TTDL-ZABTER-12-NA-043: Difference between revisions

From Dudjom Wiki
TTDL-ZABTER-12-NA-043
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
༠༠༠༠༠བརྡ་ཡིག༢༥༡ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ བླ་མའི་སྒྲུབ་པ་རྡོ་རྗེའི་གྲོང་འཇུག་བཞུགས་སོ༔  
{{Text
༠༠༠༠༠བརྡ་ཡིག༢༥༢ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བླ་མ་མཆོག་ལ་རྟེན་བཅས་ཏེ༔ དད་དང་ལྡན་པའི་སྐྱེས་བུ་ཡི༔ སྒོ་གསུམ་རྡོ་རྗེའི་གྲོང་འཕོ་བའི༔ གདམས་པའི་ཡང་ཐིག་འདི་ཀའོ༔ ཤེས་པ་གཞན་དུ་མི་ཡེངས་པར༔ ཏིང་འཛིན་གསལ་བའི་ངང་ཉིད་ལས༔ ཧཱུྃ༔ རང་གི་སྤྱི་བོར་པདྨ་དང་༔ ཉི་མ་ཟླ་བ་བརྩེགས་པའི་སྟེང་༔ རྡོ་རྗེའི་བླ་མ་པདྨ་འབྱུང་༔ སེར་གསལ་མདངས་ལྡན་མཚན་དཔེས་སྤྲས༔ ཕྱག་གཡས་གསེར་རྡོར་གཡོན་པ་ན༔ ཐོད་བུམ་རྡོ་རྗེ་ནོར་བུ་བསྣམས༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ དབུ་ལ་ཤ་བའི་མཉེན་ཞུ་དང་༔ སྐུ་ལ་ཟབ་བེར་ཆོས་གོས་གསུམ༔ ཕོད་ཁ་དམར་པོ་གསེར་བཀྲ་གསོལ༔ འཇའ་ཚོན་འོད་ལྔའི་གུར་ཁང་དབུས༔ འཇའ་ལུས་སྒྱུ་མའི་སྐུ་རུ་གསལ༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་འཕྲོས་དབྱིངས་ནས་སྤྱན་དྲངས་བསྟིམ༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སརྦ་མ་ཧཱ་གུ་རུ་ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿཅི་མང་བརྗོད་མཐར༔ བླ་མའི་སྐུ་གསུང་ཐུགས་གསང་ལས༔ འོད་ཕུང་དཀར་དམར་མཐིང་གསུམ་འཕྲོས༔ རང་གི་སྒོ་གསུམ་ལ་ཐིམ་པས༔ སྒྲིབ་གཉིས་བག་ཆགས་ཐམས་ཅད་དག༔ དབང་བཞི་ཡོངས་སུ་རྫོགས་པར་བྱས༔ སྐུ་བཞིའི་ས་བོན་རྒྱུད་ལ་བཞག༔ སླར་ཡང་བླ་མ་འོད་དུ་ཞུ༔ རང་གི་སྒོ་གསུམ་ལ་ཐིམ་པས༔ སྣང་བ་ཐམས་ཅད་དབང་དྲག་དལ༔ སྲིད་པ་སྒྱུ་འཕྲུལ་རོལ་པའི་ལྷ༔ བཀོད་པ་རབ་རྫོགས་གཞལ་ཡས་སུ༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རང་ཉིད་བདུད་འདུལ་དྲག་པོ་རྩལ༔ སྨུག་ནག་མདངས་ལྡན་ཞི་མ་ཁྲོ༔ ཞབས་གཉིས་རྒྱལ་པོ་རོལ་སྟབས་བཞུགས༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ཕྱར༔ གཡོན་པས་ལྕགས་ཕུར་ས་ལ་གཟིར༔ དར་གྱི་ལྭའུ་དམར་སྨུག་དང་༔ སྐུ་སྨད་དར་ཤམ་མཐིང་ནག་གསོལ༔ རལ་པ་ཐོར་ཅོག་གླེགས་བམ་བཅིངས༔ ཡངས་སྲབ་དར་གྱི་ན་བཟའ་གསོལ༔ འཇའ་འོད་མེ་དཔུང་འབར་བའི་ཀློང་༔ ཡེ་ཤེས་སྒྱུ་མའི་སྐུ་རུ་གསལ༔ ཁམས་གསུམ་མ་ལུས་དབང་སྡུད་ཅིང་༔ སྲིད་གསུམ་ཟིལ་གྱིས་གནོན་པར་བསྐྱེད༔ ཉི་མ་དང་ནི་འོད་ཟེར་བཞིན༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་རྩལ༔ བརྒྱུད་གསུམ་རིག་འཛིན་བླ་མ་རྫོགས༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ རང་སྣང་དོན་གྱི་འོག་མིན་ནས༔ རིག་འཛིན་བླ་མ་རྒྱ་མཚོའི་ཚོགས༔ སྤྱན་དྲངས་གཉིས་སུ་མེད་པར་གྱུར༔ དེ་ནས་སྤྱན་འདྲེན་པ་ལ༔ ཧཱུྃ༔ འོག་མིན་དག་པ་མཁའ་སྤྱོད་ཞིང་༔ དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ རིག་འཛིན་བརྒྱུད་པའི་བླ་མ་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སརྦ་གུ་རུ་བིདྱཱ་དྷ་ར་ཨེ་ཨ་རལླི་ཕེཾ་ཕེཾ་བཛྲ་ས་མ་ཡ་ཛ་ཛཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཨེ་མ༔ ལྷ་ཉིད་རང་ལ་རང་ཉིད་ལྷ༔ ཟུང་འཇུག་བདེ་བ་ཆེན་པོར་བཞུགས༔ དེ་ནས་ཕྱག་འཚལ་བ་ལ༔ ན་མོ༔ དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ དངོས་གྲུབ་ཀུན་གྱི་འབྱུང་གནས་མཆོག༔ རིགས་དང་དཀྱིལ་འཁོར་ཀུན་གྱི་བདག༔ མི་ཕྱེད་དད་པས་གུས་ཕྱག་འཚལ༔ དེ་ནས་མཆོད་པ་འབུལ་བ་ལ༔ ཧཱུྃ༔ སྟོང་གསུམ་མི་མཇེད་མཐའ་ཡས་ན༔ ལྷ་ཀླུ་མི་ཡི་ལོངས་སྤྱོད་དཔལ༔ འདོད་ཡོན་ནམ་མཁའི་མཛོད་དུ་འབུལ༔ བདག་གི་ཚོགས་རྫོགས་སྒྲིབ་དག་ནས༔ དམ་པ་སྐུ་གཉིས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་མ་ཧཱ་གུ་རུ་བིདྱཱ་དྷ་ར་ས་པ་རི་ཝཱ་ར་ཨརྒྷཾ་སོགས༔ ཤཔྡ་མ་ཧཱ་རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་སོགས༔ ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཧོཿདེ་ནས་བསྟོད་པ་བྱ་བ་ལ༔ ན་མོ༔ བླ་མ་སངས་རྒྱས་བླ་མ་ཆོས༔ བླ་མ་དགེ་འདུན་འདུས་པའི་མཆོག༔ ཁྱབ་བདག་སྤྱི་དཔལ་ཆེན་པོ་ལ༔ རྣམ་གསུམ་དད་པས་ཕྱག་འཚལ་བསྟོད༔ དེ་ནས་འཛབ་དམིགས་ནི༔ རང་ཉིད་རིག་འདུས་བླ་མ་ཡི༔ ཐུགས་ཀར་པདྨ་ཟླ་གདན་ལ༔ ཀུན་བཟང་མཐིང་ག་མཉམ་བཞག་ཅན༔ གཅེར་བུ་རྒྱན་མེད་འོད་ཕུང་འབར༔ དེ་ཡི་ཐུགས་ཀར་ཉི་གདན་ལ༔ རྡོ་རྗེ་རྩེ་དགུའི་ལྟེ་བ་རུ༔ ཧཱུྃ་མཐིང་ཉིད་ལ་སྔགས་ཀྱིས་བསྐོར༔ འོད་འཕྲོས་བརྒྱུད་གསུམ་བླ་མ་དང་༔ རྒྱལ་བ་སྲས་དང་བཅས་པ་རྣམས༔ འོད་ཀྱི་རྣམ་པར་སྤྱན་དྲངས་བསྟིམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དེ་ནས་དྲིལ་སྔགས་བཟླ་བ་ལ༔ ཧཱུྃ་བཛྲ་གུ་རུ་བཛྲ་ཀྲོ་ཏ་ཧཱུྃ་བཾ་ཧ་རི་ནི་ས་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཀྲོ་ཏ་བཾ་ཧ་རི་ནི་ས་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ བསྙེན་སྔགས་འབུམ་ཕྲག་ཉི་ཤུ་ཚད༔ དུས་ཀྱི་བསྙེན་པ་དེའི་བཞི་འགྱུར༔ སྒྲུབ་སྔགས་ཉིས་འགྱུར་བྱ་བ་དང་༔ ལས་སྦྱོར་ཕྱེད་ཆ་ཙམ་དུ་བཟླ༔ བསྐྱེད་རིམ་གནད་དང་ལྡན་གྱུར་ན༔ ཟླ་བ་དྲུག་གི་དངོས་གྲུབ་ཐོབ༔ ཤེས་པ་གཞན་དུ་མི་ཡེངས་ཤིང་༔ ལྷ་ཡི་ང་རྒྱལ་དང་འགྲོགས་བྱ༔ མི་ཚིག་དག་གི་བར་མི་གཅོད༔ སྔགས་ནི་ཆུ་བོའི་རྒྱུན་བཞིན་བཟླ༔ སྟན་གྱི་དྲོད་མ་ཡལ་བ་རུ༔ སྡོད་ཚུགས་པ་ནི་སྒྲུབ་པའི་གནད༔ འདི་ནི་སྒྲུབ་པ་ཀུན་གྱི་བཅུད༔ རྒྱལ་ཀུན་སྲོག་གི་ཡང་ཐིག་སྟེ༔ ཚུལ་བཞིན་ཉམས་སུ་ལེན་པ་ཡི༔ སྐལ་བ་བཟང་པོའི་སྐྱེས་བུ་རྣམས༔ རིང་པོར་མི་ཐོགས་མངོན་སངས་རྒྱས༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ དམ་ལྡན་སྐྱེས་བུའི་སྲུང་མ་མཛོད༔ བསྟན་པའི་རཱུ་དྲའི་སྲོག་ལ་ཡ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཡང་རྣལ་འབྱོར་དྷརྨ་ཤྲཱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དུས་གསུམ་དུ་དགེ་བར་གྱུར་ཅིག།སརྦ་མངྒ་ལཾ།།།།[[Category:Wyckibaat]]
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=12
|volumeLetter=NA
|textnuminvol=043
|pdflink=File:TTDL-ZABTER-12-NA-043.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-12-NA
}}
<h1>Tibetan Text</h1>
<onlyinclude>
{{TibP|༠༠༠༠༠བརྡ་ཡིག༢༥༡ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ བླ་མའི་སྒྲུབ་པ་རྡོ་རྗེའི་གྲོང་འཇུག་བཞུགས་སོ༔  
