TTDL-ZABTER-13-PA-094: Difference between revisions

From Dudjom Wiki
TTDL-ZABTER-13-PA-094
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
མ་མོ་ཤ་ཟ་ཧོར་མོའི་སྲོག་འཁོར་བཅང་ཐབས་བཞུགས་སོ༔ ན་མོ་གུ་རུ་བཛྲ་པཱ་ཎི་ཡི༔ ༠༠༠༠བརྡ་ཡིག༣༤༧གཞི་ནི་རས་སམ་ཤོག་གུ་ལ༔ འཁོར་ལོ་མུ་ཁྱུད་བདུན་བསྐོར་དབུས༔ ཤ་ཟ་ཆེན་མོའི་སྐུ་བྲིས་པའི༔ སྙིང་གར་ཐོ་བརྩེགས་མ་ཏྲི་བྷྱོ༔ ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ལ༔ རིམ་བཞིན་ར་ཏྲིཿཞེས་པ་བྲིས༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ དཀོན་མཆོག་གསུམ་དང་བདེན་གཉིས་བསླུ་བ་མེད་པའི་བདེན་སྟོབས་ཀྱིས་འཁོར་ལོ་འདི་ལ་མ་མོ་ཤ་ཟ་ཧོར་མོ་འཁོར་དང་བཅས་པའི་བླ་གནས་པར་གྱུར་ཅིག༔ སྲོག་ཆགས་པར་གྱུར་ཅིག༔ སྐུ་གསུང་ཐུགས་མི་འགྱུར་རབ་ཏུ་གནས་ཤིང་བརྟན་པར་གྱུར་ཅིག༔ ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ དེའི་ཕྱི་རིམ་དུ༔ བྷྱོ་མ་ཧཱ་ཀྲོ་ཏ་ཀ་ལི་མ་བདུད་རྒྱལ་མོ་ཤ་ཟ་ཧོར་མོ་ཤོག་ཤོག་ཕེཾ་ཕེཾ་ཛ་ཛཿདེའི་ཕྱི་རིམ་མུ་ཁྱུད་ལ་ཁྲག་མཚོ་དམར་ནག་བྲིས༔ དེའི་ཕྱི་རིམ་མུ་ཁྱུད་ཆེ་བ་གཅིག་གི་ནང་དུ༔ ཤར་དུ་ཆུ་རི་དཀར་པོ༔ ལྷོ་རུ་རི་རབ་སེར་པོ༔ ནུབ་ཏུ་མེ་དཔུང་དམར་ནག༔ བྱང་དུ་རླུང་རི་ལྗང་སྐྱ༔ མཐར་བསྟན་པ་སྤྱིའི་སྙིང་པོ༔ དེ་མཐར་རྟེན་འབྲེལ་སྙིང་པོ་བྲིས་པའི་མཐར༔ འཆང་བ་པོའི་ནད་གདོན་འགལ་རྐྱེན་བར་ཆད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཚེ་བསོད་དཔལ་འབྱོར་མངའ་ཐང་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ སྣང་སྲིད་སྐྱེ་འགྲོ་འདོད་རྒུ་ལོངས་སྤྱོད་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ གནོད་བྱེད་སྐྱེ་འགྲོ་ཕོ་མོ་གཟུགས་ཅན་གཟུགས་མེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊ༔ ཅེས་བྲིས༔ རིན་ཆེན་སྣ་ལྔའི་ཕྱེ་མས་བྱུགས༔ དྲི་བཟང་གི་ཆུས་བྱུགས་ཏེ༔ བསྒྲུབ་པའི་རྟེན་དུ་བཙུགས༔ བསྐྱེད་བསྟིམ་ནན་དུ་བྱ༔ མགུལ་དུ་དྲོད་དང་མི་འབྲལ་བར་བཅངས་པས༔ མ་མོས་བུ་སྡུག་ལྟ་བུར་སྐྱོང་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བ་དགེ།།།།[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=13
