TTDL-ZABTER-09-TA-003: Difference between revisions
From Dudjom Wiki
TTDL-ZABTER-09-TA-003
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
༠༠༠༠བརྡ་ཡིག༣༡ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དྲང་སྲོང་གཟའ་བདུད་རླུང་ཞོན་ནག་པོའི་འབོད་པ་ལྕགས་ཀྱུས་སྙིང་འདྲེན་བཞུགས་སོ༔ | {{Text | ||
ན་མོ་གུ་རུ་བཛྲ་པ་ཎི་ཡེ༔ གཟའ་བདུད་ནག་པོ་བསྒྲུབ་པ་ལ༔ འབོད་པ་ལྕགས་ཀྱུས་སྙིང་འདྲེན་དགོས༔ དད་དམ་ལྡན་པའི་རྣལ་འབྱོར་གྱིས༔ བསྐྱེད་རིམ་གནད་དང་ལྡན་པ་ཡིས༔ དུས་དྲུག་རྣམས་སུ་འདིར་བརྩོན་བྱ༔ ཧཱུྃ་ཛཿདད་པ་དང་ནི་དམ་ཚིག་གཉན་པོ་ཡིས༔ འབོད་དོ་དྲང་སྲོང་གཟའ་བདུད་རཱུ་ཧུ་ལ༔ མ་གཡེལ་མ་འགྱངས་སྒྲུབ་པའི་དཀྱིལ་འཁོར་འདིར༔ མ་ཐོགས་སྐད་ཅིག་ཉིད་དུ་གཤེགས་སུ་གསོལ༔ སྟེང་ཕྱོགས་ནམ་མཁའ་ཡངས་པའི་ཀློང་དཀྱིལ་ནས༔ ཁྱབ་འཇུག་དྲེགས་པའི་གཙོ་བོ་རཱ་ཧུ་ལ༔ དད་དང་དམ་ཚིག་གཉན་པོ་དཔང་བཙུགས་ཏེ༔ འབོད་དོ་མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ སྟོང་གསུམ་མི་མཇེད་དཔག་ཡས་འཇིག་རྟེན་ན༔ སྐྱེ་འགྲོའི་སྲོག་གི་རྒྱལ་པོ་རཱ་ཧུ་ལ༔ དད་དང་དམ་ཚིག་གཉན་པོ་དཔང་བཙུགས་ཏེ༔ འབོད་དོ་མ་ཐོགས་མྱུར་དུ་འདིར་གཤེགས་ཤིག༔ རབ་འཇིགས་དུར་ཁྲོད་བརྒྱད་ཀྱི་གནས་མཆོག་ནས༔ མི་སྲུན་དུར་ཁྲོད་བདག་པོ་རཱ་ཧུ་ལ༔ དད་དང་དམ་ཚིག་གཉན་པོ་དཔང་བཙུགས་ཏེ༔ འབོད་དོ་མ་ཐོགས་མྱུར་དུ་འདིར་གཤེགས་ཤིག༔ ཆོས་འཁོར་གཙུག་ལག་སྒྲུབ་དང་དབེན་གནས་སུ༔ ཆོས་སྐྱོང་རྒྱལ་པོ་ཆེན་པོ་རཱ་ཧུ་ལ༔ དད་དང་དམ་ཚིག་གཉན་པོ་དཔང་བཙུགས་ཏེ༔ འབོད་དོ་མ་ཐོགས་མྱུར་དུ་འདིར་གཤེགས་ཤིག༔ བཀའ་དང་དམ་ཚིག་གཉན་པོའི་ཕོ་བྲང་ནས༔ གསང་ཆེན་ཐེག་པའི་གཉེར་འཛིན་རཱ་ཧུ་ལ༔ དད་དང་དམ་ཚིག་གཉན་པོ་དཔང་དུ་བཙུགས༔ ལེགས་ཉེས་སྟངས་འཛིན་བསྟན་པའི་བྱ་ར་བ༔ ཞིང་བཅུའི་སྲོག་བདུད་ནག་པོ་རཱ་ཧུ་ལ༔ དད་དང་དམ་ཚིག་གཉན་པོ་དཔང་བཙུགས་ཏེ༔ འབོད་དོ་མ་ཐོགས་མྱུར་དུ་འདིར་གཤེགས་ཤིག༔ ཛཿནམ་མཁའི་ཁམས་ནས་དམར་ནག་གློག་ཕྲེང་རྡེབ༔ བར་སྣང་ཁམས་ནས་རབ་འཇིགས་འབྲུག་སྒྲ་སྒྲོགས༔ བསྟན་པའི་དགྲ་ལ་གནམ་ལྕགས་ཐོག་མདའ་འཕེན༔ ས་གཞི་རླུང་དམར་གཡོ་ཞིང་སེར་ཆེན་འབེབས༔ སྡོང་ཟླ་གདོང་མོ་མཆེད་བཞི་འདིར་གཤེགས་ཤིག༔ ཛཿཞེ་སྡང་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ ཡབ་རྗེ་རཀྴ་སྲིན་པོ་གཤེགས་སུ་གསོལ༔ འདོད་ཆགས་ཆུ་ལྟར་འཁྲིགས་པའི་ཀློང་དཀྱིལ་ནས༔ ཡུམ་མཆོག་ཀླུ་ལྕམ་ནག་མོ་འདིར་གཤེགས་ཤིག༔ ཕྱོགས་མཚམས་སྐྱོང་ཞིང་འབྱུང་བ་དབང་མཛད་པའི༔ སྤྲུལ་པའི་གཟའ་བརྒྱད་འཁོར་བཅས་འདིར་གཤེགས་ཤིག༔ ལེགས་ཉེས་སྟངས་འཛིན་ཞགས་དུས་མངའ་དབང་མཛད༔ འཁོར་གྱི་རྒྱུ་སྐར་ཉེར་བརྒྱད་འདིར་གཤེགས་ཤིག༔ ཕྲིན་ལས་ཐོགས་མེད་བསྒྲུབ་པའི་ཕོ་ཉ་བ༔ བཀའ་འཁོར་ལྷ་སྲིན་སྡེ་བརྒྱད་འདིར་གཤེགས་ཤིག༔ ཛཿསྔོན་ཚེ་རི་བོ་མ་ལ་ཡ་ཡི་རྩེར༔ བདུད་པོ་མ་ཏྲཾ་རཱུ་ཏྲ་བསྒྲལ་བའི་ཚེ༔ སྤྱི་དཔལ་ཆེན་པོ་ཀུན་བཟང་ཧེ་རུ་ཀས༔ བཀའ་དང་དམ་ཚིག་གཉན་པོའི་སྲོག་གཏད་པའི༔ ཐ་ཚིག་དཔང་དུ་བཞག་ནས་ཁྱོད་འབོད་དོ༔ བར་དུ་གསང་བདག་ཕྱག་ན་རྡོ་རྗེ་ཡིས༔ དམ་བཏགས་དབང་བསྐུར་ལྕེ་ལ་བདུད་རྩི་བཞག༔ དམ་ཚིག་གཉན་པོ་དེ་ཉིད་དཔང་བཙུགས་ནས༔ འབོད་དོ་མ་ཐོགས་མྱུར་དུ་འདིར་གཤེགས་ཤིག༔ ཐ་མ་རིག་འཛིན་པདྨ་ཐོད་ཕྲེང་གིས༔ བཀའ་བསྒོས་དམ་བཞག་དབང་བསྐུར་གཉེར་གཏད་པའི༔ དམ་ཚིག་གཉན་པོ་དཔང་དུ་བཙུགས་ཏེ་འབོད༔ མ་ཐོགས་སྐད་ཅིག་ཉིད་དུ་འདིར་གཤེགས་ཤིག༔ ད་ལྟ་སྒྲུབ་པའི་རིག་འཛིན་བདག་ཉིད་ཀྱིས༔ གསང་སྔགས་ཟབ་མོའི་སྒྲུབ་པ་ལྷུར་ལེན་ཅིང་༔ གྲོགས་སུ་གཟའ་བདུད་རྒྱལ་པོ་ཁྱོད་འབོད་ཀྱིས༔ འདིར་གཤེགས་སྒྲུབ་པའི་རྟེན་འདིར་བརྟེན་ཆོས་ལ༔ སྐད་ཅིག་འབྲལ་བ་མེད་པའི་གྲོགས་མཛོད་ཅིག༔ དགྱེས་པའི་ཞལ་སྟོན་སྒྲུབ་པའི་རྟགས་ཕྱུངས་ཤིག༔ འདོད་དོན་ཕྲིན་ལས་འབད་མེད་ལྷུན་གྲུབ་ཏུ༔ ཐོགས་པ་མེད་པར་སྒྲུབ་པའི་ཕོ་ཉ་མཛོད༔ འཁུ་དང་ལྡོག་དང་གདུག་རྩུབ་མ་བྱེད་པར༔ བརྩེ་ཞིང་གདུང་བའི་སེམས་ཀྱིས་སྲུང་སྐྱོབ་ཅིང་༔ མངོན་སྤྱོད་ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད༔ བཀའ་དང་དམ་ལ་མ་འདའ་ས་མ་ཡ༔ ཞེས་འབོད་ཅིང་གཙོ་འཁོར་ཐམས་ཅད་ཀྱི་སྲོག་སྔགས་རོ་གཅིག་ཏུ་གསལ་བའི་ངང་ནས་སྔགས་བཟླས་པ་དང་༔ རིག་པ་གཞན་དུ་མི་ཡེངས་པར་ལྷར་གསལ་བའི་གཟེར་གནད་དང་ལྡན་པའི་ངང་ནས་རྟགས་མ་འབྱུང་བར་དུ་སྔགས་འདི་བཟླའོ༔ ཨོཾ་ནཱ་ག་རཀྴ་རཱ་ཧུ་ལ་ཧཱུྃ་ཕེཾ་ཛཿས་མ་ཡ༔ སྐབས་སུ་བསྐང་གསོལ་དག་ལ་འབད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠༠༠བརྡ་ཡིག༣༤གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ནི་ཁྲག་འཐུང་རྡོ་རྗེ་གྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་མི་ལོ་བཅོ་བརྒྱད་བར་དུ་བཀའ་རྒྱ་བྱས་ནས་མཐར་གཏན་ལ་ཕབ་པའི་ཡི་གེ་པ་ནི་སློབ་དཔོན་གཡུ་སྒྲ་སྙིང་པོའི་ཟློས་གར་སྒྱུ་མའི་འཆར་སྣང་མི་བསྐྱོད་རྡོ་རྗེའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།། | |classification=Tibetan Publications | ||
|subclass=Tibetan Texts | |||
|collectiontitle=bdud 'joms gling pa zab gter | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|totalvolumes=21 | |||
|author=bdud 'joms gling pa | |||
|authortib=བདུད་འཇོམས་གླིང་པ་ | |||
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=09 | |||
|volumeLetter=TA | |||
|textnuminvol=003 | |||
|pdflink=File:TTDL-ZABTER-09-TA-003.pdf | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-09-TA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༠༠༠༠བརྡ་ཡིག༣༡ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དྲང་སྲོང་གཟའ་བདུད་རླུང་ཞོན་ནག་པོའི་འབོད་པ་ལྕགས་ཀྱུས་སྙིང་འདྲེན་བཞུགས་སོ༔ | |||
ན་མོ་གུ་རུ་བཛྲ་པ་ཎི་ཡེ༔ གཟའ་བདུད་ནག་པོ་བསྒྲུབ་པ་ལ༔ འབོད་པ་ལྕགས་ཀྱུས་སྙིང་འདྲེན་དགོས༔ དད་དམ་ལྡན་པའི་རྣལ་འབྱོར་གྱིས༔ བསྐྱེད་རིམ་གནད་དང་ལྡན་པ་ཡིས༔ དུས་དྲུག་རྣམས་སུ་འདིར་བརྩོན་བྱ༔ ཧཱུྃ་ཛཿདད་པ་དང་ནི་དམ་ཚིག་གཉན་པོ་ཡིས༔ འབོད་དོ་དྲང་སྲོང་གཟའ་བདུད་རཱུ་ཧུ་ལ༔ མ་གཡེལ་མ་འགྱངས་སྒྲུབ་པའི་དཀྱིལ་འཁོར་འདིར༔ མ་ཐོགས་སྐད་ཅིག་ཉིད་དུ་གཤེགས་སུ་གསོལ༔ སྟེང་ཕྱོགས་ནམ་མཁའ་ཡངས་པའི་ཀློང་དཀྱིལ་ནས༔ ཁྱབ་འཇུག་དྲེགས་པའི་གཙོ་བོ་རཱ་ཧུ་ལ༔ དད་དང་དམ་ཚིག་གཉན་པོ་དཔང་བཙུགས་ཏེ༔ འབོད་དོ་མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ སྟོང་གསུམ་མི་མཇེད་དཔག་ཡས་འཇིག་རྟེན་ན༔ སྐྱེ་འགྲོའི་སྲོག་གི་རྒྱལ་པོ་རཱ་ཧུ་ལ༔ དད་དང་དམ་ཚིག་གཉན་པོ་དཔང་བཙུགས་ཏེ༔ འབོད་དོ་མ་ཐོགས་མྱུར་དུ་འདིར་གཤེགས་ཤིག༔ རབ་འཇིགས་དུར་ཁྲོད་བརྒྱད་ཀྱི་གནས་མཆོག་ནས༔ མི་སྲུན་དུར་ཁྲོད་བདག་པོ་རཱ་ཧུ་ལ༔ དད་དང་དམ་ཚིག་གཉན་པོ་དཔང་བཙུགས་ཏེ༔ འབོད་དོ་མ་ཐོགས་མྱུར་དུ་འདིར་གཤེགས་ཤིག༔ ཆོས་འཁོར་གཙུག་ལག་སྒྲུབ་དང་དབེན་གནས་སུ༔ ཆོས་སྐྱོང་རྒྱལ་པོ་ཆེན་པོ་རཱ་ཧུ་ལ༔ དད་དང་དམ་ཚིག་གཉན་པོ་དཔང་བཙུགས་ཏེ༔ འབོད་དོ་མ་ཐོགས་མྱུར་དུ་འདིར་གཤེགས་ཤིག༔ བཀའ་དང་དམ་ཚིག་གཉན་པོའི་ཕོ་བྲང་ནས༔ གསང་ཆེན་ཐེག་པའི་གཉེར་འཛིན་རཱ་ཧུ་ལ༔ དད་དང་དམ་ཚིག་གཉན་པོ་དཔང་དུ་བཙུགས༔ ལེགས་ཉེས་སྟངས་འཛིན་བསྟན་པའི་བྱ་ར་བ༔ ཞིང་བཅུའི་སྲོག་བདུད་ནག་པོ་རཱ་ཧུ་ལ༔ དད་དང་དམ་ཚིག་གཉན་པོ་དཔང་བཙུགས་ཏེ༔ འབོད་དོ་མ་ཐོགས་མྱུར་དུ་འདིར་གཤེགས་ཤིག༔ ཛཿནམ་མཁའི་ཁམས་ནས་དམར་ནག་གློག་ཕྲེང་རྡེབ༔ བར་སྣང་ཁམས་ནས་རབ་འཇིགས་འབྲུག་སྒྲ་སྒྲོགས༔ བསྟན་པའི་དགྲ་ལ་གནམ་ལྕགས་ཐོག་མདའ་འཕེན༔ ས་གཞི་རླུང་དམར་གཡོ་ཞིང་སེར་ཆེན་འབེབས༔ སྡོང་ཟླ་གདོང་མོ་མཆེད་བཞི་འདིར་གཤེགས་ཤིག༔ ཛཿཞེ་སྡང་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ ཡབ་རྗེ་རཀྴ་སྲིན་པོ་གཤེགས་སུ་གསོལ༔ འདོད་ཆགས་ཆུ་ལྟར་འཁྲིགས་པའི་ཀློང་དཀྱིལ་ནས༔ ཡུམ་མཆོག་ཀླུ་ལྕམ་ནག་མོ་འདིར་གཤེགས་ཤིག༔ ཕྱོགས་མཚམས་སྐྱོང་ཞིང་འབྱུང་བ་དབང་མཛད་པའི༔ སྤྲུལ་པའི་གཟའ་བརྒྱད་འཁོར་བཅས་འདིར་གཤེགས་ཤིག༔ ལེགས་ཉེས་སྟངས་འཛིན་ཞགས་དུས་མངའ་དབང་མཛད༔ འཁོར་གྱི་རྒྱུ་སྐར་ཉེར་བརྒྱད་འདིར་གཤེགས་ཤིག༔ ཕྲིན་ལས་ཐོགས་མེད་བསྒྲུབ་པའི་ཕོ་ཉ་བ༔ བཀའ་འཁོར་ལྷ་སྲིན་སྡེ་བརྒྱད་འདིར་གཤེགས་ཤིག༔ ཛཿསྔོན་ཚེ་རི་བོ་མ་ལ་ཡ་ཡི་རྩེར༔ བདུད་པོ་མ་ཏྲཾ་རཱུ་ཏྲ་བསྒྲལ་བའི་ཚེ༔ སྤྱི་དཔལ་ཆེན་པོ་ཀུན་བཟང་ཧེ་རུ་ཀས༔ བཀའ་དང་དམ་ཚིག་གཉན་པོའི་སྲོག་གཏད་པའི༔ ཐ་ཚིག་དཔང་དུ་བཞག་ནས་ཁྱོད་འབོད་དོ༔ བར་དུ་གསང་བདག་ཕྱག་ན་རྡོ་རྗེ་ཡིས༔ དམ་བཏགས་དབང་བསྐུར་ལྕེ་ལ་བདུད་རྩི་བཞག༔ དམ་ཚིག་གཉན་པོ་དེ་ཉིད་དཔང་བཙུགས་ནས༔ འབོད་དོ་མ་ཐོགས་མྱུར་དུ་འདིར་གཤེགས་ཤིག༔ ཐ་མ་རིག་འཛིན་པདྨ་ཐོད་ཕྲེང་གིས༔ བཀའ་བསྒོས་དམ་བཞག་དབང་བསྐུར་གཉེར་གཏད་པའི༔ དམ་ཚིག་གཉན་པོ་དཔང་དུ་བཙུགས་ཏེ་འབོད༔ མ་ཐོགས་སྐད་ཅིག་ཉིད་དུ་འདིར་གཤེགས་ཤིག༔ ད་ལྟ་སྒྲུབ་པའི་རིག་འཛིན་བདག་ཉིད་ཀྱིས༔ གསང་སྔགས་ཟབ་མོའི་སྒྲུབ་པ་ལྷུར་ལེན་ཅིང་༔ གྲོགས་སུ་གཟའ་བདུད་རྒྱལ་པོ་ཁྱོད་འབོད་ཀྱིས༔ འདིར་གཤེགས་སྒྲུབ་པའི་རྟེན་འདིར་བརྟེན་ཆོས་ལ༔ སྐད་ཅིག་འབྲལ་བ་མེད་པའི་གྲོགས་མཛོད་ཅིག༔ དགྱེས་པའི་ཞལ་སྟོན་སྒྲུབ་པའི་རྟགས་ཕྱུངས་ཤིག༔ འདོད་དོན་ཕྲིན་ལས་འབད་མེད་ལྷུན་གྲུབ་ཏུ༔ ཐོགས་པ་མེད་པར་སྒྲུབ་པའི་ཕོ་ཉ་མཛོད༔ འཁུ་དང་ལྡོག་དང་གདུག་རྩུབ་མ་བྱེད་པར༔ བརྩེ་ཞིང་གདུང་བའི་སེམས་ཀྱིས་སྲུང་སྐྱོབ་ཅིང་༔ མངོན་སྤྱོད་ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད༔ བཀའ་དང་དམ་ལ་མ་འདའ་ས་མ་ཡ༔ ཞེས་འབོད་ཅིང་གཙོ་འཁོར་ཐམས་ཅད་ཀྱི་སྲོག་སྔགས་རོ་གཅིག་ཏུ་གསལ་བའི་ངང་ནས་སྔགས་བཟླས་པ་དང་༔ རིག་པ་གཞན་དུ་མི་ཡེངས་པར་ལྷར་གསལ་བའི་གཟེར་གནད་དང་ལྡན་པའི་ངང་ནས་རྟགས་མ་འབྱུང་བར་དུ་སྔགས་འདི་བཟླའོ༔ ཨོཾ་ནཱ་ག་རཀྴ་རཱ་ཧུ་ལ་ཧཱུྃ་ཕེཾ་ཛཿས་མ་ཡ༔ སྐབས་སུ་བསྐང་གསོལ་དག་ལ་འབད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠༠༠བརྡ་ཡིག༣༤གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ནི་ཁྲག་འཐུང་རྡོ་རྗེ་གྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་མི་ལོ་བཅོ་བརྒྱད་བར་དུ་བཀའ་རྒྱ་བྱས་ནས་མཐར་གཏན་ལ་ཕབ་པའི་ཡི་གེ་པ་ནི་སློབ་དཔོན་གཡུ་སྒྲ་སྙིང་པོའི་ཟློས་གར་སྒྱུ་མའི་འཆར་སྣང་མི་བསྐྱོད་རྡོ་རྗེའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 09:45, 4 June 2024
| Wylie title | ||
|---|---|---|
| Location | bdud 'joms gling pa zab gter Volume 9, Text 3, Pages (Folios to ) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | ||
| More details More details | ||
| Genre | ||