TTDL-ZABTER-12-NA-022: Difference between revisions

From Dudjom Wiki
TTDL-ZABTER-12-NA-022
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
༠༠༠༠༠བརྡ་ཡིག༩༩མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ མ་མོ་སྔགས་སྲུང་ཆེན་མོའི་པྲ་མོ་མངོན་ཤེས་སྒྲོན་མ་བཀྲ་ཤིས་གཡུང་དྲུང་འཁྱིལ་བ་བཞུགས༔  
{{Text
༠༠༠༠བརྡ་ཡིག༡༠༠རིགས་ཀུན་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་དང་ཡོན་ཏན་དང་༔ ཕྲིན་ལས་ཡོངས་རྫོགས་དཔལ་ཆེན་པོ༔ བླ་མ་མཚོ་སྐྱེས་རྡོ་རྗེས་སྐྱོངས༔ མ་མོ་སྔགས་སྲུང་ཆེན་མོ་ལ༔ གསོལ་འདེབས་རྟེན་འབྲེལ་བརྟགས་པ་ནི༔ བསྙེན་བསྒྲུབ་མཆོད་བསྟོད་བྱེད་དག་གིས༔ མ་ཉིད་བསྒོམ་སྟེ་འདི་བརྗོད་བྱ༔ མ༔ སངས་རྒྱས་བསྟན་པའི་བྱ་ར་མ༔ དམ་པའི་ཆོས་ཀྱི་སྲོག་འཛིན་མ༔ དགེ་འདུན་ཡོངས་ཀྱི་མཛའ་ན་མ༔ བསིལ་བ་ཚལ་གྱི་མཁའ་འགྲོ་མ༔ ཟས་དང་ནོར་གྱི་གཡང་ལྷ་མོ༔ སྐྱབས་མེད་སྐྱོབ་པའི་མཐུ་ལྡན་མ༔ མངོན་ཤེས་གསལ་བའི་མཁྱེན་ལྡན་མ༔ དགྲ་དང་བགེགས་ཀྱི་དཔུང་འཇོམས་མ༔ ཆོས་ཉིད་གཉེར་ཀ་དམ་སྲུང་མ༔ མ་མོ་ཆེན་མོ་ངན་ནེ་མ༔ དམ་ཚིག་གཉན་གྱིས་འབོད་དོ་མ༔ སེམས་ཀྱི་འདོད་དོན་སྒྲུབས་ཤིག་མ༔ མ་ཧཱ་ཀ་ལི་ཌཱཀྐིི་ནཱི་ར་ལི་པྲ་མ་ཡ་བཛྲ་ས་མ་ཡ་ཛ་ཛཿཔྲ་མོ་ཕོབ་ཛཿཉེར་གཅིག་ལ་སོགས་སྐབས་དང་བསྟུན་མཐར༔ བཟང་ངན་གོ་ལོག་མ་བྱེད་མ༔ ལེགས་ཉེས་ཤན་འབྱེད་དྲང་སྲོང་མ༔ སྦེད་གསང་མེད་པར་སྟོན་ཅིག་མ༔ པྲ་བའི་མོ་འདི་གསལ་བར་ཕོབ༔ གཅིག་གསུམ་ལྔ་བདུན་རྟེན་འབྲེལ་ལེགས༔ གཉིས་བཞི་དྲུག་དག་མི་ལེགས་ཏེ༔ རབ་འབྲིང་ཐ་གསུམ་དབྱེ་བ་ནི༔ ༈དང་པོ་ལ་བབ་ན་གཞི་ཕྱྭ་ལ་བདེ་སྐྱིད་ཀྱི་ཉི་མ་འཆར༔ དོན་ཕྱྭ་ལ་དགའ་བྲོད་དང་བཅས་ཏེ་ཐོབ༔ མགྲོན་ཕྱྭ་ལ་མྱུར་དུ་བདེ་བར་སླེབ༔ ཨེ་འཕྲད་ན་འདོད་པ་བཞིན་དུ་འཕྲད༔ བོར་སྟོར་རིང་པོར་མི་ཐོགས་འཕྲལ་དུ་རྙེད༔ ཨེ་ཐུབ་ན་དགྲ་ཕམ་སྟེ་བདག་རྒྱལ་བར་ངེས༔ དགྲ་ཕྱྭ་ལ་དགྲ་མེད༔ ནད་ཕྱྭ་ལ་ནད་པ་མི་འཆི་མྱུར་དུ་ནད་ལས་གྲོལ༔ འདི་ནི་ཅི་ལ་བཏབ་ཀྱང་བཟང་པོའི་རབ་ཀྱི་མཆོག་གོ༔ ས་མ་ཡ༔ ༈གཉིས་ལ་བབ་ན་གཞི་ཕྱྭ་ལ་ཤིན་ཏུ་ངན༔ རིམ་གྲོ་ཆེན་པོ་བྱ༔ གདོན་ཕྱྭ་ལ་ནག་པོའི་ཁ་ཏོག་ཅན་ནམ་མཚོན་ཆའི་རིགས་ལ་བདུད་དང་མོ་འདྲེ་ཐེའུ་རང་གིས་རྩར་བྱས་ནས་ལྟ་བཅད༔ དོན་ཕྱྭ་ལ་ཡང་དོན་གཉེར་བྱ༔ གཉེར་མཁན་དང་བཅས་པ་གཞན་གྱིས་ཧབ་ཐོབ་བྱེད༔ མགྲོན་ཕྱྭ་ཡང་རིང་པོར་མྱང་ངན་དང་བཅས་པར་ཐོགས༔ ཨེ་འཕྲད་ན་མི་འཕྲད་ངེས༔ བོར་སྟོར་མི་རྙེད་གཞན་གྱིས་ཐོབ་ཏུ་ཟིན༔ ཨེ་ཐུབ་ན་རྡོ་རྗེའི་བྲག་ལ་ཐུག་སྟེ་རྡུག༔ དགྲ་ཕྱྭ་ལ་ཐལ་ཕུང་རླུང་ཁྱེར་འདྲ་བའི་རྒོལ་ངན་འབྱུང་༔ ནད་པ་གདོན་གྱི་ཁ་རུ་ཚུད་དེ་ཕན་མེད་འཆི༔ འདི་ནི་ཅི་ལ་བཏབ་ཀྱང་ངན་པའི་ཐ་མའོ༔ ས་མ་ཡ༔ ༈གསུམ་ལ་བབས་ན་གཞི་ཕྱྭ་ལ་བཟང་༔ དོན་ཕྱྭ་ལ་བཟང་༔ མགྲོན་ཕྱྭ་ལ་འགོར་ཡང་དོན་དང་བཅས་ཏེ་སླེབ༔ ཨེ་འཕྲད་ན་འཕྲད་མ་ཚར་ན་མི་འཕྲད༔ བོར་སྟོར་རིང་པོར་མི་རྙེད་ཀྱང་མཐར་རྙེད༔ ཨེ་ཐུབ་ན་མ་ཤོལ་ན་ཐུབ༔ དགྲ་ཕྱྭ་ལ་དགྲ་ངོ་མེད་ངེས༔ ནད་ཕྱྭ་ལ་ནད་པ་མི་འཆི༔ ནད་ཕུག་རིང་ཡང་མཐར་འཚོ༔ འདི་ནི་གང་ལ་བཏབ་ཀྱང་བཟང་༔ ས་མ་ཡ༔ ༈བཞི་ལ་བབ་ན་གཞི་ཕྱྭ་ལ་རྒྱལ་འགོང་གདོན༔ རིམ་གྲོ་ཅི་ཐུབ་བྱ༔ དོན་ཕྱྭ་ལ་ནག་གསུམ་ཤ་སོགས་རྙེད༔ གཞན་མི་རྙེད༔ མགྲོན་ཕྱྭ་ལ་དགྲའམ་ཉེས་པ་འབྱུང་བའི་ཕྱིར༔ ཨེ་འཕྲད་ན་འཛོམ་ཉེན་ཆེ༔ འཕྲད་ཀྱང་རྩོད་པ་འབྱུང་༔ བོར་སྟོར་མི་རྙེད༔ ཨེ་ཐུབ་ན་གཉིས་ཀ་ཕུང་༔ དགྲ་ཕྱྭ་ལ་དགྲ་འཇིགས་ཆེན་པོ་ཡོད་པས་བཟློག་མནན་ལ་འབད༔ ནད་པ་ལ་དུར་ངོ་ཆེ་བས་ཤིན་ཏུ་ངན༔ འདི་ནི་ཅི་ལ་བཏབ་ཀྱང་འབྲིང་ཙམ་མོ༔ ས་མ་ཡ༔ ༈ལྔ་ལ་བབ་ན་གཞི་ཕྱྭ་ལ་བཟང་༔ ན་ཚ་རེ་ཙམ་འབྱུང་དོགས་ཡོད་པས་རིམ་གྲོ་བྱ༔ བྱད་བཟློག་གདོན་བཀྲོལ་བྱ༔ དོན་ཕྱྭ་ལ་དོན་ཀུན་རེ་བ་བསྐང་ངེས༔ ཡུལ་ལྷ་གསོལ༔ མགྲོན་ཕྱྭ་ལ་དོན་འགྲུབ་པའི་སྟེང་དུ་སླེབ་ཟིན༔ ཨེ་འཕྲད་ན་ངེས་པར་འཕྲད་ཀྱི་བསམ་པ་འགྲུབ༔ བོར་སྟོར་རང་གི་རྩ་རུ་ཡོད་པས་མྱུར་དུ་རྙེད༔ ཨེ་ཐུབ་ན་ཐུབ་ངེས་ཡིན་པས་རང་རྒྱལ༔ དགྲ་ཕྱྭ་ལ་དགྲ་མི་འབྱུང་༔ ནད་པ་ལ་ལྷ་འཁྲུགས་དང་ས་བདག་གིས་ཀོ་ལོང་བསྡོམ་པའི་རྐྱེན་དུ་འགྱུར་བས་རིམ་གྲོ་བྱས་ན་ཕན༔ རྫས་ནི་ཤ་ལྤགས་ཞྭ་ལྷྭམ་གནོད༔ འདི་གཞན་གང་ལ་བཏབ་ཀྱང་བཟང་༔ ས་མ་ཡ༔ ༈དྲུག་ལ་བབ་ན་གཞི་ཕྱྭ་ལ་མི་ནོར་གཉིས་ལ་ངན་ཞིང་༔ ཁྱད་པར་རྟ་ནོར་གཉིས་ལ་ངན་པས་རིམ་གྲོ་བྱ༔ དོན་ཕྱྭ་ལ་དོན་གང་ཡང་མི་འགྲུབ༔ མགྲོན་ཕྱྭ་ལ་མགྲོན་པོ་དོན་མེད་མི་སྙན་སྒྲོགས་ཤིང་སླེབ༔ ཨེ་འཕྲད་ན་མི་འཕྲད༔ དགྲ་དང་འཕྲད་ཉེན་མཆིས༔ བོར་སྟོར་དགྲ་དབང་སོང་ནས་སླར་མི་རྙེད༔ ཨེ་ཐུབ་ན་མི་ཐུབ་ངེས་ཏེ༔ ཚུར་རྒོལ་དགྲས་ཀྱང་མི་ཐུབ་རང་གཞན་མཉམ༔ དགྲ་ཕྱྭ་འཇིགས་འུར་ཆེ་བས་བསང་གསོལ་དགྲ་བྲུབ་བྱ༔ ནད་ཕྱྭ་བསྲུང་བཟློག་ལ་འབད་པས་ཕན་པའང་སྲིད༔ གདོན་ཕྱྭ་ལ་སྡེ་བརྒྱད་འཁྲུགས་དང་བྱད་ཁ་གནོད༔ གཞན་ཅི་ལ་བཏབ་ཀྱང་ཤིན་ཏུ་ངན༔ ས་མ་ཡ༔ ༈བདུན་ལ་བབ་ན་བདུན་ཐོག་མཁར་གྱི་ཡང་རྩེ་ཡིན༔ གཞི་ཕྱྭ་ལ་མི་དཔོན་བླ་ཆེན་དག་ལ་མཆོག༔ འབངས་རིགས་བྲན་རིགས་དག་ལ་བསོད་ནམས་ཉ་གང་ཟླ་རྒྱས་མར་འགྲིབ་ཡིན་པས་མཆོད་སྦྱིན་ལ་འབད༔ དོན་ཕྱྭ་ལ་དོན་འགྲུབ་བར་ཆད་མེད་པར་དབང་དྲེག༔ མགྲོན་ཕྱྭ་དོན་བཅས་རང་ཡུལ་སླེབ་ངེས༔ ཨེ་འཕྲད་ན་གཞི་འདུག་ཞིག་དང་འཕྲད༔ དེ་མིན་བྱེས་འགྲོ་དག་ལ་འཕྲད་པ་མིན༔ བོར་སྟོར་ནི་རིང་པོར་མི་འགྱང་མྱུར་དུ་རྙེད་པར་འགྱུར༔ ཨེ་ཐུབ་ན་གང་ལ་རྒོལ་ཀྱང་ངེས་པར་ཐུབ༔ དགྲ་ཕྱྭ་ལ་དགྲ་ཇག་ཆོམ་རྐུན་གང་ཡང་མི་འབྱུང་༔ ནད་པ་ལ་དམ་ཚིག་ཉམས་པའི་རྐྱེན་ཡིན་པས་ཚོགས་བསྐང་བཤགས་གསུམ་ལ་འབད༔ གདོན་ཕྱྭ་ལ་མཐར་ཁྱིམ་བཤིག་རལ་བྱས་པས་ལྷ་དང་འགྲས་པ་ཡིན༔ གཞན་གང་ལ་བཏབ་ཀྱང་རབ་ཀྱི་ཡང་རྩེ་ཡིན༔ ས་མ་ཡ༔ པདྨ་བདུད་འདུལ་བདག་གིས་བཀའ་བསྒོ་བ༔ མ་མོ་ངན་ནེ་མས་ཀྱང་དེ་ལྟར་སྟོན༔ སྔགས་བདག་དམ་ཅན་སྲུང་མའི་ཚོགས་རྣམས་ཀྱིས༔ ཇི་ལྟར་བསྟན་པ་དེ་བཞིན་རྟག་ཏུ་སྟོན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠༠བརྡ་ཡིག༡༠༥ཞེས་པ་འདི་ཡང་སྔགས་འཆང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་ལ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་ཡར་ངོར་ཚེས་བཅུའི་ནུབ་མོར་གསུངས་པའོ།།།།[[Category:Wyckibaat]]
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=12
|volumeLetter=NA
|textnuminvol=022
|pdflink=File:TTDL-ZABTER-12-NA-022.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-12-NA
}}
<h1>Tibetan Text</h1>
<onlyinclude>
{{TibP|༠༠༠༠༠བརྡ་ཡིག༩༩མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ མ་མོ་སྔགས་སྲུང་ཆེན་མོའི་པྲ་མོ་མངོན་ཤེས་སྒྲོན་མ་བཀྲ་ཤིས་གཡུང་དྲུང་འཁྱིལ་བ་བཞུགས༔  
