TTDL-ZABTER-13-PA-035: Difference between revisions
From Dudjom Wiki
TTDL-ZABTER-13-PA-035
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གནོད་སྦྱིན་ཤན་པ་དམར་ནག་གི་གཉེར་གཏད་བསམ་དོན་ལྷུན་གྲུབ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༡༡༧མི་སྲུན་དྲེགས་པ་དམར་ནག་གི༔ སྒྲུབ་པ་ཉམས་སུ་ལེན་པ་ཡི༔ ནོར་རྫས་བདག་པོ་ལ་གཏད་བཞིན༔ སྲུང་སྐྱོབས་མེལ་རྩེ་མཛད་པའི་ཕྱིར༔ མཆོད་རྫས་དམར་གཏོར་སྐྱེམས་ཕུད་བཤམས༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ༔ རང་ཉིད་ཡི་དམ་ལྷར་གསལ་ཏེ༔ མདུན་གྱི་ནམ་མཁར་མཆོག་གསུམ་དང་༔ རྩ་གསུམ་རྒྱ་མཚོ་བསྐྱེད་ཅིང་གསལ༔ གཏའ་རུ་བཞག་ཅིང་དཔང་དུ་བཙུག༔ ཧོཿདགོངས་སུ་གསོལ་ལོ༔ པདྨ་དབང་གི་བདག་པོ༔ རྡོ་རྗེ་འཆང་གི་བཀའ་ཉན༔ བྱང་ཕྱོགས་གཏེར་གྱི་བདག་པོ༔ དྲེགས་པའི་སྡེ་དཔོན་ཆེན་པོ༔ ཧེ་ཆེན་བརྡལ་བའི་ཞིང་སྐྱོང་༔ རྫོགས་ཆེན་བཀའ་ཡི་སྲུང་མ༔ རྒྱལ་བའི་ཕྲིན་ལས་མངའ་བདག༔ རྣལ་འབྱོར་ཀུན་གྱི་དགྲ་ལྷ༔ ཆོས་འཁོར་སྐྱོང་བའི་ཆོས་སྐྱོང་༔ གཙུག་ལག་ཡོངས་ཀྱི་དཀོར་སྲུང་༔ དགྲ་བགེགས་ཕུང་བྱེད་ནག་པོ༔ ཞིང་བཅུའི་སྲོག་གི་ཤན་པ༔ དབང་དྲག་ལས་བྱེད་དམར་ནག༔ བཀའ་དང་དམ་ལ་གནས་པའི་དགེ་བསྙེན་ཆེན་པོ་དགོངས་སུ་གསོལ་ལོ༔ བཀའ་གཉན་དཔང་དུ་བཙུགས་ཏེ༔ དམ་ཚིག་གཏའ་རུ་བཞག་ནས༔ ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ སྦྲ་ཁང་གཙུག་ལག་མན་ཆད་ནས༔ ཞིང་ཁང་ཁ་ཐོར་ཡན་ཆད་ཀུན༔ འདི་དག་ཁྱོད་ཀྱི་མཁར་ཡིན་པས༔ མཁར་འདི་སྲུང་ལ་སྐྱབས་མཛོད་ཅིག༔ རྡོ་རྗེ་འཛིན་པ་མན་ཆད་ནས༔ བན་བཙུན་རྟགས་འཛིན་ཡན་ཆད་ཀུན༔ འདི་དག་ཁྱོད་ཀྱི་བསྲུང་ཡིན་ཏེ༔ བསྲུང་བྱ་སྲུངས་ལ་སྐྱབས་མཛོད་ཅིག༔ མི་དཔོན་རྗེ་རིགས་མན་ཆད་ནས༔ འཁོར་གྱི་བྲན་གཡོག་ཡན་ཆད་ཀུན༔ འདི་དག་ཁྱོད་ཀྱི་གྲོགས་ཡིན་ཏེ༔ གྲོགས་འདི་སྲུངས་ལ་སྐྱབས་མཛོད་ཅིག༔ རྒན་གྱི་ཕ་ཁུ་མན་ཆད་ནས༔ མདང་སྐྱེས་བུ་ཆུང་ཡན་ཆད་ཀུན༔ འདི་དག་ཁྱོད་ཀྱི་གྲོགས་རྩ་ཡིན༔ རྩ་ལག་སྐྱོངས་ལ་སྐྱབས་མཛོད་ཅིག༔ མ་དང་གསང་ཡུམ་མན་ཆད་ནས༔ འཁོར་གྱི་བུ་སྲིང་ཡན་ཆད་ཀུན༔ འདི་དག་ཁྱོད་ཀྱི་སྲིད་མཚོ་ཡིན༔ སྲིད་མཚོ་སྐྱོངས་ལ་སྐྱབས་མཛོད་ཅིག༔ གསེར་དངུལ་ཟངས་ལྕགས་མན་ཆད་ནས༔ གཟི་མཆོང་དུང་གཡུ་ཡན་ཆད་ཀུན༔ འདི་དག་ཁྱོད་ཀྱི་དཀོར་ཡིན་ཏེ༔ དཀོར་འདི་སྲུངས་ལ་སྐྱབས་མཛོད་ཅིག༔ དར་ཟབ་གཡང་ལུགས་མན་ཆད་ནས༔ གྲུ་གུ་སྐུད་པ་ཡན་ཆད་ཀུན༔ འདི་དག་ཁྱོད་ཀྱི་འབྲང་ཡིན་པས༔ འབྲང་འདི་སྐྱོངས་ལ་སྐྱབས་མཛོད་ཅིག༔ མདའ་མདུང་རལ་གྲི་མན་ཆད་ནས༔ ཁབ་འབིག་གྲི་ཆུང་ཡན་ཆད་ཀུན༔ འདི་དག་ཁྱོད་ཀྱི་མཚོན་ཡིན་ཏེ༔ མཚོན་འདི་སྐྱོངས་ལ་སྐྱབས་མཛོད་ཅིག༔ ཁྲབ་ཚོམ་བེམ་ཕུབ་མན་ཆད་ནས༔ ལྭ་བ་ཕྱིང་དཀར་ཡན་ཆད་ཀུན༔ འདི་དག་ཁྱོད་ཀྱི་གོ་དང་གོས༔ གོ་འདི་སྲུངས་ལ་སྐྱབས་མཛོད་ཅིག༔ རྟ་གླང་མཛོ་འབྲི་མན་ཆད་ནས༔ བེའུ་ལུག་མིང་སྲིང་ཡན་ཆད་ཀུན༔ འདི་དག་ཁྱོད་ཀྱི་ཕྱུགས་ཡིན་པས༔ ཕྱུགས་འདི་སྐྱོངས་ལ་སྐྱབས་མཛོད་ཅིག༔ མདོར་ན་བདག་ཅག་སྒྲུབ་པ་པོས༔ བདག་ཏུ་བཟུང་བའི་ཟས་ནོར་དང་༔ མཁོ་རྒུའི་ལོངས་སྤྱོད་ཅི་མཆིས་པ༔ དྲེགས་པའི་གཙོ་བོ་ཁྱོད་ལ་གཏད༔ ཉིན་དང་མཚན་མོ་དུས་ཀུན་ཏུ༔ བྱ་ར་མེལ་ཚེ་རྫི་བོ་མཛོད༔ དགྲ་འདྲེའི་དབང་དུ་མ་བཏང་ཞིག༔ གལ་ཏེ་དགྲ་དང་བགེགས་བྱུང་ན༔ དགྲ་བོའི་མི་དཔའ་རྟ་མགྱོགས་ཀྱི༔ དཔུང་པ་ཆོག་ལ་རྒྱུས་པ་ཆིངས༔ མགོ་བོ་ཆོད་ལ་དོན་སྙིང་ཕྱུངས༔ དགྲ་ཕམ་བདག་རྒྱལ་ཕྲིན་ལས་མཛོད༔ བགེགས་ཀྱི་སྦྱོར་བ་བཤིག་ནས་ཀྱང་༔ མཐུ་སྟོབས་ནུས་པ་བསད་པ་དང་༔ སྡུག་བསྔལ་ཉམས་སུ་མྱོང་བར་གྱིས༔ བསྐྲད་དང་བཟློག་བསྒྱུར་ཕྲིན་ལས་མཛོད༔ བདག་གི་ཆོས་སྲིད་མངའ་ཐང་ཀུན༔ ཡར་ངོའི་ཟླ་བ་ཇི་བཞིན་དུ༔ སྤེལ་ཞིང་འཕེལ་རྒྱས་ཕྲིན་ལས་མཛོད༔ བདག་གི་དགྲ་ལ་ཕར་རྒོལ་ཚེ༔ དགྲ་ཡིད་བསླུས་ལ་དགྲ་ལྕེ་ཆོད༔ ཁེ་དོན་རྒྱལ་ཁ་བདག་ལ་སྤྲོད༔ ཉེས་ཕམ་སྙིང་སྟོང་དགྲ་ལ་ཕོབ༔ མདོར་ན་བདག་གིས་གང་འདོད་པའི༔ རབ་འབྱམས་ཕྲིན་ལས་ཡོངས་གྲུབ་མཛོད༔ རྒྱན་གྱི་མཆོད་གཏོར་འདི་བཞེས་ལ༔ ཕ་མས་བུ་སྡུག་ཇི་བཞིན་སྐྱོངས༔ དགྱེས་པར་དགོངས་ལ་བྱམས་བརྩེ་ཡིས༔ བདག་ཅག་བདེ་ལེགས་མཛད་དུ་གསོལ༔ མ་གཡེལ་མ་འདའ་ས་མ་ཡ༔ དེ་ལྟར་བཅོལ་གཏམ་བྱས་པ་ཡིས༔ ལུས་དང་གྲིབ་བཞིན་འགྲོགས་པ་དང་༔ སྲུང་སྐྱོབ་གཉེར་ཁ་བྱེད་པ་དང་༔ གནོད་བྱེད་དགྲ་བགེགས་ཀུན་སྒྲོལ་བྱེད༔ མདོར་ན་རྣམ་བཞིའི་ཕྲིན་ལས་བསྒྲུབ༔ བཀྲ་ཤིས་དགེ་ལེགས་དཔལ་རྒྱས་འགྱུར༔ དྲེགས་པ་སྲོག་ལེན་དམར་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ བརྡ་ཐིམ༔ གུ་ཧྱ༔ ཞེས་པ་འདི་སྔགས་ཀྱི་སྐྱེས་བུ་ཀུན་བཟང་བསྟན་འཛིན་གྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་བཱིདྱ་བྷ་དྲའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།། | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=bdud 'joms gling pa zab gter | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|totalvolumes=21 | |||
|author=bdud 'joms gling pa | |||
|authortib=བདུད་འཇོམས་གླིང་པ་ | |||
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=13 | |||
|volumeLetter=PA | |||
|textnuminvol=035 | |||
|pdflink=File:TTDL-ZABTER-13-PA-035.pdf | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-13-PA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གནོད་སྦྱིན་ཤན་པ་དམར་ནག་གི་གཉེར་གཏད་བསམ་དོན་ལྷུན་གྲུབ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༡༡༧མི་སྲུན་དྲེགས་པ་དམར་ནག་གི༔ སྒྲུབ་པ་ཉམས་སུ་ལེན་པ་ཡི༔ ནོར་རྫས་བདག་པོ་ལ་གཏད་བཞིན༔ སྲུང་སྐྱོབས་མེལ་རྩེ་མཛད་པའི་ཕྱིར༔ མཆོད་རྫས་དམར་གཏོར་སྐྱེམས་ཕུད་བཤམས༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ༔ རང་ཉིད་ཡི་དམ་ལྷར་གསལ་ཏེ༔ མདུན་གྱི་ནམ་མཁར་མཆོག་གསུམ་དང་༔ རྩ་གསུམ་རྒྱ་མཚོ་བསྐྱེད་ཅིང་གསལ༔ གཏའ་རུ་བཞག་ཅིང་དཔང་དུ་བཙུག༔ ཧོཿདགོངས་སུ་གསོལ་ལོ༔ པདྨ་དབང་གི་བདག་པོ༔ རྡོ་རྗེ་འཆང་གི་བཀའ་ཉན༔ བྱང་ཕྱོགས་གཏེར་གྱི་བདག་པོ༔ དྲེགས་པའི་སྡེ་དཔོན་ཆེན་པོ༔ ཧེ་ཆེན་བརྡལ་བའི་ཞིང་སྐྱོང་༔ རྫོགས་ཆེན་བཀའ་ཡི་སྲུང་མ༔ རྒྱལ་བའི་ཕྲིན་ལས་མངའ་བདག༔ རྣལ་འབྱོར་ཀུན་གྱི་དགྲ་ལྷ༔ ཆོས་འཁོར་སྐྱོང་བའི་ཆོས་སྐྱོང་༔ གཙུག་ལག་ཡོངས་ཀྱི་དཀོར་སྲུང་༔ དགྲ་བགེགས་ཕུང་བྱེད་ནག་པོ༔ ཞིང་བཅུའི་སྲོག་གི་ཤན་པ༔ དབང་དྲག་ལས་བྱེད་དམར་ནག༔ བཀའ་དང་དམ་ལ་གནས་པའི་དགེ་བསྙེན་ཆེན་པོ་དགོངས་སུ་གསོལ་ལོ༔ བཀའ་གཉན་དཔང་དུ་བཙུགས་ཏེ༔ དམ་ཚིག་གཏའ་རུ་བཞག་ནས༔ ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ སྦྲ་ཁང་གཙུག་ལག་མན་ཆད་ནས༔ ཞིང་ཁང་ཁ་ཐོར་ཡན་ཆད་ཀུན༔ འདི་དག་ཁྱོད་ཀྱི་མཁར་ཡིན་པས༔ མཁར་འདི་སྲུང་ལ་སྐྱབས་མཛོད་ཅིག༔ རྡོ་རྗེ་འཛིན་པ་མན་ཆད་ནས༔ བན་བཙུན་རྟགས་འཛིན་ཡན་ཆད་ཀུན༔ འདི་དག་ཁྱོད་ཀྱི་བསྲུང་ཡིན་ཏེ༔ བསྲུང་བྱ་སྲུངས་ལ་སྐྱབས་མཛོད་ཅིག༔ མི་དཔོན་རྗེ་རིགས་མན་ཆད་ནས༔ འཁོར་གྱི་བྲན་གཡོག་ཡན་ཆད་ཀུན༔ འདི་དག་ཁྱོད་ཀྱི་གྲོགས་ཡིན་ཏེ༔ གྲོགས་འདི་སྲུངས་ལ་སྐྱབས་མཛོད་ཅིག༔ རྒན་གྱི་ཕ་ཁུ་མན་ཆད་ནས༔ མདང་སྐྱེས་བུ་ཆུང་ཡན་ཆད་ཀུན༔ འདི་དག་ཁྱོད་ཀྱི་གྲོགས་རྩ་ཡིན༔ རྩ་ལག་སྐྱོངས་ལ་སྐྱབས་མཛོད་ཅིག༔ མ་དང་གསང་ཡུམ་མན་ཆད་ནས༔ འཁོར་གྱི་བུ་སྲིང་ཡན་ཆད་ཀུན༔ འདི་དག་ཁྱོད་ཀྱི་སྲིད་མཚོ་ཡིན༔ སྲིད་མཚོ་སྐྱོངས་ལ་སྐྱབས་མཛོད་ཅིག༔ གསེར་དངུལ་ཟངས་ལྕགས་མན་ཆད་ནས༔ གཟི་མཆོང་དུང་གཡུ་ཡན་ཆད་ཀུན༔ འདི་དག་ཁྱོད་ཀྱི་དཀོར་ཡིན་ཏེ༔ དཀོར་འདི་སྲུངས་ལ་སྐྱབས་མཛོད་ཅིག༔ དར་ཟབ་གཡང་ལུགས་མན་ཆད་ནས༔ གྲུ་གུ་སྐུད་པ་ཡན་ཆད་ཀུན༔ འདི་དག་ཁྱོད་ཀྱི་འབྲང་ཡིན་པས༔ འབྲང་འདི་སྐྱོངས་ལ་སྐྱབས་མཛོད་ཅིག༔ མདའ་མདུང་རལ་གྲི་མན་ཆད་ནས༔ ཁབ་འབིག་གྲི་ཆུང་ཡན་ཆད་ཀུན༔ འདི་དག་ཁྱོད་ཀྱི་མཚོན་ཡིན་ཏེ༔ མཚོན་འདི་སྐྱོངས་ལ་སྐྱབས་མཛོད་ཅིག༔ ཁྲབ་ཚོམ་བེམ་ཕུབ་མན་ཆད་ནས༔ ལྭ་བ་ཕྱིང་དཀར་ཡན་ཆད་ཀུན༔ འདི་དག་ཁྱོད་ཀྱི་གོ་དང་གོས༔ གོ་འདི་སྲུངས་ལ་སྐྱབས་མཛོད་ཅིག༔ རྟ་གླང་མཛོ་འབྲི་མན་ཆད་ནས༔ བེའུ་ལུག་མིང་སྲིང་ཡན་ཆད་ཀུན༔ འདི་དག་ཁྱོད་ཀྱི་ཕྱུགས་ཡིན་པས༔ ཕྱུགས་འདི་སྐྱོངས་ལ་སྐྱབས་མཛོད་ཅིག༔ མདོར་ན་བདག་ཅག་སྒྲུབ་པ་པོས༔ བདག་ཏུ་བཟུང་བའི་ཟས་ནོར་དང་༔ མཁོ་རྒུའི་ལོངས་སྤྱོད་ཅི་མཆིས་པ༔ དྲེགས་པའི་གཙོ་བོ་ཁྱོད་ལ་གཏད༔ ཉིན་དང་མཚན་མོ་དུས་ཀུན་ཏུ༔ བྱ་ར་མེལ་ཚེ་རྫི་བོ་མཛོད༔ དགྲ་འདྲེའི་དབང་དུ་མ་བཏང་ཞིག༔ གལ་ཏེ་དགྲ་དང་བགེགས་བྱུང་ན༔ དགྲ་བོའི་མི་དཔའ་རྟ་མགྱོགས་ཀྱི༔ དཔུང་པ་ཆོག་ལ་རྒྱུས་པ་ཆིངས༔ མགོ་བོ་ཆོད་ལ་དོན་སྙིང་ཕྱུངས༔ དགྲ་ཕམ་བདག་རྒྱལ་ཕྲིན་ལས་མཛོད༔ བགེགས་ཀྱི་སྦྱོར་བ་བཤིག་ནས་ཀྱང་༔ མཐུ་སྟོབས་ནུས་པ་བསད་པ་དང་༔ སྡུག་བསྔལ་ཉམས་སུ་མྱོང་བར་གྱིས༔ བསྐྲད་དང་བཟློག་བསྒྱུར་ཕྲིན་ལས་མཛོད༔ བདག་གི་ཆོས་སྲིད་མངའ་ཐང་ཀུན༔ ཡར་ངོའི་ཟླ་བ་ཇི་བཞིན་དུ༔ སྤེལ་ཞིང་འཕེལ་རྒྱས་ཕྲིན་ལས་མཛོད༔ བདག་གི་དགྲ་ལ་ཕར་རྒོལ་ཚེ༔ དགྲ་ཡིད་བསླུས་ལ་དགྲ་ལྕེ་ཆོད༔ ཁེ་དོན་རྒྱལ་ཁ་བདག་ལ་སྤྲོད༔ ཉེས་ཕམ་སྙིང་སྟོང་དགྲ་ལ་ཕོབ༔ མདོར་ན་བདག་གིས་གང་འདོད་པའི༔ རབ་འབྱམས་ཕྲིན་ལས་ཡོངས་གྲུབ་མཛོད༔ རྒྱན་གྱི་མཆོད་གཏོར་འདི་བཞེས་ལ༔ ཕ་མས་བུ་སྡུག་ཇི་བཞིན་སྐྱོངས༔ དགྱེས་པར་དགོངས་ལ་བྱམས་བརྩེ་ཡིས༔ བདག་ཅག་བདེ་ལེགས་མཛད་དུ་གསོལ༔ མ་གཡེལ་མ་འདའ་ས་མ་ཡ༔ དེ་ལྟར་བཅོལ་གཏམ་བྱས་པ་ཡིས༔ ལུས་དང་གྲིབ་བཞིན་འགྲོགས་པ་དང་༔ སྲུང་སྐྱོབ་གཉེར་ཁ་བྱེད་པ་དང་༔ གནོད་བྱེད་དགྲ་བགེགས་ཀུན་སྒྲོལ་བྱེད༔ མདོར་ན་རྣམ་བཞིའི་ཕྲིན་ལས་བསྒྲུབ༔ བཀྲ་ཤིས་དགེ་ལེགས་དཔལ་རྒྱས་འགྱུར༔ དྲེགས་པ་སྲོག་ལེན་དམར་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ བརྡ་ཐིམ༔ གུ་ཧྱ༔ ཞེས་པ་འདི་སྔགས་ཀྱི་སྐྱེས་བུ་ཀུན་བཟང་བསྟན་འཛིན་གྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་བཱིདྱ་བྷ་དྲའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 09:46, 4 June 2024
| Wylie title | ||
|---|---|---|
| Location | bdud 'joms gling pa zab gter Volume 13, Text 35, Pages (Folios to ) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | ||
| More details More details | ||
| Genre | ||