|volumeLetter=PA
|textnuminvol=094
|pdflink=File:TTDL-ZABTER-13-PA-094.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-13-PA
}}
<h1>Tibetan Text</h1>
<onlyinclude>
{{TibP|མ་མོ་ཤ་ཟ་ཧོར་མོའི་སྲོག་འཁོར་བཅང་ཐབས་བཞུགས་སོ༔ ན་མོ་གུ་རུ་བཛྲ་པཱ་ཎི་ཡི༔ ༠༠༠༠བརྡ་ཡིག༣༤༧གཞི་ནི་རས་སམ་ཤོག་གུ་ལ༔ འཁོར་ལོ་མུ་ཁྱུད་བདུན་བསྐོར་དབུས༔ ཤ་ཟ་ཆེན་མོའི་སྐུ་བྲིས་པའི༔ སྙིང་གར་ཐོ་བརྩེགས་མ་ཏྲི་བྷྱོ༔ ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ལ༔ རིམ་བཞིན་ར་ཏྲིཿཞེས་པ་བྲིས༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ དཀོན་མཆོག་གསུམ་དང་བདེན་གཉིས་བསླུ་བ་མེད་པའི་བདེན་སྟོབས་ཀྱིས་འཁོར་ལོ་འདི་ལ་མ་མོ་ཤ་ཟ་ཧོར་མོ་འཁོར་དང་བཅས་པའི་བླ་གནས་པར་གྱུར་ཅིག༔ སྲོག་ཆགས་པར་གྱུར་ཅིག༔ སྐུ་གསུང་ཐུགས་མི་འགྱུར་རབ་ཏུ་གནས་ཤིང་བརྟན་པར་གྱུར་ཅིག༔ ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ དེའི་ཕྱི་རིམ་དུ༔ བྷྱོ་མ་ཧཱ་ཀྲོ་ཏ་ཀ་ལི་མ་བདུད་རྒྱལ་མོ་ཤ་ཟ་ཧོར་མོ་ཤོག་ཤོག་ཕེཾ་ཕེཾ་ཛ་ཛཿདེའི་ཕྱི་རིམ་མུ་ཁྱུད་ལ་ཁྲག་མཚོ་དམར་ནག་བྲིས༔ དེའི་ཕྱི་རིམ་མུ་ཁྱུད་ཆེ་བ་གཅིག་གི་ནང་དུ༔ ཤར་དུ་ཆུ་རི་དཀར་པོ༔ ལྷོ་རུ་རི་རབ་སེར་པོ༔ ནུབ་ཏུ་མེ་དཔུང་དམར་ནག༔ བྱང་དུ་རླུང་རི་ལྗང་སྐྱ༔ མཐར་བསྟན་པ་སྤྱིའི་སྙིང་པོ༔ དེ་མཐར་རྟེན་འབྲེལ་སྙིང་པོ་བྲིས་པའི་མཐར༔ འཆང་བ་པོའི་ནད་གདོན་འགལ་རྐྱེན་བར་ཆད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཚེ་བསོད་དཔལ་འབྱོར་མངའ་ཐང་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ སྣང་སྲིད་སྐྱེ་འགྲོ་འདོད་རྒུ་ལོངས་སྤྱོད་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ གནོད་བྱེད་སྐྱེ་འགྲོ་ཕོ་མོ་གཟུགས་ཅན་གཟུགས་མེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊ༔ ཅེས་བྲིས༔ རིན་ཆེན་སྣ་ལྔའི་ཕྱེ་མས་བྱུགས༔ དྲི་བཟང་གི་ཆུས་བྱུགས་ཏེ༔ བསྒྲུབ་པའི་རྟེན་དུ་བཙུགས༔ བསྐྱེད་བསྟིམ་ནན་དུ་བྱ༔ མགུལ་དུ་དྲོད་དང་མི་འབྲལ་བར་བཅངས་པས༔ མ་མོས་བུ་སྡུག་ལྟ་བུར་སྐྱོང་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བ་དགེ།།།།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:45, 4 June 2024