༠༠༠༠བརྡ་ཡིག༡༠༠རིགས་ཀུན་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་དང་ཡོན་ཏན་དང་༔ ཕྲིན་ལས་ཡོངས་རྫོགས་དཔལ་ཆེན་པོ༔ བླ་མ་མཚོ་སྐྱེས་རྡོ་རྗེས་སྐྱོངས༔ མ་མོ་སྔགས་སྲུང་ཆེན་མོ་ལ༔ གསོལ་འདེབས་རྟེན་འབྲེལ་བརྟགས་པ་ནི༔ བསྙེན་བསྒྲུབ་མཆོད་བསྟོད་བྱེད་དག་གིས༔ མ་ཉིད་བསྒོམ་སྟེ་འདི་བརྗོད་བྱ༔ མ༔ སངས་རྒྱས་བསྟན་པའི་བྱ་ར་མ༔ དམ་པའི་ཆོས་ཀྱི་སྲོག་འཛིན་མ༔ དགེ་འདུན་ཡོངས་ཀྱི་མཛའ་ན་མ༔ བསིལ་བ་ཚལ་གྱི་མཁའ་འགྲོ་མ༔ ཟས་དང་ནོར་གྱི་གཡང་ལྷ་མོ༔ སྐྱབས་མེད་སྐྱོབ་པའི་མཐུ་ལྡན་མ༔ མངོན་ཤེས་གསལ་བའི་མཁྱེན་ལྡན་མ༔ དགྲ་དང་བགེགས་ཀྱི་དཔུང་འཇོམས་མ༔ ཆོས་ཉིད་གཉེར་ཀ་དམ་སྲུང་མ༔ མ་མོ་ཆེན་མོ་ངན་ནེ་མ༔ དམ་ཚིག་གཉན་གྱིས་འབོད་དོ་མ༔ སེམས་ཀྱི་འདོད་དོན་སྒྲུབས་ཤིག་མ༔ མ་ཧཱ་ཀ་ལི་ཌཱཀྐིི་ནཱི་ར་ལི་པྲ་མ་ཡ་བཛྲ་ས་མ་ཡ་ཛ་ཛཿཔྲ་མོ་ཕོབ་ཛཿཉེར་གཅིག་ལ་སོགས་སྐབས་དང་བསྟུན་མཐར༔ བཟང་ངན་གོ་ལོག་མ་བྱེད་མ༔ ལེགས་ཉེས་ཤན་འབྱེད་དྲང་སྲོང་མ༔ སྦེད་གསང་མེད་པར་སྟོན་ཅིག་མ༔ པྲ་བའི་མོ་འདི་གསལ་བར་ཕོབ༔ གཅིག་གསུམ་ལྔ་བདུན་རྟེན་འབྲེལ་ལེགས༔ གཉིས་བཞི་དྲུག་དག་མི་ལེགས་ཏེ༔ རབ་འབྲིང་ཐ་གསུམ་དབྱེ་བ་ནི༔ ༈དང་པོ་ལ་བབ་ན་གཞི་ཕྱྭ་ལ་བདེ་སྐྱིད་ཀྱི་ཉི་མ་འཆར༔ དོན་ཕྱྭ་ལ་དགའ་བྲོད་དང་བཅས་ཏེ་ཐོབ༔ མགྲོན་ཕྱྭ་ལ་མྱུར་དུ་བདེ་བར་སླེབ༔ ཨེ་འཕྲད་ན་འདོད་པ་བཞིན་དུ་འཕྲད༔ བོར་སྟོར་རིང་པོར་མི་ཐོགས་འཕྲལ་དུ་རྙེད༔ ཨེ་ཐུབ་ན་དགྲ་ཕམ་སྟེ་བདག་རྒྱལ་བར་ངེས༔ དགྲ་ཕྱྭ་ལ་དགྲ་མེད༔ ནད་ཕྱྭ་ལ་ནད་པ་མི་འཆི་མྱུར་དུ་ནད་ལས་གྲོལ༔ འདི་ནི་ཅི་ལ་བཏབ་ཀྱང་བཟང་པོའི་རབ་ཀྱི་མཆོག་གོ༔ ས་མ་ཡ༔ ༈གཉིས་ལ་བབ་ན་གཞི་ཕྱྭ་ལ་ཤིན་ཏུ་ངན༔ རིམ་གྲོ་ཆེན་པོ་བྱ༔ གདོན་ཕྱྭ་ལ་ནག་པོའི་ཁ་ཏོག་ཅན་ནམ་མཚོན་ཆའི་རིགས་ལ་བདུད་དང་མོ་འདྲེ་ཐེའུ་རང་གིས་རྩར་བྱས་ནས་ལྟ་བཅད༔ དོན་ཕྱྭ་ལ་ཡང་དོན་གཉེར་བྱ༔ གཉེར་མཁན་དང་བཅས་པ་གཞན་གྱིས་ཧབ་ཐོབ་བྱེད༔ མགྲོན་ཕྱྭ་ཡང་རིང་པོར་མྱང་ངན་དང་བཅས་པར་ཐོགས༔ ཨེ་འཕྲད་ན་མི་འཕྲད་ངེས༔ བོར་སྟོར་མི་རྙེད་གཞན་གྱིས་ཐོབ་ཏུ་ཟིན༔ ཨེ་ཐུབ་ན་རྡོ་རྗེའི་བྲག་ལ་ཐུག་སྟེ་རྡུག༔ དགྲ་ཕྱྭ་ལ་ཐལ་ཕུང་རླུང་ཁྱེར་འདྲ་བའི་རྒོལ་ངན་འབྱུང་༔ ནད་པ་གདོན་གྱི་ཁ་རུ་ཚུད་དེ་ཕན་མེད་འཆི༔ འདི་ནི་ཅི་ལ་བཏབ་ཀྱང་ངན་པའི་ཐ་མའོ༔ ས་མ་ཡ༔ ༈གསུམ་ལ་བབས་ན་གཞི་ཕྱྭ་ལ་བཟང་༔ དོན་ཕྱྭ་ལ་བཟང་༔ མགྲོན་ཕྱྭ་ལ་འགོར་ཡང་དོན་དང་བཅས་ཏེ་སླེབ༔ ཨེ་འཕྲད་ན་འཕྲད་མ་ཚར་ན་མི་འཕྲད༔ བོར་སྟོར་རིང་པོར་མི་རྙེད་ཀྱང་མཐར་རྙེད༔ ཨེ་ཐུབ་ན་མ་ཤོལ་ན་ཐུབ༔ དགྲ་ཕྱྭ་ལ་དགྲ་ངོ་མེད་ངེས༔ ནད་ཕྱྭ་ལ་ནད་པ་མི་འཆི༔ ནད་ཕུག་རིང་ཡང་མཐར་འཚོ༔ འདི་ནི་གང་ལ་བཏབ་ཀྱང་བཟང་༔ ས་མ་ཡ༔ ༈བཞི་ལ་བབ་ན་གཞི་ཕྱྭ་ལ་རྒྱལ་འགོང་གདོན༔ རིམ་གྲོ་ཅི་ཐུབ་བྱ༔ དོན་ཕྱྭ་ལ་ནག་གསུམ་ཤ་སོགས་རྙེད༔ གཞན་མི་རྙེད༔ མགྲོན་ཕྱྭ་ལ་དགྲའམ་ཉེས་པ་འབྱུང་བའི་ཕྱིར༔ ཨེ་འཕྲད་ན་འཛོམ་ཉེན་ཆེ༔ འཕྲད་ཀྱང་རྩོད་པ་འབྱུང་༔ བོར་སྟོར་མི་རྙེད༔ ཨེ་ཐུབ་ན་གཉིས་ཀ་ཕུང་༔ དགྲ་ཕྱྭ་ལ་དགྲ་འཇིགས་ཆེན་པོ་ཡོད་པས་བཟློག་མནན་ལ་འབད༔ ནད་པ་ལ་དུར་ངོ་ཆེ་བས་ཤིན་ཏུ་ངན༔ འདི་ནི་ཅི་ལ་བཏབ་ཀྱང་འབྲིང་ཙམ་མོ༔ ས་མ་ཡ༔ ༈ལྔ་ལ་བབ་ན་གཞི་ཕྱྭ་ལ་བཟང་༔ ན་ཚ་རེ་ཙམ་འབྱུང་དོགས་ཡོད་པས་རིམ་གྲོ་བྱ༔ བྱད་བཟློག་གདོན་བཀྲོལ་བྱ༔ དོན་ཕྱྭ་ལ་དོན་ཀུན་རེ་བ་བསྐང་ངེས༔ ཡུལ་ལྷ་གསོལ༔ མགྲོན་ཕྱྭ་ལ་དོན་འགྲུབ་པའི་སྟེང་དུ་སླེབ་ཟིན༔ ཨེ་འཕྲད་ན་ངེས་པར་འཕྲད་ཀྱི་བསམ་པ་འགྲུབ༔ བོར་སྟོར་རང་གི་རྩ་རུ་ཡོད་པས་མྱུར་དུ་རྙེད༔ ཨེ་ཐུབ་ན་ཐུབ་ངེས་ཡིན་པས་རང་རྒྱལ༔ དགྲ་ཕྱྭ་ལ་དགྲ་མི་འབྱུང་༔ ནད་པ་ལ་ལྷ་འཁྲུགས་དང་ས་བདག་གིས་ཀོ་ལོང་བསྡོམ་པའི་རྐྱེན་དུ་འགྱུར་བས་རིམ་གྲོ་བྱས་ན་ཕན༔ རྫས་ནི་ཤ་ལྤགས་ཞྭ་ལྷྭམ་གནོད༔ འདི་གཞན་གང་ལ་བཏབ་ཀྱང་བཟང་༔ ས་མ་ཡ༔ ༈དྲུག་ལ་བབ་ན་གཞི་ཕྱྭ་ལ་མི་ནོར་གཉིས་ལ་ངན་ཞིང་༔ ཁྱད་པར་རྟ་ནོར་གཉིས་ལ་ངན་པས་རིམ་གྲོ་བྱ༔ དོན་ཕྱྭ་ལ་དོན་གང་ཡང་མི་འགྲུབ༔ མགྲོན་ཕྱྭ་ལ་མགྲོན་པོ་དོན་མེད་མི་སྙན་སྒྲོགས་ཤིང་སླེབ༔ ཨེ་འཕྲད་ན་མི་འཕྲད༔ དགྲ་དང་འཕྲད་ཉེན་མཆིས༔ བོར་སྟོར་དགྲ་དབང་སོང་ནས་སླར་མི་རྙེད༔ ཨེ་ཐུབ་ན་མི་ཐུབ་ངེས་ཏེ༔ ཚུར་རྒོལ་དགྲས་ཀྱང་མི་ཐུབ་རང་གཞན་མཉམ༔ དགྲ་ཕྱྭ་འཇིགས་འུར་ཆེ་བས་བསང་གསོལ་དགྲ་བྲུབ་བྱ༔ ནད་ཕྱྭ་བསྲུང་བཟློག་ལ་འབད་པས་ཕན་པའང་སྲིད༔ གདོན་ཕྱྭ་ལ་སྡེ་བརྒྱད་འཁྲུགས་དང་བྱད་ཁ་གནོད༔ གཞན་ཅི་ལ་བཏབ་ཀྱང་ཤིན་ཏུ་ངན༔ ས་མ་ཡ༔ ༈བདུན་ལ་བབ་ན་བདུན་ཐོག་མཁར་གྱི་ཡང་རྩེ་ཡིན༔ གཞི་ཕྱྭ་ལ་མི་དཔོན་བླ་ཆེན་དག་ལ་མཆོག༔ འབངས་རིགས་བྲན་རིགས་དག་ལ་བསོད་ནམས་ཉ་གང་ཟླ་རྒྱས་མར་འགྲིབ་ཡིན་པས་མཆོད་སྦྱིན་ལ་འབད༔ དོན་ཕྱྭ་ལ་དོན་འགྲུབ་བར་ཆད་མེད་པར་དབང་དྲེག༔ མགྲོན་ཕྱྭ་དོན་བཅས་རང་ཡུལ་སླེབ་ངེས༔ ཨེ་འཕྲད་ན་གཞི་འདུག་ཞིག་དང་འཕྲད༔ དེ་མིན་བྱེས་འགྲོ་དག་ལ་འཕྲད་པ་མིན༔ བོར་སྟོར་ནི་རིང་པོར་མི་འགྱང་མྱུར་དུ་རྙེད་པར་འགྱུར༔ ཨེ་ཐུབ་ན་གང་ལ་རྒོལ་ཀྱང་ངེས་པར་ཐུབ༔ དགྲ་ཕྱྭ་ལ་དགྲ་ཇག་ཆོམ་རྐུན་གང་ཡང་མི་འབྱུང་༔ ནད་པ་ལ་དམ་ཚིག་ཉམས་པའི་རྐྱེན་ཡིན་པས་ཚོགས་བསྐང་བཤགས་གསུམ་ལ་འབད༔ གདོན་ཕྱྭ་ལ་མཐར་ཁྱིམ་བཤིག་རལ་བྱས་པས་ལྷ་དང་འགྲས་པ་ཡིན༔ གཞན་གང་ལ་བཏབ་ཀྱང་རབ་ཀྱི་ཡང་རྩེ་ཡིན༔ ས་མ་ཡ༔ པདྨ་བདུད་འདུལ་བདག་གིས་བཀའ་བསྒོ་བ༔ མ་མོ་ངན་ནེ་མས་ཀྱང་དེ་ལྟར་སྟོན༔ སྔགས་བདག་དམ་ཅན་སྲུང་མའི་ཚོགས་རྣམས་ཀྱིས༔ ཇི་ལྟར་བསྟན་པ་དེ་བཞིན་རྟག་ཏུ་སྟོན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠༠བརྡ་ཡིག༡༠༥ཞེས་པ་འདི་ཡང་སྔགས་འཆང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་ལ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་ཡར་ངོར་ཚེས་བཅུའི་ནུབ་མོར་གསུངས་པའོ།།།།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:45, 4 June 2024

Wylie title TTDL-ZABTER-12-NA-022.pdf
Location bdud 'joms gling pa zab gter
Volume 12, Text 22, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠༠བརྡ་ཡིག༩༩མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ མ་མོ་སྔགས་སྲུང་ཆེན་མོའི་པྲ་མོ་མངོན་ཤེས་སྒྲོན་མ་བཀྲ་ཤིས་གཡུང་དྲུང་འཁྱིལ་བ་བཞུགས༔ ༠༠༠༠བརྡ་ཡིག༡༠༠རིགས་ཀུན་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་དང་ཡོན་ཏན་དང་༔ ཕྲིན་ལས་ཡོངས་རྫོགས་དཔལ་ཆེན་པོ༔ བླ་མ་མཚོ་སྐྱེས་རྡོ་རྗེས་སྐྱོངས༔ མ་མོ་སྔགས་སྲུང་ཆེན་མོ་ལ༔ གསོལ་འདེབས་རྟེན་འབྲེལ་བརྟགས་པ་ནི༔ བསྙེན་བསྒྲུབ་མཆོད་བསྟོད་བྱེད་དག་གིས༔ མ་ཉིད་བསྒོམ་སྟེ་འདི་བརྗོད་བྱ༔ མ༔ སངས་རྒྱས་བསྟན་པའི་བྱ་ར་མ༔ དམ་པའི་ཆོས་ཀྱི་སྲོག་འཛིན་མ༔ དགེ་འདུན་ཡོངས་ཀྱི་མཛའ་ན་མ༔ བསིལ་བ་ཚལ་གྱི་མཁའ་འགྲོ་མ༔ ཟས་དང་ནོར་གྱི་གཡང་ལྷ་མོ༔ སྐྱབས་མེད་སྐྱོབ་པའི་མཐུ་ལྡན་མ༔ མངོན་ཤེས་གསལ་བའི་མཁྱེན་ལྡན་མ༔ དགྲ་དང་བགེགས་ཀྱི་དཔུང་འཇོམས་མ༔ ཆོས་ཉིད་གཉེར་ཀ་དམ་སྲུང་མ༔ མ་མོ་ཆེན་མོ་ངན་ནེ་མ༔ དམ་ཚིག་གཉན་གྱིས་འབོད་དོ་མ༔ སེམས་ཀྱི་འདོད་དོན་སྒྲུབས་ཤིག་མ༔ མ་ཧཱ་ཀ་ལི་ཌཱཀྐིི་ནཱི་ར་ལི་པྲ་མ་ཡ་བཛྲ་ས་མ་ཡ་ཛ་ཛཿཔྲ་མོ་ཕོབ་ཛཿཉེར་གཅིག་ལ་སོགས་སྐབས་དང་བསྟུན་མཐར༔ བཟང་ངན་གོ་ལོག་མ་བྱེད་མ༔ ལེགས་ཉེས་ཤན་འབྱེད་དྲང་སྲོང་མ༔ སྦེད་གསང་མེད་པར་སྟོན་ཅིག་མ༔ པྲ་བའི་མོ་འདི་གསལ་བར་ཕོབ༔ གཅིག་གསུམ་ལྔ་བདུན་རྟེན་འབྲེལ་ལེགས༔ གཉིས་བཞི་དྲུག་དག་མི་ལེགས་ཏེ༔ རབ་འབྲིང་ཐ་གསུམ་དབྱེ་བ་ནི༔ ༈དང་པོ་ལ་བབ་ན་གཞི་ཕྱྭ་ལ་བདེ་སྐྱིད་ཀྱི་ཉི་མ་འཆར༔ དོན་ཕྱྭ་ལ་དགའ་བྲོད་དང་བཅས་ཏེ་ཐོབ༔ མགྲོན་ཕྱྭ་ལ་མྱུར་དུ་བདེ་བར་སླེབ༔ ཨེ་འཕྲད་ན་འདོད་པ་བཞིན་དུ་འཕྲད༔ བོར་སྟོར་རིང་པོར་མི་ཐོགས་འཕྲལ་དུ་རྙེད༔ ཨེ་ཐུབ་ན་དགྲ་ཕམ་སྟེ་བདག་རྒྱལ་བར་ངེས༔ དགྲ་ཕྱྭ་ལ་དགྲ་མེད༔ ནད་ཕྱྭ་ལ་ནད་པ་མི་འཆི་མྱུར་དུ་ནད་ལས་གྲོལ༔ འདི་ནི་ཅི་ལ་བཏབ་ཀྱང་བཟང་པོའི་རབ་ཀྱི་མཆོག་གོ༔ ས་མ་ཡ༔ ༈གཉིས་ལ་བབ་ན་གཞི་ཕྱྭ་ལ་ཤིན་ཏུ་ངན༔ རིམ་གྲོ་ཆེན་པོ་བྱ༔ གདོན་ཕྱྭ་ལ་ནག་པོའི་ཁ་ཏོག་ཅན་ནམ་མཚོན་ཆའི་རིགས་ལ་བདུད་དང་མོ་འདྲེ་ཐེའུ་རང་གིས་རྩར་བྱས་ནས་ལྟ་བཅད༔ དོན་ཕྱྭ་ལ་ཡང་དོན་གཉེར་བྱ༔ གཉེར་མཁན་དང་བཅས་པ་གཞན་གྱིས་ཧབ་ཐོབ་བྱེད༔ མགྲོན་ཕྱྭ་ཡང་རིང་པོར་མྱང་ངན་དང་བཅས་པར་ཐོགས༔ ཨེ་འཕྲད་ན་མི་འཕྲད་ངེས༔ བོར་སྟོར་མི་རྙེད་གཞན་གྱིས་ཐོབ་ཏུ་ཟིན༔ ཨེ་ཐུབ་ན་རྡོ་རྗེའི་བྲག་ལ་ཐུག་སྟེ་རྡུག༔ དགྲ་ཕྱྭ་ལ་ཐལ་ཕུང་རླུང་ཁྱེར་འདྲ་བའི་རྒོལ་ངན་འབྱུང་༔ ནད་པ་གདོན་གྱི་ཁ་རུ་ཚུད་དེ་ཕན་མེད་འཆི༔ འདི་ནི་ཅི་ལ་བཏབ་ཀྱང་ངན་པའི་ཐ་མའོ༔ ས་མ་ཡ༔ ༈གསུམ་ལ་བབས་ན་གཞི་ཕྱྭ་ལ་བཟང་༔ དོན་ཕྱྭ་ལ་བཟང་༔ མགྲོན་ཕྱྭ་ལ་འགོར་ཡང་དོན་དང་བཅས་ཏེ་སླེབ༔ ཨེ་འཕྲད་ན་འཕྲད་མ་ཚར་ན་མི་འཕྲད༔ བོར་སྟོར་རིང་པོར་མི་རྙེད་ཀྱང་མཐར་རྙེད༔ ཨེ་ཐུབ་ན་མ་ཤོལ་ན་ཐུབ༔ དགྲ་ཕྱྭ་ལ་དགྲ་ངོ་མེད་ངེས༔ ནད་ཕྱྭ་ལ་ནད་པ་མི་འཆི༔ ནད་ཕུག་རིང་ཡང་མཐར་འཚོ༔ འདི་ནི་གང་ལ་བཏབ་ཀྱང་བཟང་༔ ས་མ་ཡ༔ ༈བཞི་ལ་བབ་ན་གཞི་ཕྱྭ་ལ་རྒྱལ་འགོང་གདོན༔ རིམ་གྲོ་ཅི་ཐུབ་བྱ༔ དོན་ཕྱྭ་ལ་ནག་གསུམ་ཤ་སོགས་རྙེད༔ གཞན་མི་རྙེད༔ མགྲོན་ཕྱྭ་ལ་དགྲའམ་ཉེས་པ་འབྱུང་བའི་ཕྱིར༔ ཨེ་འཕྲད་ན་འཛོམ་ཉེན་ཆེ༔ འཕྲད་ཀྱང་རྩོད་པ་འབྱུང་༔ བོར་སྟོར་མི་རྙེད༔ ཨེ་ཐུབ་ན་གཉིས་ཀ་ཕུང་༔ དགྲ་ཕྱྭ་ལ་དགྲ་འཇིགས་ཆེན་པོ་ཡོད་པས་བཟློག་མནན་ལ་འབད༔ ནད་པ་ལ་དུར་ངོ་ཆེ་བས་ཤིན་ཏུ་ངན༔ འདི་ནི་ཅི་ལ་བཏབ་ཀྱང་འབྲིང་ཙམ་མོ༔ ས་མ་ཡ༔ ༈ལྔ་ལ་བབ་ན་གཞི་ཕྱྭ་ལ་བཟང་༔ ན་ཚ་རེ་ཙམ་འབྱུང་དོགས་ཡོད་པས་རིམ་གྲོ་བྱ༔ བྱད་བཟློག་གདོན་བཀྲོལ་བྱ༔ དོན་ཕྱྭ་ལ་དོན་ཀུན་རེ་བ་བསྐང་ངེས༔ ཡུལ་ལྷ་གསོལ༔ མགྲོན་ཕྱྭ་ལ་དོན་འགྲུབ་པའི་སྟེང་དུ་སླེབ་ཟིན༔ ཨེ་འཕྲད་ན་ངེས་པར་འཕྲད་ཀྱི་བསམ་པ་འགྲུབ༔ བོར་སྟོར་རང་གི་རྩ་རུ་ཡོད་པས་མྱུར་དུ་རྙེད༔ ཨེ་ཐུབ་ན་ཐུབ་ངེས་ཡིན་པས་རང་རྒྱལ༔ དགྲ་ཕྱྭ་ལ་དགྲ་མི་འབྱུང་༔ ནད་པ་ལ་ལྷ་འཁྲུགས་དང་ས་བདག་གིས་ཀོ་ལོང་བསྡོམ་པའི་རྐྱེན་དུ་འགྱུར་བས་རིམ་གྲོ་བྱས་ན་ཕན༔ རྫས་ནི་ཤ་ལྤགས་ཞྭ་ལྷྭམ་གནོད༔ འདི་གཞན་གང་ལ་བཏབ་ཀྱང་བཟང་༔ ས་མ་ཡ༔ ༈དྲུག་ལ་བབ་ན་གཞི་ཕྱྭ་ལ་མི་ནོར་གཉིས་ལ་ངན་ཞིང་༔ ཁྱད་པར་རྟ་ནོར་གཉིས་ལ་ངན་པས་རིམ་གྲོ་བྱ༔ དོན་ཕྱྭ་ལ་དོན་གང་ཡང་མི་འགྲུབ༔ མགྲོན་ཕྱྭ་ལ་མགྲོན་པོ་དོན་མེད་མི་སྙན་སྒྲོགས་ཤིང་སླེབ༔ ཨེ་འཕྲད་ན་མི་འཕྲད༔ དགྲ་དང་འཕྲད་ཉེན་མཆིས༔ བོར་སྟོར་དགྲ་དབང་སོང་ནས་སླར་མི་རྙེད༔ ཨེ་ཐུབ་ན་མི་ཐུབ་ངེས་ཏེ༔ ཚུར་རྒོལ་དགྲས་ཀྱང་མི་ཐུབ་རང་གཞན་མཉམ༔ དགྲ་ཕྱྭ་འཇིགས་འུར་ཆེ་བས་བསང་གསོལ་དགྲ་བྲུབ་བྱ༔ ནད་ཕྱྭ་བསྲུང་བཟློག་ལ་འབད་པས་ཕན་པའང་སྲིད༔ གདོན་ཕྱྭ་ལ་སྡེ་བརྒྱད་འཁྲུགས་དང་བྱད་ཁ་གནོད༔ གཞན་ཅི་ལ་བཏབ་ཀྱང་ཤིན་ཏུ་ངན༔ ས་མ་ཡ༔ ༈བདུན་ལ་བབ་ན་བདུན་ཐོག་མཁར་གྱི་ཡང་རྩེ་ཡིན༔ གཞི་ཕྱྭ་ལ་མི་དཔོན་བླ་ཆེན་དག་ལ་མཆོག༔ འབངས་རིགས་བྲན་རིགས་དག་ལ་བསོད་ནམས་ཉ་གང་ཟླ་རྒྱས་མར་འགྲིབ་ཡིན་པས་མཆོད་སྦྱིན་ལ་འབད༔ དོན་ཕྱྭ་ལ་དོན་འགྲུབ་བར་ཆད་མེད་པར་དབང་དྲེག༔ མགྲོན་ཕྱྭ་དོན་བཅས་རང་ཡུལ་སླེབ་ངེས༔ ཨེ་འཕྲད་ན་གཞི་འདུག་ཞིག་དང་འཕྲད༔ དེ་མིན་བྱེས་འགྲོ་དག་ལ་འཕྲད་པ་མིན༔ བོར་སྟོར་ནི་རིང་པོར་མི་འགྱང་མྱུར་དུ་རྙེད་པར་འགྱུར༔ ཨེ་ཐུབ་ན་གང་ལ་རྒོལ་ཀྱང་ངེས་པར་ཐུབ༔ དགྲ་ཕྱྭ་ལ་དགྲ་ཇག་ཆོམ་རྐུན་གང་ཡང་མི་འབྱུང་༔ ནད་པ་ལ་དམ་ཚིག་ཉམས་པའི་རྐྱེན་ཡིན་པས་ཚོགས་བསྐང་བཤགས་གསུམ་ལ་འབད༔ གདོན་ཕྱྭ་ལ་མཐར་ཁྱིམ་བཤིག་རལ་བྱས་པས་ལྷ་དང་འགྲས་པ་ཡིན༔ གཞན་གང་ལ་བཏབ་ཀྱང་རབ་ཀྱི་ཡང་རྩེ་ཡིན༔ ས་མ་ཡ༔ པདྨ་བདུད་འདུལ་བདག་གིས་བཀའ་བསྒོ་བ༔ མ་མོ་ངན་ནེ་མས་ཀྱང་དེ་ལྟར་སྟོན༔ སྔགས་བདག་དམ་ཅན་སྲུང་མའི་ཚོགས་རྣམས་ཀྱིས༔ ཇི་ལྟར་བསྟན་པ་དེ་བཞིན་རྟག་ཏུ་སྟོན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠༠བརྡ་ཡིག༡༠༥ཞེས་པ་འདི་ཡང་སྔགས་འཆང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་ལ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་ཡར་ངོར་ཚེས་བཅུའི་ནུབ་མོར་གསུངས་པའོ།།།།