་སྟོང་ཆོས་སྐུའི་ཞིང་༔ འགྱུར་མེད་ནམ་མཁའི་ངོ་བོར་གསལ༔ ས་མ་ཡ༔ ཧོཿརིག་པ་ཀུན་བྱེད་དཔའ་བོ་དང་༔ རྟོག་ཚོགས་རང་གྲོལ་རྣལ་འབྱོར་ཚོགས༔ འདི་ནི་གསང་སྔགས་ཀུན་གྱི་བཅུད༔ ཐབས་ལམ་ནང་ནས་དོན་དམ་ལྟར༔ སྙིང་ཐིག་ནང་ནས་ཡང་བཅུད་ཡིན༔ མཐར་ཐུག་རྫོགས་པ་ཆེན་པོར་གྲོལ༔ ཆོས་རྣམས་གྲོལ་ས་དེ་ལས་གང་༔ ཚེ་གཅིག་སངས་རྒྱས་ཟབ་ལམ་འདི༔ ཉམས་ལེན་སྣོད་ལྡན་དག་ལ་གདམས༔ གང་རུང་བ་ཡི་སྤྱོད་ཡུལ་མིན༔ དམ་ལྡན་བརྩོན་འགྲུས་སྙིང་སྟོབས་ཅན༔ གང་གི་དོན་དུ་ངས་འདི་བསྟན༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ སྔགས་སྲུང་ཨེ་ཀ་ཙ་ཏི་དང་༔ གནོད་སྦྱིན་རྒྱལ་པོ་རྣམ་ཐོས་སྲས༔ ཁྱོད་ལ་གཉེར་རོ་དམ་ཚིག་རྒྱ༔ ལྟ་ལོག་ལོག་སྤྱོད་ངན་སྨྲ་མཁན༔ ཚར་ཆོད་སྲོག་ལ་ཧུར་ཐུམ་རྦད༔ ས་མ་ཡ༔ བཀའ་སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ བརྡ་ཐིམ༔ ༠༠༠༠༠༠བརྡ་ཡིག༦༡ཞེས་གསུངས་སོ།།ཆོས་ཉིད་རོལ་པའི་གསང་མཛོད་ནས།།མཁའ་འགྲོའི་ཀློང་བྱང་ནམ་མཁའི་མཛོད།།རང་བྱུང་རང་ཤར་གསང་བའི་བརྡའ།།གབ་དོན་ནམ་མཁའི་གཏེར་འདི་ནི།།སྔགས་འཆང་བདུད་འཇོམས་རྡོ་རྗེ་ངས།།མ་འགགས་ངང་ནས་བཏོན་ཏེ་བསྒྱུར།།ཕྲིན་ལས་གྲགས་པ་རྡོ་རྗེས་བསྐུལ།།ཕུན་ཚོགས་བཀྲ་ཤིས་ཡི་གེར་བྲིས།།དགེའོ།།ལེགས་སོ།།།།[[Category:Wyckibaat]]
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=12
|volumeLetter=NA
|textnuminvol=012
|pdflink=File:TTDL-ZABTER-12-NA-012.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-12-NA
}}
<h1>Tibetan Text</h1>
<onlyinclude>
{{TibP|༠༠༠༠༠༠བརྡ་ཡིག༤༧མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ཕྲིན་ལས་མེ་འབར་གྱི་ལས་བྱང་རྡོ་རྗེའི་ཕྲེང་བ་བཞུགས་སོ༔  
དཔའ་བོ་དཔའ་མོའི་ཚོགས་ཀྱི་གྲལ༔ གདལ་ཁྱབ་ཡངས་པའི་ཀློང་ལ་འདུད༔ སྐྱེ་འགགས་གཞོམ་གཞིག་བྲལ་བའི་གནས༔ རང་སྣང་འོག་མིན་གསང་མཛོད་དུ༔ ཀུན་གཞི་ཀ་དག་ཀུན་བཟང་ལ༔ རིག་པ་ཀུན་བྱེད་དཔའ་བོ་ཡིས༔ ཀྱཻ་ཧོ༔ ཀ་དག་ཆོས་སྐུའི་སྟོན་པ་མཆོག༔ མ་རིག་འཁྲུལ་པ་དབྱིངས་སྒྲོལ་ཕྱིར༔ ཕྲིན་ལས་ལྷུན་གྲུབ་ཆེ་བའི་མཆོག༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ཡི༔ གསང་སྒྲུབ་རྡོ་རྗེའི་ཕྲེང་བ་ཅན༔ དུས་འདིར་བདག་ལ་སྩལ་དུ་གསོལ༔ དེ་ནས་ཀ་དག་ཆོས་སྐུ་ཡིས༔ ཧོཿརིག་པ་ཀུན་བྱེད་དཔའ་བོ་དང་༔ རྟོག་ཚོགས་རང་གྲོལ་རྣལ་འབྱོར་ཚོགས༔ ལེགས་པར་བཤད་ཀྱིས་གུས་པས་ཉོན༔ བདག་མེད་བདག་ཏུ་འཛིན་པའི་སེམས༔ གདོད་ནས་གཉིས་འཛིན་ཕྱི་ཡི་ལྷ༔ ང་བདག་གཟུང་འཛིན་རྒྱུ་རྐྱེན་གྱིས༔ བསྡུས་ཤིང་མངོན་ཞེན་དང་འབྲེལ་བའི༔ རྐྱེན་དེས་རང་སྣང་ཕྱི་རུ་ཚོལ༔ སོ་སོའི་སེམས་ཅན་དེས་བསླུ་འཁྲུལ༔ རང་སྣང་ཐམས་ཅད་དག་པའི་ཞིང་༔ རྟོག་ཚོགས་རང་གྲོལ་ཡེ་ཤེས་ལྷ༔ མ་རྟོགས་གཞན་ཚོལ་སོ་སོའི་ལམ༔ ངེས་པའི་དོན་ལ་གཞན་ཚོལ་མིན༔ ཡེ་ནས་མ་བཅོས་མི་འགྱུར་བ༔ རིག་པ་སྐུ་གསུམ་ལྷུན་གྲུབ་ངང་༔ ལམ་ལོག་ཡུལ་ཞེན་ལྡོག་པའི་ཕྱིར༔ རང་བྱུང་ལྷུན་གྲུབ་རང་ཉིད་བསྒོམ༔ རྒྱུ་བཟང་བསྒྲིབ་པའི་རྐྱེན་ངན་གྱི༔ ཕྱིས་མཐར་རང་རྒྱུ་ལྷར་ངེར་མངོན༔ འོན་ཀྱང་ཀུན་རྫོབ་ཙམ་ཞིག་ལ༔ སྒྱུ་མའི་མཆེད་འགྱུར་ལྟ་བུ་ཡི༔ རང་སྣང་རང་ལ་མཆེད་གྱུར་མདུན༔ དལ་ནི་དབྱིབས་ལེགས་མཛེས་ལྡན་དབུས༔ མཚན་ལྡན་བུམ་པ་མགུལ་ཆིངས་ལྗང་༔ ཁ་རྒྱན་ལྕགས་སམ་སེང་ལྡེང་གི༔ ཁྲོ་ཕུར་བསྐྱེད་ཆོག་ཇི་བཞིན་འཛུག༔ འབྱོར་ཚོགས་མཆོད་པའི་བྱེ་བྲག་བཤམས༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ སྣང་སྲིད་བཞིར་བཞེངས་དཀྱིལ་འཁོར་དུ༔ དག་པ་རབ་འབྱམས་སངས་རྒྱས་ལ༔ རང་རྩལ་རིག་པས་སྐྱབས་སུ་མཆི༔ འཁོར་བ་དབྱིངས་སྒྲོལ་སེམས་བསྐྱེད་དོ༔ ལན་གསུམ༔ དེ་ནས་བཀའ་བསྒོ་བ་ནི༔ ཧཱུྃ༔ ང་ནི་ཡེ་ནས་སངས་རྒྱས་ཏེ༔ ཁྱབ་བདག་ཆེ་མཆོག་བདུད་རྩི་འཁྱིལ༔ འདིར་ལྷགས་གཉིས་སུ་འཛིན་པའི་བགེགས༔ མཐུན་རྫས་ལོངས་ལ་རང་གནས་སོང་༔ ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡ་ཕཊ༔ རྩ་སྔགས་ཧཱུྃ་བཞིའི་སྔགས་བརྗོད༔ དེ་ནས་མཚམས་གཅོད་པ་ནི༔ ཧཱུྃ༔ བདག་ནི་མ་བཅོས་ཆོས་ཀྱི་སྐུ༔ སྣོད་བཅུད་དག་པར་རབ་འབྱམས་ལ༔ ཕྱོགས་མེད་ཐུགས་རྗེའི་བསྲུང་བའི་མཚམས༔ ལོག་པར་འདྲེན་པའི་མིང་ཡང་མེད༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿབཛྲ་རཀྵ་ཛྭ་ལ་རཾ་རཾ༔ དེ་ནས་བྱིན་ཆེན་དབབ་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ སྐྱེ་མེད་གདལ་ཁྱབ་ཆོས་ཀྱི་སྐུ༔ ལྷུན་གྲུབ་འགགས་མེད་བདུད་རྩི་འཁྱིལ༔ ཕྱོགས་མེད་ཐུགས་རྗེའི་སྒྱུ་འཕྲུལ་གྱིས༔ དོན་དམ་རང་སྣང་དཀྱིལ་འཁོར་འདིར༔ འོད་གསལ་ཆོས་སྐུའི་བྱིན་ཕོབ་ལ༔ སྐུ་གསུམ་ཡོངས་རྫོགས་དབང་སྐུར་ཅིག༔ འཕོ་བ་ཆེན་པོར་བྱིན་གྱིས་རློབས༔ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ བུདྡྷཱ་བཛྲ་རཏྣ་པདྨ་ཀརྨ་ཀཱ་ཡ་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཨ་ཝེ་ཤ་ཡ་ཨ་ཨ༔ དེ་ནས་མཆོད་རྫས་བྱིན་གྱིས་བརླབ་པ་ནི༔ ཨོཾ་ཨཱཿཧཱུྃ༔ སྣང་བ་ཁྱབ་གདལ་ཡངས་པ་རུ༔ སྲིད་པ་དག་སྦྱངས་མཆོད་པའི་སྤྲིན༔ མ་ཧཱ་ག་ཎ་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཋ༔ དེ་ནས་ལྷ་བསྐྱེད་པ་ནི༔ ཨཱཿཆོས་དབྱིངས་ཡེ་ཤེས་དེ་བཞིན་ཉིད༔ འགགས་མེད་ཁྱབ་གདལ་སྙིང་རྗེའི་མདངས༔ ཕྱོགས་མེད་ཐུགས་རྗེ་ཧཱུྃ་གི་ངང་༔ སྤྲོས་པའི་མཚན་རྫོགས་གཞལ་ཡས་དབུས༔ མ་ཆགས་སྐྱོན་བྲལ་པད་ཉིའི་སྟེང་༔ བདག་འཛིན་རཱུ་ཏྲ་བསྣོལ་བའི་གདན༔ རབ་འབྱམས་རྒྱལ་བའི་གཟི་བྱིན་དབང་༔ བསྡུས་པས་སྐད་ཅིག་དྲན་རྫོགས་སུ༔ རང་ཉིད་ཆེ་མཆོག་བདུད་རྩི་འཁྱིལ༔ ལྗང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་ཞལ་སེར་གསལ་གཟི་འོད་འབར༔ གཡོན་ཞལ་དུད་ཁ་ཁྲོ་གཏུམ་བརྗིད༔ གཡས་གཡོན་དང་པོས་རྡོ་རྗེ་དང་༔ ཁ་ཊྭཱྃ་རྩེ་གསུམ་མཁའ་ལ་གདེངས༔ བར་མས་རྒྱ་གྲམ་དབྱུག་ཏོ་ཐོགས༔ མཐའ་གཉིས་རལ་གྲི་སྦྲུལ་ཞགས་བསྣམས༔ སྤྱན་དགུ་སྡང་མིག་མཁའ་ལ་གཟིགས༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྨ་ར་སྨི་མ་མེ་ལྟར་འབར༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ ཐོད་རློན་ཕྲེང་བས་དོ་ཤལ་བྱས༔ ཀོ་རློན་གཡང་གཞི་སྟག་ཤམ་གསོལ༔ རྡོ་རྗེའི་གཤོག་པ་མཁའ་ལ་གདེངས༔ ཞབས་བཞི་གྱད་ཀྱི་འདོར་སྟབས་བསྒྲད༔ མ་རུངས་དྲེགས་པ་ཕོ་མོ་གནོན༔ དུར་ཁྲོད་དཔལ་ཆས་གར་ཉམས་རྫོགས༔ ཡུམ་མཆོག་རླུང་འབྱིན་གཡོན་ནས་འཁྲིལ༔ ལྗང་སྐྱ་ཞལ་གཅིག་ཕྱག་གཉིས་མ༔ ཕྱག་གཡས་རྒྱ་གྲམ་ཡབ་ལ་འཁྱུད༔ གཡོན་པས་དུང་དམར་ཡབ་ལ་སྟོབ༔ ཁྲོ་མོའི་ཆས་རྫོགས་རལ་པ་འཕྱང་༔ བསྐལ་པའི་མེ་ལྟར་འབར་བའི་ཀློང་༔ སྐྱེ་འགགས་འགྱུར་མེད་རིག་པའི་སྐུ༔ སྣ་ཚོགས་རང་མདངས་ཡེ་ཤེས་རྒྱན༔ ཁྱབ་གདལ་ཀློང་ཆེན་སྐུ་ཡི་ཆར༔ རབ་འབྱམས་རྒྱལ་ཀུན་དཀྱིལ་འཁོར་རྣམས༔ གདོད་ནས་ལྷུན་གྲུབ་ཆེན་པོར་བསྒོམ༔ སྤྱི་བོར་ལྕགས་ཀྱི་ཁྱུང་ཆེན་ལྡིང༔ གནམ་ལྕགས་གཤོག་པའི་རླབས་ཆེན་རྡེབ༔ དུག་དང་རྡོ་རྗེའི་ཆར་པ་འབེབས༔ ཀླུ་གདོན་ཕོ་མོའི་གློ་སྙིང་འདྲེན༔ རྭ་བར་འཇའ་ཐིག་འོད་ཁྱིམ་ཀློང་༔ བླ་མ་ཀུན་བཟང་ཡབ་ཡུམ་གསལ༔ ཕྱི་རིམ་པདྨ་འདབ་བཞིའི་སྟེང་༔ ཐུགས་ཀྱི་རང་མདངས་ཁྲོ་ཆེན་བཞི༔ ཤར་དུ་བཛྲ་ཀྲོ་ཏ་དཀར༔ རྡོ་རྗེ་གཡས་ལ་ཐོད་ཁྲག་གཡོན༔ ཁ་ཊྭཱྃ་རྩེ་གསུམ་མཆན་དུ་བཅུག༔ ལྷོ་རུ་རཏྣ་ཀྲོ་ཏ་སེར༔ བེ་ཅོན་གཡས་ལ་ཐོད་ཁྲག་གཡོན༔ ཁ་ཊྭཱྃ་རྩེ་གསུམ་མཆན་དུ་བཅུག༔ ནུབ་ཏུ་པདྨ་ཀྲོ་ཏ་དམར༔ དབྱུག་ཏོ་གཡས་ལ་ཐོད་ཁྲག་གཡོན༔ ཁ་ཊྭཱྃ་རྩེ་གསུམ་མཆན་དུ་བཅུག༔ བྱང་དུ་ཀརྨ་ཀྲོ་ཏ་ལྗང་༔ རལ་གྲི་གཡས་ལ་ཐོད་ཁྲག་གཡོན༔ ཁ་ཊྭཱྃ་རྩེ་གསུམ་མཆན་དུ་བཅུག༔ ཀུན་ཀྱང་ཁྲོ་ཚུལ་སྒེག་པའི་ཉམས༔ དུར་ཁྲོད་དཔལ་ཆས་གར་ཉམས་རྫོགས༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བསྒྲད༔ ཡེ་ཤེས་མེ་དཔུང་ཀློང་དུ་གསལ༔ རང་རང་རིགས་ཀྱི་སེམས་དཔའ་ནི༔ པདྨ་ཟླ་དཀྱིལ་འོད་ཐིག་ཀློང་༔ སྤྱི་བོར་རིགས་ཀྱི་བདག་པོར་ཤར༔ ཕྲིན་ལས་ལྷུན་གྲུབ་སྒོ་བཞི་རུ༔ པདྨ་ཉི་མའི་གདན་སྟེངས་སུ༔ ཤར་སྒོར་མཁའ་འགྲོ་ལྕགས་ཀྱུ་མ༔ དཀར་མོ་ལྕགས་ཀྱུ་དྲིལ་བུ་བསྣམས༔ ཞབས་གཉིས་གར་སྟབས་ཁྲོས་པའི་ཚུལ༔ ལྷོ་སྒོར་མཁའ་འགྲོ་ཞགས་པ་མ༔ སེར་མོ་ཞགས་པ་དྲིལ་བུ་བསྣམས༔ ནུབ་སྒོར་མཁའ་འགྲོ་ལྕགས་སྒྲོག་མ༔ དམར་མོ་ལྕགས་སྒྲོག་དྲིལ་བུ་བསྣམས༔ བྱང་སྒོར་མཁའ་འགྲོ་དྲིལ་བུ་མ༔ ལྗང་མོ་རྒྱ་གྲམ་དྲིལ་བུ་གསིལ༔ ཀུན་ཀྱང་གར་སྟབས་རཱུ་ཏྲ་གནོན༔ གཅེར་བུ་རུས་པའི་རྒྱན་དྲུག་མཛེས༔ རང་མདངས་མེ་དཔུང་ཀློང་དུ་གསལ༔ འཁོར་ཡུག་བར་ཁྱམས་ཐམས་ཅད་དུ༔ རྒྱལ་བའི་དཀྱིལ་འཁོར་ཡོངས་རྫོགས་ཀུན༔ མ་འདྲེས་ལྷུན་རྫོགས་ཆེན་པོར་བསྒོམ༔ སྣང་བ་འོད་གསལ་ཆེན་པོའི་དལ༔ ཆོས་ཉིད་དོན་གྱི་རིག་སྐུར་ཤར༔ རྟོག་ཚོགས་རང་གྲོལ་རོལ་པ་ལས༔ རབ་འབྱམས་འཁོར་གྱི་ངང་དུ་ཤར༔ མ་བཅོས་ལྷུན་གྲུབ་མི་འགྱུར་བ༔ གདོད་ནས་རྫོགས་ལྡན་བདེ་བ་ཆེ༔ དེ་ནས་ཡེ་ཤེས་པ་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱི༔ ཕྱོགས་ལྷུང་བྲལ་བའི་ཞིང་ཁམས་ནས༔ རིག་པའི་ཡེ་ཤེས་བདུད་རྩི་འཁྱིལ༔ རང་མདངས་འཁོར་གྱི་རོལ་པར་བཅས༔ རང་རིག་རང་ངོར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱི༔ གདོད་ནས་ཁྱབ་གདལ་དོན་གྱི་ལྷ༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད༔ ཡེ་ཤེས་དབྱིངས་སུ་མ་ངེས་གར༔ གཉིས་མེད་ལྷུན་རྫོགས་རོ་གཅིག་བཞུགས༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ་ཧྲཱིཿསྐྱེ་མེད་གདལ་ཁྱབ་ཆོས་ཀྱི་སྐུ༔ མ་འགགས་རོལ་རྩལ་ཅིར་ཡང་བསྒྱུར༔ ཕྱོགས་མེད་ཐུགས་རྗེས་འཁོར་བ་སྒྲོལ༔ བདུད་རྩི་འཁྱིལ་ལ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ་ཧྲཱིཿསྣང་ཞིང་སྲིད་པའི་འཇིག་རྟེན་ན༔ དངོས་པོར་གྲུབ་པའི་ཆོས་སོ་ཅོག༔ མ་ལུས་བསྡུས་ཏེ་མཆོད་པའི་སྤྲིན༔ འདོད་ཡོན་ལྔ་ཡི་རྒྱན་དུ་ཤར༔ རང་རྩལ་རྫོགས་ལྡན་ཡེ་ཤེས་ལྷ༔ ཆེ་མཆོག་བདུད་རྩི་འཁྱིལ་བ་དང་༔ རང་མདངས་འཁོར་གྱི་ཚོགས་ལ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ མ་ཧཱ་ག་ཎ་སརྦ་པཱུ་ཛ་ཧོ༔ མཚན་དོན་སྦྱར༔ དེ་ནས་བསྟོད་པ་གླུ་ཡི་མཆོད་པ་ནི༔ ཧཱུྃ་ཧྲཱིཿཁྱབ་གདལ་ཆོས་དབྱིངས་གཞལ་ཡས་ན༔ བདུད་སྡེ་བསྣོལ་བ་བམ་གྱི་སྟེང་༔ མ་སྐྱེས་ལྷུན་གྱིས་གྲུབ་པའི་ལྷ༔ ཆེ་བའི་ཆེ་མཆོག་བདུད་རྩི་འཁྱིལ༔ རྒྱལ་བ་ཀུན་འདུས་ངོ་བོ་ཉིད༔ སྤྲུལ་པ་གར་གྱི་དབང་ཕྱུག་ཆེ༔ མ་རུངས་རཱུ་ཏྲ་འཇོམས་མཛད་ལྷ༔ མི་འགྱུར་མི་འཇིགས་རྡོ་རྗེའི་སྐུ༔ གསུང་གི་ང་རོས་འཁོར་བ་འཇིག༔ ཐུགས་ཀྱི་སྤྲུལ་པས་འཁོར་འདས་ཁྱབ༔ ཡོན་ཏན་སྤྲུལ་པ་ཅིར་ཡང་སྟོན༔ ཕྲིན་ལས་དྲག་པོས་དགྲ་བགེགས་འདུལ༔ སྐྱེ་མེད་དབྱིངས་ལས་སྐུར་བཞེངས་པ༔ འགགས་མེད་རོལ་པའི་སྒྱུ་འཕྲུལ་སྟོན༔ ཕྱོགས་མེད་ཐུགས་རྗེའི་ཀུན་ཁྱབ་ཀྱི༔ ཆོས་ཉིད་སྒྱུ་མར་རོལ་པ་ཡི༔ ཆོ་འཕྲུལ་ཆེན་པོའི་དཔལ་ལ་བསྟོད༔ གུས་པ་ཆེན་པོས་ཕྱག་འཚལ་བསྟོད༔ གདུང་བའི་དབྱངས་ཀྱིས་བསྟོད་པར་བགྱི༔ ཕྱག་རྒྱ་གར་གྱིས་ཕྱག་འཚལ་བསྟོད༔ རང་རྩལ་རྫོགས་པའི་ཧེ་རུ་ཀ༔ རང་ངོ་རིག་པའི་ངོ་མཚར་གྱི༔ དགའ་བདེའི་རོལ་པའི་གླུ་གར་གྱིས༔ དབྱིངས་རིག་བདེ་བ་ཆེན་པོར་བསྟོད༔ བདག་ཅག་སྒྲུབ་མཆོག་འཁོར་བཅས་ཀུན༔ ཡང་གསང་དཀྱིལ་འཁོར་འདི་ཉིད་དུ༔ ཚེ་དང་སྒྲུབ་པ་མཐར་སོན་ནས༔ འཕོ་ཆེན་བུམ་སྐུ་འགྲུབ་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལས་དང་སྐལ་བར་ལྡན་པ་ཡིས༔ གང་ཟག་སྦྱངས་པ་སྔོན་སོང་ཅན༔ དལ་འདི་བསྒྲུབ་པ་གང་དང་གང་༔ ཚེ་འདིར་རིག་འཛིན་ས་ལ་འགོད༔ མི་བསླུ་ངེས་པ་པདྨའི་བཀའ༔ ལྷ་ཡང་གཞན་ལ་ཚོལ་མི་དགོས༔ ཆོས་ཉིད་དོན་གྱི་རིག་སྐུ་སྐྱོང་༔ འཁོར་འདས་སྐད་ཅིག་རིག་ངོར་རྫོགས༔ བྱ་བྱེད་བཅོས་བཀག་བྱེད་པ་ནོར༔ གདོད་ནས་རང་རིག་སངས་རྒྱས་ཏེ༔ ཤེས་པ་ཙམ་གྱིས་རྫོགས་པ་ལ༔ ཨ་འཐས་ཞེན་ཆགས་བྱེད་པ་ནོར༔ སྒྱུ་མ་ལྟ་བུའི་ཆོས་ཉིད་ལ༔ རྟག་གམ་ཆད་པར་བྱེད་ན་ནོར༔ ཞེན་པ་མེད་པའི་བསྐྱེད་རིམ་ལ༔ ཞེན་ཆགས་བཅོས་མ་བྱེད་པ་ནོར༔ ཡེ་ཤེས་རང་མདངས་རྒྱན་མཚན་ཤར༔ དེ་ལ་གཞན་དུ་གྲུབ་འཛིན་ནོར༔ གང་ལ་མ་ནོར་གདིང་ལྡན་གཅེས༔ ཚེ་གཅིག་སངས་རྒྱས་དངོས་གྲུབ་མཆོག༔ ཚེ་འདིའི་དོན་དུ་གཉེར་བ་ནོར༔ མ་ནོར་རིག་ངོར་རྫོགས་ལྡན་ནོ༔ ས་མ་ཡ༔ ༠༠༠༠༠བརྡ་ཡིག༥༦སྒྲུབ་མཆོག་ཉམས་ཆག་སྐོང་བ་དང་༔ ཚོགས་གཉིས་རྫོགས་ཕྱིར་ཚོགས་མཆོད་འབུལ༔ དུས་བཟང་དང་ནི་མང་འགྱུར་དུས༔ བཀྲ་ཤིས་སྐྱིད་པའི་གནས་མཆོག་ཏུ༔ འབྱོར་ཚོགས་བཤམས་ལ་ཡིད་ཀྱིས་སྤེལ༔ དེ་ལ་དང་པོ་བྱིན་བརླབ་ནི༔ རཾ་ཡཾ་ཁཾ༔ རྣམ་རྟོག་མཚན་མའི་བག་ཆགས་སྦྱངས༔ སྣང་སྲིད་ཚོགས་ཀྱི་འཁོར་ལོ་བཤམས༔ འབྲུ་གསུམ་འོད་ཞུ་བདུད་རྩིར་བསྒྱུར༔ མཆོད་སྤྲིན་རྒྱ་མཚོས་འཁོར་འདས་ཁྱབ༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱིཿསྣང་སྲིད་གཞིར་བཞེངས་དཀྱིལ་འཁོར་ནས༔ རང་བྱུང་ཡེ་ཤེས་རང་མདངས་ལས༔ རྩ་གསུམ་དཔའ་བོ་མཁའ་འགྲོའི་ཚོགས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿདེ་ནས་ཚོགས་ཕུད་འབུལ་བ་ནི༔ ཧོཿསྣང་བ་སྣོད་ཀྱི་གཞོང་པ་རུ༔ སྲིད་པ་བཅུད་ཀྱི་འདོད་ཡོན་ཚོགས༔ ཟག་མེད་ཡེ་ཤེས་བདུད་རྩི་འདི༔ རང་རིག་རྩ་བ་གསུམ་ལ་འབུལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷ་ཀི་ནཱི༔ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ལ་ཁཱ་ཧི༔ དེ་ནས་བཤགས་པ་ནི༔ ཧོཿཡེ་ཤེས་རང་སྣང་རྒྱལ་བའི་ཞིང་༔ དག་པ་རབ་འབྱམས་སངས་རྒྱས་ཏེ༔ མ་རྟོགས་འཁོར་བར་འཁྱམས་པའི་སེམས༔ ཐམས་ཅད་ཚོགས་ཀྱིས་བསྐང་ཞིང་བཤགས༔ ཨོཾ་ག་ཎ་ཙཀྲ་ས་ཏྭ་སོགས༔ དེ་ནས་བདག་འཛིན་རཱུ་ཏྲ་བསྒྲལ་བ་ནི༔ ཧཱུྃ༔ གདོད་ནས་རང་རིག་ཡེ་ཤེས་ལྷ༔ རྟོག་ཚོགས་རང་གྲོལ་ཐུགས་རྗེའི་མཚོན༔ ཆར་ལྟར་འབེབས་ཤིང་རླུང་ལྟར་འཚུབས༔ བདག་ཏུ་འཛིན་པའི་རཱུ་ཏྲ་བཤིག༔ ཨོཾ་བཛྲ་ཛྙཱ་ན་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ དགྲ་བགེགས་ཨཾ་ཀུ་ཤ་ཛ་ཕྱེས་ཤིག་ཛྭ་ལ་པ་ཡ་ཏ་ཐ་ཡ་ཕྱེ་མ་ཕྱེ་མ་མཱ་ར་ཡ་ཕཊ༔ དེ་ནས་བསྟབས་པ་ནི༔ ཧོཿམ་རིག་གཉིས་སུ་འཛིན་པ་ཡི༔ རྣམ་རྟོག་འཁོར་བའི་ངར་འཛིན་བགེགས༔ ཆོས་ཉིད་རོལ་པའི་དབྱིངས་སུ་བསྒྲལ༔ སྐྱེ་མེད་ཆོས་སྐུའི་ཀློང་དུ་བསྟབས༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་དགྲ་བགེགས་སརྦ་ཤ་ཏྲུཾ་མཱ་ར་ཡ་ཁཱ་ཧི༔ དེ་ནས་ཚོགས་ཀྱི་དངོས་གྲུབ་རྡོ་རྗེ་སློབ་དཔོན་ལ་འབུལ་ཏེ༔ ཀྱཻ༔ སྟོན་པ་རྡོ་རྗེ་རྒྱལ་པོ་དགོངས༔ འདོད་ཡོན་ཚོགས་འཁོར་དམ་པ་འདིར༔ གཙང་དང་རྨེ་བ་གཉིས་འཛིན་བྲལ༔ བྲམ་ཟེ་གདོལ་པ་ཁྱི་དང་ཕག༔ རང་བཞིན་གཅིག་ཏུ་དགོངས་ཏེ་རོལ༔ བླ་མས༔ ཧོཿཚོགས་འཁོར་འདོད་ཡོན་གསང་སྔགས་རྫས༔ དངོས་གྲུབ་ཐམས་ཅད་འདི་ལས་བྱུང་༔ བླ་མེད་ཐེག་པ་ཆེན་པོའི་བཅུད༔ ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ༔ ཨ་ལ་ལ་ཧོ༔ དེ་ནས་ལྷག་མ་ཁ་ཆུས་བྲན་ལ༔ ཨོཾ་ཨཱཿཧཱུྃ༔ ལྷག་ལ་དབང་བ་མ་མོའི་ཚོགས༔ བསྟན་པ་བསྲུང་བའི་དམ་ཅན་རྣམས༔ འདིར་གཤེགས་ལྷག་མའི་འདོད་ཡོན་རོལ༔ བསྟན་པ་བསྲུང་ལ་དགྲ་བགེགས་སྒྲོལ༔ མ་མ་ཌཱཀྐི་ནཱི་སརྦ་དྷརྨཱ་པཱ་ལ་སརྦ་ལོ་ཀ་པཱ་ལ་མ་ཧཱ་ག་ཎ་ཙཀྲ་མྲྀ་ཏ་ཁཱ་ཧི༔ དེ་ནས་ཆད་མདོ་བཏང་བ་ནི༔ ཧཱུྃ་བྷྱོ༔ སྔོན་ཚེ་ཀུན་བཟང་གསང་བདག་པད་འབྱུང་གི༔ བཀའ་ཉན་ཁས་བླངས་དམ་བཅས་དྲེགས་པའི་ཚོགས༔ འདིར་གཤེགས་བཀའ་ཡི་གཏོར་མ་འདི་ལོངས་ལ༔ དམ་ལ་མ་འདའ་ཕྲིན་ལས་རྣམ་བཞི་བསྒྲུབ༔ བཛྲ་ས་མ་ཡ༔ དེ་ནས་བརྟན་མ་ནི༔ ཧོཿཀུན་བཟང་སྒྱུ་འཕྲུལ་པདྨ་འབྱུང་གནས་ཀྱིས༔ བཀའ་བསྒོས་དམ་བཞག་མ་མོ་བརྟན་མའི་ཚོགས༔ འདིར་གཤེགས་དམར་གྱི་གཏོར་མ་འདི་ལོངས་ལ༔ ཡང་གསང་བསྟན་པ་སྤེལ་ལ་ཕྲིན་ལས་བསྒྲུབ༔ མ་མ་ཌཱཀྐི་ནཱི་སརྦ་ས་མ་ཡ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་བྲོ་མནན་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ མ་རིག་ཉོན་མོངས་རྒྱུར་བྱུང་བའི༔ རྐྱེན་སྣང་བདུད་བགེགས་དམ་སྲིའི་ཚོགས༔ རིམ་དགུ་ས་ཡི་འོག་ཏུ་མནན༔ མ་ཤོར་ཐེག་པ་རིམ་དགུའི་རྒྱ༔ ཡ་མ་དམ་སྲི་སྟྭཾ་བྷ་ཡ་ནན༔ མཱ་ར་ཡ་ནན༔ དེ་ནས་ཉེས་འགལ་བཤགས་པ་ནི༔ ཧོཿཡེ་རིག་ཆོས་སྐུ་སྤྲོས་མཐའ་བྲལ༔ རྒྱལ་ཀུན་དཀྱིལ་འཁོར་ཡོངས་རྫོགས་ལ༔ མ་རྟོགས་ལོག་པའི་ལམ་ཞུགས་ཏེ༔ འགལ་འཁྲུལ་ཉམས་ཆག་ཐམས་ཅད་བཤགས༔ ཨོཾ་བཛྲ་ས་ཏྭ༴ཅི་མང་བཟླས༔ དེ་ནས་བཀྲ་ཤིས་ནི༔ ཧཱུྃ༔ སྐྱེ་མེད་མཐའ་བྲལ་ཆོས་ཀྱི་སྐུ༔ འགགས་མེད་རོལ་པ་ལོངས་སྤྱོད་རྫོགས༔ ཕྱོགས་མེད་ཐུགས་རྗེ་སྤྲུལ་པའི་སྐུ༔ སྐུ་གསུམ་ལྷུན་གྲུབ་བཀྲ་ཤིས་ཤོག༔ དེ་ནས་བསྔོ་སྨོན་ནི༔ ཧོཿའདི་དང་དུས་གསུམ་དགེ་ཚོགས་རྣམས༔ མ་ལུས་བསྡུས་ཏེ་འགྲོ་ལ་བསྔོ༔ མ་གྱུར་སེམས་ཅན་མ་ལུས་པ༔ ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག༔ དེ་ནས་རྟག་པར་ལྟ་བའི་མཐའ་སེལ་ཆེད་དུ་བསྡུ་རིམ་ནི༔ སྣོད་བཅུད་དཀྱིལ་འཁོར་རང་ཉིད་ལ༔ བདག་ཀྱང་ཐུགས་ཀའི་སྔགས་འཁོར་དང་༔ སྔགས་ཕྲེང་ཧཱུྃ་ཡིག་ཐིག་ལེ་ལ༔ ཐིག་ལེ་ཆོས་དབྱིངས་ངང་དུ་ཐིམ༔ དེ་ནས་ཆད་པར་ལྟ་བའི་མཐའ་བསལ་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་དབྱིངས་རོལ་པའི་མཁའ་ཀློང་ནས༔ མི་འཇིགས་རྡོ་རྗེའི་སྐུར་བཞེངས་པའི༔ སྣང་སྲིད་རིག་སྟོང་ཆོས་སྐུའི་ཞིང་༔ འགྱུར་མེད་ནམ་མཁའི་ངོ་བོར་གསལ༔ ས་མ་ཡ༔ ཧོཿརིག་པ་ཀུན་བྱེད་དཔའ་བོ་དང་༔ རྟོག་ཚོགས་རང་གྲོལ་རྣལ་འབྱོར་ཚོགས༔ འདི་ནི་གསང་སྔགས་ཀུན་གྱི་བཅུད༔ ཐབས་ལམ་ནང་ནས་དོན་དམ་ལྟར༔ སྙིང་ཐིག་ནང་ནས་ཡང་བཅུད་ཡིན༔ མཐར་ཐུག་རྫོགས་པ་ཆེན་པོར་གྲོལ༔ ཆོས་རྣམས་གྲོལ་ས་དེ་ལས་གང་༔ ཚེ་གཅིག་སངས་རྒྱས་ཟབ་ལམ་འདི༔ ཉམས་ལེན་སྣོད་ལྡན་དག་ལ་གདམས༔ གང་རུང་བ་ཡི་སྤྱོད་ཡུལ་མིན༔ དམ་ལྡན་བརྩོན་འགྲུས་སྙིང་སྟོབས་ཅན༔ གང་གི་དོན་དུ་ངས་འདི་བསྟན༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ སྔགས་སྲུང་ཨེ་ཀ་ཙ་ཏི་དང་༔ གནོད་སྦྱིན་རྒྱལ་པོ་རྣམ་ཐོས་སྲས༔ ཁྱོད་ལ་གཉེར་རོ་དམ་ཚིག་རྒྱ༔ ལྟ་ལོག་ལོག་སྤྱོད་ངན་སྨྲ་མཁན༔ ཚར་ཆོད་སྲོག་ལ་ཧུར་ཐུམ་རྦད༔ ས་མ་ཡ༔ བཀའ་སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ བརྡ་ཐིམ༔ ༠༠༠༠༠༠བརྡ་ཡིག༦༡ཞེས་གསུངས་སོ།།ཆོས་ཉིད་རོལ་པའི་གསང་མཛོད་ནས།།མཁའ་འགྲོའི་ཀློང་བྱང་ནམ་མཁའི་མཛོད།།རང་བྱུང་རང་ཤར་གསང་བའི་བརྡའ།།གབ་དོན་ནམ་མཁའི་གཏེར་འདི་ནི།།སྔགས་འཆང་བདུད་འཇོམས་རྡོ་རྗེ་ངས།།མ་འགགས་ངང་ནས་བཏོན་ཏེ་བསྒྱུར།།ཕྲིན་ལས་གྲགས་པ་རྡོ་རྗེས་བསྐུལ།།ཕུན་ཚོགས་བཀྲ་ཤིས་ཡི་གེར་བྲིས།།དགེའོ།།ལེགས་སོ།།།།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:43, 4 June 2024

Wylie title TTDL-ZABTER-12-NA-012.pdf
Location bdud 'joms gling pa zab gter
Volume 12, Text 12, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠༠༠བརྡ་ཡིག༤༧མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ཕྲིན་ལས་མེ་འབར་གྱི་ལས་བྱང་རྡོ་རྗེའི་ཕྲེང་བ་བཞུགས་སོ༔ དཔའ་བོ་དཔའ་མོའི་ཚོགས་ཀྱི་གྲལ༔ གདལ་ཁྱབ་ཡངས་པའི་ཀློང་ལ་འདུད༔ སྐྱེ་འགགས་གཞོམ་གཞིག་བྲལ་བའི་གནས༔ རང་སྣང་འོག་མིན་གསང་མཛོད་དུ༔ ཀུན་གཞི་ཀ་དག་ཀུན་བཟང་ལ༔ རིག་པ་ཀུན་བྱེད་དཔའ་བོ་ཡིས༔ ཀྱཻ་ཧོ༔ ཀ་དག་ཆོས་སྐུའི་སྟོན་པ་མཆོག༔ མ་རིག་འཁྲུལ་པ་དབྱིངས་སྒྲོལ་ཕྱིར༔ ཕྲིན་ལས་ལྷུན་གྲུབ་ཆེ་བའི་མཆོག༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ཡི༔ གསང་སྒྲུབ་རྡོ་རྗེའི་ཕྲེང་བ་ཅན༔ དུས་འདིར་བདག་ལ་སྩལ་དུ་གསོལ༔ དེ་ནས་ཀ་དག་ཆོས་སྐུ་ཡིས༔ ཧོཿརིག་པ་ཀུན་བྱེད་དཔའ་བོ་དང་༔ རྟོག་ཚོགས་རང་གྲོལ་རྣལ་འབྱོར་ཚོགས༔ ལེགས་པར་བཤད་ཀྱིས་གུས་པས་ཉོན༔ བདག་མེད་བདག་ཏུ་འཛིན་པའི་སེམས༔ གདོད་ནས་གཉིས་འཛིན་ཕྱི་ཡི་ལྷ༔ ང་བདག་གཟུང་འཛིན་རྒྱུ་རྐྱེན་གྱིས༔ བསྡུས་ཤིང་མངོན་ཞེན་དང་འབྲེལ་བའི༔ རྐྱེན་དེས་རང་སྣང་ཕྱི་རུ་ཚོལ༔ སོ་སོའི་སེམས་ཅན་དེས་བསླུ་འཁྲུལ༔ རང་སྣང་ཐམས་ཅད་དག་པའི་ཞིང་༔ རྟོག་ཚོགས་རང་གྲོལ་ཡེ་ཤེས་ལྷ༔ མ་རྟོགས་གཞན་ཚོལ་སོ་སོའི་ལམ༔ ངེས་པའི་དོན་ལ་གཞན་ཚོལ་མིན༔ ཡེ་ནས་མ་བཅོས་མི་འགྱུར་བ༔ རིག་པ་སྐུ་གསུམ་ལྷུན་གྲུབ་ངང་༔ ལམ་ལོག་ཡུལ་ཞེན་ལྡོག་པའི་ཕྱིར༔ རང་བྱུང་ལྷུན་གྲུབ་རང་ཉིད་བསྒོམ༔ རྒྱུ་བཟང་བསྒྲིབ་པའི་རྐྱེན་ངན་གྱི༔ ཕྱིས་མཐར་རང་རྒྱུ་ལྷར་ངེར་མངོན༔ འོན་ཀྱང་ཀུན་རྫོབ་ཙམ་ཞིག་ལ༔ སྒྱུ་མའི་མཆེད་འགྱུར་ལྟ་བུ་ཡི༔ རང་སྣང་རང་ལ་མཆེད་གྱུར་མདུན༔ དལ་ནི་དབྱིབས་ལེགས་མཛེས་ལྡན་དབུས༔ མཚན་ལྡན་བུམ་པ་མགུལ་ཆིངས་ལྗང་༔ ཁ་རྒྱན་ལྕགས་སམ་སེང་ལྡེང་གི༔ ཁྲོ་ཕུར་བསྐྱེད་ཆོག་ཇི་བཞིན་འཛུག༔ འབྱོར་ཚོགས་མཆོད་པའི་བྱེ་བྲག་བཤམས༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ སྣང་སྲིད་བཞིར་བཞེངས་དཀྱིལ་འཁོར་དུ༔ དག་པ་རབ་འབྱམས་སངས་རྒྱས་ལ༔ རང་རྩལ་རིག་པས་སྐྱབས་སུ་མཆི༔ འཁོར་བ་དབྱིངས་སྒྲོལ་སེམས་བསྐྱེད་དོ༔ ལན་གསུམ༔ དེ་ནས་བཀའ་བསྒོ་བ་ནི༔ ཧཱུྃ༔ ང་ནི་ཡེ་ནས་སངས་རྒྱས་ཏེ༔ ཁྱབ་བདག་ཆེ་མཆོག་བདུད་རྩི་འཁྱིལ༔ འདིར་ལྷགས་གཉིས་སུ་འཛིན་པའི་བགེགས༔ མཐུན་རྫས་ལོངས་ལ་རང་གནས་སོང་༔ ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡ་ཕཊ༔ རྩ་སྔགས་ཧཱུྃ་བཞིའི་སྔགས་བརྗོད༔ དེ་ནས་མཚམས་གཅོད་པ་ནི༔ ཧཱུྃ༔ བདག་ནི་མ་བཅོས་ཆོས་ཀྱི་སྐུ༔ སྣོད་བཅུད་དག་པར་རབ་འབྱམས་ལ༔ ཕྱོགས་མེད་ཐུགས་རྗེའི་བསྲུང་བའི་མཚམས༔ ལོག་པར་འདྲེན་པའི་མིང་ཡང་མེད༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿབཛྲ་རཀྵ་ཛྭ་ལ་རཾ་རཾ༔ དེ་ནས་བྱིན་ཆེན་དབབ་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ སྐྱེ་མེད་གདལ་ཁྱབ་ཆོས་ཀྱི་སྐུ༔ ལྷུན་གྲུབ་འགགས་མེད་བདུད་རྩི་འཁྱིལ༔ ཕྱོགས་མེད་ཐུགས་རྗེའི་སྒྱུ་འཕྲུལ་གྱིས༔ དོན་དམ་རང་སྣང་དཀྱིལ་འཁོར་འདིར༔ འོད་གསལ་ཆོས་སྐུའི་བྱིན་ཕོབ་ལ༔ སྐུ་གསུམ་ཡོངས་རྫོགས་དབང་སྐུར་ཅིག༔ འཕོ་བ་ཆེན་པོར་བྱིན་གྱིས་རློབས༔ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ བུདྡྷཱ་བཛྲ་རཏྣ་པདྨ་ཀརྨ་ཀཱ་ཡ་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཨ་ཝེ་ཤ་ཡ་ཨ་ཨ༔ དེ་ནས་མཆོད་རྫས་བྱིན་གྱིས་བརླབ་པ་ནི༔ ཨོཾ་ཨཱཿཧཱུྃ༔ སྣང་བ་ཁྱབ་གདལ་ཡངས་པ་རུ༔ སྲིད་པ་དག་སྦྱངས་མཆོད་པའི་སྤྲིན༔ མ་ཧཱ་ག་ཎ་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཋ༔ དེ་ནས་ལྷ་བསྐྱེད་པ་ནི༔ ཨཱཿཆོས་དབྱིངས་ཡེ་ཤེས་དེ་བཞིན་ཉིད༔ འགགས་མེད་ཁྱབ་གདལ་སྙིང་རྗེའི་མདངས༔ ཕྱོགས་མེད་ཐུགས་རྗེ་ཧཱུྃ་གི་ངང་༔ སྤྲོས་པའི་མཚན་རྫོགས་གཞལ་ཡས་དབུས༔ མ་ཆགས་སྐྱོན་བྲལ་པད་ཉིའི་སྟེང་༔ བདག་འཛིན་རཱུ་ཏྲ་བསྣོལ་བའི་གདན༔ རབ་འབྱམས་རྒྱལ་བའི་གཟི་བྱིན་དབང་༔ བསྡུས་པས་སྐད་ཅིག་དྲན་རྫོགས་སུ༔ རང་ཉིད་ཆེ་མཆོག་བདུད་རྩི་འཁྱིལ༔ ལྗང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་ཞལ་སེར་གསལ་གཟི་འོད་འབར༔ གཡོན་ཞལ་དུད་ཁ་ཁྲོ་གཏུམ་བརྗིད༔ གཡས་གཡོན་དང་པོས་རྡོ་རྗེ་དང་༔ ཁ་ཊྭཱྃ་རྩེ་གསུམ་མཁའ་ལ་གདེངས༔ བར་མས་རྒྱ་གྲམ་དབྱུག་ཏོ་ཐོགས༔ མཐའ་གཉིས་རལ་གྲི་སྦྲུལ་ཞགས་བསྣམས༔ སྤྱན་དགུ་སྡང་མིག་མཁའ་ལ་གཟིགས༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྨ་ར་སྨི་མ་མེ་ལྟར་འབར༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ ཐོད་རློན་ཕྲེང་བས་དོ་ཤལ་བྱས༔ ཀོ་རློན་གཡང་གཞི་སྟག་ཤམ་གསོལ༔ རྡོ་རྗེའི་གཤོག་པ་མཁའ་ལ་གདེངས༔ ཞབས་བཞི་གྱད་ཀྱི་འདོར་སྟབས་བསྒྲད༔ མ་རུངས་དྲེགས་པ་ཕོ་མོ་གནོན༔ དུར་ཁྲོད་དཔལ་ཆས་གར་ཉམས་རྫོགས༔ ཡུམ་མཆོག་རླུང་འབྱིན་གཡོན་ནས་འཁྲིལ༔ ལྗང་སྐྱ་ཞལ་གཅིག་ཕྱག་གཉིས་མ༔ ཕྱག་གཡས་རྒྱ་གྲམ་ཡབ་ལ་འཁྱུད༔ གཡོན་པས་དུང་དམར་ཡབ་ལ་སྟོབ༔ ཁྲོ་མོའི་ཆས་རྫོགས་རལ་པ་འཕྱང་༔ བསྐལ་པའི་མེ་ལྟར་འབར་བའི་ཀློང་༔ སྐྱེ་འགགས་འགྱུར་མེད་རིག་པའི་སྐུ༔ སྣ་ཚོགས་རང་མདངས་ཡེ་ཤེས་རྒྱན༔ ཁྱབ་གདལ་ཀློང་ཆེན་སྐུ་ཡི་ཆར༔ རབ་འབྱམས་རྒྱལ་ཀུན་དཀྱིལ་འཁོར་རྣམས༔ གདོད་ནས་ལྷུན་གྲུབ་ཆེན་པོར་བསྒོམ༔ སྤྱི་བོར་ལྕགས་ཀྱི་ཁྱུང་ཆེན་ལྡིང༔ གནམ་ལྕགས་གཤོག་པའི་རླབས་ཆེན་རྡེབ༔ དུག་དང་རྡོ་རྗེའི་ཆར་པ་འབེབས༔ ཀླུ་གདོན་ཕོ་མོའི་གློ་སྙིང་འདྲེན༔ རྭ་བར་འཇའ་ཐིག་འོད་ཁྱིམ་ཀློང་༔ བླ་མ་ཀུན་བཟང་ཡབ་ཡུམ་གསལ༔ ཕྱི་རིམ་པདྨ་འདབ་བཞིའི་སྟེང་༔ ཐུགས་ཀྱི་རང་མདངས་ཁྲོ་ཆེན་བཞི༔ ཤར་དུ་བཛྲ་ཀྲོ་ཏ་དཀར༔ རྡོ་རྗེ་གཡས་ལ་ཐོད་ཁྲག་གཡོན༔ ཁ་ཊྭཱྃ་རྩེ་གསུམ་མཆན་དུ་བཅུག༔ ལྷོ་རུ་རཏྣ་ཀྲོ་ཏ་སེར༔ བེ་ཅོན་གཡས་ལ་ཐོད་ཁྲག་གཡོན༔ ཁ་ཊྭཱྃ་རྩེ་གསུམ་མཆན་དུ་བཅུག༔ ནུབ་ཏུ་པདྨ་ཀྲོ་ཏ་དམར༔ དབྱུག་ཏོ་གཡས་ལ་ཐོད་ཁྲག་གཡོན༔ ཁ་ཊྭཱྃ་རྩེ་གསུམ་མཆན་དུ་བཅུག༔ བྱང་དུ་ཀརྨ་ཀྲོ་ཏ་ལྗང་༔ རལ་གྲི་གཡས་ལ་ཐོད་ཁྲག་གཡོན༔ ཁ་ཊྭཱྃ་རྩེ་གསུམ་མཆན་དུ་བཅུག༔ ཀུན་ཀྱང་ཁྲོ་ཚུལ་སྒེག་པའི་ཉམས༔ དུར་ཁྲོད་དཔལ་ཆས་གར་ཉམས་རྫོགས༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བསྒྲད༔ ཡེ་ཤེས་མེ་དཔུང་ཀློང་དུ་གསལ༔ རང་རང་རིགས་ཀྱི་སེམས་དཔའ་ནི༔ པདྨ་ཟླ་དཀྱིལ་འོད་ཐིག་ཀློང་༔ སྤྱི་བོར་རིགས་ཀྱི་བདག་པོར་ཤར༔ ཕྲིན་ལས་ལྷུན་གྲུབ་སྒོ་བཞི་རུ༔ པདྨ་ཉི་མའི་གདན་སྟེངས་སུ༔ ཤར་སྒོར་མཁའ་འགྲོ་ལྕགས་ཀྱུ་མ༔ དཀར་མོ་ལྕགས་ཀྱུ་དྲིལ་བུ་བསྣམས༔ ཞབས་གཉིས་གར་སྟབས་ཁྲོས་པའི་ཚུལ༔ ལྷོ་སྒོར་མཁའ་འགྲོ་ཞགས་པ་མ༔ སེར་མོ་ཞགས་པ་དྲིལ་བུ་བསྣམས༔ ནུབ་སྒོར་མཁའ་འགྲོ་ལྕགས་སྒྲོག་མ༔ དམར་མོ་ལྕགས་སྒྲོག་དྲིལ་བུ་བསྣམས༔ བྱང་སྒོར་མཁའ་འགྲོ་དྲིལ་བུ་མ༔ ལྗང་མོ་རྒྱ་གྲམ་དྲིལ་བུ་གསིལ༔ ཀུན་ཀྱང་གར་སྟབས་རཱུ་ཏྲ་གནོན༔ གཅེར་བུ་རུས་པའི་རྒྱན་དྲུག་མཛེས༔ རང་མདངས་མེ་དཔུང་ཀློང་དུ་གསལ༔ འཁོར་ཡུག་བར་ཁྱམས་ཐམས་ཅད་དུ༔ རྒྱལ་བའི་དཀྱིལ་འཁོར་ཡོངས་རྫོགས་ཀུན༔ མ་འདྲེས་ལྷུན་རྫོགས་ཆེན་པོར་བསྒོམ༔ སྣང་བ་འོད་གསལ་ཆེན་པོའི་དལ༔ ཆོས་ཉིད་དོན་གྱི་རིག་སྐུར་ཤར༔ རྟོག་ཚོགས་རང་གྲོལ་རོལ་པ་ལས༔ རབ་འབྱམས་འཁོར་གྱི་ངང་དུ་ཤར༔ མ་བཅོས་ལྷུན་གྲུབ་མི་འགྱུར་བ༔ གདོད་ནས་རྫོགས་ལྡན་བདེ་བ་ཆེ༔ དེ་ནས་ཡེ་ཤེས་པ་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱི༔ ཕྱོགས་ལྷུང་བྲལ་བའི་ཞིང་ཁམས་ནས༔ རིག་པའི་ཡེ་ཤེས་བདུད་རྩི་འཁྱིལ༔ རང་མདངས་འཁོར་གྱི་རོལ་པར་བཅས༔ རང་རིག་རང་ངོར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱི༔ གདོད་ནས་ཁྱབ་གདལ་དོན་གྱི་ལྷ༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད༔ ཡེ་ཤེས་དབྱིངས་སུ་མ་ངེས་གར༔ གཉིས་མེད་ལྷུན་རྫོགས་རོ་གཅིག་བཞུགས༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ་ཧྲཱིཿསྐྱེ་མེད་གདལ་ཁྱབ་ཆོས་ཀྱི་སྐུ༔ མ་འགགས་རོལ་རྩལ་ཅིར་ཡང་བསྒྱུར༔ ཕྱོགས་མེད་ཐུགས་རྗེས་འཁོར་བ་སྒྲོལ༔ བདུད་རྩི་འཁྱིལ་ལ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ་ཧྲཱིཿསྣང་ཞིང་སྲིད་པའི་འཇིག་རྟེན་ན༔ དངོས་པོར་གྲུབ་པའི་ཆོས་སོ་ཅོག༔ མ་ལུས་བསྡུས་ཏེ་མཆོད་པའི་སྤྲིན༔ འདོད་ཡོན་ལྔ་ཡི་རྒྱན་དུ་ཤར༔ རང་རྩལ་རྫོགས་ལྡན་ཡེ་ཤེས་ལྷ༔ ཆེ་མཆོག་བདུད་རྩི་འཁྱིལ་བ་དང་༔ རང་མདངས་འཁོར་གྱི་ཚོགས་ལ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ མ་ཧཱ་ག་ཎ་སརྦ་པཱུ་ཛ་ཧོ༔ མཚན་དོན་སྦྱར༔ དེ་ནས་བསྟོད་པ་གླུ་ཡི་མཆོད་པ་ནི༔ ཧཱུྃ་ཧྲཱིཿཁྱབ་གདལ་ཆོས་དབྱིངས་གཞལ་ཡས་ན༔ བདུད་སྡེ་བསྣོལ་བ་བམ་གྱི་སྟེང་༔ མ་སྐྱེས་ལྷུན་གྱིས་གྲུབ་པའི་ལྷ༔ ཆེ་བའི་ཆེ་མཆོག་བདུད་རྩི་འཁྱིལ༔ རྒྱལ་བ་ཀུན་འདུས་ངོ་བོ་ཉིད༔ སྤྲུལ་པ་གར་གྱི་དབང་ཕྱུག་ཆེ༔ མ་རུངས་རཱུ་ཏྲ་འཇོམས་མཛད་ལྷ༔ མི་འགྱུར་མི་འཇིགས་རྡོ་རྗེའི་སྐུ༔ གསུང་གི་ང་རོས་འཁོར་བ་འཇིག༔ ཐུགས་ཀྱི་སྤྲུལ་པས་འཁོར་འདས་ཁྱབ༔ ཡོན་ཏན་སྤྲུལ་པ་ཅིར་ཡང་སྟོན༔ ཕྲིན་ལས་དྲག་པོས་དགྲ་བགེགས་འདུལ༔ སྐྱེ་མེད་དབྱིངས་ལས་སྐུར་བཞེངས་པ༔ འགགས་མེད་རོལ་པའི་སྒྱུ་འཕྲུལ་སྟོན༔ ཕྱོགས་མེད་ཐུགས་རྗེའི་ཀུན་ཁྱབ་ཀྱི༔ ཆོས་ཉིད་སྒྱུ་མར་རོལ་པ་ཡི༔ ཆོ་འཕྲུལ་ཆེན་པོའི་དཔལ་ལ་བསྟོད༔ གུས་པ་ཆེན་པོས་ཕྱག་འཚལ་བསྟོད༔ གདུང་བའི་དབྱངས་ཀྱིས་བསྟོད་པར་བགྱི༔ ཕྱག་རྒྱ་གར་གྱིས་ཕྱག་འཚལ་བསྟོད༔ རང་རྩལ་རྫོགས་པའི་ཧེ་རུ་ཀ༔ རང་ངོ་རིག་པའི་ངོ་མཚར་གྱི༔ དགའ་བདེའི་རོལ་པའི་གླུ་གར་གྱིས༔ དབྱིངས་རིག་བདེ་བ་ཆེན་པོར་བསྟོད༔ བདག་ཅག་སྒྲུབ་མཆོག་འཁོར་བཅས་ཀུན༔ ཡང་གསང་དཀྱིལ་འཁོར་འདི་ཉིད་དུ༔ ཚེ་དང་སྒྲུབ་པ་མཐར་སོན་ནས༔ འཕོ་ཆེན་བུམ་སྐུ་འགྲུབ་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལས་དང་སྐལ་བར་ལྡན་པ་ཡིས༔ གང་ཟག་སྦྱངས་པ་སྔོན་སོང་ཅན༔ དལ་འདི་བསྒྲུབ་པ་གང་དང་གང་༔ ཚེ་འདིར་རིག་འཛིན་ས་ལ་འགོད༔ མི་བསླུ་ངེས་པ་པདྨའི་བཀའ༔ ལྷ་ཡང་གཞན་ལ་ཚོལ་མི་དགོས༔ ཆོས་ཉིད་དོན་གྱི་རིག་སྐུ་སྐྱོང་༔ འཁོར་འདས་སྐད་ཅིག་རིག་ངོར་རྫོགས༔ བྱ་བྱེད་བཅོས་བཀག་བྱེད་པ་ནོར༔ གདོད་ནས་རང་རིག་སངས་རྒྱས་ཏེ༔ ཤེས་པ་ཙམ་གྱིས་རྫོགས་པ་ལ༔ ཨ་འཐས་ཞེན་ཆགས་བྱེད་པ་ནོར༔ སྒྱུ་མ་ལྟ་བུའི་ཆོས་ཉིད་ལ༔ རྟག་གམ་ཆད་པར་བྱེད་ན་ནོར༔ ཞེན་པ་མེད་པའི་བསྐྱེད་རིམ་ལ༔ ཞེན་ཆགས་བཅོས་མ་བྱེད་པ་ནོར༔ ཡེ་ཤེས་རང་མདངས་རྒྱན་མཚན་ཤར༔ དེ་ལ་གཞན་དུ་གྲུབ་འཛིན་ནོར༔ གང་ལ་མ་ནོར་གདིང་ལྡན་གཅེས༔ ཚེ་གཅིག་སངས་རྒྱས་དངོས་གྲུབ་མཆོག༔ ཚེ་འདིའི་དོན་དུ་གཉེར་བ་ནོར༔ མ་ནོར་རིག་ངོར་རྫོགས་ལྡན་ནོ༔ ས་མ་ཡ༔ ༠༠༠༠༠བརྡ་ཡིག༥༦སྒྲུབ་མཆོག་ཉམས་ཆག་སྐོང་བ་དང་༔ ཚོགས་གཉིས་རྫོགས་ཕྱིར་ཚོགས་མཆོད་འབུལ༔ དུས་བཟང་དང་ནི་མང་འགྱུར་དུས༔ བཀྲ་ཤིས་སྐྱིད་པའི་གནས་མཆོག་ཏུ༔ འབྱོར་ཚོགས་བཤམས་ལ་ཡིད་ཀྱིས་སྤེལ༔ དེ་ལ་དང་པོ་བྱིན་བརླབ་ནི༔ རཾ་ཡཾ་ཁཾ༔ རྣམ་རྟོག་མཚན་མའི་བག་ཆགས་སྦྱངས༔ སྣང་སྲིད་ཚོགས་ཀྱི་འཁོར་ལོ་བཤམས༔ འབྲུ་གསུམ་འོད་ཞུ་བདུད་རྩིར་བསྒྱུར༔ མཆོད་སྤྲིན་རྒྱ་མཚོས་འཁོར་འདས་ཁྱབ༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱིཿསྣང་སྲིད་གཞིར་བཞེངས་དཀྱིལ་འཁོར་ནས༔ རང་བྱུང་ཡེ་ཤེས་རང་མདངས་ལས༔ རྩ་གསུམ་དཔའ་བོ་མཁའ་འགྲོའི་ཚོགས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿདེ་ནས་ཚོགས་ཕུད་འབུལ་བ་ནི༔ ཧོཿསྣང་བ་སྣོད་ཀྱི་གཞོང་པ་རུ༔ སྲིད་པ་བཅུད་ཀྱི་འདོད་ཡོན་ཚོགས༔ ཟག་མེད་ཡེ་ཤེས་བདུད་རྩི་འདི༔ རང་རིག་རྩ་བ་གསུམ་ལ་འབུལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷ་ཀི་ནཱི༔ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ལ་ཁཱ་ཧི༔ དེ་ནས་བཤགས་པ་ནི༔ ཧོཿཡེ་ཤེས་རང་སྣང་རྒྱལ་བའི་ཞིང་༔ དག་པ་རབ་འབྱམས་སངས་རྒྱས་ཏེ༔ མ་རྟོགས་འཁོར་བར་འཁྱམས་པའི་སེམས༔ ཐམས་ཅད་ཚོགས་ཀྱིས་བསྐང་ཞིང་བཤགས༔ ཨོཾ་ག་ཎ་ཙཀྲ་ས་ཏྭ་སོགས༔ དེ་ནས་བདག་འཛིན་རཱུ་ཏྲ་བསྒྲལ་བ་ནི༔ ཧཱུྃ༔ གདོད་ནས་རང་རིག་ཡེ་ཤེས་ལྷ༔ རྟོག་ཚོགས་རང་གྲོལ་ཐུགས་རྗེའི་མཚོན༔ ཆར་ལྟར་འབེབས་ཤིང་རླུང་ལྟར་འཚུབས༔ བདག་ཏུ་འཛིན་པའི་རཱུ་ཏྲ་བཤིག༔ ཨོཾ་བཛྲ་ཛྙཱ་ན་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ དགྲ་བགེགས་ཨཾ་ཀུ་ཤ་ཛ་ཕྱེས་ཤིག་ཛྭ་ལ་པ་ཡ་ཏ་ཐ་ཡ་ཕྱེ་མ་ཕྱེ་མ་མཱ་ར་ཡ་ཕཊ༔ དེ་ནས་བསྟབས་པ་ནི༔ ཧོཿམ་རིག་གཉིས་སུ་འཛིན་པ་ཡི༔ རྣམ་རྟོག་འཁོར་བའི་ངར་འཛིན་བགེགས༔ ཆོས་ཉིད་རོལ་པའི་དབྱིངས་སུ་བསྒྲལ༔ སྐྱེ་མེད་ཆོས་སྐུའི་ཀློང་དུ་བསྟབས༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་དགྲ་བགེགས་སརྦ་ཤ་ཏྲུཾ་མཱ་ར་ཡ་ཁཱ་ཧི༔ དེ་ནས་ཚོགས་ཀྱི་དངོས་གྲུབ་རྡོ་རྗེ་སློབ་དཔོན་ལ་འབུལ་ཏེ༔ ཀྱཻ༔ སྟོན་པ་རྡོ་རྗེ་རྒྱལ་པོ་དགོངས༔ འདོད་ཡོན་ཚོགས་འཁོར་དམ་པ་འདིར༔ གཙང་དང་རྨེ་བ་གཉིས་འཛིན་བྲལ༔ བྲམ་ཟེ་གདོལ་པ་ཁྱི་དང་ཕག༔ རང་བཞིན་གཅིག་ཏུ་དགོངས་ཏེ་རོལ༔ བླ་མས༔ ཧོཿཚོགས་འཁོར་འདོད་ཡོན་གསང་སྔགས་རྫས༔ དངོས་གྲུབ་ཐམས་ཅད་འདི་ལས་བྱུང་༔ བླ་མེད་ཐེག་པ་ཆེན་པོའི་བཅུད༔ ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ༔ ཨ་ལ་ལ་ཧོ༔ དེ་ནས་ལྷག་མ་ཁ་ཆུས་བྲན་ལ༔ ཨོཾ་ཨཱཿཧཱུྃ༔ ལྷག་ལ་དབང་བ་མ་མོའི་ཚོགས༔ བསྟན་པ་བསྲུང་བའི་དམ་ཅན་རྣམས༔ འདིར་གཤེགས་ལྷག་མའི་འདོད་ཡོན་རོལ༔ བསྟན་པ་བསྲུང་ལ་དགྲ་བགེགས་སྒྲོལ༔ མ་མ་ཌཱཀྐི་ནཱི་སརྦ་དྷརྨཱ་པཱ་ལ་སརྦ་ལོ་ཀ་པཱ་ལ་མ་ཧཱ་ག་ཎ་ཙཀྲ་མྲྀ་ཏ་ཁཱ་ཧི༔ དེ་ནས་ཆད་མདོ་བཏང་བ་ནི༔ ཧཱུྃ་བྷྱོ༔ སྔོན་ཚེ་ཀུན་བཟང་གསང་བདག་པད་འབྱུང་གི༔ བཀའ་ཉན་ཁས་བླངས་དམ་བཅས་དྲེགས་པའི་ཚོགས༔ འདིར་གཤེགས་བཀའ་ཡི་གཏོར་མ་འདི་ལོངས་ལ༔ དམ་ལ་མ་འདའ་ཕྲིན་ལས་རྣམ་བཞི་བསྒྲུབ༔ བཛྲ་ས་མ་ཡ༔ དེ་ནས་བརྟན་མ་ནི༔ ཧོཿཀུན་བཟང་སྒྱུ་འཕྲུལ་པདྨ་འབྱུང་གནས་ཀྱིས༔ བཀའ་བསྒོས་དམ་བཞག་མ་མོ་བརྟན་མའི་ཚོགས༔ འདིར་གཤེགས་དམར་གྱི་གཏོར་མ་འདི་ལོངས་ལ༔ ཡང་གསང་བསྟན་པ་སྤེལ་ལ་ཕྲིན་ལས་བསྒྲུབ༔ མ་མ་ཌཱཀྐི་ནཱི་སརྦ་ས་མ་ཡ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་བྲོ་མནན་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ མ་རིག་ཉོན་མོངས་རྒྱུར་བྱུང་བའི༔ རྐྱེན་སྣང་བདུད་བགེགས་དམ་སྲིའི་ཚོགས༔ རིམ་དགུ་ས་ཡི་འོག་ཏུ་མནན༔ མ་ཤོར་ཐེག་པ་རིམ་དགུའི་རྒྱ༔ ཡ་མ་དམ་སྲི་སྟྭཾ་བྷ་ཡ་ནན༔ མཱ་ར་ཡ་ནན༔ དེ་ནས་ཉེས་འགལ་བཤགས་པ་ནི༔ ཧོཿཡེ་རིག་ཆོས་སྐུ་སྤྲོས་མཐའ་བྲལ༔ རྒྱལ་ཀུན་དཀྱིལ་འཁོར་ཡོངས་རྫོགས་ལ༔ མ་རྟོགས་ལོག་པའི་ལམ་ཞུགས་ཏེ༔ འགལ་འཁྲུལ་ཉམས་ཆག་ཐམས་ཅད་བཤགས༔ ཨོཾ་བཛྲ་ས་ཏྭ༴ཅི་མང་བཟླས༔ དེ་ནས་བཀྲ་ཤིས་ནི༔ ཧཱུྃ༔ སྐྱེ་མེད་མཐའ་བྲལ་ཆོས་ཀྱི་སྐུ༔ འགགས་མེད་རོལ་པ་ལོངས་སྤྱོད་རྫོགས༔ ཕྱོགས་མེད་ཐུགས་རྗེ་སྤྲུལ་པའི་སྐུ༔ སྐུ་གསུམ་ལྷུན་གྲུབ་བཀྲ་ཤིས་ཤོག༔ དེ་ནས་བསྔོ་སྨོན་ནི༔ ཧོཿའདི་དང་དུས་གསུམ་དགེ་ཚོགས་རྣམས༔ མ་ལུས་བསྡུས་ཏེ་འགྲོ་ལ་བསྔོ༔ མ་གྱུར་སེམས་ཅན་མ་ལུས་པ༔ ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག༔ དེ་ནས་རྟག་པར་ལྟ་བའི་མཐའ་སེལ་ཆེད་དུ་བསྡུ་རིམ་ནི༔ སྣོད་བཅུད་དཀྱིལ་འཁོར་རང་ཉིད་ལ༔ བདག་ཀྱང་ཐུགས་ཀའི་སྔགས་འཁོར་དང་༔ སྔགས་ཕྲེང་ཧཱུྃ་ཡིག་ཐིག་ལེ་ལ༔ ཐིག་ལེ་ཆོས་དབྱིངས་ངང་དུ་ཐིམ༔ དེ་ནས་ཆད་པར་ལྟ་བའི་མཐའ་བསལ་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་དབྱིངས་རོལ་པའི་མཁའ་ཀློང་ནས༔ མི་འཇིགས་རྡོ་རྗེའི་སྐུར་བཞེངས་པའི༔ སྣང་སྲིད་རིག་སྟོང་ཆོས་སྐུའི་ཞིང་༔ འགྱུར་མེད་ནམ་མཁའི་ངོ་བོར་གསལ༔ ས་མ་ཡ༔ ཧོཿརིག་པ་ཀུན་བྱེད་དཔའ་བོ་དང་༔ རྟོག་ཚོགས་རང་གྲོལ་རྣལ་འབྱོར་ཚོགས༔ འདི་ནི་གསང་སྔགས་ཀུན་གྱི་བཅུད༔ ཐབས་ལམ་ནང་ནས་དོན་དམ་ལྟར༔ སྙིང་ཐིག་ནང་ནས་ཡང་བཅུད་ཡིན༔ མཐར་ཐུག་རྫོགས་པ་ཆེན་པོར་གྲོལ༔ ཆོས་རྣམས་གྲོལ་ས་དེ་ལས་གང་༔ ཚེ་གཅིག་སངས་རྒྱས་ཟབ་ལམ་འདི༔ ཉམས་ལེན་སྣོད་ལྡན་དག་ལ་གདམས༔ གང་རུང་བ་ཡི་སྤྱོད་ཡུལ་མིན༔ དམ་ལྡན་བརྩོན་འགྲུས་སྙིང་སྟོབས་ཅན༔ གང་གི་དོན་དུ་ངས་འདི་བསྟན༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ སྔགས་སྲུང་ཨེ་ཀ་ཙ་ཏི་དང་༔ གནོད་སྦྱིན་རྒྱལ་པོ་རྣམ་ཐོས་སྲས༔ ཁྱོད་ལ་གཉེར་རོ་དམ་ཚིག་རྒྱ༔ ལྟ་ལོག་ལོག་སྤྱོད་ངན་སྨྲ་མཁན༔ ཚར་ཆོད་སྲོག་ལ་ཧུར་ཐུམ་རྦད༔ ས་མ་ཡ༔ བཀའ་སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ བརྡ་ཐིམ༔ ༠༠༠༠༠༠བརྡ་ཡིག༦༡ཞེས་གསུངས་སོ།།ཆོས་ཉིད་རོལ་པའི་གསང་མཛོད་ནས།།མཁའ་འགྲོའི་ཀློང་བྱང་ནམ་མཁའི་མཛོད།།རང་བྱུང་རང་ཤར་གསང་བའི་བརྡའ།།གབ་དོན་ནམ་མཁའི་གཏེར་འདི་ནི།།སྔགས་འཆང་བདུད་འཇོམས་རྡོ་རྗེ་ངས།།མ་འགགས་ངང་ནས་བཏོན་ཏེ་བསྒྱུར།།ཕྲིན་ལས་གྲགས་པ་རྡོ་རྗེས་བསྐུལ།།ཕུན་ཚོགས་བཀྲ་ཤིས་ཡི་གེར་བྲིས།།དགེའོ།།ལེགས་སོ།།།།