TTDL-ZABTER-05-CA-013: Difference between revisions
From Dudjom Wiki
TTDL-ZABTER-05-CA-013
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
༠༠༠༠༠བརྡ་ཡིག༡༤༩ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་གསང་བའི་རྒྱ་ཅན༔ དཔལ་ཆེན་ཕྲིན་ལས་ཀྱི་སྒྲུབ་པ་ཡི༔ རྡོ་རྗེ་གཞོན་ནུའི་དྲག་བསྐུལ་འཁོར་བ་ཡོངས་སྒྲོལ་བཞུགས་སོ༔ | {{Text | ||
༠༠༠༠བརྡ་ཡིག༡༥༠ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༡༥༠བདག་འདྲ་རིག་འཛིན་རྡོ་རྗེ་གྲོ་ལོད་ངས༔ མ་འོངས་སྐལ་ལྡན་རྣམས་ཀྱི་དོན་ཆེད་དུ༔ བསྟན་པའི་དགྲ་བགེགས་ཞིང་བཅུ་འདུལ་བའི་ཕྱིར༔ དཔལ་ཆེན་ཁྲོ་རྒྱལ་རྡོ་རྗེ་གཞོན་ནུ་ཡི༔ དྲག་བསྐུལ་འཁོར་བ་ཡོངས་སྒྲོལ་ཞེས་བྱ་བསྟན༔ མ་འོངས་སྐལ་ལྡན་འདི་ལྟར་ཉམས་སུ་ལོངས༔ ལྔ་བརྒྱའི་དུས་སུ་བདུད་སྤྲུལ་སྟོབས་བཙན་པས༔ ཡུལ་གྱི་ཁྲིམས་རལ་རྒྱལ་ཁམས་དམངས་སུ་ཁོལ༔ ནག་ཕྱོགས་ཁ་དར་དམེ་འཁྲུགས་མཚོན་ཁ་སློང་༔ ནད་རིམས་མི་གཅིག་གདོན་རྒོད་སྣ་ཚོགས་དར༔ ཆོས་བྱེད་པ་ལ་མ་ཉེས་ཁ་ཡོག་འབྱུང་༔ ཟོག་པོ་ཡིད་བཞིན་རིན་ཆེན་བཞིན་དུ་ཁུར༔ རང་གིས་རང་ལ་ཡིད་མི་ཆེས་པ་འབྱུང་༔ ཆོས་བཞིན་སྤྱོད་པ་ཉིན་མོའི་སྐར་མ་ཙམ༔ རེས་འགའ་འབྱུང་ཡང་གློ་བུར་རྐྱེན་གྱིས་བསླུ༔ ལོ་འབྲས་མི་སྨིན་མུ་གེའི་བསྐལ་ངན་ཤར༔ རི་ཀླུང་མེད་པར་ཨར་ཇག་རྐུན་མ་དར༔ དགྲ་མགོ་ཡན་པར་ཤོར་བའི་དུས་བྱུང་ཚེ༔ དཔུང་དང་རྒྱབ་བརྟེན་མཐུ་དང་སྲུང་མར་གྱིས༔ དུས་བཞིར་བསྐུལ་བ་འདི་ཉིད་ཉམས་སུ་ལོངས༔ དགྲ་མགོ་ཡན་པར་མ་ཤོར་སྔགས་པ་རྣམས༔ དབེན་པའི་གནས་སུ་སྒྲུབ་པའི་དལ་ཞལ་ཕྱེས༔ ཤ་ཁྲག་དམར་གཏོར་སྐྱེམས་མཆོད་བྲན་ནས་སུ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ མི་ཕྱེད་དད་པའི་ངང་ནས་འདི་སྐད་དོ༔ ཧཱུྃ་བྷྱོ༔ དུར་ཁྲོད་མེ་རི་འབར་བའི་གནས་མཆོག་ནས༔ གྲུ་གསུམ་མཐིང་ནག་འབར་བའི་ཀློང་དཀྱིལ་ན༔ བདུད་དང་རཱུ་ཏྲ་བརྫིས་པའི་གདན་སྟེངས་སུ༔ ཁྱབ་བདག་སྤྱི་དཔལ་རྡོ་རྗེ་སྲིན་པོའི་སྐུ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཆེ༔ བཞེངས་ཤིག་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ ཐབས་མཁས་ཐུགས་རྗེའི་དབང་གིས་སྐུ་བཞེངས་ཤིག༔ མི་སྲུན་དགྲ་བགེགས་འདུལ་བའི་དུས་ལ་བབ༔ ཤར་ཕྱོགས་ཞི་བ་ལྷུན་གྲུབ་དཀྱིལ་འཁོར་ནས༔ དཔལ་ཆེན་ཁྲོ་རྒྱལ་བཛྲ་ཀཱི་ལ་ཡ༔ བཞེངས་ཤིག་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ མེ་ལོང་ཡེ་ཤེས་ཀློང་ནས་སྐུ་བཞེངས་ཤིག༔ ལྷོ་ཕྱོགས་རྒྱས་པ་ལྷུན་གྲུབ་གཞལ་ཡས་ནས༔ དཔལ་ཆེན་ཁྲོ་རྒྱལ་རཏྣ་ཀཱི་ལ་ཡ༔ བཞེངས་ཤིག་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ མཉམ་ཉིད་ཡེ་ཤེས་ཀློང་ནས་སྐུ་བཞེངས་ཤིག༔ ནུབ་ཕྱོགས་དབང་གི་དཀྱིལ་འཁོར་ཆེན་པོ་ནས༔ དཔལ་ཆེན་ཁྲོ་རྒྱལ་པདྨ་ཀཱི་ལ་ཡ༔ བཞེངས་ཤིག་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ སོར་རྟོག་ཡེ་ཤེས་ཀློང་ནས་སྐུ་བཞེངས་ཤིག༔ བྱང་ཕྱོགས་དྲག་པོའི་དཀྱིལ་འཁོར་ཆེན་པོ་ནས༔ དཔལ་ཆེན་ཁྲོ་རྒྱལ་ཀརྨ་ཀཱི་ལ་ཡ༔ བཞེངས་ཤིག་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ བྱ་གྲུབ་ཡེ་ཤེས་ཀློང་ནས་སྐུ་བཞེངས་ཤིག༔ ཛཿདམ་ཚིག་ཐུགས་དམ་ཆེན་པོའི་དུས་ལ་བབ༔ ཡེ་ཤེས་དབྱིངས་ལས་སྤྲུལ་པའི་སྐུ་བཞེངས་པ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་སྤྲུལ་འཁོར་བཅས༔ མ་གཡེལ་མ་གཡེལ་དམ་ཚིག་གཉན་ལ་འདུས༔ མངོན་སྤྱོད་དྲག་པོའི་ལས་ཀྱིས་དགྲ་བགེགས་སྒྲོལ༔ ཧཱུྃ་བྷྱོ༔ སྟེང་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ ཧཱུྃ་ཆེན་ཀཱ་ར་ཡབ་ཡུམ་སྲས་འཁོར་བཅས༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ བཞེངས་ཤིག་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་གདོན་བགེགས་ཚོགས་འགུགས་བསྒྲལ་ཕྲིན་ལས་མཛོད༔ ཤར་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ རྣམ་པར་རྒྱལ་བ་ཡབ་ཡུམ་སྲས་འཁོར་བཅས༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ བཞེངས་ཤིག་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་གདོན་བགེགས་ཚོགས་འགུགས་བསྒྲལ་ཕྲིན་ལས་མཛོད༔ ལྷོ་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ གཤིན་རྗེའི་གཤེད་པོ་ཡབ་ཡུམ་སྲས་འཁོར་བཅས༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ བཞེངས་ཤིག་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་གདོན་བགེགས་ཚོགས་འགུགས་བསྒྲལ་ཕྲིན་ལས་མཛོད༔ ནུབ་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ རྟ་མགྲིན་རྒྱལ་པོ་ཡབ་ཡུམ་སྲས་འཁོར་བཅས༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ བཞེངས་ཤིག་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་གདོན་བགེགས་ཚོགས་འགུགས་བསྒྲལ་ཕྲིན་ལས་མཛོད༔ བྱང་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ བདུད་རྩི་འཁྱིལ་བ་ཡབ་ཡུམ་སྲས་འཁོར་བཅས༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ བཞེངས་ཤིག་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་གདོན་བགེགས་ཚོགས་འགུགས་བསྒྲལ་ཕྲིན་ལས་མཛོད༔ ཤར་ལྷོ་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ དབྱུག་པ་སྔོན་པོ་ཡབ་ཡུམ་སྲས་འཁོར་བཅས༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ བཞེངས་ཤིག་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་གདོན་བགེགས་ཚོགས་འགུགས་བསྒྲལ་ཕྲིན་ལས་མཛོད༔ ལྷོ་ནུབ་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ མི་གཡོ་མགོན་པོ་ཡབ་ཡུམ་སྲས་འཁོར་བཅས༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ བཞེངས་ཤིག་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་གདོན་བགེགས་ཚོགས་འགུགས་བསྒྲལ་ཕྲིན་ལས་མཛོད༔ ནུབ་བྱང་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ འདོད་པའི་རྒྱལ་པོ་ཡབ་ཡུམ་སྲས་འཁོར་བཅས༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ བཞེངས་ཤིག་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་གདོན་བགེགས་ཚོགས་འགུགས་བསྒྲལ་ཕྲིན་ལས་མཛོད༔ བྱང་ཤར་གནམ་ལྕགས་འཁོར་ལོའི་རྩིབས་སྟེང་ནས༔ ཁམས་གསུམ་རྣམ་རྒྱལ་ཡབ་ཡུམ་སྲས་འཁོར་བཅས༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ བཞེངས་ཤིག་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་གདོན་བགེགས་ཚོགས་འགུགས་བསྒྲལ་ཕྲིན་ལས་མཛོད༔ འོག་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ ཁྲོ་རྒྱལ་སྟོབས་ཆེན་ཡབ་ཡུམ་སྲས་འཁོར་བཅས༔ བསྐལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ བཞེངས་ཤིག་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་གདོན་བགེགས་ཚོགས་འགུགས་བསྒྲལ་ཕྲིན་ལས་མཛོད༔ ཧཱུྃ༔ འཁོར་བ་ཡོངས་སྒྲོལ་དྲག་པོའི་དཀྱིལ་འཁོར་ནས༔ སྲས་མཆོག་ཁྲ་ཐབས་ཉེར་གཅིག་འཁོར་དང་བཅས༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ བཞེངས་ཤིག་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་གདོན་བགེགས་ཚོགས་འགུགས་བསྒྲལ་ཕྲིན་ལས་མཛོད༔ ལས་བཞི་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ ཡེ་ཤེས་སྒོ་མ་རྣམ་བཞི་འཁོར་དང་བཅས༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ བཞེངས་ཤིག་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་གདོན་བགེགས་ཚོགས་འགུགས་བསྒྲལ་ཕྲིན་ལས་མཛོད༔ དམ་ཚིག་སྲོག་ཏུ་ཐེབས་པའི་རྫུ་འཕྲུལ་ཅན༔ ཕུར་སྲུང་དམ་ཅན་རྒྱ་མཚོ་བཀའ་འཁོར་བཅས༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ བཞེངས་ཤིག་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་གདོན་བགེགས་ཚོགས་འགུགས་བསྒྲལ་ཕྲིན་ལས་མཛོད༔ ཧོཿགསོན་ཅིག་དགོངས་ཤིག་རྡོ་རྗེ་ཕུར་པའི་ལྷ༔ བཞེངས་ཤིག་བསྒྲུབ་པའི་བུ་ལ་ད་དགོངས་འཚལ༔ མ་རིག་འཁྲུལ་པའི་རཱུ་དྲ་སྟོབས་བཙན་པས༔ ཡེ་ཤེས་གསལ་བའི་སྒྲོན་མེ་སྦུབས་སུ་བསྣུབ༔ ཉོན་མོངས་དུག་ལྔའི་བག་ཆགས་སྟོབས་བཙན་པས༔ དོན་དམ་ཆོས་ཉིད་ཉི་མ་སྤྲིན་གྱིས་བསྒྲིབ༔ བདག་སྣང་གཉིས་འཛིན་འགོང་པོ་སྟོབས་བཙན་པས༔ ཀུན་རྫོབ་བསླུ་མེད་ཟླ་འོད་མུན་དུ་བསྣུབ༔ ཡུལ་ངན་རྐྱེན་དབང་བདུད་པོ་སྟོབས་བཙན་པས༔ ཆོས་ཕུང་བརྒྱད་ཁྲིའི་སྐར་ཚོགས་ལྐོག་ཏུ་བསྣུབ༔ བཞེངས་ཤིག་བཞེངས་ཤིག་བརྡལ་ཁྱབ་ཆོས་དབྱིངས་ལས༔ སྐུ་བཞེངས་འཁོར་བའི་འཁྲུལ་འཁོར་བཤིག་ཏུ་གསོལ༔ འཁོར་འདས་གཉིས་མེད་ཀ་དག་ངང་དུ་སྒྲོལ༔ དམ་ཚིག་ཐུགས་དམ་ཆེན་པོའི་དུས་ལ་བབ༔ ཛཿདགོངས་ཤིག་བདེ་གཤེགས་རྒྱལ་བ་ཡོངས་འདུས་དཔལ༔ ཁྱེད་ཀྱི་སྤྲུལ་པ་ཆེན་པོའི་དུས་ལ་བབ༔ དམ་ཉམས་དགྲ་བགེགས་སངས་རྒྱས་བསྟན་བཤིག་འདི༔ མངོན་སྤྱོད་དྲག་པོས་བསྒྲལ་བའི་དུས་ལ་བབ༔ བདག་ནི་རྩེ་གཅིག་བརྩོན་འགྲུས་ཤུགས་བསྐྱེད་ཅིང་༔ སྲིད་པའི་ཕ་རོལ་བརྒལ་བའི་གྲུ་གཟིངས་བརྩམས༔ འཁོར་བའི་རྒྱ་མཚོ་སྐེམ་བྱེད་དམ་ཆོས་བསྒྲུབ༔ འགྲོ་བའི་དོན་དུ་བྱང་ཆུབ་བསྒྲུབ་པ་ལ༔ ཆོས་ཁྲིམས་བཤིག་པའི་བསྟན་དགྲ་དམ་ཉམས་ཀྱིས༔ མ་ཉེས་ཁ་ཡོག་རྐྱེན་ངན་བསླུ་བ་བཏང་༔ བག་མེད་འཁྲུལ་པའི་ཡུལ་དུ་འཆོར་ཏ་རེ༔ མ་གཡེལ་མ་གཡེལ་ཡེ་ཤེས་སྤྱན་ལྡན་རྣམས༔ མུ་སྟེགས་ལོག་ལྟས་ནང་བསྟན་སྤྱི་ལ་རྒོལ༔ དམ་ལོག་སློབ་བུས་རྡོ་རྗེ་རྒྱལ་པོར་རྒོལ༔ བདུད་སྤྲུལ་སྡིག་རྗེས་སྐྱེ་འགྲོའི་བདེ་བ་བཅོམ༔ དམ་ཉམས་ཞིང་བཅུས་ཆོས་ཁྲིམས་འཇིག་ལ་ཆས༔ བདག་རྒྱུད་སྲེག་བྱེད་དགྲ་གདོན་བགེགས་ཚོགས་ལངས༔ བརྣག་པའི་དགྲ་བགེགས་མྱུར་དུ་མི་སྒྲོལ་ན༔ སྟོབས་བཅུ་མངའ་བའི་ནུས་པ་མེད་དམ་ཅི༔ ད་ལྟ་བསྐུལ་བའི་ལས་ལ་མི་དགོངས་ན༔ ཆོས་ཉིད་མི་འགྱུར་བདེན་པ་མེད་དམ་ཅི༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མི་མཛད་ན༔ ཡེ་ཤེས་ལྷ་ལ་ནུས་པ་མེད་དམ་ཅི༔ བདེན་གཉིས་བསྟན་པ་འདི་ལ་མི་དགོངས་ན༔ མཆོག་གསུམ་བདེན་པ་མེད་དམ་རྫུན་དུ་བསྒྱུར༔ མ་གཡེལ་མ་འགྱངས་ཐུགས་དམ་གནད་ནས་བསྐུལ༔ བཞེངས་ཤིག་དགོངས་ཤིག་རྡོ་རྗེ་ཕུར་པའི་ལྷ༔ དུས་ལ་བབ་བོ་དམ་ཚིག་གཉན་ལ་འདུས༔ དམ་ཚིག་ཐུགས་དམ་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོ་འགྱེད་པའི་དུས་ལ་བབ༔ ཕྱག་བརྙན་ཆེན་པོའི་ཐུགས་དམ་དུས་ལ་བབ༔ མཐུ་རྩལ་ཆེན་པོ་ཕྱུང་བའི་དུས་ལ་བབ༔ སྲས་འཁོར་བཀའ་སྡོད་དཔག་མེད་དུས་ལ་བབ༔ ཕོ་ཉ་ལས་མཁན་ཟ་གསོད་དུས་ལ་བབ༔ དོ་ནུབ་བསྐུལ་བའི་ལས་ལ་རྒྱང་མ་རིང་༔ དོ་ནུབ་བརྣག་པའི་ལས་ལ་མཐུ་མ་ཆུང་༔ དོ་ནུབ་གསོད་བྱེད་ཤན་པ་རྩལ་མ་ཞན༔ དོ་ནུབ་མངགས་པའི་ཕོ་ཉ་བང་མ་བུལ༔ དོ་ནུབ་དགྲ་གདོན་བགེགས་ཚོགས་མ་ལུས་པ༔ སྟོང་གསུམ་འཇིག་རྟེན་གང་དང་གར་གནས་ཀྱང་༔ རང་དབང་མེད་པར་རཱུ་པ་འདི་ལ་ཁུག༔ འགུགས་འཆིང་སྡོམ་མྱོས་ཕྲིན་ལས་རྣམ་བཞི་མཛོད༔ དབང་པོ་བསྣུབ་ལ་དོན་སྙིང་རྣམ་ལྔ་དྲོངས༔ ཕྲིན་ལས་དུས་ལ་བབ་བོ་ཡེ་ཤེས་ལྷ༔ སྤྲུལ་པས་མངོན་སྤྱོད་ལས་མཛོད་མཐུ་རྩལ་ཅན༔ རྣམ་ཤེས་དབྱིངས་སུ་སྤོར་ཅིག་ཐུགས་རྗེ་ཅན༔ འཁོར་བའི་རྒྱུན་ཐག་ཆོད་ཅིག་བདེ་གཤེགས་རྣམས༔ གཟུགས་ཕུང་རྡུལ་དུ་རློག་ཅིག་སྲུང་མའི་ཚོགས༔ བཞེངས་ཤིག་དམ་ཚིག་གཉན་གྱིས་ཐུགས་དམ་བསྐུལ༔ དགོངས་ཤིག་དམ་ཚིག་གཉན་ལས་མ་འདའ་བར༔ མཛོད་ཅིག་དམ་ཚིག་དབང་གིས་དགྲ་བགེགས་སྒྲོལ༔ བཅོལ་ལོ་བརྣག་པའི་ལས་ལ་ཕྲིན་ལས་མཛོད༔ ཨོཾ་བཛྲ་ས་མ་ཡ༔ ཨཱཿབཛྲ་ས་མ་ཡ༔ ཧཱུྃ་བཛྲ་ས་མ་ཡ༔ ཨ་བྷི་ཙཱཪྻའི་དུས་ལ་བབ་བོ༔ བརྣག་པ་དེ་ཁོ་ན་ལའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་འོངས་ལྔ་བརྒྱ་དུས་མཐའི་རྗེས་འཇུག་རྣམས༔ གསང་སྔགས་རྡོ་རྗེ་ཐེག་པ་ཉམས་སུ་ལོངས༔ ཐབས་དང་ཤེས་རབ་ཡ་བྲལ་མ་བྱེད་པར༔ ཐབས་མཆོག་སྒྲུབ་པའི་དཀྱིལ་འཁོར་ཞལ་ཕྱེས་པ༔ གྲུབ་པའི་རྟགས་ཚད་མ་རྫོགས་བར་དུ་བསྒྲུབས༔ ཤེས་རབ་སྟོང་ཉིད་རྫོགས་པ་ཆེན་པོ་བསྒོམ༔ བསྐྱེད་རིམ་གྱིས་ནི་མ་དག་སྒོ་གསུམ་པོ༔ དག་པ་རྡོ་རྗེ་གསུམ་དུ་སྨིན་པ་གནད༔ རྫོགས་རིམ་གྱིས་ཀྱང་གཟུང་འཛིན་དྲྭ་བ་ཐག༔ བདག་མེད་ཆོས་ཉིད་ངང་དུ་ཆད་ཟད་གནད༔ དེ་ལྟར་སྒྲུབ་ལ་གཞོལ་བའི་སྐལ་ལྡན་ལ༔ བར་ཆད་བསླུ་བའི་ཕོ་ཉ་དགྲར་ལངས་ཚེ༔ ཡེ་ཤེས་ལྷ་མཆོག་གནད་བསྐུལ་འདི་ལ་བརྩོན༔ འགུགས་བསྒྲལ་མནན་བསྲེགས་ལས་ཀྱིས་ཚར་གཅོད་འགྱུར༔ སླར་ཡང་བདེ་བ་ཆེན་པོའི་དགེ་ལེགས་འཕེལ༔ མཐུན་རྐྱེན་ཀུན་འགྲུབ་འགལ་རྐྱེན་བར་ཆད་ཞི༔ པདྨ་བདག་གི་སྙིང་ཐིག་ཟབ་མོ་འདི༔ ཡེ་ཤེས་མཚོ་རྒྱལ་ཁྱོད་ཀྱིས་ཡི་གེར་ཐོབས༔ བཀའ་འདི་ཞིང་སྐྱོང་སེང་གདོང་ཁྱོད་ལ་གཏད༔ ཐུབ་པར་སྲུངས་ཤིག་བཀའ་དང་ཐ་ཚིག་རྒྱ༔ མི་ནུབ་བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་ཚུགས༔ ལོག་ལྟ་སྐུར་འདེབས་མཁན་གྱི་སྲོག་རྩ་ཆོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་མ་ནུས་ཟོག་པོ་འཁོས་ཆུང་བདུད་འཇོམས་རྡོ་རྗེས་གསེར་སྨད་བྲག་རྡོ་རྗེ་ནས་བཏོན་ཏེ་མི་ལོ་བརྒྱད་ལ་བཀའ་རྒྱ་བཏབ་ནས་མཐར་སྨར་སྟོད་འབྲོས་ཕུག་དབེན་པའི་གནས་སུ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།སརྦ་མངྒ་ལཾ།ཤུ་བྷཾ།། | |classification=Tibetan Publications | ||
|subclass=Tibetan Texts | |||
|collectiontitle=bdud 'joms gling pa zab gter | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|totalvolumes=21 | |||
|author=bdud 'joms gling pa | |||
|authortib=བདུད་འཇོམས་གླིང་པ་ | |||
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=05 | |||
