TTDL-ZABTER-02-KHA-047: Difference between revisions
From Dudjom Wiki
TTDL-ZABTER-02-KHA-047
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
༠༠༠བརྡ་ཡིག༤༨༡ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཆི་མེད་ཚེའི་སྒྲུབ་པའི་བསྐང་བ་ཡོན་ཏན་གསལ་བྱེད་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠བརྡ་ཡིག༤༨༡མ་འོངས་པདྨའི་བརྒྱུད་འཛིན་གྱིས༔ ཉམས་ཆག་རྟོག་སྒྲིབ་སྦྱང་བའི་ཕྱིར༔ བསྐང་བ་ཡོན་ཏན་གསལ་བྱེད་བསྟན༔ ལག་ཏུ་ལེན་པའི་རིམ་པ་ནི༔ དངོས་སུ་འབྱོར་བའི་མཆོད་པ་ལ༔ ཡིད་ཀྱིས་དཔག་མེད་རབ་སྤེལ་ནས༔ ལྷག་པའི་ལྷ་ལ་འབུལ་བར་བྱ༔ ཉམས་ཆག་བསྐང་བའི་ཐབས་འདིར་བརྩོན༔ ན་མོ༔ བླ་ན་མེད་པའི་དཀོན་མཆོག་གསུམ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔ ཡོངས་འདུས་བདག་ཉིད་བླ་མ་དང་༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ རིགས་ལྔའི་རྒྱལ་བ་གངས་ཆེན་མཚོ༔ སྟོན་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ ཐུགས་རྗེའི་ཤུགས་ཀྱིས་འདིར་གཤེགས་ལ༔ རྣལ་འབྱོར་ཉམས་ཆག་བསྐང་བའི་ཕྱིར༔ འདུན་པའི་རྩེ་ལ་རབ་བཞུགས་གསོལ༔ ཐུགས་རྗེ་བརྩེ་བ་ཆེན་པོས་དགོངས༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ལུས་དང་ལོངས་སྤྱོད་དགེ་རྩར་བཅས༔ དམ་ཚིག་ཉམས་ཆག་བསྐང་ཕྱིར་འབུལ༔ འདི་ནས་ཚེ་རབས་ཐམས་ཅད་དུ༔ སྒོ་གསུམ་མ་རིག་དབང་གྱུར་པས༔ རྩ་བ་ཡན་ལག་དམ་ཉམས་པ༔ མི་འཆབ་མི་སྦེད་མཐོལ་ལོ་བཤགས༔ དག་ཚངས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས༔ ཧཱུྃ་ཧྲཱིཿའོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང་༔ མི་འགྱུར་གཞོམ་བྲལ་ཐིག་ལེའི་སྐུ༔ རྡོ་རྗེ་སེམས་དཔའི་ཐུགས་དམ་བསྐང་༔ གཞོན་ནུ་བུམ་སྐུར་རྫོགས་སངས་རྒྱས༔ དགའ་རབ་རྡོ་རྗེའི་ཐུགས་དམ་བསྐང་༔ ཀ་དག་དབྱིངས་སུ་ལྷུན་འབྱམས་རོལ༔ ཤྲཱི་སེང་ཧའི་ཐུགས་དམ་བསྐང་༔ ཡེ་ཤེས་སྒྱུ་མ་ཟང་ཐལ་སྐུ༔ པདྨ་འབྱུང་གནས་ཐུགས་དམ་བསྐང་༔ འཕོ་བ་ཆེན་པོའི་དབྱིངས་སུ་གཤེགས༔ ཡེ་ཤེས་མཚོ་རྒྱལ་ཐུགས་དམ་བསྐང་༔ སྐུ་གསུམ་ལྷུན་གྲུབ་གདིང་ཆེན་ཐོབ༔ ཁྱེའུ་ཆུང་ལོ་ཙཱའི་ཐུགས་དམ་བསྐང་༔ དཀྱིལ་འཁོར་ཡོངས་ཀྱི་ཁྱབ་བདག་དཔལ༔ རྩ་བའི་བླ་མའི་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟ་གསང་བའི་རྫས༔ སྦྱོར་སྒྲོལ་ཏན་གན་རྨད་བྱུང་རྫས༔ ལུས་དང་ལོངས་སྤྱོད་ཚོགས་ཀྱིས་བསྐང་༔ སྡོམ་དང་བསླབ་པ་དམ་ཉམས་བཤགས༔ ཧཱུྃ་ཧྲཱིཿལྷུན་གྲུབ་གསང་ཆེན་གཞལ་ཡས་ནས༔ འཆི་མེད་མགོན་པོའི་ཐུགས་དམ་བསྐང་༔ ཤར་ཕྱོགས་མངོན་དགའི་ཞིང་ཁམས་ནས༔ མི་བསྐྱོད་རྡོ་རྗེའི་ཐུགས་དམ་བསྐང་༔ ལྷོ་ཕྱོགས་དཔལ་ལྡན་ཞིང་ཁམས་ནས༔ རིན་ཆེན་འབྱུང་ལྡན་ཐུགས་དམ་བསྐང་༔ ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས༔ སྣང་བ་མཐའ་ཡས་ཐུགས་དམ་བསྐང་༔ བྱང་ཕྱོགས་ལས་རབ་ཞིང་ཁམས་ནས༔ དོན་ཡོད་གྲུབ་པའི་ཐུགས་དམ་བསྐང་༔ ཁྱབ་བརྡལ་ནམ་མཁའི་དབྱིངས་ཆེན་མོ༔ གསང་བ་ཡེ་ཤེས་ཐུགས་དམ་བསྐང་༔ མཉེན་པ་ཆུ་ཡི་དབྱིངས་ཆེན་མོ༔ མ་མཱ་ཀི་ཡི་ཐུགས་དམ་བསྐང་༔ སྲ་བ་ས་ཡི་དབྱིངས་ཆེན་མོ༔ སངས་རྒྱས་སྤྱན་མའི་ཐུགས་དམ་བསྐང་༔ དྲོ་བ་མེ་ཡི་དབྱིངས་ཆེན་མོ༔ ན་བཟའ་དཀར་མོའི་ཐུགས་དམ་བསྐང་༔ བསྐྱོད་པ་རླུང་གི་དབྱིངས་ཆེན་མོ༔ དམ་ཚིག་སྒྲོལ་མའི་ཐུགས་དམ་བསྐང་༔ སྙིང་རྗེས་ཁམས་གསུམ་འགུགས་བྱེད་མ༔ ལྕགས་ཀྱུ་མ་ཡི་ཐུགས་དམ་བསྐང་༔ བྱམས་པས་འགྲོ་ཀུན་སྐྱོལ་བྱེད་མ༔ ཞགས་པ་མ་ཡི་ཐུགས་དམ་བསྐང་༔ དགའ་བས་འགྲོ་ཀུན་རྗེས་འཛིན་མ༔ ལྕགས་སྒྲོག་མ་ཡི་ཐུགས་དམ་བསྐང་༔ བཏང་སྙོམས་འཁོར་བ་དོང་སྤྲུགས་མ༔ དྲིལ་བུ་མ་ཡི་ཐུགས་དམ་བསྐང་༔ དཀྱིལ་འཁོར་བར་ཁྱམས་འཁོར་ཡུག་ཏུ༔ སྒྱུ་འཕྲུལ་རོལ་པའི་ཐུགས་དམ་བསྐང་༔ ཕྲིན་ལས་ལས་ཀྱི་སྒོ་བཞི་རུ༔ སྒོ་སྐྱོང་ཚོགས་ཀྱི་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟ་གསང་བའི་རྫས༔ སྦྱོར་སྒྲོལ་ཏན་གན་རྨད་བྱུང་རྫས༔ ལུས་དང་ལོངས་སྤྱོད་ཚོགས་ཀྱིས་བསྐང་༔ སྡོམ་དང་བསླབ་པ་དམ་ཉམས་བཤགས༔ ཧཱུྃ་ཧྲཱིཿདུར་ཁྲོད་ཧེ་ཆེན་བརྡལ་བ་ནས༔ གནོད་སྦྱིན་ཆེན་པོའི་ཐུགས་དམ་བསྐང་༔ ནམ་མཁའ་ཡངས་པའི་ཀློང་དཀྱིལ་ནས༔ གཟའ་བདུད་ནག་པོའི་ཐུགས་དམ་བསྐང་༔ སུམ་ཅུ་རྩ་གསུམ་ལྷ་གནས་སུ༔ ལྷ་ཆེན་ཚོགས་བདག་ཐུགས་དམ་བསྐང་༔ རྒྱལ་བའི་བཀའ་ཡི་གཉེར་འཛིན་པ༔ བཀང་སྲུང་གཉན་པོའི་ཐུགས་དམ་བསྐང་༔ སུམ་ཅུ་རྩ་གསུམ་ལྷ་གནས་སུ༔ ལྷ་ཆེན་ཚོགས་བདག་ཐུགས་དམ་བསྐང་༔ རྒྱལ་བའི་བཀའ་ཡི་གཉེར་འཛིན་པ༔ བཀའ་སྲུང་གཉན་པོའི་ཐུགས་དམ་བསྐང་༔ ལེགས་ཉེས་གཉིས་ཀྱི་སྟངས་འཛིན་པ༔ སྲིད་པའི་རྒྱལ་མོའི་ཐུགས་དམ་བསྐང༔ བོད་ཁམས་སྐྱོང་ཞིང་བསྟན་པ་གདུང་༔ བརྟན་མ་བཅུ་གཉིས་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟ་གསང་བའི་རྫས༔ སྦྱོར་སྒྲོལ་ཏན་གན་རྨད་བྱུང་རྫས༔ ལུས་དང་ལོངས་སྤྱོད་ཚོགས་ཀྱིས་བསྐང་༔ སྡོམ་དང་བསླབ་པ་དམ་ཉམས་བཤགས༔ ཧོཿཕྱོགས་བཅུ་སྤྲུལ་པའི་ཞིང་ཁམས་སུ༔ གང་འདུལ་མཛད་ལ་རྗེས་ཡི་རང་༔ འགྲོ་བའི་རིགས་རྒྱུད་དང་བསྟུན་པའི༔ ཐེག་པའི་ཆོས་འཁོར་བསྐོར་བར་བསྐུལ༔ ཁམས་གསུམ་འཁོར་བ་མ་སྟོང་བར༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དུས་གསུམ་བསགས་པའི་དགེ་རྩ་ཀུན༔ བླ་མེད་མཆོག་གི་རྒྱུ་རུ་བསྔོ༔ ནམ་མཁའི་མཐའ་མཉམ་སེམས་ཅན་ཀུན༔ སྐུ་གསུམ་དབྱིངས་སུ་སངས་རྒྱས་ཤོག༔ ཚོགས་ཀྱི་འཁོར་ལོ་ལ་བརྟེན་ནས༔ བསྐང་བཤགས་འདི་ཉིད་ལག་ལེན་པའི༔ སྐལ་བཟང་སྐྱེས་བུ་ཕོ་མོ་ཡི༔ རྩ་བ་ཆད་པ་མ་གཏོགས་པའི༔ དམ་ཚིག་ཉམས་ཆག་སོར་ཆུད་དེ༔ ཡང་དག་ལམ་དུ་ཚུད་འགྱུར་རོ༔ བཀའ་སྲུང་གནོད་སྦྱིན་དམར་ནག་དང་༔ ལྷ་ཆེན་དབང་ཕྱུག་ཆེན་པོས་སྲུངས༔ བཀའ་དང་དམ་ཚིག་གཉན་པོའི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་མཐར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་རང་སློབ་པདྨ་རོ་མཚར་གྱིས་བགྱིས་པའོ།།དགེའོ།།དགེའོ།།དགེའོ།། | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=bdud 'joms gling pa zab gter | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|totalvolumes=21 | |||
|author=bdud 'joms gling pa | |||
|authortib=བདུད་འཇོམས་གླིང་པ་ | |||
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=02 | |||
|volumeLetter=KHA | |||
