TTDL-ZABTER-03-GA-029: Difference between revisions

From Dudjom Wiki
TTDL-ZABTER-03-GA-029
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གཉན་འཇོམས་སྟོབས་ལྡན་རིལ་བུ་དྲག་པོ་རྟ་ཕྱག་ཁྱུང་གསུམ་གྱི་ཕྲིན་ལས་ནུས་པ་ཐོགས་མེད་ཅེས་བྱ་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ མ་འོངས་དུས་ཀྱི་སྙིགས་མ་ལ༔ མི་བསྲུན་སྐྱེ་བོས་ལོག་སྤྱོད་ཀྱིས༔ སྲིད་པའི་མ་མོ་མཁའ་འགྲོ་འཁྲུགས༔ ཀླུ་གཉན་གདུག་པ་ཁ་དར་ཏེ༔ ཁ་རླངས་ནད་ཀྱི་ཡོ་ལང་འགྱེད༔ དེ་ཚེ་རྟ་མགྲིན་ནག་པོ་ཡི༔ རྣལ་འབྱོར་དག་གི་སྤྱོད་ཡུལ་དུ༔ བསྒྲུབ་དང་རྫས་སྦྱོར་རིལ་བུ་རྣམས༔ བརྟེན་ནས་འགྲོ་ལ་ཕན་འདོགས་བྱ༔ འདི་ཡི་ལག་ལེན་རིམ་པ་ལ༔ ཨ་རུ་སྨན་ཆེན་རུ་རྟ་དང་༔ སྒོག་གཅིག་མ་ནུ་རྒྱུ་ཁྲག་གླ་རྩི་དང་༔ ཡུངས་དཀར་ཡུངས་ནག་འཛིན་པ་དང་༔ མུར་སེར་མུར་ནག་ལན་ཚྭ་དང་༔ སྦྲུལ་ནག་དང་ནི་ཤུ་དག་ནག༔ གནམ་གྱི་རལ་པ་བྱང་བའི་ཤ༔ ར་ལུག་གཡག་ལུག་ར་གཞོབ་དང་༔ རྟ་དང་དྲེའུའི་རྨིག་གཞོབ་དང་༔ གླང་དམར་རྭ་གཞོབ་སྐྱེར་ཤུན་དང་༔ ཀླུ་བདུད་དཀར་ར་ལོག་ནག་ནག་ཆུང་ཏིག་ཏར་ཏིག་ཏ་ར་མགོསུམ་ཅུ་ཏིག་ཏ་དུག་མོ་ཉུང་བཅས༔ བསགས་ཏེ་རྟེན་འབྲེལ་སྙིང་པོ་དང་༔ དྲག་སྔགས་མེ་ལྕེའི་འཁོར་ལོ་ཡི༔ སྔགས་གྲངས་བརྒྱ་སྟོང་ཁྲི་འབུམ་བཏབ༔ དེ་ནས་ཞིབ་བཏགས་སྤྲུ་ནག་དང་༔ ཕུར་མོངནག་པོ༔ ཐང་བསྐོལ་བཏབ་བྱས་ཏེ༔ རིལ་བུ་སྲན་མ་འཕོས་པ་ཙམ༔ རམ་གྱི་ཁུ་བས་ན་བཟའ་གསོལ༔ བསང་སྦྱངས་ཁྲུས་བྱས་བུམ་པར་བླུགས༔ ཡང་ན་གླང་ནག་རྭ་རུ་བླུགས༔ རིལ་བུ་རྟ་ཕྱག་ཁྱུང་གསུམ་གྱི༔ ངོ་བོརའདི་ནི་ནང་གི་གཉན་འཇོམས་ཡིན་མཆན།དམིགས་ཏེ་བསྒྲུབ་པར་བྱ༔ དགོས་པའི་དུས་སུ་ཁྱུར་མིད་བཏང་༔ ཤ་དང་སྐྱུར་རིགས་སྤང་བར་བྱ༔ ཀླུ་གཉན་ནད་རྣམས་མ་ལུས་པ༔ གཞོམ་ཞིང་གསོད་པར་བྱ་བའི་མཆོག༔ ས་མ་ཡ༔ མེ་དབལ་ཤུ་བ་རྒྱ་ཐོར་ལ༔ སྨན་ཆེན་ཡུངས་དཀར་མུར་ནག་དང་༔ སྤྱང་ཚེར་འཛིན་པ་བདུད་རྩི་ལོ༔ སྲེ་མོང་ཏེའུ་ལོ་ཁྱུང་གསུམ་ཁྱུང་དམར་བྱ་ཁྲ༔ ཁྱུང་སེར་འོལ་བ་ཁྱུང་ནག་བྱ་རོག་ཤ༔ རྭ་ཡི་གཞོབ་དང་མུ་ཟི་སེར༔ ཁང་རྒན་དུད་པ་ཁྱུང་ནག་སྤུ་ཤུ་དག་ནག་པོ་སྤྲུ་ནག་བཅས༔ འབྲུ་མར་རམ་ནི་མར་རྙིང་གིས༔ དྲིལ་ཏེ་བྱུག་པས་མྱུར་དུ་འཚོ༔ མེ་ལྕེའི་འཁོར་ལོས་ངར་ཡང་བླུད༔ གཉན་འཇོམས་ཁྱུང་ཆེན་བཅོ་ཕྱི་ཡི་གཉན་འཇོམས་ཡིན་ནོ།།བརྒྱད་འདིས༔ གཉན་དང་ས་བདག་ཀླའི་ནུས་པ༔ མེ་སྟག་ཆུ་ཡིས་བསད་བཞིན་འགྱུར༔ ས་མ་ཡ༔ དེ་ནས་བསྐྱེད་པའི་རིམ་པ་ལ༔ རང་ཉིད་སྐད་ཅིག་གིས་ཧཱུྃ་ཡིག་མཐིང་ནག་མེ་དཔུང་འབར་བ་གཅིག་ཏུ་གྱུར༔ དེ་ལས་འོད་འཕྲོས་པས་དུག་གི་རྒྱ་མཚོ་འཁྱིལ་བའི་ཀློང་དུ༔ དུག་གི་རི་རབ་བཙན་དུག་ནག་པོའི་ངད་རླངས་འཕྱོ་བའི་ཀློང་དུ་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས༔ རང་ཉིད་དཔལ་ཆེན་རྟ་མགྲིན་ཡང་ཁྲོས་ནག་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་རལ་གྲི་དང་དབྱུག་ཏོ༔ གཡོན་གཉིས་མེ་དཔུང་དང་ཐོད་ཁྲག་བསྣམས་པ༔ སྤྱན་གསུམ་སྡང་མིག་ཏུ་གཡོ་བ༔ ཞལ་གདངས་ཤིང་ལྗགས་འདྲིལ་བ༔ ཁྲོ་གཉེར་ཆུའི་རླབས་བཞིན་དུ་འཁྲིགས་པ༔ སྨ་ར་དང་སྨིན་མ་ལས་མེའི་ཚྭ་ཚྭ་འཕྲོ་བ༔ སྤྱན་རྩ་ལས་གློག་སྟོང་འཁྱུག་ཅིང་༔ ཤངས་ནས་ཧཱུྃ་གི་རང་སྒྲ་འབྲུག་སྟོང་ལྟར་ལྡིར་བ༔ རལ་པ་དམར་སེར་གྱེན་དུ་བརྫེས་པའི་ཁྲོད་ན་རྟ་མགོ་ལྗང་ཞུར་རྟ་སྐད་ལྷང་ལྷང་འཚེར་བའི་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ༔ དུར་ཁྲོད་ཀྱི་ཆས་ཐམས་ཅད་ཀྱིས་བརྒྱན་པ༔ དུར་ཕག་ནག་མོ་མགོ་དགུ་པའི་སྟེང་དུ་ཞབས་གཉིས་གྱད་ཀྱི་འདོར་སྟབས་སུ་བསྒྲད་པ༔ སྤྱི་བོར་དུག་ཁྱུང་ནག་པོ་ལས་ཁྱུང་གི་ཚྭ་ཚྭ་སྐར་ལྟར་འཁྲུགས་པ༔ དེ་ཡང་ལྕགས་སྲེག་གི་རྭ་དང་མཆུ་སྡེར་ཅན་ཀླུ་གཉན་ས་བདག་ཐམས་ཅད་རྒྱ་མཚོའི་གཏིང་ནས་འདྲེན་ཅིང་མགོ་བོ་ཁར་བཅུག་ནས་ཟ་བ༔ ཡེ་ཤེས་ཀྱི་མེ་དཔུང་དམར་ནག་རབ་ཏུ་འབར་བ༔ རྟ་མགྲིན་ནག་པོའི་ཐུགས་ཀར་པདྨ་དང་ཉི་ཟླའི་གདན་ལ་གསང་བདག་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་གཡས་གནམ་ལྕགས་ཀྱི་རྡོ་རྗེ་དང་༔ གཡོན་སྦྲུལ་ཞགས་བསྣམས་པ་ཞབས་གཉིས་གྱད་ཀྱི་འདོར་སྟབས་སུ་བསྒྲད་པ༔ ཁྲོ་བོའི་ཆས་ཐམས་ཅད་ཡོངས་སུ་རྫོགས་པར་བསྐྱེད་དོ༔ གནས་གསུམ་རྡོ་རྗེ་སྙིང་པོ་ལས་འོད་འཕྲོས་པས་རང་འདྲ་བའི་ཡེ་ཤེས་སེམས་དཔའ་དཔག་ཏུ་མེད་པ་སྤྱན་དྲངས་ནས་རྒྱ་མཚོ་ཆེན་པོ་ལ་ཁ་ཆར་བབས་པ་ལྟར་བདག་དང་རིལ་བུ་རྣམས་ལ་སིབ་སིབ་ཐིམ་པས༔ རིལ་བུ་རྣམས་རྟ་ཕྱག་ཁྱུང་གསུམ་ཡོངས་སུ་རྫོགས་པའི་སྐུར་གྱུར་བར་བསྒོམ༔ སྔགས་བཟླས་པ་ཙམ་གྱི་བྱིན་རླབས་དང་གཟི་བརྗིད་ནུས་མཐུ་ཐམས་ཅད་རབ་ཏུ་བསྐྱེད་ཅིང་རྒྱས་པར་གྱུར༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་བཛྲ་པཱ་ཎི་ཁྲོཾ་ག་རུ་ཌ་ཧཱུྃ༔ བི་ན་ཤ་ག་ར་མཱ་ར་ཡ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ ཞེས་བཟླས་ཤིང་དྲག་ཏུ་སྒྲུབ་བོ༔ དེ་ལྟར་ཚུལ་བཞིན་གནད་ལྡན་པས༔ ཀླུ་གཉན་ས་བདག་ནད་རྣམས་ཀུན༔ བསྲེགས་ཤིང་གཞོམ་པར་ཐེ་མི་ཚོམ༔ ཁམས་གསུམ་གཡུལ་ལས་རྣམ་རྒྱལ་བའི༔ ཐབས་འདི་སྒྲུབ་པ་ཀུན་གྱི་མཆོག༔ བྱིན་རླབས་རྣོ་ནུས་དཔག་ཏུ་མེད༔ ཟབ་ལས་ཆེས་ཟབ་གསང་ཆེན་འདི༔ བཀའ་སྲུང་གནོད་སྦྱིན་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ སྒྲོ་སྐུར་མཁན་གྱི་དབང་པོ་སྣུབས༔ ས་མ་ཡ༔ ཨ་ཐམ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ གཏད་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཡང་ཁྲག་མཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ཅན་གྱི་གཏེར་གནས་ནས་བཏོན་ཏེ་མི་ལོ་བཞི་བཅུའི་བར་དུ་བཀའ་རྒྱས་བཏབ་མཐར་སློབ་བུ་ངག་དབང་ཕྲིན་ལས་ཞེས་བྱ་བས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་པའི་དགེ་བས་ཀླུ་གཉན་ས་བདག་གི་གནོད་པའི་ནད་རྣམས་གཞོམ་པའི་ཐོ་ལུམ་དུ་གྱུར་ཅིག།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=03
|volumeLetter=GA
|textnuminvol=029
|pdflink=File:TTDL-ZABTER-03-GA-029.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-03-GA
}}
<h1>Tibetan Text</h1>
<onlyinclude>
{{TibP|ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གཉན་འཇོམས་སྟོབས་ལྡན་རིལ་བུ་དྲག་པོ་རྟ་ཕྱག་ཁྱུང་གསུམ་གྱི་ཕྲིན་ལས་ནུས་པ་ཐོགས་མེད་ཅེས་བྱ་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ མ་འོངས་དུས་ཀྱི་སྙིགས་མ་ལ༔ མི་བསྲུན་སྐྱེ་བོས་ལོག་སྤྱོད་ཀྱིས༔ སྲིད་པའི་མ་མོ་མཁའ་འགྲོ་འཁྲུགས༔ ཀླུ་གཉན་གདུག་པ་ཁ་དར་ཏེ༔ ཁ་རླངས་ནད་ཀྱི་ཡོ་ལང་འགྱེད༔ དེ་ཚེ་རྟ་མགྲིན་ནག་པོ་ཡི༔ རྣལ་འབྱོར་དག་གི་སྤྱོད་ཡུལ་དུ༔ བསྒྲུབ་དང་རྫས་སྦྱོར་རིལ་བུ་རྣམས༔ བརྟེན་ནས་འགྲོ་ལ་ཕན་འདོགས་བྱ༔ འདི་ཡི་ལག་ལེན་རིམ་པ་ལ༔ ཨ་རུ་སྨན་ཆེན་རུ་རྟ་དང་༔ སྒོག་གཅིག་མ་ནུ་རྒྱུ་ཁྲག་གླ་རྩི་དང་༔ ཡུངས་དཀར་ཡུངས་ནག་འཛིན་པ་དང་༔ མུར་སེར་མུར་ནག་ལན་ཚྭ་དང་༔ སྦྲུལ་ནག་དང་ནི་ཤུ་དག་ནག༔ གནམ་གྱི་རལ་པ་བྱང་བའི་ཤ༔ ར་ལུག་གཡག་ལུག་ར་གཞོབ་དང་༔ རྟ་དང་དྲེའུའི་རྨིག་གཞོབ་དང་༔ གླང་དམར་རྭ་གཞོབ་སྐྱེར་ཤུན་དང་༔ ཀླུ་བདུད་དཀར་ར་ལོག་ནག་ནག་ཆུང་ཏིག་ཏར་ཏིག་ཏ་ར་མགོསུམ་ཅུ་ཏིག་ཏ་དུག་མོ་ཉུང་བཅས༔ བསགས་ཏེ་རྟེན་འབྲེལ་སྙིང་པོ་དང་༔ དྲག་སྔགས་མེ་ལྕེའི་འཁོར་ལོ་ཡི༔ སྔགས་གྲངས་བརྒྱ་སྟོང་ཁྲི་འབུམ་བཏབ༔ དེ་ནས་ཞིབ་བཏགས་སྤྲུ་ནག་དང་༔ ཕུར་མོངནག་པོ༔ ཐང་བསྐོལ་བཏབ་བྱས་ཏེ༔ རིལ་བུ་སྲན་མ་འཕོས་པ་ཙམ༔ རམ་གྱི་ཁུ་བས་ན་བཟའ་གསོལ༔ བསང་སྦྱངས་ཁྲུས་བྱས་བུམ་པར་བླུགས༔ ཡང་ན་གླང་ནག་རྭ་རུ་བླུགས༔ རིལ་བུ་རྟ་ཕྱག་ཁྱུང་གསུམ་གྱི༔ ངོ་བོརའདི་ནི་ནང་གི་གཉན་འཇོམས་ཡིན་མཆན།དམིགས་ཏེ་བསྒྲུབ་པར་བྱ༔ དགོས་པའི་དུས་སུ་ཁྱུར་མིད་བཏང་༔ ཤ་དང་སྐྱུར་རིགས་སྤང་བར་བྱ༔ ཀླུ་གཉན་ནད་རྣམས་མ་ལུས་པ༔ གཞོམ་ཞིང་གསོད་པར་བྱ་བའི་མཆོག༔ ས་མ་ཡ༔ མེ་དབལ་ཤུ་བ་རྒྱ་ཐོར་ལ༔ སྨན་ཆེན་ཡུངས་དཀར་མུར་ནག་དང་༔ སྤྱང་ཚེར་འཛིན་པ་བདུད་རྩི་ལོ༔ སྲེ་མོང་ཏེའུ་ལོ་ཁྱུང་གསུམ་ཁྱུང་དམར་བྱ་ཁྲ༔ ཁྱུང་སེར་འོལ་བ་ཁྱུང་ནག་བྱ་རོག་ཤ༔ རྭ་ཡི་གཞོབ་དང་མུ་ཟི་སེར༔ ཁང་རྒན་དུད་པ་ཁྱུང་ནག་སྤུ་ཤུ་དག་ནག་པོ་སྤྲུ་ནག་བཅས༔ འབྲུ་མར་རམ་ནི་མར་རྙིང་གིས༔ དྲིལ་ཏེ་བྱུག་པས་མྱུར་དུ་འཚོ༔ མེ་ལྕེའི་འཁོར་ལོས་ངར་ཡང་བླུད༔ གཉན་འཇོམས་ཁྱུང་ཆེན་བཅོ་ཕྱི་ཡི་གཉན་འཇོམས་ཡིན་ནོ།།བརྒྱད་འདིས༔ གཉན་དང་ས་བདག་ཀླའི་ནུས་པ༔ མེ་སྟག་ཆུ་ཡིས་བསད་བཞིན་འགྱུར༔ ས་མ་ཡ༔ དེ་ནས་བསྐྱེད་པའི་རིམ་པ་ལ༔ རང་ཉིད་སྐད་ཅིག་གིས་ཧཱུྃ་ཡིག་མཐིང་ནག་མེ་དཔུང་འབར་བ་གཅིག་ཏུ་གྱུར༔ དེ་ལས་འོད་འཕྲོས་པས་དུག་གི་རྒྱ་མཚོ་འཁྱིལ་བའི་ཀློང་དུ༔ དུག་གི་རི་རབ་བཙན་དུག་ནག་པོའི་ངད་རླངས་འཕྱོ་བའི་ཀློང་དུ་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས༔ རང་ཉིད་དཔལ་ཆེན་རྟ་མགྲིན་ཡང་ཁྲོས་ནག་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་རལ་གྲི་དང་དབྱུག་ཏོ༔ གཡོན་གཉིས་མེ་དཔུང་དང་ཐོད་ཁྲག་བསྣམས་པ༔ སྤྱན་གསུམ་སྡང་མིག་ཏུ་གཡོ་བ༔ ཞལ་གདངས་ཤིང་ལྗགས་འདྲིལ་བ༔ ཁྲོ་གཉེར་ཆུའི་རླབས་བཞིན་དུ་འཁྲིགས་པ༔ སྨ་ར་དང་སྨིན་མ་ལས་མེའི་ཚྭ་ཚྭ་འཕྲོ་བ༔ སྤྱན་རྩ་ལས་གློག་སྟོང་འཁྱུག་ཅིང་༔ ཤངས་ནས་ཧཱུྃ་གི་རང་སྒྲ་འབྲུག་སྟོང་ལྟར་ལྡིར་བ༔ རལ་པ་དམར་སེར་གྱེན་དུ་བརྫེས་པའི་ཁྲོད་ན་རྟ་མགོ་ལྗང་ཞུར་རྟ་སྐད་ལྷང་ལྷང་འཚེར་བའི་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ༔ དུར་ཁྲོད་ཀྱི་ཆས་ཐམས་ཅད་ཀྱིས་བརྒྱན་པ༔ དུར་ཕག་ནག་མོ་མགོ་དགུ་པའི་སྟེང་དུ་ཞབས་གཉིས་གྱད་ཀྱི་འདོར་སྟབས་སུ་བསྒྲད་པ༔ སྤྱི་བོར་དུག་ཁྱུང་ནག་པོ་ལས་ཁྱུང་གི་ཚྭ་ཚྭ་སྐར་ལྟར་འཁྲུགས་པ༔ དེ་ཡང་ལྕགས་སྲེག་གི་རྭ་དང་མཆུ་སྡེར་ཅན་ཀླུ་གཉན་ས་བདག་ཐམས་ཅད་རྒྱ་མཚོའི་གཏིང་ནས་འདྲེན་ཅིང་མགོ་བོ་ཁར་བཅུག་ནས་ཟ་བ༔ ཡེ་ཤེས་ཀྱི་མེ་དཔུང་དམར་ནག་རབ་ཏུ་འབར་བ༔ རྟ་མགྲིན་ནག་པོའི་ཐུགས་ཀར་པདྨ་དང་ཉི་ཟླའི་གདན་ལ་གསང་བདག་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་གཡས་གནམ་ལྕགས་ཀྱི་རྡོ་རྗེ་དང་༔ གཡོན་སྦྲུལ་ཞགས་བསྣམས་པ་ཞབས་གཉིས་གྱད་ཀྱི་འདོར་སྟབས་སུ་བསྒྲད་པ༔ ཁྲོ་བོའི་ཆས་ཐམས་ཅད་ཡོངས་སུ་རྫོགས་པར་བསྐྱེད་དོ༔ གནས་གསུམ་རྡོ་རྗེ་སྙིང་པོ་ལས་འོད་འཕྲོས་པས་རང་འདྲ་བའི་ཡེ་ཤེས་སེམས་དཔའ་དཔག་ཏུ་མེད་པ་སྤྱན་དྲངས་ནས་རྒྱ་མཚོ་ཆེན་པོ་ལ་ཁ་ཆར་བབས་པ་ལྟར་བདག་དང་རིལ་བུ་རྣམས་ལ་སིབ་སིབ་ཐིམ་པས༔ རིལ་བུ་རྣམས་རྟ་ཕྱག་ཁྱུང་གསུམ་ཡོངས་སུ་རྫོགས་པའི་སྐུར་གྱུར་བར་བསྒོམ༔ སྔགས་བཟླས་པ་ཙམ་གྱི་བྱིན་རླབས་དང་གཟི་བརྗིད་ནུས་མཐུ་ཐམས་ཅད་རབ་ཏུ་བསྐྱེད་ཅིང་རྒྱས་པར་གྱུར༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་བཛྲ་པཱ་ཎི་ཁྲོཾ་ག་རུ་ཌ་ཧཱུྃ༔ བི་ན་ཤ་ག་ར་མཱ་ར་ཡ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ ཞེས་བཟླས་ཤིང་དྲག་ཏུ་སྒྲུབ་བོ༔ དེ་ལྟར་ཚུལ་བཞིན་གནད་ལྡན་པས༔ ཀླུ་གཉན་ས་བདག་ནད་རྣམས་ཀུན༔ བསྲེགས་ཤིང་གཞོམ་པར་ཐེ་མི་ཚོམ༔ ཁམས་གསུམ་གཡུལ་ལས་རྣམ་རྒྱལ་བའི༔ ཐབས་འདི་སྒྲུབ་པ་ཀུན་གྱི་མཆོག༔ བྱིན་རླབས་རྣོ་ནུས་དཔག་ཏུ་མེད༔ ཟབ་ལས་ཆེས་ཟབ་གསང་ཆེན་འདི༔ བཀའ་སྲུང་གནོད་སྦྱིན་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ སྒྲོ་སྐུར་མཁན་གྱི་དབང་པོ་སྣུབས༔ ས་མ་ཡ༔ ཨ་ཐམ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ གཏད་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཡང་ཁྲག་མཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ཅན་གྱི་གཏེར་གནས་ནས་བཏོན་ཏེ་མི་ལོ་བཞི་བཅུའི་བར་དུ་བཀའ་རྒྱས་བཏབ་མཐར་སློབ་བུ་ངག་དབང་ཕྲིན་ལས་ཞེས་བྱ་བས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་པའི་དགེ་བས་ཀླུ་གཉན་ས་བདག་གི་གནོད་པའི་ནད་རྣམས་གཞོམ་པའི་ཐོ་ལུམ་དུ་གྱུར་ཅིག།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:48, 4 June 2024

Wylie title TTDL-ZABTER-03-GA-029.pdf
Location bdud 'joms gling pa zab gter
Volume 3, Text 29, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གཉན་འཇོམས་སྟོབས་ལྡན་རིལ་བུ་དྲག་པོ་རྟ་ཕྱག་ཁྱུང་གསུམ་གྱི་ཕྲིན་ལས་ནུས་པ་ཐོགས་མེད་ཅེས་བྱ་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ མ་འོངས་དུས་ཀྱི་སྙིགས་མ་ལ༔ མི་བསྲུན་སྐྱེ་བོས་ལོག་སྤྱོད་ཀྱིས༔ སྲིད་པའི་མ་མོ་མཁའ་འགྲོ་འཁྲུགས༔ ཀླུ་གཉན་གདུག་པ་ཁ་དར་ཏེ༔ ཁ་རླངས་ནད་ཀྱི་ཡོ་ལང་འགྱེད༔ དེ་ཚེ་རྟ་མགྲིན་ནག་པོ་ཡི༔ རྣལ་འབྱོར་དག་གི་སྤྱོད་ཡུལ་དུ༔ བསྒྲུབ་དང་རྫས་སྦྱོར་རིལ་བུ་རྣམས༔ བརྟེན་ནས་འགྲོ་ལ་ཕན་འདོགས་བྱ༔ འདི་ཡི་ལག་ལེན་རིམ་པ་ལ༔ ཨ་རུ་སྨན་ཆེན་རུ་རྟ་དང་༔ སྒོག་གཅིག་མ་ནུ་རྒྱུ་ཁྲག་གླ་རྩི་དང་༔ ཡུངས་དཀར་ཡུངས་ནག་འཛིན་པ་དང་༔ མུར་སེར་མུར་ནག་ལན་ཚྭ་དང་༔ སྦྲུལ་ནག་དང་ནི་ཤུ་དག་ནག༔ གནམ་གྱི་རལ་པ་བྱང་བའི་ཤ༔ ར་ལུག་གཡག་ལུག་ར་གཞོབ་དང་༔ རྟ་དང་དྲེའུའི་རྨིག་གཞོབ་དང་༔ གླང་དམར་རྭ་གཞོབ་སྐྱེར་ཤུན་དང་༔ ཀླུ་བདུད་དཀར་ར་ལོག་ནག་ནག་ཆུང་ཏིག་ཏར་ཏིག་ཏ་ར་མགོསུམ་ཅུ་ཏིག་ཏ་དུག་མོ་ཉུང་བཅས༔ བསགས་ཏེ་རྟེན་འབྲེལ་སྙིང་པོ་དང་༔ དྲག་སྔགས་མེ་ལྕེའི་འཁོར་ལོ་ཡི༔ སྔགས་གྲངས་བརྒྱ་སྟོང་ཁྲི་འབུམ་བཏབ༔ དེ་ནས་ཞིབ་བཏགས་སྤྲུ་ནག་དང་༔ ཕུར་མོངནག་པོ༔ ཐང་བསྐོལ་བཏབ་བྱས་ཏེ༔ རིལ་བུ་སྲན་མ་འཕོས་པ་ཙམ༔ རམ་གྱི་ཁུ་བས་ན་བཟའ་གསོལ༔ བསང་སྦྱངས་ཁྲུས་བྱས་བུམ་པར་བླུགས༔ ཡང་ན་གླང་ནག་རྭ་རུ་བླུགས༔ རིལ་བུ་རྟ་ཕྱག་ཁྱུང་གསུམ་གྱི༔ ངོ་བོརའདི་ནི་ནང་གི་གཉན་འཇོམས་ཡིན་མཆན།དམིགས་ཏེ་བསྒྲུབ་པར་བྱ༔ དགོས་པའི་དུས་སུ་ཁྱུར་མིད་བཏང་༔ ཤ་དང་སྐྱུར་རིགས་སྤང་བར་བྱ༔ ཀླུ་གཉན་ནད་རྣམས་མ་ལུས་པ༔ གཞོམ་ཞིང་གསོད་པར་བྱ་བའི་མཆོག༔ ས་མ་ཡ༔ མེ་དབལ་ཤུ་བ་རྒྱ་ཐོར་ལ༔ སྨན་ཆེན་ཡུངས་དཀར་མུར་ནག་དང་༔ སྤྱང་ཚེར་འཛིན་པ་བདུད་རྩི་ལོ༔ སྲེ་མོང་ཏེའུ་ལོ་ཁྱུང་གསུམ་ཁྱུང་དམར་བྱ་ཁྲ༔ ཁྱུང་སེར་འོལ་བ་ཁྱུང་ནག་བྱ་རོག་ཤ༔ རྭ་ཡི་གཞོབ་དང་མུ་ཟི་སེར༔ ཁང་རྒན་དུད་པ་ཁྱུང་ནག་སྤུ་ཤུ་དག་ནག་པོ་སྤྲུ་ནག་བཅས༔ འབྲུ་མར་རམ་ནི་མར་རྙིང་གིས༔ དྲིལ་ཏེ་བྱུག་པས་མྱུར་དུ་འཚོ༔ མེ་ལྕེའི་འཁོར་ལོས་ངར་ཡང་བླུད༔ གཉན་འཇོམས་ཁྱུང་ཆེན་བཅོ་ཕྱི་ཡི་གཉན་འཇོམས་ཡིན་ནོ།།བརྒྱད་འདིས༔ གཉན་དང་ས་བདག་ཀླའི་ནུས་པ༔ མེ་སྟག་ཆུ་ཡིས་བསད་བཞིན་འགྱུར༔ ས་མ་ཡ༔ དེ་ནས་བསྐྱེད་པའི་རིམ་པ་ལ༔ རང་ཉིད་སྐད་ཅིག་གིས་ཧཱུྃ་ཡིག་མཐིང་ནག་མེ་དཔུང་འབར་བ་གཅིག་ཏུ་གྱུར༔ དེ་ལས་འོད་འཕྲོས་པས་དུག་གི་རྒྱ་མཚོ་འཁྱིལ་བའི་ཀློང་དུ༔ དུག་གི་རི་རབ་བཙན་དུག་ནག་པོའི་ངད་རླངས་འཕྱོ་བའི་ཀློང་དུ་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས༔ རང་ཉིད་དཔལ་ཆེན་རྟ་མགྲིན་ཡང་ཁྲོས་ནག་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་རལ་གྲི་དང་དབྱུག་ཏོ༔ གཡོན་གཉིས་མེ་དཔུང་དང་ཐོད་ཁྲག་བསྣམས་པ༔ སྤྱན་གསུམ་སྡང་མིག་ཏུ་གཡོ་བ༔ ཞལ་གདངས་ཤིང་ལྗགས་འདྲིལ་བ༔ ཁྲོ་གཉེར་ཆུའི་རླབས་བཞིན་དུ་འཁྲིགས་པ༔ སྨ་ར་དང་སྨིན་མ་ལས་མེའི་ཚྭ་ཚྭ་འཕྲོ་བ༔ སྤྱན་རྩ་ལས་གློག་སྟོང་འཁྱུག་ཅིང་༔ ཤངས་ནས་ཧཱུྃ་གི་རང་སྒྲ་འབྲུག་སྟོང་ལྟར་ལྡིར་བ༔ རལ་པ་དམར་སེར་གྱེན་དུ་བརྫེས་པའི་ཁྲོད་ན་རྟ་མགོ་ལྗང་ཞུར་རྟ་སྐད་ལྷང་ལྷང་འཚེར་བའི་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ༔ དུར་ཁྲོད་ཀྱི་ཆས་ཐམས་ཅད་ཀྱིས་བརྒྱན་པ༔ དུར་ཕག་ནག་མོ་མགོ་དགུ་པའི་སྟེང་དུ་ཞབས་གཉིས་གྱད་ཀྱི་འདོར་སྟབས་སུ་བསྒྲད་པ༔ སྤྱི་བོར་དུག་ཁྱུང་ནག་པོ་ལས་ཁྱུང་གི་ཚྭ་ཚྭ་སྐར་ལྟར་འཁྲུགས་པ༔ དེ་ཡང་ལྕགས་སྲེག་གི་རྭ་དང་མཆུ་སྡེར་ཅན་ཀླུ་གཉན་ས་བདག་ཐམས་ཅད་རྒྱ་མཚོའི་གཏིང་ནས་འདྲེན་ཅིང་མགོ་བོ་ཁར་བཅུག་ནས་ཟ་བ༔ ཡེ་ཤེས་ཀྱི་མེ་དཔུང་དམར་ནག་རབ་ཏུ་འབར་བ༔ རྟ་མགྲིན་ནག་པོའི་ཐུགས་ཀར་པདྨ་དང་ཉི་ཟླའི་གདན་ལ་གསང་བདག་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་གཡས་གནམ་ལྕགས་ཀྱི་རྡོ་རྗེ་དང་༔ གཡོན་སྦྲུལ་ཞགས་བསྣམས་པ་ཞབས་གཉིས་གྱད་ཀྱི་འདོར་སྟབས་སུ་བསྒྲད་པ༔ ཁྲོ་བོའི་ཆས་ཐམས་ཅད་ཡོངས་སུ་རྫོགས་པར་བསྐྱེད་དོ༔ གནས་གསུམ་རྡོ་རྗེ་སྙིང་པོ་ལས་འོད་འཕྲོས་པས་རང་འདྲ་བའི་ཡེ་ཤེས་སེམས་དཔའ་དཔག་ཏུ་མེད་པ་སྤྱན་དྲངས་ནས་རྒྱ་མཚོ་ཆེན་པོ་ལ་ཁ་ཆར་བབས་པ་ལྟར་བདག་དང་རིལ་བུ་རྣམས་ལ་སིབ་སིབ་ཐིམ་པས༔ རིལ་བུ་རྣམས་རྟ་ཕྱག་ཁྱུང་གསུམ་ཡོངས་སུ་རྫོགས་པའི་སྐུར་གྱུར་བར་བསྒོམ༔ སྔགས་བཟླས་པ་ཙམ་གྱི་བྱིན་རླབས་དང་གཟི་བརྗིད་ནུས་མཐུ་ཐམས་ཅད་རབ་ཏུ་བསྐྱེད་ཅིང་རྒྱས་པར་གྱུར༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་བཛྲ་པཱ་ཎི་ཁྲོཾ་ག་རུ་ཌ་ཧཱུྃ༔ བི་ན་ཤ་ག་ར་མཱ་ར་ཡ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ ཞེས་བཟླས་ཤིང་དྲག་ཏུ་སྒྲུབ་བོ༔ དེ་ལྟར་ཚུལ་བཞིན་གནད་ལྡན་པས༔ ཀླུ་གཉན་ས་བདག་ནད་རྣམས་ཀུན༔ བསྲེགས་ཤིང་གཞོམ་པར་ཐེ་མི་ཚོམ༔ ཁམས་གསུམ་གཡུལ་ལས་རྣམ་རྒྱལ་བའི༔ ཐབས་འདི་སྒྲུབ་པ་ཀུན་གྱི་མཆོག༔ བྱིན་རླབས་རྣོ་ནུས་དཔག་ཏུ་མེད༔ ཟབ་ལས་ཆེས་ཟབ་གསང་ཆེན་འདི༔ བཀའ་སྲུང་གནོད་སྦྱིན་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ སྒྲོ་སྐུར་མཁན་གྱི་དབང་པོ་སྣུབས༔ ས་མ་ཡ༔ ཨ་ཐམ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ གཏད་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཡང་ཁྲག་མཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ཅན་གྱི་གཏེར་གནས་ནས་བཏོན་ཏེ་མི་ལོ་བཞི་བཅུའི་བར་དུ་བཀའ་རྒྱས་བཏབ་མཐར་སློབ་བུ་ངག་དབང་ཕྲིན་ལས་ཞེས་བྱ་བས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་པའི་དགེ་བས་ཀླུ་གཉན་ས་བདག་གི་གནོད་པའི་ནད་རྣམས་གཞོམ་པའི་ཐོ་ལུམ་དུ་གྱུར་ཅིག།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།