TTDL-ZABTER-13-PA-092: Difference between revisions

From Dudjom Wiki
TTDL-ZABTER-13-PA-092
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྔགས་སྲུང་ཤ་ཟ་ཧོར་མོའི་སྲོག་དབང་ཡིད་བཞིན་ཆར་འབེབས་བཞུགས༔ ན་མོ་གུ་རུ་ཝེ༔ ༠༠༠༠བརྡ་ཡིག༣༣༥འདི་ཡི་ལག་ལེན་རིམ་པ་ནི༔ དམ་ཆུ་བསྒྲུབ་ཅིང་གཏོར་མ་ལ༔ ཧོར་མོའི་སྐུ་གཟུགས་བཙུགས་བྱས་ཏེ༔ སྐད་ཅིག་གིས་སློབ་མ་དེ་ཉིད་སྤྱི་དཔལ་ཆེ་མཆོག་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་པ་ཁྲོ་བོའི་ཆས་ཐམས་ཅད་རྫོགས་པར་བསྐྱེད་ལ༔ རང་ཉིད་ཡི་དམ་ལྷར་གསལ་བའི་ཐུགས་ཀ་ནས་འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་མ་མ་ཤ་ཟ་ཧོར་མོ་སྤུན་དགུ་འཁོར་བཅས་བྲན་གཡོག་དང་བཅས་པ་སྤྱན་དྲངས་ཏེ་མདུན་དུ་འཁོད་ཅིང་བཀའ་ཉན་གསུང་སྡོད་པའི་ཚུལ་དུ་གནས་པར་གྱུར༔ སྐད་ཅིག་གིས་ཡེ་ཤེས་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་དང་༔ ཕྱག་ན་རྡོ་རྗེ་གཉིས་རིམ་པ་བཞིན་དུ་སྤྱན་འདྲེན་ནས་དམ་ཚིག་གི་བདུད་རྩི་ལ་ཐིམ་པས་རེག་ཅིང་མྱོང་ཚད་ཐམས་ཅད་རང་དམ་གཉན་པོའི་སྲོག་ཐོབ་པའི་རང་བཞིན་ཅན་དུ་གྱུར༔ ཨོཾ་བཛྲ་ཡཀྴ་ཀྲོ་ཏ་ཧཱུྃ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ལན་བདུན་རེ་བརྗོད་ཅིང་དམིགས་པའི་གནད༔ ཀྱཻ༔ སྐལ་ལྡན་སློབ་མ་དགོངས་སུ་གསོལ༔ ཧོར་མོ་སྤུན་དགུ་གསན་ཅིང་དགོངས༔ དམ་ཚིག་གཉན་པོའི་ཆུ་འདི་འཐུང་༔ བསྙེན་སྒྲུབ་བསྐང་གསོལ་མཆོད་བསྟོད་ཀྱི༔ ལས་འདི་སྐལ་ལྡན་ཁྱོད་ཀྱིས་མཛོད༔ མི་དང་མི་འགྲོགས་ཇི་བཞིན་དུ༔ སྐྱེས་བུ་འདི་ཡི་གྲོགས་སྲུང་མ༔ ཤ་ཟ་ཧོར་མོ་ཁྱོད་ཀྱིས་མཛོད༔ ཞི་རྒྱས་དབང་དྲག་ཕྲིན་ལས་ཀུན༔ གང་བརྩམས་ཕྲིན་ལས་མྱུར་འགྲུབ་མཛོད༔ མནའ་ཐོ་གྱིས་ཤིག་མནའ་མ་ཟ༔ དམ་ཆུ་འཐུང་ལ་དམ་མ་ཉམས༔ ཞེས་གཉིས་ཀས་མནའ་བོར་བར་བསམ་ལ༔ ས་མ་ཡ་ན་ར་ཀན༔ ཧཱུྃ༔ ང་ནི་འཁོར་འདས་སྤྱི་དཔལ་ཆེ༔ ང་ནི་ཆེ་མཆོག་ཧེ་རུ་ཀ༔ ཐམས་ཅད་ང་ཡི་དབང་དུ་འདུ༔ དྲག་ཤུལ་མྱུར་མགྱོགས་རྩལ་ལྡན་པའི༔ མ་ཆེན་ཤ་ཟ་ཧོར་མོ་འདི༔ སློབ་མ་ཁྱོད་ཀྱི་སྲུང་མ་རུ༔ གཏད་དོ་མི་འབྲལ་གྲོགས་སུ་བརྟེན༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐུ་གསུམ་རྒྱལ་བའི་བདེན་སྟོབས་དང་༔ ཆོས་ཉིད་རྣམ་པར་དག་པ་དང་༔ རྟེན་འབྲེལ་བསླུ་བ་མེད་པའི་མཐུས༔ སྐལ་ལྡན་སློབ་མ་འདི་ཉིད་ལ༔ ཤ་ཟ་ཧོར་མོ་འཁོར་བཅས་ཀྱི༔ སྲོག་དབང་ཡོངས་རྫོགས་ཐོབ་པར་ཤོག༔ ཅེས་གཏོར་མ་ལག་ཏུ་གཏད་ལ༔ ལན་གསུམ་བརྗོད༔ ཤ་ཟ་ཧོར་མོ་སྤུན་དགྲུ་སྒྲུབ་ཐབས་བསྐྱེད་ཆོག་ཅི་བཞིན་པ་ལུས་དང་གྲིབ་མ་ལྟར་སློབ་མ་དེ་ཡི་མདུན་དུ་འདུས་པར་བསམ་ལ༔ བདེན་པ་བརྗོད་ཅིང་སྨོན་ལམ་བཏབ༔ སློབ་མ་དམ་ཚིག་ལྡན་པ་ལ༔ ལྟ་དགོངས་ལྡན་པའི་སློབ་དཔོན་གྱིས༔ དབང་བསྐུར་ཙམ་གྱིས་དབྱེར་མེད་མཆིས༔ འགྲུབ་སླ་ལས་མྱུར་གཉན་ཅིང་རྣོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་འདི་ནི་རེབ་ཀོང་ཕྱོགས་ཀྱི་རྣལ་འབྱོར་དབང་ཕྱུག་དགེ་འདུན་རྒྱ་མཚོས་ནན་དུ་བསྐུལ་་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།།།[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=13
|volumeLetter=PA
|textnuminvol=092
|pdflink=File:TTDL-ZABTER-13-PA-092.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-13-PA
}}
<h1>Tibetan Text</h1>
<onlyinclude>
{{TibP|ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྔགས་སྲུང་ཤ་ཟ་ཧོར་མོའི་སྲོག་དབང་ཡིད་བཞིན་ཆར་འབེབས་བཞུགས༔ ན་མོ་གུ་རུ་ཝེ༔ ༠༠༠༠བརྡ་ཡིག༣༣༥འདི་ཡི་ལག་ལེན་རིམ་པ་ནི༔ དམ་ཆུ་བསྒྲུབ་ཅིང་གཏོར་མ་ལ༔ ཧོར་མོའི་སྐུ་གཟུགས་བཙུགས་བྱས་ཏེ༔ སྐད་ཅིག་གིས་སློབ་མ་དེ་ཉིད་སྤྱི་དཔལ་ཆེ་མཆོག་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་པ་ཁྲོ་བོའི་ཆས་ཐམས་ཅད་རྫོགས་པར་བསྐྱེད་ལ༔ རང་ཉིད་ཡི་དམ་ལྷར་གསལ་བའི་ཐུགས་ཀ་ནས་འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་མ་མ་ཤ་ཟ་ཧོར་མོ་སྤུན་དགུ་འཁོར་བཅས་བྲན་གཡོག་དང་བཅས་པ་སྤྱན་དྲངས་ཏེ་མདུན་དུ་འཁོད་ཅིང་བཀའ་ཉན་གསུང་སྡོད་པའི་ཚུལ་དུ་གནས་པར་གྱུར༔ སྐད་ཅིག་གིས་ཡེ་ཤེས་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་དང་༔ ཕྱག་ན་རྡོ་རྗེ་གཉིས་རིམ་པ་བཞིན་དུ་སྤྱན་འདྲེན་ནས་དམ་ཚིག་གི་བདུད་རྩི་ལ་ཐིམ་པས་རེག་ཅིང་མྱོང་ཚད་ཐམས་ཅད་རང་དམ་གཉན་པོའི་སྲོག་ཐོབ་པའི་རང་བཞིན་ཅན་དུ་གྱུར༔ ཨོཾ་བཛྲ་ཡཀྴ་ཀྲོ་ཏ་ཧཱུྃ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ལན་བདུན་རེ་བརྗོད་ཅིང་དམིགས་པའི་གནད༔ ཀྱཻ༔ སྐལ་ལྡན་སློབ་མ་དགོངས་སུ་གསོལ༔ ཧོར་མོ་སྤུན་དགུ་གསན་ཅིང་དགོངས༔ དམ་ཚིག་གཉན་པོའི་ཆུ་འདི་འཐུང་༔ བསྙེན་སྒྲུབ་བསྐང་གསོལ་མཆོད་བསྟོད་ཀྱི༔ ལས་འདི་སྐལ་ལྡན་ཁྱོད་ཀྱིས་མཛོད༔ མི་དང་མི་འགྲོགས་ཇི་བཞིན་དུ༔ སྐྱེས་བུ་འདི་ཡི་གྲོགས་སྲུང་མ༔ ཤ་ཟ་ཧོར་མོ་ཁྱོད་ཀྱིས་མཛོད༔ ཞི་རྒྱས་དབང་དྲག་ཕྲིན་ལས་ཀུན༔ གང་བརྩམས་ཕྲིན་ལས་མྱུར་འགྲུབ་མཛོད༔ མནའ་ཐོ་གྱིས་ཤིག་མནའ་མ་ཟ༔ དམ་ཆུ་འཐུང་ལ་དམ་མ་ཉམས༔ ཞེས་གཉིས་ཀས་མནའ་བོར་བར་བསམ་ལ༔ ས་མ་ཡ་ན་ར་ཀན༔ ཧཱུྃ༔ ང་ནི་འཁོར་འདས་སྤྱི་དཔལ་ཆེ༔ ང་ནི་ཆེ་མཆོག་ཧེ་རུ་ཀ༔ ཐམས་ཅད་ང་ཡི་དབང་དུ་འདུ༔ དྲག་ཤུལ་མྱུར་མགྱོགས་རྩལ་ལྡན་པའི༔ མ་ཆེན་ཤ་ཟ་ཧོར་མོ་འདི༔ སློབ་མ་ཁྱོད་ཀྱི་སྲུང་མ་རུ༔ གཏད་དོ་མི་འབྲལ་གྲོགས་སུ་བརྟེན༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐུ་གསུམ་རྒྱལ་བའི་བདེན་སྟོབས་དང་༔ ཆོས་ཉིད་རྣམ་པར་དག་པ་དང་༔ རྟེན་འབྲེལ་བསླུ་བ་མེད་པའི་མཐུས༔ སྐལ་ལྡན་སློབ་མ་འདི་ཉིད་ལ༔ ཤ་ཟ་ཧོར་མོ་འཁོར་བཅས་ཀྱི༔ སྲོག་དབང་ཡོངས་རྫོགས་ཐོབ་པར་ཤོག༔ ཅེས་གཏོར་མ་ལག་ཏུ་གཏད་ལ༔ ལན་གསུམ་བརྗོད༔ ཤ་ཟ་ཧོར་མོ་སྤུན་དགྲུ་སྒྲུབ་ཐབས་བསྐྱེད་ཆོག་ཅི་བཞིན་པ་ལུས་དང་གྲིབ་མ་ལྟར་སློབ་མ་དེ་ཡི་མདུན་དུ་འདུས་པར་བསམ་ལ༔ བདེན་པ་བརྗོད་ཅིང་སྨོན་ལམ་བཏབ༔ སློབ་མ་དམ་ཚིག་ལྡན་པ་ལ༔ ལྟ་དགོངས་ལྡན་པའི་སློབ་དཔོན་གྱིས༔ དབང་བསྐུར་ཙམ་གྱིས་དབྱེར་མེད་མཆིས༔ འགྲུབ་སླ་ལས་མྱུར་གཉན་ཅིང་རྣོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་འདི་ནི་རེབ་ཀོང་ཕྱོགས་ཀྱི་རྣལ་འབྱོར་དབང་ཕྱུག་དགེ་འདུན་རྒྱ་མཚོས་ནན་དུ་བསྐུལ་་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།།།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:45, 4 June 2024

Wylie title TTDL-ZABTER-13-PA-092.pdf
Location bdud 'joms gling pa zab gter
Volume 13, Text 92, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྔགས་སྲུང་ཤ་ཟ་ཧོར་མོའི་སྲོག་དབང་ཡིད་བཞིན་ཆར་འབེབས་བཞུགས༔ ན་མོ་གུ་རུ་ཝེ༔ ༠༠༠༠བརྡ་ཡིག༣༣༥འདི་ཡི་ལག་ལེན་རིམ་པ་ནི༔ དམ་ཆུ་བསྒྲུབ་ཅིང་གཏོར་མ་ལ༔ ཧོར་མོའི་སྐུ་གཟུགས་བཙུགས་བྱས་ཏེ༔ སྐད་ཅིག་གིས་སློབ་མ་དེ་ཉིད་སྤྱི་དཔལ་ཆེ་མཆོག་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་པ་ཁྲོ་བོའི་ཆས་ཐམས་ཅད་རྫོགས་པར་བསྐྱེད་ལ༔ རང་ཉིད་ཡི་དམ་ལྷར་གསལ་བའི་ཐུགས་ཀ་ནས་འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་མ་མ་ཤ་ཟ་ཧོར་མོ་སྤུན་དགུ་འཁོར་བཅས་བྲན་གཡོག་དང་བཅས་པ་སྤྱན་དྲངས་ཏེ་མདུན་དུ་འཁོད་ཅིང་བཀའ་ཉན་གསུང་སྡོད་པའི་ཚུལ་དུ་གནས་པར་གྱུར༔ སྐད་ཅིག་གིས་ཡེ་ཤེས་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་དང་༔ ཕྱག་ན་རྡོ་རྗེ་གཉིས་རིམ་པ་བཞིན་དུ་སྤྱན་འདྲེན་ནས་དམ་ཚིག་གི་བདུད་རྩི་ལ་ཐིམ་པས་རེག་ཅིང་མྱོང་ཚད་ཐམས་ཅད་རང་དམ་གཉན་པོའི་སྲོག་ཐོབ་པའི་རང་བཞིན་ཅན་དུ་གྱུར༔ ཨོཾ་བཛྲ་ཡཀྴ་ཀྲོ་ཏ་ཧཱུྃ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ལན་བདུན་རེ་བརྗོད་ཅིང་དམིགས་པའི་གནད༔ ཀྱཻ༔ སྐལ་ལྡན་སློབ་མ་དགོངས་སུ་གསོལ༔ ཧོར་མོ་སྤུན་དགུ་གསན་ཅིང་དགོངས༔ དམ་ཚིག་གཉན་པོའི་ཆུ་འདི་འཐུང་༔ བསྙེན་སྒྲུབ་བསྐང་གསོལ་མཆོད་བསྟོད་ཀྱི༔ ལས་འདི་སྐལ་ལྡན་ཁྱོད་ཀྱིས་མཛོད༔ མི་དང་མི་འགྲོགས་ཇི་བཞིན་དུ༔ སྐྱེས་བུ་འདི་ཡི་གྲོགས་སྲུང་མ༔ ཤ་ཟ་ཧོར་མོ་ཁྱོད་ཀྱིས་མཛོད༔ ཞི་རྒྱས་དབང་དྲག་ཕྲིན་ལས་ཀུན༔ གང་བརྩམས་ཕྲིན་ལས་མྱུར་འགྲུབ་མཛོད༔ མནའ་ཐོ་གྱིས་ཤིག་མནའ་མ་ཟ༔ དམ་ཆུ་འཐུང་ལ་དམ་མ་ཉམས༔ ཞེས་གཉིས་ཀས་མནའ་བོར་བར་བསམ་ལ༔ ས་མ་ཡ་ན་ར་ཀན༔ ཧཱུྃ༔ ང་ནི་འཁོར་འདས་སྤྱི་དཔལ་ཆེ༔ ང་ནི་ཆེ་མཆོག་ཧེ་རུ་ཀ༔ ཐམས་ཅད་ང་ཡི་དབང་དུ་འདུ༔ དྲག་ཤུལ་མྱུར་མགྱོགས་རྩལ་ལྡན་པའི༔ མ་ཆེན་ཤ་ཟ་ཧོར་མོ་འདི༔ སློབ་མ་ཁྱོད་ཀྱི་སྲུང་མ་རུ༔ གཏད་དོ་མི་འབྲལ་གྲོགས་སུ་བརྟེན༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐུ་གསུམ་རྒྱལ་བའི་བདེན་སྟོབས་དང་༔ ཆོས་ཉིད་རྣམ་པར་དག་པ་དང་༔ རྟེན་འབྲེལ་བསླུ་བ་མེད་པའི་མཐུས༔ སྐལ་ལྡན་སློབ་མ་འདི་ཉིད་ལ༔ ཤ་ཟ་ཧོར་མོ་འཁོར་བཅས་ཀྱི༔ སྲོག་དབང་ཡོངས་རྫོགས་ཐོབ་པར་ཤོག༔ ཅེས་གཏོར་མ་ལག་ཏུ་གཏད་ལ༔ ལན་གསུམ་བརྗོད༔ ཤ་ཟ་ཧོར་མོ་སྤུན་དགྲུ་སྒྲུབ་ཐབས་བསྐྱེད་ཆོག་ཅི་བཞིན་པ་ལུས་དང་གྲིབ་མ་ལྟར་སློབ་མ་དེ་ཡི་མདུན་དུ་འདུས་པར་བསམ་ལ༔ བདེན་པ་བརྗོད་ཅིང་སྨོན་ལམ་བཏབ༔ སློབ་མ་དམ་ཚིག་ལྡན་པ་ལ༔ ལྟ་དགོངས་ལྡན་པའི་སློབ་དཔོན་གྱིས༔ དབང་བསྐུར་ཙམ་གྱིས་དབྱེར་མེད་མཆིས༔ འགྲུབ་སླ་ལས་མྱུར་གཉན་ཅིང་རྣོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་འདི་ནི་རེབ་ཀོང་ཕྱོགས་ཀྱི་རྣལ་འབྱོར་དབང་ཕྱུག་དགེ་འདུན་རྒྱ་མཚོས་ནན་དུ་བསྐུལ་་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།།།