|textnuminvol=047 | |||
|pdflink=File:TTDL-ZABTER-02-KHA-047.pdf | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-02-KHA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༠༠༠བརྡ་ཡིག༤༨༡ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཆི་མེད་ཚེའི་སྒྲུབ་པའི་བསྐང་བ་ཡོན་ཏན་གསལ་བྱེད་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠བརྡ་ཡིག༤༨༡མ་འོངས་པདྨའི་བརྒྱུད་འཛིན་གྱིས༔ ཉམས་ཆག་རྟོག་སྒྲིབ་སྦྱང་བའི་ཕྱིར༔ བསྐང་བ་ཡོན་ཏན་གསལ་བྱེད་བསྟན༔ ལག་ཏུ་ལེན་པའི་རིམ་པ་ནི༔ དངོས་སུ་འབྱོར་བའི་མཆོད་པ་ལ༔ ཡིད་ཀྱིས་དཔག་མེད་རབ་སྤེལ་ནས༔ ལྷག་པའི་ལྷ་ལ་འབུལ་བར་བྱ༔ ཉམས་ཆག་བསྐང་བའི་ཐབས་འདིར་བརྩོན༔ ན་མོ༔ བླ་ན་མེད་པའི་དཀོན་མཆོག་གསུམ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔ ཡོངས་འདུས་བདག་ཉིད་བླ་མ་དང་༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ རིགས་ལྔའི་རྒྱལ་བ་གངས་ཆེན་མཚོ༔ སྟོན་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ ཐུགས་རྗེའི་ཤུགས་ཀྱིས་འདིར་གཤེགས་ལ༔ རྣལ་འབྱོར་ཉམས་ཆག་བསྐང་བའི་ཕྱིར༔ འདུན་པའི་རྩེ་ལ་རབ་བཞུགས་གསོལ༔ ཐུགས་རྗེ་བརྩེ་བ་ཆེན་པོས་དགོངས༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ལུས་དང་ལོངས་སྤྱོད་དགེ་རྩར་བཅས༔ དམ་ཚིག་ཉམས་ཆག་བསྐང་ཕྱིར་འབུལ༔ འདི་ནས་ཚེ་རབས་ཐམས་ཅད་དུ༔ སྒོ་གསུམ་མ་རིག་དབང་གྱུར་པས༔ རྩ་བ་ཡན་ལག་དམ་ཉམས་པ༔ མི་འཆབ་མི་སྦེད་མཐོལ་ལོ་བཤགས༔ དག་ཚངས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས༔ ཧཱུྃ་ཧྲཱིཿའོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང་༔ མི་འགྱུར་གཞོམ་བྲལ་ཐིག་ལེའི་སྐུ༔ རྡོ་རྗེ་སེམས་དཔའི་ཐུགས་དམ་བསྐང་༔ གཞོན་ནུ་བུམ་སྐུར་རྫོགས་སངས་རྒྱས༔ དགའ་རབ་རྡོ་རྗེའི་ཐུགས་དམ་བསྐང་༔ ཀ་དག་དབྱིངས་སུ་ལྷུན་འབྱམས་རོལ༔ ཤྲཱི་སེང་ཧའི་ཐུགས་དམ་བསྐང་༔ ཡེ་ཤེས་སྒྱུ་མ་ཟང་ཐལ་སྐུ༔ པདྨ་འབྱུང་གནས་ཐུགས་དམ་བསྐང་༔ འཕོ་བ་ཆེན་པོའི་དབྱིངས་སུ་གཤེགས༔ ཡེ་ཤེས་མཚོ་རྒྱལ་ཐུགས་དམ་བསྐང་༔ སྐུ་གསུམ་ལྷུན་གྲུབ་གདིང་ཆེན་ཐོབ༔ ཁྱེའུ་ཆུང་ལོ་ཙཱའི་ཐུགས་དམ་བསྐང་༔ དཀྱིལ་འཁོར་ཡོངས་ཀྱི་ཁྱབ་བདག་དཔལ༔ རྩ་བའི་བླ་མའི་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟ་གསང་བའི་རྫས༔ སྦྱོར་སྒྲོལ་ཏན་གན་རྨད་བྱུང་རྫས༔ ལུས་དང་ལོངས་སྤྱོད་ཚོགས་ཀྱིས་བསྐང་༔ སྡོམ་དང་བསླབ་པ་དམ་ཉམས་བཤགས༔ ཧཱུྃ་ཧྲཱིཿལྷུན་གྲུབ་གསང་ཆེན་གཞལ་ཡས་ནས༔ འཆི་མེད་མགོན་པོའི་ཐུགས་དམ་བསྐང་༔ ཤར་ཕྱོགས་མངོན་དགའི་ཞིང་ཁམས་ནས༔ མི་བསྐྱོད་རྡོ་རྗེའི་ཐུགས་དམ་བསྐང་༔ ལྷོ་ཕྱོགས་དཔལ་ལྡན་ཞིང་ཁམས་ནས༔ རིན་ཆེན་འབྱུང་ལྡན་ཐུགས་དམ་བསྐང་༔ ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས༔ སྣང་བ་མཐའ་ཡས་ཐུགས་དམ་བསྐང་༔ བྱང་ཕྱོགས་ལས་རབ་ཞིང་ཁམས་ནས༔ དོན་ཡོད་གྲུབ་པའི་ཐུགས་དམ་བསྐང་༔ ཁྱབ་བརྡལ་ནམ་མཁའི་དབྱིངས་ཆེན་མོ༔ གསང་བ་ཡེ་ཤེས་ཐུགས་དམ་བསྐང་༔ མཉེན་པ་ཆུ་ཡི་དབྱིངས་ཆེན་མོ༔ མ་མཱ་ཀི་ཡི་ཐུགས་དམ་བསྐང་༔ སྲ་བ་ས་ཡི་དབྱིངས་ཆེན་མོ༔ སངས་རྒྱས་སྤྱན་མའི་ཐུགས་དམ་བསྐང་༔ དྲོ་བ་མེ་ཡི་དབྱིངས་ཆེན་མོ༔ ན་བཟའ་དཀར་མོའི་ཐུགས་དམ་བསྐང་༔ བསྐྱོད་པ་རླུང་གི་དབྱིངས་ཆེན་མོ༔ དམ་ཚིག་སྒྲོལ་མའི་ཐུགས་དམ་བསྐང་༔ སྙིང་རྗེས་ཁམས་གསུམ་འགུགས་བྱེད་མ༔ ལྕགས་ཀྱུ་མ་ཡི་ཐུགས་དམ་བསྐང་༔ བྱམས་པས་འགྲོ་ཀུན་སྐྱོལ་བྱེད་མ༔ ཞགས་པ་མ་ཡི་ཐུགས་དམ་བསྐང་༔ དགའ་བས་འགྲོ་ཀུན་རྗེས་འཛིན་མ༔ ལྕགས་སྒྲོག་མ་ཡི་ཐུགས་དམ་བསྐང་༔ བཏང་སྙོམས་འཁོར་བ་དོང་སྤྲུགས་མ༔ དྲིལ་བུ་མ་ཡི་ཐུགས་དམ་བསྐང་༔ དཀྱིལ་འཁོར་བར་ཁྱམས་འཁོར་ཡུག་ཏུ༔ སྒྱུ་འཕྲུལ་རོལ་པའི་ཐུགས་དམ་བསྐང་༔ ཕྲིན་ལས་ལས་ཀྱི་སྒོ་བཞི་རུ༔ སྒོ་སྐྱོང་ཚོགས་ཀྱི་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟ་གསང་བའི་རྫས༔ སྦྱོར་སྒྲོལ་ཏན་གན་རྨད་བྱུང་རྫས༔ ལུས་དང་ལོངས་སྤྱོད་ཚོགས་ཀྱིས་བསྐང་༔ སྡོམ་དང་བསླབ་པ་དམ་ཉམས་བཤགས༔ ཧཱུྃ་ཧྲཱིཿདུར་ཁྲོད་ཧེ་ཆེན་བརྡལ་བ་ནས༔ གནོད་སྦྱིན་ཆེན་པོའི་ཐུགས་དམ་བསྐང་༔ ནམ་མཁའ་ཡངས་པའི་ཀློང་དཀྱིལ་ནས༔ གཟའ་བདུད་ནག་པོའི་ཐུགས་དམ་བསྐང་༔ སུམ་ཅུ་རྩ་གསུམ་ལྷ་གནས་སུ༔ ལྷ་ཆེན་ཚོགས་བདག་ཐུགས་དམ་བསྐང་༔ རྒྱལ་བའི་བཀའ་ཡི་གཉེར་འཛིན་པ༔ བཀང་སྲུང་གཉན་པོའི་ཐུགས་དམ་བསྐང་༔ སུམ་ཅུ་རྩ་གསུམ་ལྷ་གནས་སུ༔ ལྷ་ཆེན་ཚོགས་བདག་ཐུགས་དམ་བསྐང་༔ རྒྱལ་བའི་བཀའ་ཡི་གཉེར་འཛིན་པ༔ བཀའ་སྲུང་གཉན་པོའི་ཐུགས་དམ་བསྐང་༔ ལེགས་ཉེས་གཉིས་ཀྱི་སྟངས་འཛིན་པ༔ སྲིད་པའི་རྒྱལ་མོའི་ཐུགས་དམ་བསྐང༔ བོད་ཁམས་སྐྱོང་ཞིང་བསྟན་པ་གདུང་༔ བརྟན་མ་བཅུ་གཉིས་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟ་གསང་བའི་རྫས༔ སྦྱོར་སྒྲོལ་ཏན་གན་རྨད་བྱུང་རྫས༔ ལུས་དང་ལོངས་སྤྱོད་ཚོགས་ཀྱིས་བསྐང་༔ སྡོམ་དང་བསླབ་པ་དམ་ཉམས་བཤགས༔ ཧོཿཕྱོགས་བཅུ་སྤྲུལ་པའི་ཞིང་ཁམས་སུ༔ གང་འདུལ་མཛད་ལ་རྗེས་ཡི་རང་༔ འགྲོ་བའི་རིགས་རྒྱུད་དང་བསྟུན་པའི༔ ཐེག་པའི་ཆོས་འཁོར་བསྐོར་བར་བསྐུལ༔ ཁམས་གསུམ་འཁོར་བ་མ་སྟོང་བར༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དུས་གསུམ་བསགས་པའི་དགེ་རྩ་ཀུན༔ བླ་མེད་མཆོག་གི་རྒྱུ་རུ་བསྔོ༔ ནམ་མཁའི་མཐའ་མཉམ་སེམས་ཅན་ཀུན༔ སྐུ་གསུམ་དབྱིངས་སུ་སངས་རྒྱས་ཤོག༔ ཚོགས་ཀྱི་འཁོར་ལོ་ལ་བརྟེན་ནས༔ བསྐང་བཤགས་འདི་ཉིད་ལག་ལེན་པའི༔ སྐལ་བཟང་སྐྱེས་བུ་ཕོ་མོ་ཡི༔ རྩ་བ་ཆད་པ་མ་གཏོགས་པའི༔ དམ་ཚིག་ཉམས་ཆག་སོར་ཆུད་དེ༔ ཡང་དག་ལམ་དུ་ཚུད་འགྱུར་རོ༔ བཀའ་སྲུང་གནོད་སྦྱིན་དམར་ནག་དང་༔ ལྷ་ཆེན་དབང་ཕྱུག་ཆེན་པོས་སྲུངས༔ བཀའ་དང་དམ་ཚིག་གཉན་པོའི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་མཐར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་རང་སློབ་པདྨ་རོ་མཚར་གྱིས་བགྱིས་པའོ།།དགེའོ།།དགེའོ།།དགེའོ།།}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 09:45, 4 June 2024
| Wylie title | ||
|---|---|---|
| Location | bdud 'joms gling pa zab gter Volume 2, Text 47, Pages (Folios to ) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | ||
| More details More details | ||
| Genre | ||