Wylie title TTDL-ZABTER-13-PA-094.pdf
Location bdud 'joms gling pa zab gter
Volume 13, Text 94, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
མ་མོ་ཤ་ཟ་ཧོར་མོའི་སྲོག་འཁོར་བཅང་ཐབས་བཞུགས་སོ༔ ན་མོ་གུ་རུ་བཛྲ་པཱ་ཎི་ཡི༔ ༠༠༠༠བརྡ་ཡིག༣༤༧གཞི་ནི་རས་སམ་ཤོག་གུ་ལ༔ འཁོར་ལོ་མུ་ཁྱུད་བདུན་བསྐོར་དབུས༔ ཤ་ཟ་ཆེན་མོའི་སྐུ་བྲིས་པའི༔ སྙིང་གར་ཐོ་བརྩེགས་མ་ཏྲི་བྷྱོ༔ ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ལ༔ རིམ་བཞིན་ར་ཏྲིཿཞེས་པ་བྲིས༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ དཀོན་མཆོག་གསུམ་དང་བདེན་གཉིས་བསླུ་བ་མེད་པའི་བདེན་སྟོབས་ཀྱིས་འཁོར་ལོ་འདི་ལ་མ་མོ་ཤ་ཟ་ཧོར་མོ་འཁོར་དང་བཅས་པའི་བླ་གནས་པར་གྱུར་ཅིག༔ སྲོག་ཆགས་པར་གྱུར་ཅིག༔ སྐུ་གསུང་ཐུགས་མི་འགྱུར་རབ་ཏུ་གནས་ཤིང་བརྟན་པར་གྱུར་ཅིག༔ ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ དེའི་ཕྱི་རིམ་དུ༔ བྷྱོ་མ་ཧཱ་ཀྲོ་ཏ་ཀ་ལི་མ་བདུད་རྒྱལ་མོ་ཤ་ཟ་ཧོར་མོ་ཤོག་ཤོག་ཕེཾ་ཕེཾ་ཛ་ཛཿདེའི་ཕྱི་རིམ་མུ་ཁྱུད་ལ་ཁྲག་མཚོ་དམར་ནག་བྲིས༔ དེའི་ཕྱི་རིམ་མུ་ཁྱུད་ཆེ་བ་གཅིག་གི་ནང་དུ༔ ཤར་དུ་ཆུ་རི་དཀར་པོ༔ ལྷོ་རུ་རི་རབ་སེར་པོ༔ ནུབ་ཏུ་མེ་དཔུང་དམར་ནག༔ བྱང་དུ་རླུང་རི་ལྗང་སྐྱ༔ མཐར་བསྟན་པ་སྤྱིའི་སྙིང་པོ༔ དེ་མཐར་རྟེན་འབྲེལ་སྙིང་པོ་བྲིས་པའི་མཐར༔ འཆང་བ་པོའི་ནད་གདོན་འགལ་རྐྱེན་བར་ཆད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཚེ་བསོད་དཔལ་འབྱོར་མངའ་ཐང་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ སྣང་སྲིད་སྐྱེ་འགྲོ་འདོད་རྒུ་ལོངས་སྤྱོད་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ གནོད་བྱེད་སྐྱེ་འགྲོ་ཕོ་མོ་གཟུགས་ཅན་གཟུགས་མེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊ༔ ཅེས་བྲིས༔ རིན་ཆེན་སྣ་ལྔའི་ཕྱེ་མས་བྱུགས༔ དྲི་བཟང་གི་ཆུས་བྱུགས་ཏེ༔ བསྒྲུབ་པའི་རྟེན་དུ་བཙུགས༔ བསྐྱེད་བསྟིམ་ནན་དུ་བྱ༔ མགུལ་དུ་དྲོད་དང་མི་འབྲལ་བར་བཅངས་པས༔ མ་མོས་བུ་སྡུག་ལྟ་བུར་སྐྱོང་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བ་དགེ།།།།