༠༠༠༠༠བརྡ་ཡིག༢༥༢ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བླ་མ་མཆོག་ལ་རྟེན་བཅས་ཏེ༔ དད་དང་ལྡན་པའི་སྐྱེས་བུ་ཡི༔ སྒོ་གསུམ་རྡོ་རྗེའི་གྲོང་འཕོ་བའི༔ གདམས་པའི་ཡང་ཐིག་འདི་ཀའོ༔ ཤེས་པ་གཞན་དུ་མི་ཡེངས་པར༔ ཏིང་འཛིན་གསལ་བའི་ངང་ཉིད་ལས༔ ཧཱུྃ༔ རང་གི་སྤྱི་བོར་པདྨ་དང་༔ ཉི་མ་ཟླ་བ་བརྩེགས་པའི་སྟེང་༔ རྡོ་རྗེའི་བླ་མ་པདྨ་འབྱུང་༔ སེར་གསལ་མདངས་ལྡན་མཚན་དཔེས་སྤྲས༔ ཕྱག་གཡས་གསེར་རྡོར་གཡོན་པ་ན༔ ཐོད་བུམ་རྡོ་རྗེ་ནོར་བུ་བསྣམས༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ དབུ་ལ་ཤ་བའི་མཉེན་ཞུ་དང་༔ སྐུ་ལ་ཟབ་བེར་ཆོས་གོས་གསུམ༔ ཕོད་ཁ་དམར་པོ་གསེར་བཀྲ་གསོལ༔ འཇའ་ཚོན་འོད་ལྔའི་གུར་ཁང་དབུས༔ འཇའ་ལུས་སྒྱུ་མའི་སྐུ་རུ་གསལ༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་འཕྲོས་དབྱིངས་ནས་སྤྱན་དྲངས་བསྟིམ༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སརྦ་མ་ཧཱ་གུ་རུ་ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿཅི་མང་བརྗོད་མཐར༔ བླ་མའི་སྐུ་གསུང་ཐུགས་གསང་ལས༔ འོད་ཕུང་དཀར་དམར་མཐིང་གསུམ་འཕྲོས༔ རང་གི་སྒོ་གསུམ་ལ་ཐིམ་པས༔ སྒྲིབ་གཉིས་བག་ཆགས་ཐམས་ཅད་དག༔ དབང་བཞི་ཡོངས་སུ་རྫོགས་པར་བྱས༔ སྐུ་བཞིའི་ས་བོན་རྒྱུད་ལ་བཞག༔ སླར་ཡང་བླ་མ་འོད་དུ་ཞུ༔ རང་གི་སྒོ་གསུམ་ལ་ཐིམ་པས༔ སྣང་བ་ཐམས་ཅད་དབང་དྲག་དལ༔ སྲིད་པ་སྒྱུ་འཕྲུལ་རོལ་པའི་ལྷ༔ བཀོད་པ་རབ་རྫོགས་གཞལ་ཡས་སུ༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རང་ཉིད་བདུད་འདུལ་དྲག་པོ་རྩལ༔ སྨུག་ནག་མདངས་ལྡན་ཞི་མ་ཁྲོ༔ ཞབས་གཉིས་རྒྱལ་པོ་རོལ་སྟབས་བཞུགས༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ཕྱར༔ གཡོན་པས་ལྕགས་ཕུར་ས་ལ་གཟིར༔ དར་གྱི་ལྭའུ་དམར་སྨུག་དང་༔ སྐུ་སྨད་དར་ཤམ་མཐིང་ནག་གསོལ༔ རལ་པ་ཐོར་ཅོག་གླེགས་བམ་བཅིངས༔ ཡངས་སྲབ་དར་གྱི་ན་བཟའ་གསོལ༔ འཇའ་འོད་མེ་དཔུང་འབར་བའི་ཀློང་༔ ཡེ་ཤེས་སྒྱུ་མའི་སྐུ་རུ་གསལ༔ ཁམས་གསུམ་མ་ལུས་དབང་སྡུད་ཅིང་༔ སྲིད་གསུམ་ཟིལ་གྱིས་གནོན་པར་བསྐྱེད༔ ཉི་མ་དང་ནི་འོད་ཟེར་བཞིན༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་རྩལ༔ བརྒྱུད་གསུམ་རིག་འཛིན་བླ་མ་རྫོགས༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ རང་སྣང་དོན་གྱི་འོག་མིན་ནས༔ རིག་འཛིན་བླ་མ་རྒྱ་མཚོའི་ཚོགས༔ སྤྱན་དྲངས་གཉིས་སུ་མེད་པར་གྱུར༔ དེ་ནས་སྤྱན་འདྲེན་པ་ལ༔ ཧཱུྃ༔ འོག་མིན་དག་པ་མཁའ་སྤྱོད་ཞིང་༔ དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ རིག་འཛིན་བརྒྱུད་པའི་བླ་མ་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སརྦ་གུ་རུ་བིདྱཱ་དྷ་ར་ཨེ་ཨ་རལླི་ཕེཾ་ཕེཾ་བཛྲ་ས་མ་ཡ་ཛ་ཛཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཨེ་མ༔ ལྷ་ཉིད་རང་ལ་རང་ཉིད་ལྷ༔ ཟུང་འཇུག་བདེ་བ་ཆེན་པོར་བཞུགས༔ དེ་ནས་ཕྱག་འཚལ་བ་ལ༔ ན་མོ༔ དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ དངོས་གྲུབ་ཀུན་གྱི་འབྱུང་གནས་མཆོག༔ རིགས་དང་དཀྱིལ་འཁོར་ཀུན་གྱི་བདག༔ མི་ཕྱེད་དད་པས་གུས་ཕྱག་འཚལ༔ དེ་ནས་མཆོད་པ་འབུལ་བ་ལ༔ ཧཱུྃ༔ སྟོང་གསུམ་མི་མཇེད་མཐའ་ཡས་ན༔ ལྷ་ཀླུ་མི་ཡི་ལོངས་སྤྱོད་དཔལ༔ འདོད་ཡོན་ནམ་མཁའི་མཛོད་དུ་འབུལ༔ བདག་གི་ཚོགས་རྫོགས་སྒྲིབ་དག་ནས༔ དམ་པ་སྐུ་གཉིས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་མ་ཧཱ་གུ་རུ་བིདྱཱ་དྷ་ར་ས་པ་རི་ཝཱ་ར་ཨརྒྷཾ་སོགས༔ ཤཔྡ་མ་ཧཱ་རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་སོགས༔ ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཧོཿདེ་ནས་བསྟོད་པ་བྱ་བ་ལ༔ ན་མོ༔ བླ་མ་སངས་རྒྱས་བླ་མ་ཆོས༔ བླ་མ་དགེ་འདུན་འདུས་པའི་མཆོག༔ ཁྱབ་བདག་སྤྱི་དཔལ་ཆེན་པོ་ལ༔ རྣམ་གསུམ་དད་པས་ཕྱག་འཚལ་བསྟོད༔ དེ་ནས་འཛབ་དམིགས་ནི༔ རང་ཉིད་རིག་འདུས་བླ་མ་ཡི༔ ཐུགས་ཀར་པདྨ་ཟླ་གདན་ལ༔ ཀུན་བཟང་མཐིང་ག་མཉམ་བཞག་ཅན༔ གཅེར་བུ་རྒྱན་མེད་འོད་ཕུང་འབར༔ དེ་ཡི་ཐུགས་ཀར་ཉི་གདན་ལ༔ རྡོ་རྗེ་རྩེ་དགུའི་ལྟེ་བ་རུ༔ ཧཱུྃ་མཐིང་ཉིད་ལ་སྔགས་ཀྱིས་བསྐོར༔ འོད་འཕྲོས་བརྒྱུད་གསུམ་བླ་མ་དང་༔ རྒྱལ་བ་སྲས་དང་བཅས་པ་རྣམས༔ འོད་ཀྱི་རྣམ་པར་སྤྱན་དྲངས་བསྟིམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དེ་ནས་དྲིལ་སྔགས་བཟླ་བ་ལ༔ ཧཱུྃ་བཛྲ་གུ་རུ་བཛྲ་ཀྲོ་ཏ་ཧཱུྃ་བཾ་ཧ་རི་ནི་ས་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཀྲོ་ཏ་བཾ་ཧ་རི་ནི་ས་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ བསྙེན་སྔགས་འབུམ་ཕྲག་ཉི་ཤུ་ཚད༔ དུས་ཀྱི་བསྙེན་པ་དེའི་བཞི་འགྱུར༔ སྒྲུབ་སྔགས་ཉིས་འགྱུར་བྱ་བ་དང་༔ ལས་སྦྱོར་ཕྱེད་ཆ་ཙམ་དུ་བཟླ༔ བསྐྱེད་རིམ་གནད་དང་ལྡན་གྱུར་ན༔ ཟླ་བ་དྲུག་གི་དངོས་གྲུབ་ཐོབ༔ ཤེས་པ་གཞན་དུ་མི་ཡེངས་ཤིང་༔ ལྷ་ཡི་ང་རྒྱལ་དང་འགྲོགས་བྱ༔ མི་ཚིག་དག་གི་བར་མི་གཅོད༔ སྔགས་ནི་ཆུ་བོའི་རྒྱུན་བཞིན་བཟླ༔ སྟན་གྱི་དྲོད་མ་ཡལ་བ་རུ༔ སྡོད་ཚུགས་པ་ནི་སྒྲུབ་པའི་གནད༔ འདི་ནི་སྒྲུབ་པ་ཀུན་གྱི་བཅུད༔ རྒྱལ་ཀུན་སྲོག་གི་ཡང་ཐིག་སྟེ༔ ཚུལ་བཞིན་ཉམས་སུ་ལེན་པ་ཡི༔ སྐལ་བ་བཟང་པོའི་སྐྱེས་བུ་རྣམས༔ རིང་པོར་མི་ཐོགས་མངོན་སངས་རྒྱས༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ དམ་ལྡན་སྐྱེས་བུའི་སྲུང་མ་མཛོད༔ བསྟན་པའི་རཱུ་དྲའི་སྲོག་ལ་ཡ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཡང་རྣལ་འབྱོར་དྷརྨ་ཤྲཱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དུས་གསུམ་དུ་དགེ་བར་གྱུར་ཅིག།སརྦ་མངྒ་ལཾ།།།།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:45, 4 June 2024

Wylie title TTDL-ZABTER-12-NA-043.pdf
Location bdud 'joms gling pa zab gter
Volume 12, Text 43, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠༠བརྡ་ཡིག༢༥༡ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ བླ་མའི་སྒྲུབ་པ་རྡོ་རྗེའི་གྲོང་འཇུག་བཞུགས་སོ༔ ༠༠༠༠༠བརྡ་ཡིག༢༥༢ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བླ་མ་མཆོག་ལ་རྟེན་བཅས་ཏེ༔ དད་དང་ལྡན་པའི་སྐྱེས་བུ་ཡི༔ སྒོ་གསུམ་རྡོ་རྗེའི་གྲོང་འཕོ་བའི༔ གདམས་པའི་ཡང་ཐིག་འདི་ཀའོ༔ ཤེས་པ་གཞན་དུ་མི་ཡེངས་པར༔ ཏིང་འཛིན་གསལ་བའི་ངང་ཉིད་ལས༔ ཧཱུྃ༔ རང་གི་སྤྱི་བོར་པདྨ་དང་༔ ཉི་མ་ཟླ་བ་བརྩེགས་པའི་སྟེང་༔ རྡོ་རྗེའི་བླ་མ་པདྨ་འབྱུང་༔ སེར་གསལ་མདངས་ལྡན་མཚན་དཔེས་སྤྲས༔ ཕྱག་གཡས་གསེར་རྡོར་གཡོན་པ་ན༔ ཐོད་བུམ་རྡོ་རྗེ་ནོར་བུ་བསྣམས༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ དབུ་ལ་ཤ་བའི་མཉེན་ཞུ་དང་༔ སྐུ་ལ་ཟབ་བེར་ཆོས་གོས་གསུམ༔ ཕོད་ཁ་དམར་པོ་གསེར་བཀྲ་གསོལ༔ འཇའ་ཚོན་འོད་ལྔའི་གུར་ཁང་དབུས༔ འཇའ་ལུས་སྒྱུ་མའི་སྐུ་རུ་གསལ༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་འཕྲོས་དབྱིངས་ནས་སྤྱན་དྲངས་བསྟིམ༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སརྦ་མ་ཧཱ་གུ་རུ་ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿཅི་མང་བརྗོད་མཐར༔ བླ་མའི་སྐུ་གསུང་ཐུགས་གསང་ལས༔ འོད་ཕུང་དཀར་དམར་མཐིང་གསུམ་འཕྲོས༔ རང་གི་སྒོ་གསུམ་ལ་ཐིམ་པས༔ སྒྲིབ་གཉིས་བག་ཆགས་ཐམས་ཅད་དག༔ དབང་བཞི་ཡོངས་སུ་རྫོགས་པར་བྱས༔ སྐུ་བཞིའི་ས་བོན་རྒྱུད་ལ་བཞག༔ སླར་ཡང་བླ་མ་འོད་དུ་ཞུ༔ རང་གི་སྒོ་གསུམ་ལ་ཐིམ་པས༔ སྣང་བ་ཐམས་ཅད་དབང་དྲག་དལ༔ སྲིད་པ་སྒྱུ་འཕྲུལ་རོལ་པའི་ལྷ༔ བཀོད་པ་རབ་རྫོགས་གཞལ་ཡས་སུ༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རང་ཉིད་བདུད་འདུལ་དྲག་པོ་རྩལ༔ སྨུག་ནག་མདངས་ལྡན་ཞི་མ་ཁྲོ༔ ཞབས་གཉིས་རྒྱལ་པོ་རོལ་སྟབས་བཞུགས༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ཕྱར༔ གཡོན་པས་ལྕགས་ཕུར་ས་ལ་གཟིར༔ དར་གྱི་ལྭའུ་དམར་སྨུག་དང་༔ སྐུ་སྨད་དར་ཤམ་མཐིང་ནག་གསོལ༔ རལ་པ་ཐོར་ཅོག་གླེགས་བམ་བཅིངས༔ ཡངས་སྲབ་དར་གྱི་ན་བཟའ་གསོལ༔ འཇའ་འོད་མེ་དཔུང་འབར་བའི་ཀློང་༔ ཡེ་ཤེས་སྒྱུ་མའི་སྐུ་རུ་གསལ༔ ཁམས་གསུམ་མ་ལུས་དབང་སྡུད་ཅིང་༔ སྲིད་གསུམ་ཟིལ་གྱིས་གནོན་པར་བསྐྱེད༔ ཉི་མ་དང་ནི་འོད་ཟེར་བཞིན༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་རྩལ༔ བརྒྱུད་གསུམ་རིག་འཛིན་བླ་མ་རྫོགས༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ རང་སྣང་དོན་གྱི་འོག་མིན་ནས༔ རིག་འཛིན་བླ་མ་རྒྱ་མཚོའི་ཚོགས༔ སྤྱན་དྲངས་གཉིས་སུ་མེད་པར་གྱུར༔ དེ་ནས་སྤྱན་འདྲེན་པ་ལ༔ ཧཱུྃ༔ འོག་མིན་དག་པ་མཁའ་སྤྱོད་ཞིང་༔ དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ རིག་འཛིན་བརྒྱུད་པའི་བླ་མ་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སརྦ་གུ་རུ་བིདྱཱ་དྷ་ར་ཨེ་ཨ་རལླི་ཕེཾ་ཕེཾ་བཛྲ་ས་མ་ཡ་ཛ་ཛཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཨེ་མ༔ ལྷ་ཉིད་རང་ལ་རང་ཉིད་ལྷ༔ ཟུང་འཇུག་བདེ་བ་ཆེན་པོར་བཞུགས༔ དེ་ནས་ཕྱག་འཚལ་བ་ལ༔ ན་མོ༔ དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ དངོས་གྲུབ་ཀུན་གྱི་འབྱུང་གནས་མཆོག༔ རིགས་དང་དཀྱིལ་འཁོར་ཀུན་གྱི་བདག༔ མི་ཕྱེད་དད་པས་གུས་ཕྱག་འཚལ༔ དེ་ནས་མཆོད་པ་འབུལ་བ་ལ༔ ཧཱུྃ༔ སྟོང་གསུམ་མི་མཇེད་མཐའ་ཡས་ན༔ ལྷ་ཀླུ་མི་ཡི་ལོངས་སྤྱོད་དཔལ༔ འདོད་ཡོན་ནམ་མཁའི་མཛོད་དུ་འབུལ༔ བདག་གི་ཚོགས་རྫོགས་སྒྲིབ་དག་ནས༔ དམ་པ་སྐུ་གཉིས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་མ་ཧཱ་གུ་རུ་བིདྱཱ་དྷ་ར་ས་པ་རི་ཝཱ་ར་ཨརྒྷཾ་སོགས༔ ཤཔྡ་མ་ཧཱ་རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་སོགས༔ ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཧོཿདེ་ནས་བསྟོད་པ་བྱ་བ་ལ༔ ན་མོ༔ བླ་མ་སངས་རྒྱས་བླ་མ་ཆོས༔ བླ་མ་དགེ་འདུན་འདུས་པའི་མཆོག༔ ཁྱབ་བདག་སྤྱི་དཔལ་ཆེན་པོ་ལ༔ རྣམ་གསུམ་དད་པས་ཕྱག་འཚལ་བསྟོད༔ དེ་ནས་འཛབ་དམིགས་ནི༔ རང་ཉིད་རིག་འདུས་བླ་མ་ཡི༔ ཐུགས་ཀར་པདྨ་ཟླ་གདན་ལ༔ ཀུན་བཟང་མཐིང་ག་མཉམ་བཞག་ཅན༔ གཅེར་བུ་རྒྱན་མེད་འོད་ཕུང་འབར༔ དེ་ཡི་ཐུགས་ཀར་ཉི་གདན་ལ༔ རྡོ་རྗེ་རྩེ་དགུའི་ལྟེ་བ་རུ༔ ཧཱུྃ་མཐིང་ཉིད་ལ་སྔགས་ཀྱིས་བསྐོར༔ འོད་འཕྲོས་བརྒྱུད་གསུམ་བླ་མ་དང་༔ རྒྱལ་བ་སྲས་དང་བཅས་པ་རྣམས༔ འོད་ཀྱི་རྣམ་པར་སྤྱན་དྲངས་བསྟིམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དེ་ནས་དྲིལ་སྔགས་བཟླ་བ་ལ༔ ཧཱུྃ་བཛྲ་གུ་རུ་བཛྲ་ཀྲོ་ཏ་ཧཱུྃ་བཾ་ཧ་རི་ནི་ས་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཀྲོ་ཏ་བཾ་ཧ་རི་ནི་ས་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ བསྙེན་སྔགས་འབུམ་ཕྲག་ཉི་ཤུ་ཚད༔ དུས་ཀྱི་བསྙེན་པ་དེའི་བཞི་འགྱུར༔ སྒྲུབ་སྔགས་ཉིས་འགྱུར་བྱ་བ་དང་༔ ལས་སྦྱོར་ཕྱེད་ཆ་ཙམ་དུ་བཟླ༔ བསྐྱེད་རིམ་གནད་དང་ལྡན་གྱུར་ན༔ ཟླ་བ་དྲུག་གི་དངོས་གྲུབ་ཐོབ༔ ཤེས་པ་གཞན་དུ་མི་ཡེངས་ཤིང་༔ ལྷ་ཡི་ང་རྒྱལ་དང་འགྲོགས་བྱ༔ མི་ཚིག་དག་གི་བར་མི་གཅོད༔ སྔགས་ནི་ཆུ་བོའི་རྒྱུན་བཞིན་བཟླ༔ སྟན་གྱི་དྲོད་མ་ཡལ་བ་རུ༔ སྡོད་ཚུགས་པ་ནི་སྒྲུབ་པའི་གནད༔ འདི་ནི་སྒྲུབ་པ་ཀུན་གྱི་བཅུད༔ རྒྱལ་ཀུན་སྲོག་གི་ཡང་ཐིག་སྟེ༔ ཚུལ་བཞིན་ཉམས་སུ་ལེན་པ་ཡི༔ སྐལ་བ་བཟང་པོའི་སྐྱེས་བུ་རྣམས༔ རིང་པོར་མི་ཐོགས་མངོན་སངས་རྒྱས༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ དམ་ལྡན་སྐྱེས་བུའི་སྲུང་མ་མཛོད༔ བསྟན་པའི་རཱུ་དྲའི་སྲོག་ལ་ཡ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཡང་རྣལ་འབྱོར་དྷརྨ་ཤྲཱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དུས་གསུམ་དུ་དགེ་བར་གྱུར་ཅིག།སརྦ་མངྒ་ལཾ།།།།