TTDL-ZABTER-06-CHA-023: Difference between revisions
From Dudjom Wiki
TTDL-ZABTER-06-CHA-023
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
དབུ་ཁྲིད་བརྡ་ཡིག༔ ༣༤༡ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བཀའ་བརྒྱད་གསང་བ་འདུས་པའི་བསྟོད་གསོལ་བྱིན་རླབས་སྤྲིན་ཕུང་བཞུགས་སོ༔ | {{Text | ||
དབུ་ཁྲིད་བརྡ་ཡིག༔ ༣༤༢ཤྲཱི་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ༠༠༠༠༠༠༠བརྡ་ཡིག༔ ༣༤༢བདག་ཉིད་ཆེན་པོ་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ བཀའ་བརྒྱད་བདེ་གཤེགས་གསང་བ་འདུས་པ་ཡི༔ བསྟོད་གསོལ་བྱིན་རླབས་སྤྲིན་ཕུང་ཞེས་བྱ་བསྟན༔ བཀྲག་གསལ་ཞལ་ཕྱེས་བདུད་རྩི་ཕུད་ཀྱིས་མཆོད༔ སྙན་པའི་དབྱངས་དང་གུས་པའི་ཡིད་དང་ནི༔ རྔ་གླིང་རོལ་མོ་སྒྲ་དང་བཅས་པ་ཡིས༔ རིིམ་བཞིན་ཡོན་ཏན་དྲན་པའི་ངང་ནས་བརྗོད༔ ཧཱུྃ་ཧྲཱིཿབཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ ཆོས་ཉིད་མི་འགྱུར་སྐུ་མདོག་མཐིང་འོད་འབར༔ དབུ་ནི་ཉི་ཤུ་རྩ་གཅིག་པ་དང་སྦྱོར༔ བཞི་བཅུ་རྩ་གཉིས་ཕྱག་གི་གདན་སྟེང་ན༔ ཞི་བའི་དཀྱིལ་འཁོར་མ་ལུས་ལྷུན་གྱིས་གྲུབ༔ བཅོ་བརྒྱད་ཞབས་ཀྱིས་དགྲ་གདོན་བགེགས་ཚོགས་གནོན༔ གདོད་ནས་མ་འཁྲུལ་དབུ་སྐྲ་སྨུག་འོད་འཁྱིལ༔ ཁྲག་འཐུང་རིགས་ལྔའི་ཐོད་སྐམ་དབུ་རྒྱན་དང་༔ ཡེ་ཤེས་ལྔ་རྫོགས་དར་གྱི་ཅོད་པན་འཕུར༔ ཐབས་ཤེས་ཉི་ཟླའི་སྙན་རྒྱན་འོད་དུ་འབར༔ ཚོགས་ཡུལ་གནས་དག་དུར་ཁྲོད་ཆས་བརྒྱད་དང་༔ ཕ་རོལ་ཕྱིན་བཅུ་རྫོགས་པའི་དཔལ་ཆས་གསོལ༔ ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ རང་སྣང་མི་འགྱུར་ཤེས་རབ་ཡུམ་དང་སྦྱོར༔ ཐེག་པ་དགུ་རྫོགས་དབུ་དགུ་འབར་ཁྲོ་གཏུམ༔ སྟོང་ཉིད་བཅོ་བརྒྱད་ཕྱག་ན་ཡེ་ཤེས་ཀྱི༔ རང་རྟགས་འགུགས་གསོད་སྒྲོལ་བའི་མཚོན་ཆ་གདེངས༔ ཕྱིན་དྲུག་ཞབས་ནི་གཡོན་བསྐུམ་ཡབ་ལ་འཁྲིལ༔ གཡས་བརྐྱང་པད་ཉི་རོ་ཡི་གདན་ལ་རོལ༔ བདེ་སྟོང་ཟུང་འཇུག་ཞལ་དང་རྡོར་པད་སྦྱོར༔ གདུལ་བྱ་རྗེས་འཛིན་རལ་པ་སྐུ་རྒྱབ་འཕྱང་༔ དབྱིངས་ཕྱུག་ཀྲོ་ཏི་ལྔ་དང་ཡེ་ཤེས་ལྔ༔ རབ་རྫོགས་ཐོད་སྐམ་དབུ་རྒྱན་ཅོད་པན་སྤྲས༔ གསལ་སྟོང་ཟུང་འཇུག་ཉི་ཟླའི་སྙན་རྒྱན་མཛེས༔ དུག་གསུམ་རྒྱན་དུ་ཤར་བའི་རང་རྟགས་སུ༔ གཟིག་ཤམ་གཡང་གཞི་ཐོད་སྦྲུལ་ཕྲེང་བས་བརྒྱན༔ ཉོན་དྲུག་གནས་དག་རུས་པའི་རྒྱན་དྲུག་གསོལ༔ ཤེས་རབ་ཁྲོ་མོ་ཡུམ་ལ་ཕྱག་འཚལ་བསྟོད༔ ཡེ་ཤེས་ལུས་ཅན་བྱ་ཁྱུང་ག་རུ་ཌ༔ ཉོན་མོངས་གདུག་པ་རབ་འཇོམས་སྦྲུལ་ཆུན་གསོལ༔ ཐབས་དང་ཤེས་རབ་གཉིས་མེད་སྒྲོ་གཤོག་ལྡན༔ གནམ་ལྕགས་རྡོ་རྗེའི་རྭ་དང་མཆུ་སྡེར་ཅན༔ རྒྱལ་ཀུན་ཕྲིན་ལས་མངའ་བདག་མཆོག་ལ་བསྟོད༔ སྣང་བ་བདེ་ཆེན་ཆོས་སྐུ་ཀུན་ཏུ་བཟང་༔ སྟོང་ཆེན་ཤེས་རབ་དབྱིངས་སྦྱོར་ཀུན་བཟང་མོ༔ ཕུང་ཁམས་གནས་དག་རིགས་ལྔ་ཡབ་ཡུམ་དང་༔ ཚོགས་ཡུལ་རྟོགས་ཚོགས་རང་བཞིན་རྣམ་དག་པ༔ སེམས་དཔའ་སེམས་མ་ཡབ་ཡུམ་བཅུ་དྲུག་ཚུལ༔ ཉོན་དྲུག་གནས་དག་ཐུབ་ཆེན་དྲུག་དང་ནི༔ རྟག་ཆད་བདག་མཚན་རྟོག་པ་གཞིར་འཇིགས་པ༔ སྒོ་སྐྱོང་ཡབ་ཡུམ་ཏ་ཀྲྀཏ་ཀྲོ་ཏིར་སྟོན༔ བཞི་བཅུ་རྩ་གཉིས་རྒྱལ་བའི་དཀྱིལ་འཁོར་ཀུན༔ རང་གསལ་ཡེ་རྫོགས་ཆེན་པོར་ཕྱག་འཚལ་བསྟོད༔ དཔལ་ཆེན་ཐུགས་ལས་སྙིང་རྗེར་རྗེས་སུ་ཆགས༔ དུག་ལྔ་འཇོམས་མཛད་ཀྲོ་ཏ་རིགས་བཞི་དང་༔ ཡེ་ཤེས་མཐར་ཕྱིན་ཤྭ་རི་ཡུམ་དང་སྦྱོར༔ གསང་ཆེན་རབ་དགྱེས་ལས་མཛད་སྒོ་སྐྱོང་བཞི༔ ཕྱོགས་བཅུའི་གདོན་འདུལ་ཡེ་ཤེས་ཁྲོ་བོ་བཅུ༔ བཀའ་ཉན་ལས་བྱེད་ལྕེ་སྤྱང་མ་བརྒྱད་སོགས༔ ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱིཿརང་བྱུང་ལྷུན་གྲུབ་ཨེ་ཡི་གཞལ་ཡས་ན༔ ཡང་དག་ཐུགས་ཀྱི་ལྷ་མཆོག་ཧེ་རུ་ཀ༔ ཆོས་ཉིད་མི་འགྱུར་ཟ་བྱེད་ཡུམ་དང་འཁྲིལ༔ དཔལ་དང་དུར་ཁྲོད་ཆས་རྣམས་སྐུ་ལ་རྫོགས༔ ཡེ་ཤེས་འབར་བའི་ཕྱག་མཚན་ཅིར་ཡང་འཛིན༔ ཁྲག་འཐུང་རིགས་ལྔ་ཡེ་ཤེས་ཁྲོ་མོར་འཁྱུད༔ ཀཽ་རཱི་ཙཽ་རཱི་པྲ་མོ་བཻ་ཏ་ལི༔ པུསྐ་གསྨ་སྨེ་ཤ་ཙནྡྷ་ལཱི༔ སེང་ཧ་བྱཱ་གྲི་སྲི་ལ་ཤྭ་ན་མོ༔ ཀྲི་ཏ་ཀང་ཀ་ཁ་ཁ་ཧུ་ལུ་མ༔ རྟ་གདོང་ཕག་གདོང་སྦྲེལ་གདོང་སྤྱང་གདོང་མ༔ དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་སོགས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་འཁོར་བཅས་ལ༔ རབ་གུས་གདུང་བ་དྲག་པོས་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱིཿསེར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ན༔ ང་རྒྱལ་རྟོག་པ་རྣམ་དག་ཧེ་རུ་ཀ༔ དཔལ་ཆེན་ཆེ་མཆོག་འཇམ་དཔལ་གཤིན་རྗེ་གཤེད༔ དུར་ཁྲོད་བདག་མོ་ཡུམ་དང་གཉིས་མེད་སྦྱོར༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་རྣམས་རྫོགས༔ གཤེད་ཆེན་བཞི་དང་ལས་བྱེད་ཕྱོགས་སྐྱོང་བཅུ༔ འབར་མ་མིང་སྲིང་ཡེ་ཤེས་སྒོ་བ་བཞི༔ བདུད་བཞི་གིང་བཞི་རྩིས་བཞི་ཤྭ་ཐོགས་བཞི༔ ཤན་པ་བཞི་དང་སྲོག་གཅོད་མ་མོ་བཞི༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་འཁོར་བཅས་ལ༔ རབ་གུས་གདུང་བ་དྲག་པོས་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱིཿདམར་ནག་གྲུ་གསུམ་འབར་བའི་གཞལ་ཡས་ན༔ པདྨ་གསུང་གི་དབང་ཕྱུག་ཧེ་རུ་ཀ༔ དབྱིངས་ཕྱུག་གཟི་ལྡན་གཉིས་མེད་ཡུམ་དང་སྦྱོར༔ དུར་ཁྲོད་དཔལ་ཆས་མ་ལུས་སྐུ་ལ་རྫོགས༔ འབར་བའི་ཕྱག་མཚན་སྣ་ཚོགས་གདེངས་སྟབས་འཛིན༔ ཐུགས་ལས་སྤྲུལ་པའི་གཙོ་འཁོར་རྣམ་འགྱུར་ངོམས༔ ལས་མཁན་སྤྲུལ་པ་བྱི་ལ་པུ་ཤུད་གདོང་༔ ཟིལ་གནོན་ཁྲོ་བོ་བཅུ་དང་སྒོ་སྐྱོང་བཞི༔ ཁམས་བརྒྱ་མ་དྲུག་དམུས་ལོང་བཅུ་དྲུག་དང་༔ ཁྱི་བརྒྱད་སྤྱང་བརྒྱད་མེ་འབྲུག་རླུང་འབྲུག་སོགས༔ པདྨ་གསུང་གི་ལྷ་ཚོགས་འཁོར་བཅས་ལ༔ རབ་གུས་གདུང་བ་དྲག་པོས་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱིཿལྗང་ནག་གྲུ་གསུམ་འབར་བའི་གཞལ་ཡས་སུ༔ དཔལ་ཆེན་ཆེ་མཆོག་བཛྲ་ཀུ་མཱ་ར༔ འཁོར་ལོ་རྒྱས་འདེབས་ཡུམ་དང་གཉིས་མེད་སྦྱོར༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུ་རྫོགས༔ འབར་བའི་ཕྱག་མཚན་མ་རུངས་དོན་སྙིང་འབྱིན༔ སྲས་མཆོག་རིགས་ལྔ་ཁྲོ་བཅུ་ཟ་གསོད་དང་༔ ཤྭ་ན་ས་བདག་སྐྱེས་གིང་དབང་ཕྱུག་ཚོགས༔ ཁྲ་ཐབས་ཉེར་གཅིག་ཡེ་ཤེས་སྒོ་མ་བཞི༔ དཔལ་ཆེན་ཕྲིན་ལས་མངའ་བདག་ཁྲོ་བོའི་རྒྱལ༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱིཿམ་མོ་རོལ་པའི་དུར་ཁྲོད་ཆེན་པོ་ན༔ དཔལ་ཆེན་ཆེ་མཆོག་བླ་མེད་ཧེ་རུ་ཀ༔ ཉིད་བཞི་མུ་ཁ་ལེ་དང་གཉིས་མེད་སྦྱོར༔ དཔལ་དང་དུར་ཁྲོད་ཆས་རྣམས་སྐུ་ལ་རྫོགས༔ ཡེ་ཤེས་འབར་བ་རང་རྟགས་ཕྱག་མཚན་འཛིན༔ རྟག་རྒྱལ་རྣམ་སྣང་འོད་གསལ་ཁྱབ་བརྡལ་མ༔ གཉན་གསལ་འོད་འཕྲོ་ཡང་གསལ་སྟོང་ཁམས་བདག༔ བཀྲག་གསལ་རྒྱན་བཟང་མ་སོགས་རྦོད་གཏོང་གི༔ ལྔ་བཅུ་རྩ་བརྒྱད་སྤྲུལ་པ་ཡང་སྤྲུལ་བཅས༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ཡི་ཚོགས་རྣམས་ལ༔ རབ་གུས་གདུང་བ་དྲག་པོས་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱིཿརིག་འཛིན་རོལ་པའི་དུར་ཁྲོད་ཆེན་པོ་ན༔ བྱིན་རླབས་མཆོག་སྩོལ་བླ་མ་ཧེ་རུ་ཀ༔ རྡོ་རྗེ་རྒྱལ་པོ་ཕག་མོ་ཡུམ་དང་སྦྱོར༔ སྣང་སྟོང་རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་འཛིན༔ དར་དང་རིན་པོ་ཆེ་ཡི་རྒྱན་གྱིས་སྤྲས༔ ཐུགས་ལས་སྤྲུལ་པའི་ཡེ་ཤེས་རིག་པ་འཛིན༔ རྣམ་སྨིན་ཚེ་དབང་ཕྱག་ཆེན་ལྷུན་གྲུབ་ཀྱི༔ རིག་འཛིན་བཞི་དང་རྡོ་རྗེ་རིན་པོ་ཆེ༔ པདྨ་ལས་ཀྱི་རིགས་འཆང་གིང་ཆེན་བཞི༔ སྤྲུལ་པ་ཡང་སྤྲུལ་ཕོ་ཉ་བསམ་ཡས་འགྱེད༔ རིག་འཛིན་སློབ་དཔོན་ལྷ་ཚོགས་འཁོར་བཅས་ལ༔ རབ་གུས་གདུང་བ་དྲག་པོས་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱིཿམཆོད་བསྟོད་རོལ་པའི་དུར་ཁྲོད་ཆེན་པོ་ན༔ གསང་བདག་དྲེགས་པ་ཀུན་འདུལ་ཧེ་རུ་ཀ༔ སྲིད་པ་སྤྱི་འདུལ་ཡུམ་དང་གཉིས་མེད་སྦྱོར༔ དཔལ་དང་དུར་ཁྲོད་ཆས་རྣམས་སྐུ་ལ་རྫོགས༔ འབར་བའི་ཕྱག་མཚན་ཞིང་བཅུའི་སྲོག་དབུགས་སྡུད༔ སྡེ་དཔོན་སུམ་ཅུ་དཔལ་མགོན་དྲེགས་སྐྱོང་ཚོགས༔ མཆོད་བསྟོད་དཀྱིལ་འཁོར་ལྷ་ཚོགས་འཁོར་བཅས་ལ༔ རབ་གུས་གདུང་བ་དྲག་པོས་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱིཿདྲག་སྔགས་རོལ་པའི་དུར་ཁྲོད་ཆེན་པོ་ན༔ དཔལ་ཆེན་སྟོབས་ལྡན་རིགས་སྔགས་ཀུན་གྱི་བདག༔ འབྱུང་ལྔའི་བདག་མོ་ཡུམ་དང་གཉིས་མེད་སྦྱོར༔ དྲེགས་ཆེན་བཅོ་བརྒྱད་བཀའ་ཡི་ཕོ་ཉར་འགྱེད༔ དམོད་པ་དྲག་སྔགས་དཀྱིལ་འཁོར་ལྷ་ཚོགས་ལ༔ རབ་གུས་གདུང་བ་དྲག་པོས་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱིཿདཀྱིལ་འཁོར་ཆེན་པོའི་བར་ཁྱམས་འཁོར་ཡུག་ཏུ༔ ལས་མཛད་རྒྱལ་བའི་བསྟན་པ་བསྲུང་མཛད་པ༔ གིང་ཆེན་བཅོ་བརྒྱད་ལང་ཀ་ཚར་གསུམ་དང་༔ མཁའ་འགྲོ་སུམ་ཅུ་ཕོ་ཉ་དྲུག་ཅུའི་སྡེ༔ བརྟན་མ་བཅུ་གཉིས་དབང་ཕྱུག་ཉི་ཤུ་བརྒྱད༔ ལྷ་ཆེན་ལྕམ་དྲལ་གནོད་སྦྱིན་རྨ་རུ་རྩེ༔ སྔགས་བདག་ཨེ་ཀ་དམ་ཅན་ཐིག་ལེ་རྩལ༔ སེང་གདོང་ཡབ་ཡུམ་འབར་བ་སྤུན་བདུན་སོགས༔ དཔལ་གྱི་སྤྱན་སྔར་རང་རང་སྲོག་སྙིང་ཕུལ༔ ཅི་བགྱིས་བཀའ་ཉན་ལས་བྱེད་དྲེགས་པའི་ཚོགས༔ བཀའ་སྡོད་དམ་ཅན་སྡེ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱིཿགཞི་དབྱིངས་མི་འགྱུར་བདེ་ཆེན་ཀུན་ཏུ་བཟང་༔ ལྷན་སྐྱེས་ཡེ་ཤེས་རང་གྲོལ་བྱ་བ་མོ༔ འུབ་ཆུབ་རོལ་པ་རིགས་ལྔ་ཡབ་ཡུམ་བཅུ༔ ཚོགས་ཡུལ་རྣམ་དག་སེམས་དཔའ་སེམས་མའི་དལ༔ ཉོན་མོངས་སེར་སྣ་རང་གྲོལ་ཐུབ་པ་དྲུག༔ རྟག་ཆད་མུ་བཞི་དབྱིངས་རོལ་སྒོ་སྐྱོང་བཞི༔ བདེ་གཤེགས་ཞི་བའི་ལྷ་ཚོགས་བཞི་བཅུ་གཉིས༔ གསལ་དག་འཛིན་པ་བྲལ་བས་བསྐྱེད་བསྒོམ་མཐུས༔ གཟུང་འཛིན་ཨ་འཐས་མདུད་པ་གྲོལ་བ་དང་༔ དབྱིངས་རིག་ཟུང་འཇུག་རྟོགས་པའི་དངོས་གྲུབ་སྩོལ༔ ཁྲོ་རྒྱལ་ཡོངས་འདུས་ཆེ་མཆོག་ཧེ་རུ་ཀ༔ དགྱེས་བསྐྱེད་དབྱིངས་ཕྱུག་ཁྲག་འཐུང་རིགས་ལྔ་དང་༔ ཕྱོགས་སྐྱོང་ཁྲོ་བཅུ་ཏ་ཀྲྀཏ་སྒོ་བ་བཞི༔ བཀའ་ཉན་ལས་བྱེད་ལྕེ་སྤྱང་མ་བརྒྱད་རྣམས༔ འཕོ་འགྱུར་བྲལ་བའི་ཏིང་འཛིན་གྱིས་བསྒོམ་མཐུས༔ གཏི་མུག་རྨོངས་པའི་བག་ཆགས་ཀུན་བྲལ་ནས༔ ཆོས་དབྱིངས་ཡེ་ཤེས་རྟོགས་པའི་དངོས་གྲུབ་སྩོལ༔ ཐུགས་མཆོག་ཡང་དག་བཛྲ་ཧེ་རུ་ཀ༔ གཉིས་མེད་ཡུམ་ཆེན་ཀྲོ་ཏི་ཤྭ་རཱི་འཁྲིལ༔ རིགས་ལྔའི་ཁྲོ་རྒྱལ་དགྱེས་བསྐྱེད་ཡུམ་དང་བཅས༔ ཚོགས་ཡུལ་གནས་འགྱུར་ཀཽ་སེང་བཅུ་དྲུག་དང་༔ ལས་མཛད་མ་ཡུམ་དབང་ཕྱུག་ཉི་ཤུ་བརྒྱད༔ དམིགས་མེད་ཡེ་ཤེས་དག་པས་བསྒོམ་པའི་མཐུས༔ ཞེ་སྡང་འཛིན་པའི་སྒོང་རྒྱ་རབ་གྲོལ་ཏེ༔ མེ་ལོང་ཡེ་ཤེས་རྟོགས་པའི་དངོས་གྲུབ་སྩོལ༔ སྐུ་མཆོག་ཁྲོ་རྒྱལ་སྟོབས་འདུས་གཤིན་རྗེ་གཤེད༔ སྦྱོར་ཡུམ་བེ་ཏ་སྒྲོལ་ཡུམ་ཨེ་ཀ་ཛ༔ གཤེད་ཆེན་བཅུ་གཉིས་སྦྱོར་སྒྲོལ་ཡུམ་ཉེར་བཞི༔ གིང་བདུད་རྩིས་ཤན་ཕོ་ཉ་ལས་བྱེད་རྣམས༔ རང་གསལ་ཡེ་ཤེས་ཆེན་པོས་བསྒོམ་པའི་མཐུས༔ ང་རྒྱལ་ཁེངས་སེམས་འཁྲུལ་པ་རྨང་བཅོམ་སྟེ༔ མཉམ་ཉིད་ཡེ་ཤེས་རྟོགས་པའི་དངོས་གྲུབ་སྩོལ༔ གསུང་མཆོག་དཔའ་བོ་དབང་ཆེན་རྟ་མགྲིན་རྒྱལ༔ དགྱེས་བསྐྱེད་པདྨ་གཟི་ལྡན་འཁྲིལ་སྦྱོར་རོལ༔ ཡབ་ཡུམ་ཆ་འཛིན་བྱི་ལ་པུ་ཤུད་མགོ༔ ཟིལ་གནོན་ཁྲོ་བཅུ་ལས་བྱེད་སྒོ་བ་བཞི༔ ཁམས་བརྒྱ་མ་དྲུག་དམུས་ལོང་་རྒྱབ་འབྲེལ་དང་༔ འབྱུང་བཞིའི་འདབ་ཅན་སྟོབས་ལྡན་འབྲུག་བཞི་དང་༔ ཁྱི་སྤྱང་བཅུ་དྲུག་ལས་བྱེད་བསམ་མི་ཁྱབ༔ ཆགས་བྲལ་བདེ་བ་ཆེན་པོས་བསྒོམ་པའི་མཐུས༔ ཀུན་རྟོག་ཞེན་པའི་རྩ་བ་རང་གྲོལ་ཏེ༔ སོར་རྟོག་ཡེ་ཤེས་རྟོགས་པའི་དངོས་གྲུབ་སྩོལ༔ ཕྲིན་ལས་ལྷ་མཆོག་རྡོ་རྗེ་གཞོན་ནུ་དང་༔ དགྱེས་བསྐྱེད་སྦྱོར་སྒྲོལ་རྒྱས་འདེབས་ཨེ་ཀ་ཛ༔ ཀཱི་ལ་རིགས་ལྔ་བདུད་འདུལ་ཁྲོ་བོ་བཅུ༔ གཉིས་མེད་ཁྲོ་མོ་ཡུམ་དང་ཟ་གསོད་ཚོགས༔ འབར་བའི་སྲས་མཆོག་ཁྲ་ཐབས་ཉི་ཤུ་གཅིག༔ སྒོ་སྐྱོང་མ་བཞི་ཕུར་སྲུང་བཅུ་དྲུག་སོགས༔ འུབ་ཆུབ་རོལ་པ་ཆེན་པོས་བསྒོམ་པའི་མཐུས༔ ཀུན་རྨོངས་ཕྲག་དོག་འཁྲུལ་པ་གཞིར་གྲོལ་ཏེ༔ བྱ་གྲུབ་ཡེ་ཤེས་རྟོགས་པའི་དངོས་གྲུབ་སྩོལ༔ གཟི་བརྗིད་ལྷ་མཆོག་བླ་མེད་ཧེ་རུ་ཀ༔ ཉིད་བཞི་མུ་ཁ་ལེ་དང་གཉིས་མེད་རོལ༔ རྟག་རྒྱལ་མ་ལྔ་ཀུན་བཟང་མ་དྲུག་དང་༔ རྗེ་མོ་སྤུན་དྲུག་སྨན་མོ་ལྔ་བཅུ་གཅིག༔ བདེ་སྟོང་སྤྲོས་བྲལ་ཏིང་འཛིན་གྱིས་བསྒོམ་མཐུས༔ ཉོན་མོངས་འཁྲུལ་པའི་བག་ཆགས་ཀུན་བྲལ་ཏེ༔ རོ་མཉམ་ཡེ་ཤེས་རྟོགས་པའི་དངོས་གྲུབ་སྩོལ༔ བདེ་གཤེགས་གདུང་འཛིན་རྡོ་རྗེ་ཆོས་ཀྱི་དབང་༔ གཉིས་མེད་བདེ་རོལ་རྡོ་རྗེ་ཕག་མོ་འཁྲིལ༔ རིག་འཛིན་རྣམ་བཞི་དཔའ་བོ་ཡབ་ཡུམ་བརྒྱད༔ ལས་མཛད་གིང་བཞི་མཁའ་འགྲོ་སྡེ་བཞི་རྣམས༔ རང་གྲོལ་བདེ་བ་ཆེན་པོས་བསྒོམ་པའི་མཐུས༔ སྣང་གསུམ་འཕོ་བའི་བག་ཆགས་ཀུན་བཅོམ་སྟེ༔ ཀློང་གྲོལ་ཡེ་ཤེས་རྟོགས་པའི་དངོས་གྲུབ་སྩོལ༔ སྟོབས་རྣམས་འདུས་པ་དྲེགས་པ་ཀུན་འདུལ་རྒྱལ༔ སྲིད་པ་སྤྱི་འདུལ་ཆེན་པོ་འཁྲིལ་སྦྱོར་རོལ༔ ཕོ་ཉ་སྡེ་དཔོན་སུམ་ཅུ་ལས་བྱེད་བཅས༔ དག་གསལ་འཛིན་པ་བྲལ་པས་བསྐྱེད་བསྒོམ་མཐུས༔ འཁྲུལ་སྣང་ལས་ཀྱི་བག་ཆགས་ཀུན་བསྒྲལ་ཏེ༔ ཀུན་བཟང་དགོངས་པ་རྟོགས་པའི་དངོས་གྲུབ་སྩོལ༔ དཔལ་ལས་བྱུང་བ་ཁྲོ་ཆེན་སྟོབས་པོ་ཆེ༔ འབྱུང་ལྔའི་བདག་མོ་དགྱེས་བསྐྱེད་འཁྲིལ་སྦྱོར་རོལ༔ ལས་མཛད་བཀའ་ཉན་དྲེགས་ཆེན་བཅོ་བརྒྱད་རྣམས༔ བདེ་སྟོང་འཛིན་བྲལ་ཆེན་པོས་བསྒོམ་པའི་མཐུས༔ འཛིན་རྟོག་ལས་ཀྱི་མདུད་པ་རབ་གྲོལ་ཏེ༔ གཞོན་ནུ་བུམ་སྐུར་གྲོལ་བའི་དངོས་གྲུབ་སྩོལ༔ དཀྱིལ་འཁོར་དགུ་ཡི་དཔལ་སྐྱོང་ཕོ་ཉ་བ༔ དབང་ཕྱུག་ཉེར་བརྒྱད་གིང་ཆེན་བཅོ་བརྒྱད་དང་༔ ལང་ཀ་བཅུ་དྲུག་མ་བདུན་སིང་མོ་བཞི༔ ཌཱ་ཀི་སོ་གཉིས་འབུམ་ཕྲག་མཁའ་འགྲོ་དང་༔ ཕོ་ཉ་སུམ་བརྒྱ་ས་བདག་སུམ་ཅུ་གཉིས༔ དྲེགས་པ་སྡེ་བརྒྱད་བརྟན་མ་བཅུ་གཉིས་རྣམས༔ དགོངས་པ་འགྱུར་མེད་ཏིང་འཛིན་གྱིས་བསྒོམ་མཐུས༔ རྒྱལ་བསྟན་ནུབ་མེད་ཕྱོགས་བཅུར་དར་བ་དང་༔ ཁྱད་པར་གསང་སྔགས་རྡོ་རྗེ་སྙིང་པོའི་ཆོས༔ སྲིད་པ་གསུམ་གྱི་གཙུག་ན་རབ་སྤུད་ཅིང་༔ བསྐྱེད་རྫོགས་སྒྲུབ་པའི་དྲོད་རྟགས་རབ་བརྙེས་ཏེ༔ འཁོར་བ་དོང་སྤྲུགས་ཀུན་བཟང་རྒྱལ་ས་ལ༔ མི་རིང་ཚེ་གཅིག་འགོད་པའི་དངོས་གྲུབ་སྩོལ༔ རྒྱལ་དབང་པདྨའི་རིང་ལུགས་རྫོགས་པ་ཆེ༔ རྨད་བྱུང་འབྲས་བུའི་ཐེག་པ་དར་ཞིང་རྒྱས༔ ཕྲིན་ལས་མི་ནུབ་ནམ་མཁའི་ཕ་མཐར་བརྡལ༔ ཐམས་ཅད་ཀུན་བཟང་ཀློང་གྲོལ་ཨེ་མ་ཧོ༔ གཞན་ཡང་བསྔོ་བ་སྨོན་ལམ་རྒྱ་ཡིས་བཏབ༔ བཀྲ་ཤིས་དགེ་མཚན་མེ་ཏོག་སིལ་མ་བཀྲམ༔ སྙན་པའི་རོལ་མོ་དགའ་སྟོན་ཚོགས་འཁོར་བསྐོར༔ གནད་དེས་དོན་གཉིས་ལྷུན་གྱིས་གྲུབ་པར་གྱུར༔ ཐེ་ཚོམ་མེད་དོ་རྡོ་རྗེ་པདྨའི་བཀའ༔ ས་མ་ཡ༔ ཨེ་མ༔ ཀུན་བཟང་ཐུགས་ཀྱི་བསྟན་པ་རིན་པོ་ཆེ༔ རྒྱ་གསུམ་ཆིངས་བཞིས་བཅིང་བའི་མན་ངག་མཆོག༔ ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང་ཉིད༔ སྐལ་ལྡན་སྒྲུབ་པ་པོ་ཡི་དཔལ་དུ་ཤར༔ ཕུན་ཚོགས་ལྔ་ཡིས་བྱི་དོར་ལེགས་བྱེད་ཅིང་༔ ཡན་ལག་བཞི་ཡི་རྩེ་ལ་རབ་བརྟེན་ཏེ༔ གཟེར་བཞིས་མཆོད་བསྟོད་བཀུར་སྟི་ལེགས་བྱས་ཤིང་༔ བསགས་སྦྱངས་སྤེལ་བའི་ལས་ལ་རབ་བརྩོན་ན༔ རིག་འཛིན་བཞི་དང་ས་ལམ་ཉམས་རྟོགས་ཀྱི༔ ཡོན་ཏན་ཐམས་ཅད་དགོས་རྒུ་ངང་གིས་སྟེར༔ འདི་འདྲའི་མན་ངག་སྲིད་པ་གསུམ་ན་དཀོན༔ གངས་ཆེན་མི་གཅིག་འབྲོག་མི་ཁྱོད་ལ་སྦྱིན༔ ལས་ཅན་གྲོགས་ལྔས་ཟབ་གསང་བརྡ་རིས་ཐོབ༔ འགྱུར་མེད་མདོ་ཁམས་རྡོ་རྗེའི་བྲག་ལ་སྦོས༔ སྙིགས་མ་ལྔ་བདོའི་རྒུད་པས་གཟིངས་ལང་ཚེ༔ ང་སྤྲུལ་དཔའ་བོ་བདུད་འཇོམས་རྡོ་རྗེ་ཡིས༔ བགོ་སྐལ་ཕ་ཕོག་གདམས་པ་འདི་རྙེད་ནས༔ བསྟན་དང་འགྲོ་བའི་དོན་ཆེན་འབྱུང་བར་འགྱུར༔ རྣམ་པར་གསལ་བའི་ཉི་གཞོན་སྣང་བ་ཡང་༔ འགགས་མེད་ཀློང་ཆེན་ཆུ་ཤེལ་ཀློང་དུ་འཕོས༔ ཐུགས་རྗེ་བསམ་ཡས་སྐར་ཚོགས་སཱུཪྻར་སད༔ དྲུག་ཕྲག་བཅོ་བརྒྱད་གསོ་སྨིིན་དར་རྒྱས་ཕྱིར༔ ཟབ་གསང་མཆོག་གི་ཉིན་མོ་སྣང་གྱུར་ཅིག༔ བཀའ་འདི་ཐུབ་པར་སྲུངས་ཤིག་སྲོག་བདག་ལྔ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཙིཏྟ༔ ཨྠིྀ༔ རྒྱ༔ གུ་ཧྱ༔ བརྡ་ཐིམ༔ ཞེས་པ་འདི་ཉིད་སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐྱེས་བུ་ཕུན་ཚོགས་བཀྲ་ཤིས་ཀྱིས་བསྐུལ་ངོར་བདག་འདྲ་དཔའ་བོ་བདུད་འཇོམས་རྡོ་རྗེས་མདོ་ཁམས་རྔ་ལ་སྟག་རྩེའི་གཡས་ལོགས་བྲག་རྡོ་རྗེ་འབར་བ་ནས་གདན་དྲངས་པའི་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ལུང་ཟིན་རིག་པའི་རྡོ་རྗེའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།། | |classification=Tibetan Publications | ||
|subclass=Tibetan Texts | |||
|collectiontitle=bdud 'joms gling pa zab gter | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|totalvolumes=21 | |||
|author=bdud 'joms gling pa | |||
|authortib=བདུད་འཇོམས་གླིང་པ་ | |||
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=06 | |||