|volumeLetter=CA | |||
|textnuminvol=013 | |||
|pdflink=File:TTDL-ZABTER-05-CA-013.pdf | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-05-CA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༠༠༠༠༠བརྡ་ཡིག༡༤༩ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་གསང་བའི་རྒྱ་ཅན༔ དཔལ་ཆེན་ཕྲིན་ལས་ཀྱི་སྒྲུབ་པ་ཡི༔ རྡོ་རྗེ་གཞོན་ནུའི་དྲག་བསྐུལ་འཁོར་བ་ཡོངས་སྒྲོལ་བཞུགས་སོ༔ | |||
༠༠༠༠བརྡ་ཡིག༡༥༠ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༡༥༠བདག་འདྲ་རིག་འཛིན་རྡོ་རྗེ་གྲོ་ལོད་ངས༔ མ་འོངས་སྐལ་ལྡན་རྣམས་ཀྱི་དོན་ཆེད་དུ༔ བསྟན་པའི་དགྲ་བགེགས་ཞིང་བཅུ་འདུལ་བའི་ཕྱིར༔ དཔལ་ཆེན་ཁྲོ་རྒྱལ་རྡོ་རྗེ་གཞོན་ནུ་ཡི༔ དྲག་བསྐུལ་འཁོར་བ་ཡོངས་སྒྲོལ་ཞེས་བྱ་བསྟན༔ མ་འོངས་སྐལ་ལྡན་འདི་ལྟར་ཉམས་སུ་ལོངས༔ ལྔ་བརྒྱའི་དུས་སུ་བདུད་སྤྲུལ་སྟོབས་བཙན་པས༔ ཡུལ་གྱི་ཁྲིམས་རལ་རྒྱལ་ཁམས་དམངས་སུ་ཁོལ༔ ནག་ཕྱོགས་ཁ་དར་དམེ་འཁྲུགས་མཚོན་ཁ་སློང་༔ ནད་རིམས་མི་གཅིག་གདོན་རྒོད་སྣ་ཚོགས་དར༔ ཆོས་བྱེད་པ་ལ་མ་ཉེས་ཁ་ཡོག་འབྱུང་༔ ཟོག་པོ་ཡིད་བཞིན་རིན་ཆེན་བཞིན་དུ་ཁུར༔ རང་གིས་རང་ལ་ཡིད་མི་ཆེས་པ་འབྱུང་༔ ཆོས་བཞིན་སྤྱོད་པ་ཉིན་མོའི་སྐར་མ་ཙམ༔ རེས་འགའ་འབྱུང་ཡང་གློ་བུར་རྐྱེན་གྱིས་བསླུ༔ ལོ་འབྲས་མི་སྨིན་མུ་གེའི་བསྐལ་ངན་ཤར༔ རི་ཀླུང་མེད་པར་ཨར་ཇག་རྐུན་མ་དར༔ དགྲ་མགོ་ཡན་པར་ཤོར་བའི་དུས་བྱུང་ཚེ༔ དཔུང་དང་རྒྱབ་བརྟེན་མཐུ་དང་སྲུང་མར་གྱིས༔ དུས་བཞིར་བསྐུལ་བ་འདི་ཉིད་ཉམས་སུ་ལོངས༔ དགྲ་མགོ་ཡན་པར་མ་ཤོར་སྔགས་པ་རྣམས༔ དབེན་པའི་གནས་སུ་སྒྲུབ་པའི་དལ་ཞལ་ཕྱེས༔ ཤ་ཁྲག་དམར་གཏོར་སྐྱེམས་མཆོད་བྲན་ནས་སུ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ མི་ཕྱེད་དད་པའི་ངང་ནས་འདི་སྐད་དོ༔ ཧཱུྃ་བྷྱོ༔ དུར་ཁྲོད་མེ་རི་འབར་བའི་གནས་མཆོག་ནས༔ གྲུ་གསུམ་མཐིང་ནག་འབར་བའི་ཀློང་དཀྱིལ་ན༔ བདུད་དང་རཱུ་ཏྲ་བརྫིས་པའི་གདན་སྟེངས་སུ༔ ཁྱབ་བདག་སྤྱི་དཔལ་རྡོ་རྗེ་སྲིན་པོའི་སྐུ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཆེ༔ བཞེངས་ཤིག་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ ཐབས་མཁས་ཐུགས་རྗེའི་དབང་གིས་སྐུ་བཞེངས་ཤིག༔ མི་སྲུན་དགྲ་བགེགས་འདུལ་བའི་དུས་ལ་བབ༔ ཤར་ཕྱོགས་ཞི་བ་ལྷུན་གྲུབ་དཀྱིལ་འཁོར་ནས༔ དཔལ་ཆེན་ཁྲོ་རྒྱལ་བཛྲ་ཀཱི་ལ་ཡ༔ བཞེངས་ཤིག་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ མེ་ལོང་ཡེ་ཤེས་ཀློང་ནས་སྐུ་བཞེངས་ཤིག༔ ལྷོ་ཕྱོགས་རྒྱས་པ་ལྷུན་གྲུབ་གཞལ་ཡས་ནས༔ དཔལ་ཆེན་ཁྲོ་རྒྱལ་རཏྣ་ཀཱི་ལ་ཡ༔ བཞེངས་ཤིག་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ མཉམ་ཉིད་ཡེ་ཤེས་ཀློང་ནས་སྐུ་བཞེངས་ཤིག༔ ནུབ་ཕྱོགས་དབང་གི་དཀྱིལ་འཁོར་ཆེན་པོ་ནས༔ དཔལ་ཆེན་ཁྲོ་རྒྱལ་པདྨ་ཀཱི་ལ་ཡ༔ བཞེངས་ཤིག་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ སོར་རྟོག་ཡེ་ཤེས་ཀློང་ནས་སྐུ་བཞེངས་ཤིག༔ བྱང་ཕྱོགས་དྲག་པོའི་དཀྱིལ་འཁོར་ཆེན་པོ་ནས༔ དཔལ་ཆེན་ཁྲོ་རྒྱལ་ཀརྨ་ཀཱི་ལ་ཡ༔ བཞེངས་ཤིག་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ བྱ་གྲུབ་ཡེ་ཤེས་ཀློང་ནས་སྐུ་བཞེངས་ཤིག༔ ཛཿདམ་ཚིག་ཐུགས་དམ་ཆེན་པོའི་དུས་ལ་བབ༔ ཡེ་ཤེས་དབྱིངས་ལས་སྤྲུལ་པའི་སྐུ་བཞེངས་པ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་སྤྲུལ་འཁོར་བཅས༔ མ་གཡེལ་མ་གཡེལ་དམ་ཚིག་གཉན་ལ་འདུས༔ མངོན་སྤྱོད་དྲག་པོའི་ལས་ཀྱིས་དགྲ་བགེགས་སྒྲོལ༔ ཧཱུྃ་བྷྱོ༔ སྟེང་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ ཧཱུྃ་ཆེན་ཀཱ་ར་ཡབ་ཡུམ་སྲས་འཁོར་བཅས༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ བཞེངས་ཤིག་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་གདོན་བགེགས་ཚོགས་འགུགས་བསྒྲལ་ཕྲིན་ལས་མཛོད༔ ཤར་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ རྣམ་པར་རྒྱལ་བ་ཡབ་ཡུམ་སྲས་འཁོར་བཅས༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ བཞེངས་ཤིག་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་གདོན་བགེགས་ཚོགས་འགུགས་བསྒྲལ་ཕྲིན་ལས་མཛོད༔ ལྷོ་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ གཤིན་རྗེའི་གཤེད་པོ་ཡབ་ཡུམ་སྲས་འཁོར་བཅས༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ བཞེངས་ཤིག་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་གདོན་བགེགས་ཚོགས་འགུགས་བསྒྲལ་ཕྲིན་ལས་མཛོད༔ ནུབ་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ རྟ་མགྲིན་རྒྱལ་པོ་ཡབ་ཡུམ་སྲས་འཁོར་བཅས༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ བཞེངས་ཤིག་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་གདོན་བགེགས་ཚོགས་འགུགས་བསྒྲལ་ཕྲིན་ལས་མཛོད༔ བྱང་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ བདུད་རྩི་འཁྱིལ་བ་ཡབ་ཡུམ་སྲས་འཁོར་བཅས༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ བཞེངས་ཤིག་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་གདོན་བགེགས་ཚོགས་འགུགས་བསྒྲལ་ཕྲིན་ལས་མཛོད༔ ཤར་ལྷོ་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ དབྱུག་པ་སྔོན་པོ་ཡབ་ཡུམ་སྲས་འཁོར་བཅས༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ བཞེངས་ཤིག་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་གདོན་བགེགས་ཚོགས་འགུགས་བསྒྲལ་ཕྲིན་ལས་མཛོད༔ ལྷོ་ནུབ་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ མི་གཡོ་མགོན་པོ་ཡབ་ཡུམ་སྲས་འཁོར་བཅས༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ བཞེངས་ཤིག་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་གདོན་བགེགས་ཚོགས་འགུགས་བསྒྲལ་ཕྲིན་ལས་མཛོད༔ ནུབ་བྱང་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ འདོད་པའི་རྒྱལ་པོ་ཡབ་ཡུམ་སྲས་འཁོར་བཅས༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ བཞེངས་ཤིག་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་གདོན་བགེགས་ཚོགས་འགུགས་བསྒྲལ་ཕྲིན་ལས་མཛོད༔ བྱང་ཤར་གནམ་ལྕགས་འཁོར་ལོའི་རྩིབས་སྟེང་ནས༔ ཁམས་གསུམ་རྣམ་རྒྱལ་ཡབ་ཡུམ་སྲས་འཁོར་བཅས༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ བཞེངས་ཤིག་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་གདོན་བགེགས་ཚོགས་འགུགས་བསྒྲལ་ཕྲིན་ལས་མཛོད༔ འོག་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ ཁྲོ་རྒྱལ་སྟོབས་ཆེན་ཡབ་ཡུམ་སྲས་འཁོར་བཅས༔ བསྐལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ བཞེངས་ཤིག་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་གདོན་བགེགས་ཚོགས་འགུགས་བསྒྲལ་ཕྲིན་ལས་མཛོད༔ ཧཱུྃ༔ འཁོར་བ་ཡོངས་སྒྲོལ་དྲག་པོའི་དཀྱིལ་འཁོར་ནས༔ སྲས་མཆོག་ཁྲ་ཐབས་ཉེར་གཅིག་འཁོར་དང་བཅས༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ བཞེངས་ཤིག་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་གདོན་བགེགས་ཚོགས་འགུགས་བསྒྲལ་ཕྲིན་ལས་མཛོད༔ ལས་བཞི་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ ཡེ་ཤེས་སྒོ་མ་རྣམ་བཞི་འཁོར་དང་བཅས༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ བཞེངས་ཤིག་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་གདོན་བགེགས་ཚོགས་འགུགས་བསྒྲལ་ཕྲིན་ལས་མཛོད༔ དམ་ཚིག་སྲོག་ཏུ་ཐེབས་པའི་རྫུ་འཕྲུལ་ཅན༔ ཕུར་སྲུང་དམ་ཅན་རྒྱ་མཚོ་བཀའ་འཁོར་བཅས༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ བཞེངས་ཤིག་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་གདོན་བགེགས་ཚོགས་འགུགས་བསྒྲལ་ཕྲིན་ལས་མཛོད༔ ཧོཿགསོན་ཅིག་དགོངས་ཤིག་རྡོ་རྗེ་ཕུར་པའི་ལྷ༔ བཞེངས་ཤིག་བསྒྲུབ་པའི་བུ་ལ་ད་དགོངས་འཚལ༔ མ་རིག་འཁྲུལ་པའི་རཱུ་དྲ་སྟོབས་བཙན་པས༔ ཡེ་ཤེས་གསལ་བའི་སྒྲོན་མེ་སྦུབས་སུ་བསྣུབ༔ ཉོན་མོངས་དུག་ལྔའི་བག་ཆགས་སྟོབས་བཙན་པས༔ དོན་དམ་ཆོས་ཉིད་ཉི་མ་སྤྲིན་གྱིས་བསྒྲིབ༔ བདག་སྣང་གཉིས་འཛིན་འགོང་པོ་སྟོབས་བཙན་པས༔ ཀུན་རྫོབ་བསླུ་མེད་ཟླ་འོད་མུན་དུ་བསྣུབ༔ ཡུལ་ངན་རྐྱེན་དབང་བདུད་པོ་སྟོབས་བཙན་པས༔ ཆོས་ཕུང་བརྒྱད་ཁྲིའི་སྐར་ཚོགས་ལྐོག་ཏུ་བསྣུབ༔ བཞེངས་ཤིག་བཞེངས་ཤིག་བརྡལ་ཁྱབ་ཆོས་དབྱིངས་ལས༔ སྐུ་བཞེངས་འཁོར་བའི་འཁྲུལ་འཁོར་བཤིག་ཏུ་གསོལ༔ འཁོར་འདས་གཉིས་མེད་ཀ་དག་ངང་དུ་སྒྲོལ༔ དམ་ཚིག་ཐུགས་དམ་ཆེན་པོའི་དུས་ལ་བབ༔ ཛཿདགོངས་ཤིག་བདེ་གཤེགས་རྒྱལ་བ་ཡོངས་འདུས་དཔལ༔ ཁྱེད་ཀྱི་སྤྲུལ་པ་ཆེན་པོའི་དུས་ལ་བབ༔ དམ་ཉམས་དགྲ་བགེགས་སངས་རྒྱས་བསྟན་བཤིག་འདི༔ མངོན་སྤྱོད་དྲག་པོས་བསྒྲལ་བའི་དུས་ལ་བབ༔ བདག་ནི་རྩེ་གཅིག་བརྩོན་འགྲུས་ཤུགས་བསྐྱེད་ཅིང་༔ སྲིད་པའི་ཕ་རོལ་བརྒལ་བའི་གྲུ་གཟིངས་བརྩམས༔ འཁོར་བའི་རྒྱ་མཚོ་སྐེམ་བྱེད་དམ་ཆོས་བསྒྲུབ༔ འགྲོ་བའི་དོན་དུ་བྱང་ཆུབ་བསྒྲུབ་པ་ལ༔ ཆོས་ཁྲིམས་བཤིག་པའི་བསྟན་དགྲ་དམ་ཉམས་ཀྱིས༔ མ་ཉེས་ཁ་ཡོག་རྐྱེན་ངན་བསླུ་བ་བཏང་༔ བག་མེད་འཁྲུལ་པའི་ཡུལ་དུ་འཆོར་ཏ་རེ༔ མ་གཡེལ་མ་གཡེལ་ཡེ་ཤེས་སྤྱན་ལྡན་རྣམས༔ མུ་སྟེགས་ལོག་ལྟས་ནང་བསྟན་སྤྱི་ལ་རྒོལ༔ དམ་ལོག་སློབ་བུས་རྡོ་རྗེ་རྒྱལ་པོར་རྒོལ༔ བདུད་སྤྲུལ་སྡིག་རྗེས་སྐྱེ་འགྲོའི་བདེ་བ་བཅོམ༔ དམ་ཉམས་ཞིང་བཅུས་ཆོས་ཁྲིམས་འཇིག་ལ་ཆས༔ བདག་རྒྱུད་སྲེག་བྱེད་དགྲ་གདོན་བགེགས་ཚོགས་ལངས༔ བརྣག་པའི་དགྲ་བགེགས་མྱུར་དུ་མི་སྒྲོལ་ན༔ སྟོབས་བཅུ་མངའ་བའི་ནུས་པ་མེད་དམ་ཅི༔ ད་ལྟ་བསྐུལ་བའི་ལས་ལ་མི་དགོངས་ན༔ ཆོས་ཉིད་མི་འགྱུར་བདེན་པ་མེད་དམ་ཅི༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མི་མཛད་ན༔ ཡེ་ཤེས་ལྷ་ལ་ནུས་པ་མེད་དམ་ཅི༔ བདེན་གཉིས་བསྟན་པ་འདི་ལ་མི་དགོངས་ན༔ མཆོག་གསུམ་བདེན་པ་མེད་དམ་རྫུན་དུ་བསྒྱུར༔ མ་གཡེལ་མ་འགྱངས་ཐུགས་དམ་གནད་ནས་བསྐུལ༔ བཞེངས་ཤིག་དགོངས་ཤིག་རྡོ་རྗེ་ཕུར་པའི་ལྷ༔ དུས་ལ་བབ་བོ་དམ་ཚིག་གཉན་ལ་འདུས༔ དམ་ཚིག་ཐུགས་དམ་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོ་འགྱེད་པའི་དུས་ལ་བབ༔ ཕྱག་བརྙན་ཆེན་པོའི་ཐུགས་དམ་དུས་ལ་བབ༔ མཐུ་རྩལ་ཆེན་པོ་ཕྱུང་བའི་དུས་ལ་བབ༔ སྲས་འཁོར་བཀའ་སྡོད་དཔག་མེད་དུས་ལ་བབ༔ ཕོ་ཉ་ལས་མཁན་ཟ་གསོད་དུས་ལ་བབ༔ དོ་ནུབ་བསྐུལ་བའི་ལས་ལ་རྒྱང་མ་རིང་༔ དོ་ནུབ་བརྣག་པའི་ལས་ལ་མཐུ་མ་ཆུང་༔ དོ་ནུབ་གསོད་བྱེད་ཤན་པ་རྩལ་མ་ཞན༔ དོ་ནུབ་མངགས་པའི་ཕོ་ཉ་བང་མ་བུལ༔ དོ་ནུབ་དགྲ་གདོན་བགེགས་ཚོགས་མ་ལུས་པ༔ སྟོང་གསུམ་འཇིག་རྟེན་གང་དང་གར་གནས་ཀྱང་༔ རང་དབང་མེད་པར་རཱུ་པ་འདི་ལ་ཁུག༔ འགུགས་འཆིང་སྡོམ་མྱོས་ཕྲིན་ལས་རྣམ་བཞི་མཛོད༔ དབང་པོ་བསྣུབ་ལ་དོན་སྙིང་རྣམ་ལྔ་དྲོངས༔ ཕྲིན་ལས་དུས་ལ་བབ་བོ་ཡེ་ཤེས་ལྷ༔ སྤྲུལ་པས་མངོན་སྤྱོད་ལས་མཛོད་མཐུ་རྩལ་ཅན༔ རྣམ་ཤེས་དབྱིངས་སུ་སྤོར་ཅིག་ཐུགས་རྗེ་ཅན༔ འཁོར་བའི་རྒྱུན་ཐག་ཆོད་ཅིག་བདེ་གཤེགས་རྣམས༔ གཟུགས་ཕུང་རྡུལ་དུ་རློག་ཅིག་སྲུང་མའི་ཚོགས༔ བཞེངས་ཤིག་དམ་ཚིག་གཉན་གྱིས་ཐུགས་དམ་བསྐུལ༔ དགོངས་ཤིག་དམ་ཚིག་གཉན་ལས་མ་འདའ་བར༔ མཛོད་ཅིག་དམ་ཚིག་དབང་གིས་དགྲ་བགེགས་སྒྲོལ༔ བཅོལ་ལོ་བརྣག་པའི་ལས་ལ་ཕྲིན་ལས་མཛོད༔ ཨོཾ་བཛྲ་ས་མ་ཡ༔ ཨཱཿབཛྲ་ས་མ་ཡ༔ ཧཱུྃ་བཛྲ་ས་མ་ཡ༔ ཨ་བྷི་ཙཱཪྻའི་དུས་ལ་བབ་བོ༔ བརྣག་པ་དེ་ཁོ་ན་ལའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་འོངས་ལྔ་བརྒྱ་དུས་མཐའི་རྗེས་འཇུག་རྣམས༔ གསང་སྔགས་རྡོ་རྗེ་ཐེག་པ་ཉམས་སུ་ལོངས༔ ཐབས་དང་ཤེས་རབ་ཡ་བྲལ་མ་བྱེད་པར༔ ཐབས་མཆོག་སྒྲུབ་པའི་དཀྱིལ་འཁོར་ཞལ་ཕྱེས་པ༔ གྲུབ་པའི་རྟགས་ཚད་མ་རྫོགས་བར་དུ་བསྒྲུབས༔ ཤེས་རབ་སྟོང་ཉིད་རྫོགས་པ་ཆེན་པོ་བསྒོམ༔ བསྐྱེད་རིམ་གྱིས་ནི་མ་དག་སྒོ་གསུམ་པོ༔ དག་པ་རྡོ་རྗེ་གསུམ་དུ་སྨིན་པ་གནད༔ རྫོགས་རིམ་གྱིས་ཀྱང་གཟུང་འཛིན་དྲྭ་བ་ཐག༔ བདག་མེད་ཆོས་ཉིད་ངང་དུ་ཆད་ཟད་གནད༔ དེ་ལྟར་སྒྲུབ་ལ་གཞོལ་བའི་སྐལ་ལྡན་ལ༔ བར་ཆད་བསླུ་བའི་ཕོ་ཉ་དགྲར་ལངས་ཚེ༔ ཡེ་ཤེས་ལྷ་མཆོག་གནད་བསྐུལ་འདི་ལ་བརྩོན༔ འགུགས་བསྒྲལ་མནན་བསྲེགས་ལས་ཀྱིས་ཚར་གཅོད་འགྱུར༔ སླར་ཡང་བདེ་བ་ཆེན་པོའི་དགེ་ལེགས་འཕེལ༔ མཐུན་རྐྱེན་ཀུན་འགྲུབ་འགལ་རྐྱེན་བར་ཆད་ཞི༔ པདྨ་བདག་གི་སྙིང་ཐིག་ཟབ་མོ་འདི༔ ཡེ་ཤེས་མཚོ་རྒྱལ་ཁྱོད་ཀྱིས་ཡི་གེར་ཐོབས༔ བཀའ་འདི་ཞིང་སྐྱོང་སེང་གདོང་ཁྱོད་ལ་གཏད༔ ཐུབ་པར་སྲུངས་ཤིག་བཀའ་དང་ཐ་ཚིག་རྒྱ༔ མི་ནུབ་བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་ཚུགས༔ ལོག་ལྟ་སྐུར་འདེབས་མཁན་གྱི་སྲོག་རྩ་ཆོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་མ་ནུས་ཟོག་པོ་འཁོས་ཆུང་བདུད་འཇོམས་རྡོ་རྗེས་གསེར་སྨད་བྲག་རྡོ་རྗེ་ནས་བཏོན་ཏེ་མི་ལོ་བརྒྱད་ལ་བཀའ་རྒྱ་བཏབ་ནས་མཐར་སྨར་སྟོད་འབྲོས་ཕུག་དབེན་པའི་གནས་སུ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།སརྦ་མངྒ་ལཾ།ཤུ་བྷཾ།།}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 09:45, 4 June 2024
| Wylie title | ||
|---|---|---|
| Location | bdud 'joms gling pa zab gter Volume 5, Text 13, Pages (Folios to ) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | ||
| More details More details | ||
| Genre | ||