|volumeLetter=CHA | |||
|textnuminvol=023 | |||
|pdflink=File:TTDL-ZABTER-06-CHA-023.pdf | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-06-CHA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|དབུ་ཁྲིད་བརྡ་ཡིག༔ ༣༤༡ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བཀའ་བརྒྱད་གསང་བ་འདུས་པའི་བསྟོད་གསོལ་བྱིན་རླབས་སྤྲིན་ཕུང་བཞུགས་སོ༔ | |||
དབུ་ཁྲིད་བརྡ་ཡིག༔ ༣༤༢ཤྲཱི་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ༠༠༠༠༠༠༠བརྡ་ཡིག༔ ༣༤༢བདག་ཉིད་ཆེན་པོ་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ བཀའ་བརྒྱད་བདེ་གཤེགས་གསང་བ་འདུས་པ་ཡི༔ བསྟོད་གསོལ་བྱིན་རླབས་སྤྲིན་ཕུང་ཞེས་བྱ་བསྟན༔ བཀྲག་གསལ་ཞལ་ཕྱེས་བདུད་རྩི་ཕུད་ཀྱིས་མཆོད༔ སྙན་པའི་དབྱངས་དང་གུས་པའི་ཡིད་དང་ནི༔ རྔ་གླིང་རོལ་མོ་སྒྲ་དང་བཅས་པ་ཡིས༔ རིིམ་བཞིན་ཡོན་ཏན་དྲན་པའི་ངང་ནས་བརྗོད༔ ཧཱུྃ་ཧྲཱིཿབཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ ཆོས་ཉིད་མི་འགྱུར་སྐུ་མདོག་མཐིང་འོད་འབར༔ དབུ་ནི་ཉི་ཤུ་རྩ་གཅིག་པ་དང་སྦྱོར༔ བཞི་བཅུ་རྩ་གཉིས་ཕྱག་གི་གདན་སྟེང་ན༔ ཞི་བའི་དཀྱིལ་འཁོར་མ་ལུས་ལྷུན་གྱིས་གྲུབ༔ བཅོ་བརྒྱད་ཞབས་ཀྱིས་དགྲ་གདོན་བགེགས་ཚོགས་གནོན༔ གདོད་ནས་མ་འཁྲུལ་དབུ་སྐྲ་སྨུག་འོད་འཁྱིལ༔ ཁྲག་འཐུང་རིགས་ལྔའི་ཐོད་སྐམ་དབུ་རྒྱན་དང་༔ ཡེ་ཤེས་ལྔ་རྫོགས་དར་གྱི་ཅོད་པན་འཕུར༔ ཐབས་ཤེས་ཉི་ཟླའི་སྙན་རྒྱན་འོད་དུ་འབར༔ ཚོགས་ཡུལ་གནས་དག་དུར་ཁྲོད་ཆས་བརྒྱད་དང་༔ ཕ་རོལ་ཕྱིན་བཅུ་རྫོགས་པའི་དཔལ་ཆས་གསོལ༔ ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ རང་སྣང་མི་འགྱུར་ཤེས་རབ་ཡུམ་དང་སྦྱོར༔ ཐེག་པ་དགུ་རྫོགས་དབུ་དགུ་འབར་ཁྲོ་གཏུམ༔ སྟོང་ཉིད་བཅོ་བརྒྱད་ཕྱག་ན་ཡེ་ཤེས་ཀྱི༔ རང་རྟགས་འགུགས་གསོད་སྒྲོལ་བའི་མཚོན་ཆ་གདེངས༔ ཕྱིན་དྲུག་ཞབས་ནི་གཡོན་བསྐུམ་ཡབ་ལ་འཁྲིལ༔ གཡས་བརྐྱང་པད་ཉི་རོ་ཡི་གདན་ལ་རོལ༔ བདེ་སྟོང་ཟུང་འཇུག་ཞལ་དང་རྡོར་པད་སྦྱོར༔ གདུལ་བྱ་རྗེས་འཛིན་རལ་པ་སྐུ་རྒྱབ་འཕྱང་༔ དབྱིངས་ཕྱུག་ཀྲོ་ཏི་ལྔ་དང་ཡེ་ཤེས་ལྔ༔ རབ་རྫོགས་ཐོད་སྐམ་དབུ་རྒྱན་ཅོད་པན་སྤྲས༔ གསལ་སྟོང་ཟུང་འཇུག་ཉི་ཟླའི་སྙན་རྒྱན་མཛེས༔ དུག་གསུམ་རྒྱན་དུ་ཤར་བའི་རང་རྟགས་སུ༔ གཟིག་ཤམ་གཡང་གཞི་ཐོད་སྦྲུལ་ཕྲེང་བས་བརྒྱན༔ ཉོན་དྲུག་གནས་དག་རུས་པའི་རྒྱན་དྲུག་གསོལ༔ ཤེས་རབ་ཁྲོ་མོ་ཡུམ་ལ་ཕྱག་འཚལ་བསྟོད༔ ཡེ་ཤེས་ལུས་ཅན་བྱ་ཁྱུང་ག་རུ་ཌ༔ ཉོན་མོངས་གདུག་པ་རབ་འཇོམས་སྦྲུལ་ཆུན་གསོལ༔ ཐབས་དང་ཤེས་རབ་གཉིས་མེད་སྒྲོ་གཤོག་ལྡན༔ གནམ་ལྕགས་རྡོ་རྗེའི་རྭ་དང་མཆུ་སྡེར་ཅན༔ རྒྱལ་ཀུན་ཕྲིན་ལས་མངའ་བདག་མཆོག་ལ་བསྟོད༔ སྣང་བ་བདེ་ཆེན་ཆོས་སྐུ་ཀུན་ཏུ་བཟང་༔ སྟོང་ཆེན་ཤེས་རབ་དབྱིངས་སྦྱོར་ཀུན་བཟང་མོ༔ ཕུང་ཁམས་གནས་དག་རིགས་ལྔ་ཡབ་ཡུམ་དང་༔ ཚོགས་ཡུལ་རྟོགས་ཚོགས་རང་བཞིན་རྣམ་དག་པ༔ སེམས་དཔའ་སེམས་མ་ཡབ་ཡུམ་བཅུ་དྲུག་ཚུལ༔ ཉོན་དྲུག་གནས་དག་ཐུབ་ཆེན་དྲུག་དང་ནི༔ རྟག་ཆད་བདག་མཚན་རྟོག་པ་གཞིར་འཇིགས་པ༔ སྒོ་སྐྱོང་ཡབ་ཡུམ་ཏ་ཀྲྀཏ་ཀྲོ་ཏིར་སྟོན༔ བཞི་བཅུ་རྩ་གཉིས་རྒྱལ་བའི་དཀྱིལ་འཁོར་ཀུན༔ རང་གསལ་ཡེ་རྫོགས་ཆེན་པོར་ཕྱག་འཚལ་བསྟོད༔ དཔལ་ཆེན་ཐུགས་ལས་སྙིང་རྗེར་རྗེས་སུ་ཆགས༔ དུག་ལྔ་འཇོམས་མཛད་ཀྲོ་ཏ་རིགས་བཞི་དང་༔ ཡེ་ཤེས་མཐར་ཕྱིན་ཤྭ་རི་ཡུམ་དང་སྦྱོར༔ གསང་ཆེན་རབ་དགྱེས་ལས་མཛད་སྒོ་སྐྱོང་བཞི༔ ཕྱོགས་བཅུའི་གདོན་འདུལ་ཡེ་ཤེས་ཁྲོ་བོ་བཅུ༔ བཀའ་ཉན་ལས་བྱེད་ལྕེ་སྤྱང་མ་བརྒྱད་སོགས༔ ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱིཿརང་བྱུང་ལྷུན་གྲུབ་ཨེ་ཡི་གཞལ་ཡས་ན༔ ཡང་དག་ཐུགས་ཀྱི་ལྷ་མཆོག་ཧེ་རུ་ཀ༔ ཆོས་ཉིད་མི་འགྱུར་ཟ་བྱེད་ཡུམ་དང་འཁྲིལ༔ དཔལ་དང་དུར་ཁྲོད་ཆས་རྣམས་སྐུ་ལ་རྫོགས༔ ཡེ་ཤེས་འབར་བའི་ཕྱག་མཚན་ཅིར་ཡང་འཛིན༔ ཁྲག་འཐུང་རིགས་ལྔ་ཡེ་ཤེས་ཁྲོ་མོར་འཁྱུད༔ ཀཽ་རཱི་ཙཽ་རཱི་པྲ་མོ་བཻ་ཏ་ལི༔ པུསྐ་གསྨ་སྨེ་ཤ་ཙནྡྷ་ལཱི༔ སེང་ཧ་བྱཱ་གྲི་སྲི་ལ་ཤྭ་ན་མོ༔ ཀྲི་ཏ་ཀང་ཀ་ཁ་ཁ་ཧུ་ལུ་མ༔ རྟ་གདོང་ཕག་གདོང་སྦྲེལ་གདོང་སྤྱང་གདོང་མ༔ དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་སོགས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་འཁོར་བཅས་ལ༔ རབ་གུས་གདུང་བ་དྲག་པོས་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱིཿསེར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ན༔ ང་རྒྱལ་རྟོག་པ་རྣམ་དག་ཧེ་རུ་ཀ༔ དཔལ་ཆེན་ཆེ་མཆོག་འཇམ་དཔལ་གཤིན་རྗེ་གཤེད༔ དུར་ཁྲོད་བདག་མོ་ཡུམ་དང་གཉིས་མེད་སྦྱོར༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་རྣམས་རྫོགས༔ གཤེད་ཆེན་བཞི་དང་ལས་བྱེད་ཕྱོགས་སྐྱོང་བཅུ༔ འབར་མ་མིང་སྲིང་ཡེ་ཤེས་སྒོ་བ་བཞི༔ བདུད་བཞི་གིང་བཞི་རྩིས་བཞི་ཤྭ་ཐོགས་བཞི༔ ཤན་པ་བཞི་དང་སྲོག་གཅོད་མ་མོ་བཞི༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་འཁོར་བཅས་ལ༔ རབ་གུས་གདུང་བ་དྲག་པོས་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱིཿདམར་ནག་གྲུ་གསུམ་འབར་བའི་གཞལ་ཡས་ན༔ པདྨ་གསུང་གི་དབང་ཕྱུག་ཧེ་རུ་ཀ༔ དབྱིངས་ཕྱུག་གཟི་ལྡན་གཉིས་མེད་ཡུམ་དང་སྦྱོར༔ དུར་ཁྲོད་དཔལ་ཆས་མ་ལུས་སྐུ་ལ་རྫོགས༔ འབར་བའི་ཕྱག་མཚན་སྣ་ཚོགས་གདེངས་སྟབས་འཛིན༔ ཐུགས་ལས་སྤྲུལ་པའི་གཙོ་འཁོར་རྣམ་འགྱུར་ངོམས༔ ལས་མཁན་སྤྲུལ་པ་བྱི་ལ་པུ་ཤུད་གདོང་༔ ཟིལ་གནོན་ཁྲོ་བོ་བཅུ་དང་སྒོ་སྐྱོང་བཞི༔ ཁམས་བརྒྱ་མ་དྲུག་དམུས་ལོང་བཅུ་དྲུག་དང་༔ ཁྱི་བརྒྱད་སྤྱང་བརྒྱད་མེ་འབྲུག་རླུང་འབྲུག་སོགས༔ པདྨ་གསུང་གི་ལྷ་ཚོགས་འཁོར་བཅས་ལ༔ རབ་གུས་གདུང་བ་དྲག་པོས་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱིཿལྗང་ནག་གྲུ་གསུམ་འབར་བའི་གཞལ་ཡས་སུ༔ དཔལ་ཆེན་ཆེ་མཆོག་བཛྲ་ཀུ་མཱ་ར༔ འཁོར་ལོ་རྒྱས་འདེབས་ཡུམ་དང་གཉིས་མེད་སྦྱོར༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུ་རྫོགས༔ འབར་བའི་ཕྱག་མཚན་མ་རུངས་དོན་སྙིང་འབྱིན༔ སྲས་མཆོག་རིགས་ལྔ་ཁྲོ་བཅུ་ཟ་གསོད་དང་༔ ཤྭ་ན་ས་བདག་སྐྱེས་གིང་དབང་ཕྱུག་ཚོགས༔ ཁྲ་ཐབས་ཉེར་གཅིག་ཡེ་ཤེས་སྒོ་མ་བཞི༔ དཔལ་ཆེན་ཕྲིན་ལས་མངའ་བདག་ཁྲོ་བོའི་རྒྱལ༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱིཿམ་མོ་རོལ་པའི་དུར་ཁྲོད་ཆེན་པོ་ན༔ དཔལ་ཆེན་ཆེ་མཆོག་བླ་མེད་ཧེ་རུ་ཀ༔ ཉིད་བཞི་མུ་ཁ་ལེ་དང་གཉིས་མེད་སྦྱོར༔ དཔལ་དང་དུར་ཁྲོད་ཆས་རྣམས་སྐུ་ལ་རྫོགས༔ ཡེ་ཤེས་འབར་བ་རང་རྟགས་ཕྱག་མཚན་འཛིན༔ རྟག་རྒྱལ་རྣམ་སྣང་འོད་གསལ་ཁྱབ་བརྡལ་མ༔ གཉན་གསལ་འོད་འཕྲོ་ཡང་གསལ་སྟོང་ཁམས་བདག༔ བཀྲག་གསལ་རྒྱན་བཟང་མ་སོགས་རྦོད་གཏོང་གི༔ ལྔ་བཅུ་རྩ་བརྒྱད་སྤྲུལ་པ་ཡང་སྤྲུལ་བཅས༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ཡི་ཚོགས་རྣམས་ལ༔ རབ་གུས་གདུང་བ་དྲག་པོས་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱིཿརིག་འཛིན་རོལ་པའི་དུར་ཁྲོད་ཆེན་པོ་ན༔ བྱིན་རླབས་མཆོག་སྩོལ་བླ་མ་ཧེ་རུ་ཀ༔ རྡོ་རྗེ་རྒྱལ་པོ་ཕག་མོ་ཡུམ་དང་སྦྱོར༔ སྣང་སྟོང་རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་འཛིན༔ དར་དང་རིན་པོ་ཆེ་ཡི་རྒྱན་གྱིས་སྤྲས༔ ཐུགས་ལས་སྤྲུལ་པའི་ཡེ་ཤེས་རིག་པ་འཛིན༔ རྣམ་སྨིན་ཚེ་དབང་ཕྱག་ཆེན་ལྷུན་གྲུབ་ཀྱི༔ རིག་འཛིན་བཞི་དང་རྡོ་རྗེ་རིན་པོ་ཆེ༔ པདྨ་ལས་ཀྱི་རིགས་འཆང་གིང་ཆེན་བཞི༔ སྤྲུལ་པ་ཡང་སྤྲུལ་ཕོ་ཉ་བསམ་ཡས་འགྱེད༔ རིག་འཛིན་སློབ་དཔོན་ལྷ་ཚོགས་འཁོར་བཅས་ལ༔ རབ་གུས་གདུང་བ་དྲག་པོས་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱིཿམཆོད་བསྟོད་རོལ་པའི་དུར་ཁྲོད་ཆེན་པོ་ན༔ གསང་བདག་དྲེགས་པ་ཀུན་འདུལ་ཧེ་རུ་ཀ༔ སྲིད་པ་སྤྱི་འདུལ་ཡུམ་དང་གཉིས་མེད་སྦྱོར༔ དཔལ་དང་དུར་ཁྲོད་ཆས་རྣམས་སྐུ་ལ་རྫོགས༔ འབར་བའི་ཕྱག་མཚན་ཞིང་བཅུའི་སྲོག་དབུགས་སྡུད༔ སྡེ་དཔོན་སུམ་ཅུ་དཔལ་མགོན་དྲེགས་སྐྱོང་ཚོགས༔ མཆོད་བསྟོད་དཀྱིལ་འཁོར་ལྷ་ཚོགས་འཁོར་བཅས་ལ༔ རབ་གུས་གདུང་བ་དྲག་པོས་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱིཿདྲག་སྔགས་རོལ་པའི་དུར་ཁྲོད་ཆེན་པོ་ན༔ དཔལ་ཆེན་སྟོབས་ལྡན་རིགས་སྔགས་ཀུན་གྱི་བདག༔ འབྱུང་ལྔའི་བདག་མོ་ཡུམ་དང་གཉིས་མེད་སྦྱོར༔ དྲེགས་ཆེན་བཅོ་བརྒྱད་བཀའ་ཡི་ཕོ་ཉར་འགྱེད༔ དམོད་པ་དྲག་སྔགས་དཀྱིལ་འཁོར་ལྷ་ཚོགས་ལ༔ རབ་གུས་གདུང་བ་དྲག་པོས་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱིཿདཀྱིལ་འཁོར་ཆེན་པོའི་བར་ཁྱམས་འཁོར་ཡུག་ཏུ༔ ལས་མཛད་རྒྱལ་བའི་བསྟན་པ་བསྲུང་མཛད་པ༔ གིང་ཆེན་བཅོ་བརྒྱད་ལང་ཀ་ཚར་གསུམ་དང་༔ མཁའ་འགྲོ་སུམ་ཅུ་ཕོ་ཉ་དྲུག་ཅུའི་སྡེ༔ བརྟན་མ་བཅུ་གཉིས་དབང་ཕྱུག་ཉི་ཤུ་བརྒྱད༔ ལྷ་ཆེན་ལྕམ་དྲལ་གནོད་སྦྱིན་རྨ་རུ་རྩེ༔ སྔགས་བདག་ཨེ་ཀ་དམ་ཅན་ཐིག་ལེ་རྩལ༔ སེང་གདོང་ཡབ་ཡུམ་འབར་བ་སྤུན་བདུན་སོགས༔ དཔལ་གྱི་སྤྱན་སྔར་རང་རང་སྲོག་སྙིང་ཕུལ༔ ཅི་བགྱིས་བཀའ་ཉན་ལས་བྱེད་དྲེགས་པའི་ཚོགས༔ བཀའ་སྡོད་དམ་ཅན་སྡེ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱིཿགཞི་དབྱིངས་མི་འགྱུར་བདེ་ཆེན་ཀུན་ཏུ་བཟང་༔ ལྷན་སྐྱེས་ཡེ་ཤེས་རང་གྲོལ་བྱ་བ་མོ༔ འུབ་ཆུབ་རོལ་པ་རིགས་ལྔ་ཡབ་ཡུམ་བཅུ༔ ཚོགས་ཡུལ་རྣམ་དག་སེམས་དཔའ་སེམས་མའི་དལ༔ ཉོན་མོངས་སེར་སྣ་རང་གྲོལ་ཐུབ་པ་དྲུག༔ རྟག་ཆད་མུ་བཞི་དབྱིངས་རོལ་སྒོ་སྐྱོང་བཞི༔ བདེ་གཤེགས་ཞི་བའི་ལྷ་ཚོགས་བཞི་བཅུ་གཉིས༔ གསལ་དག་འཛིན་པ་བྲལ་བས་བསྐྱེད་བསྒོམ་མཐུས༔ གཟུང་འཛིན་ཨ་འཐས་མདུད་པ་གྲོལ་བ་དང་༔ དབྱིངས་རིག་ཟུང་འཇུག་རྟོགས་པའི་དངོས་གྲུབ་སྩོལ༔ ཁྲོ་རྒྱལ་ཡོངས་འདུས་ཆེ་མཆོག་ཧེ་རུ་ཀ༔ དགྱེས་བསྐྱེད་དབྱིངས་ཕྱུག་ཁྲག་འཐུང་རིགས་ལྔ་དང་༔ ཕྱོགས་སྐྱོང་ཁྲོ་བཅུ་ཏ་ཀྲྀཏ་སྒོ་བ་བཞི༔ བཀའ་ཉན་ལས་བྱེད་ལྕེ་སྤྱང་མ་བརྒྱད་རྣམས༔ འཕོ་འགྱུར་བྲལ་བའི་ཏིང་འཛིན་གྱིས་བསྒོམ་མཐུས༔ གཏི་མུག་རྨོངས་པའི་བག་ཆགས་ཀུན་བྲལ་ནས༔ ཆོས་དབྱིངས་ཡེ་ཤེས་རྟོགས་པའི་དངོས་གྲུབ་སྩོལ༔ ཐུགས་མཆོག་ཡང་དག་བཛྲ་ཧེ་རུ་ཀ༔ གཉིས་མེད་ཡུམ་ཆེན་ཀྲོ་ཏི་ཤྭ་རཱི་འཁྲིལ༔ རིགས་ལྔའི་ཁྲོ་རྒྱལ་དགྱེས་བསྐྱེད་ཡུམ་དང་བཅས༔ ཚོགས་ཡུལ་གནས་འགྱུར་ཀཽ་སེང་བཅུ་དྲུག་དང་༔ ལས་མཛད་མ་ཡུམ་དབང་ཕྱུག་ཉི་ཤུ་བརྒྱད༔ དམིགས་མེད་ཡེ་ཤེས་དག་པས་བསྒོམ་པའི་མཐུས༔ ཞེ་སྡང་འཛིན་པའི་སྒོང་རྒྱ་རབ་གྲོལ་ཏེ༔ མེ་ལོང་ཡེ་ཤེས་རྟོགས་པའི་དངོས་གྲུབ་སྩོལ༔ སྐུ་མཆོག་ཁྲོ་རྒྱལ་སྟོབས་འདུས་གཤིན་རྗེ་གཤེད༔ སྦྱོར་ཡུམ་བེ་ཏ་སྒྲོལ་ཡུམ་ཨེ་ཀ་ཛ༔ གཤེད་ཆེན་བཅུ་གཉིས་སྦྱོར་སྒྲོལ་ཡུམ་ཉེར་བཞི༔ གིང་བདུད་རྩིས་ཤན་ཕོ་ཉ་ལས་བྱེད་རྣམས༔ རང་གསལ་ཡེ་ཤེས་ཆེན་པོས་བསྒོམ་པའི་མཐུས༔ ང་རྒྱལ་ཁེངས་སེམས་འཁྲུལ་པ་རྨང་བཅོམ་སྟེ༔ མཉམ་ཉིད་ཡེ་ཤེས་རྟོགས་པའི་དངོས་གྲུབ་སྩོལ༔ གསུང་མཆོག་དཔའ་བོ་དབང་ཆེན་རྟ་མགྲིན་རྒྱལ༔ དགྱེས་བསྐྱེད་པདྨ་གཟི་ལྡན་འཁྲིལ་སྦྱོར་རོལ༔ ཡབ་ཡུམ་ཆ་འཛིན་བྱི་ལ་པུ་ཤུད་མགོ༔ ཟིལ་གནོན་ཁྲོ་བཅུ་ལས་བྱེད་སྒོ་བ་བཞི༔ ཁམས་བརྒྱ་མ་དྲུག་དམུས་ལོང་་རྒྱབ་འབྲེལ་དང་༔ འབྱུང་བཞིའི་འདབ་ཅན་སྟོབས་ལྡན་འབྲུག་བཞི་དང་༔ ཁྱི་སྤྱང་བཅུ་དྲུག་ལས་བྱེད་བསམ་མི་ཁྱབ༔ ཆགས་བྲལ་བདེ་བ་ཆེན་པོས་བསྒོམ་པའི་མཐུས༔ ཀུན་རྟོག་ཞེན་པའི་རྩ་བ་རང་གྲོལ་ཏེ༔ སོར་རྟོག་ཡེ་ཤེས་རྟོགས་པའི་དངོས་གྲུབ་སྩོལ༔ ཕྲིན་ལས་ལྷ་མཆོག་རྡོ་རྗེ་གཞོན་ནུ་དང་༔ དགྱེས་བསྐྱེད་སྦྱོར་སྒྲོལ་རྒྱས་འདེབས་ཨེ་ཀ་ཛ༔ ཀཱི་ལ་རིགས་ལྔ་བདུད་འདུལ་ཁྲོ་བོ་བཅུ༔ གཉིས་མེད་ཁྲོ་མོ་ཡུམ་དང་ཟ་གསོད་ཚོགས༔ འབར་བའི་སྲས་མཆོག་ཁྲ་ཐབས་ཉི་ཤུ་གཅིག༔ སྒོ་སྐྱོང་མ་བཞི་ཕུར་སྲུང་བཅུ་དྲུག་སོགས༔ འུབ་ཆུབ་རོལ་པ་ཆེན་པོས་བསྒོམ་པའི་མཐུས༔ ཀུན་རྨོངས་ཕྲག་དོག་འཁྲུལ་པ་གཞིར་གྲོལ་ཏེ༔ བྱ་གྲུབ་ཡེ་ཤེས་རྟོགས་པའི་དངོས་གྲུབ་སྩོལ༔ གཟི་བརྗིད་ལྷ་མཆོག་བླ་མེད་ཧེ་རུ་ཀ༔ ཉིད་བཞི་མུ་ཁ་ལེ་དང་གཉིས་མེད་རོལ༔ རྟག་རྒྱལ་མ་ལྔ་ཀུན་བཟང་མ་དྲུག་དང་༔ རྗེ་མོ་སྤུན་དྲུག་སྨན་མོ་ལྔ་བཅུ་གཅིག༔ བདེ་སྟོང་སྤྲོས་བྲལ་ཏིང་འཛིན་གྱིས་བསྒོམ་མཐུས༔ ཉོན་མོངས་འཁྲུལ་པའི་བག་ཆགས་ཀུན་བྲལ་ཏེ༔ རོ་མཉམ་ཡེ་ཤེས་རྟོགས་པའི་དངོས་གྲུབ་སྩོལ༔ བདེ་གཤེགས་གདུང་འཛིན་རྡོ་རྗེ་ཆོས་ཀྱི་དབང་༔ གཉིས་མེད་བདེ་རོལ་རྡོ་རྗེ་ཕག་མོ་འཁྲིལ༔ རིག་འཛིན་རྣམ་བཞི་དཔའ་བོ་ཡབ་ཡུམ་བརྒྱད༔ ལས་མཛད་གིང་བཞི་མཁའ་འགྲོ་སྡེ་བཞི་རྣམས༔ རང་གྲོལ་བདེ་བ་ཆེན་པོས་བསྒོམ་པའི་མཐུས༔ སྣང་གསུམ་འཕོ་བའི་བག་ཆགས་ཀུན་བཅོམ་སྟེ༔ ཀློང་གྲོལ་ཡེ་ཤེས་རྟོགས་པའི་དངོས་གྲུབ་སྩོལ༔ སྟོབས་རྣམས་འདུས་པ་དྲེགས་པ་ཀུན་འདུལ་རྒྱལ༔ སྲིད་པ་སྤྱི་འདུལ་ཆེན་པོ་འཁྲིལ་སྦྱོར་རོལ༔ ཕོ་ཉ་སྡེ་དཔོན་སུམ་ཅུ་ལས་བྱེད་བཅས༔ དག་གསལ་འཛིན་པ་བྲལ་པས་བསྐྱེད་བསྒོམ་མཐུས༔ འཁྲུལ་སྣང་ལས་ཀྱི་བག་ཆགས་ཀུན་བསྒྲལ་ཏེ༔ ཀུན་བཟང་དགོངས་པ་རྟོགས་པའི་དངོས་གྲུབ་སྩོལ༔ དཔལ་ལས་བྱུང་བ་ཁྲོ་ཆེན་སྟོབས་པོ་ཆེ༔ འབྱུང་ལྔའི་བདག་མོ་དགྱེས་བསྐྱེད་འཁྲིལ་སྦྱོར་རོལ༔ ལས་མཛད་བཀའ་ཉན་དྲེགས་ཆེན་བཅོ་བརྒྱད་རྣམས༔ བདེ་སྟོང་འཛིན་བྲལ་ཆེན་པོས་བསྒོམ་པའི་མཐུས༔ འཛིན་རྟོག་ལས་ཀྱི་མདུད་པ་རབ་གྲོལ་ཏེ༔ གཞོན་ནུ་བུམ་སྐུར་གྲོལ་བའི་དངོས་གྲུབ་སྩོལ༔ དཀྱིལ་འཁོར་དགུ་ཡི་དཔལ་སྐྱོང་ཕོ་ཉ་བ༔ དབང་ཕྱུག་ཉེར་བརྒྱད་གིང་ཆེན་བཅོ་བརྒྱད་དང་༔ ལང་ཀ་བཅུ་དྲུག་མ་བདུན་སིང་མོ་བཞི༔ ཌཱ་ཀི་སོ་གཉིས་འབུམ་ཕྲག་མཁའ་འགྲོ་དང་༔ ཕོ་ཉ་སུམ་བརྒྱ་ས་བདག་སུམ་ཅུ་གཉིས༔ དྲེགས་པ་སྡེ་བརྒྱད་བརྟན་མ་བཅུ་གཉིས་རྣམས༔ དགོངས་པ་འགྱུར་མེད་ཏིང་འཛིན་གྱིས་བསྒོམ་མཐུས༔ རྒྱལ་བསྟན་ནུབ་མེད་ཕྱོགས་བཅུར་དར་བ་དང་༔ ཁྱད་པར་གསང་སྔགས་རྡོ་རྗེ་སྙིང་པོའི་ཆོས༔ སྲིད་པ་གསུམ་གྱི་གཙུག་ན་རབ་སྤུད་ཅིང་༔ བསྐྱེད་རྫོགས་སྒྲུབ་པའི་དྲོད་རྟགས་རབ་བརྙེས་ཏེ༔ འཁོར་བ་དོང་སྤྲུགས་ཀུན་བཟང་རྒྱལ་ས་ལ༔ མི་རིང་ཚེ་གཅིག་འགོད་པའི་དངོས་གྲུབ་སྩོལ༔ རྒྱལ་དབང་པདྨའི་རིང་ལུགས་རྫོགས་པ་ཆེ༔ རྨད་བྱུང་འབྲས་བུའི་ཐེག་པ་དར་ཞིང་རྒྱས༔ ཕྲིན་ལས་མི་ནུབ་ནམ་མཁའི་ཕ་མཐར་བརྡལ༔ ཐམས་ཅད་ཀུན་བཟང་ཀློང་གྲོལ་ཨེ་མ་ཧོ༔ གཞན་ཡང་བསྔོ་བ་སྨོན་ལམ་རྒྱ་ཡིས་བཏབ༔ བཀྲ་ཤིས་དགེ་མཚན་མེ་ཏོག་སིལ་མ་བཀྲམ༔ སྙན་པའི་རོལ་མོ་དགའ་སྟོན་ཚོགས་འཁོར་བསྐོར༔ གནད་དེས་དོན་གཉིས་ལྷུན་གྱིས་གྲུབ་པར་གྱུར༔ ཐེ་ཚོམ་མེད་དོ་རྡོ་རྗེ་པདྨའི་བཀའ༔ ས་མ་ཡ༔ ཨེ་མ༔ ཀུན་བཟང་ཐུགས་ཀྱི་བསྟན་པ་རིན་པོ་ཆེ༔ རྒྱ་གསུམ་ཆིངས་བཞིས་བཅིང་བའི་མན་ངག་མཆོག༔ ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང་ཉིད༔ སྐལ་ལྡན་སྒྲུབ་པ་པོ་ཡི་དཔལ་དུ་ཤར༔ ཕུན་ཚོགས་ལྔ་ཡིས་བྱི་དོར་ལེགས་བྱེད་ཅིང་༔ ཡན་ལག་བཞི་ཡི་རྩེ་ལ་རབ་བརྟེན་ཏེ༔ གཟེར་བཞིས་མཆོད་བསྟོད་བཀུར་སྟི་ལེགས་བྱས་ཤིང་༔ བསགས་སྦྱངས་སྤེལ་བའི་ལས་ལ་རབ་བརྩོན་ན༔ རིག་འཛིན་བཞི་དང་ས་ལམ་ཉམས་རྟོགས་ཀྱི༔ ཡོན་ཏན་ཐམས་ཅད་དགོས་རྒུ་ངང་གིས་སྟེར༔ འདི་འདྲའི་མན་ངག་སྲིད་པ་གསུམ་ན་དཀོན༔ གངས་ཆེན་མི་གཅིག་འབྲོག་མི་ཁྱོད་ལ་སྦྱིན༔ ལས་ཅན་གྲོགས་ལྔས་ཟབ་གསང་བརྡ་རིས་ཐོབ༔ འགྱུར་མེད་མདོ་ཁམས་རྡོ་རྗེའི་བྲག་ལ་སྦོས༔ སྙིགས་མ་ལྔ་བདོའི་རྒུད་པས་གཟིངས་ལང་ཚེ༔ ང་སྤྲུལ་དཔའ་བོ་བདུད་འཇོམས་རྡོ་རྗེ་ཡིས༔ བགོ་སྐལ་ཕ་ཕོག་གདམས་པ་འདི་རྙེད་ནས༔ བསྟན་དང་འགྲོ་བའི་དོན་ཆེན་འབྱུང་བར་འགྱུར༔ རྣམ་པར་གསལ་བའི་ཉི་གཞོན་སྣང་བ་ཡང་༔ འགགས་མེད་ཀློང་ཆེན་ཆུ་ཤེལ་ཀློང་དུ་འཕོས༔ ཐུགས་རྗེ་བསམ་ཡས་སྐར་ཚོགས་སཱུཪྻར་སད༔ དྲུག་ཕྲག་བཅོ་བརྒྱད་གསོ་སྨིིན་དར་རྒྱས་ཕྱིར༔ ཟབ་གསང་མཆོག་གི་ཉིན་མོ་སྣང་གྱུར་ཅིག༔ བཀའ་འདི་ཐུབ་པར་སྲུངས་ཤིག་སྲོག་བདག་ལྔ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཙིཏྟ༔ ཨྠིྀ༔ རྒྱ༔ གུ་ཧྱ༔ བརྡ་ཐིམ༔ ཞེས་པ་འདི་ཉིད་སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐྱེས་བུ་ཕུན་ཚོགས་བཀྲ་ཤིས་ཀྱིས་བསྐུལ་ངོར་བདག་འདྲ་དཔའ་བོ་བདུད་འཇོམས་རྡོ་རྗེས་མདོ་ཁམས་རྔ་ལ་སྟག་རྩེའི་གཡས་ལོགས་བྲག་རྡོ་རྗེ་འབར་བ་ནས་གདན་དྲངས་པའི་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ལུང་ཟིན་རིག་པའི་རྡོ་རྗེའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 09:48, 4 June 2024
| Wylie title | ||
|---|---|---|
| Location | bdud 'joms gling pa zab gter Volume 6, Text 23, Pages (Folios to ) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | ||
| More details More details | ||
| Genre | ||