TTDL-ZABTER-12-NA-042: Difference between revisions
From Dudjom Wiki
TTDL-ZABTER-12-NA-042
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
༠༠༠༠༠བརྡ་ཡིག༢༤༥ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མགོན་པོ་ཚེ་དཔག་མེད་ཀྱི་ཕྱག་རྒྱ་འཆི་མེད་བུམ་བཟང་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༢༤༥ཨཱཿགཟུང་དང་འཛིན་པས་བསྡུས་པ་ཡིས༔ ཆོས་ཀུན་ཆོས་ཉིད་མཁའ་རུ་ཞིག༔ སྒྱུ་མའི་འཕྲུལ་སྣང་བཀོད་པ་ལྟར༔ རང་སྣང་དོན་གྱི་འོག་མིན་དབུས༔ བདེ་ཆེན་འབར་བའི་གཞལ་ཡས་སུ༔ རྨ་བྱ་བརྒྱད་ཀྱིས་བཏེགས་པའི་ཁྲིར༔ པདྨ་ཉི་མའི་གདན་སྟེང་དུ༔ རང་ཉིད་བཅོམ་ལྡན་ཚེ་དཔག་མེད༔ དམར་གསལ་ཞི་འཛུམ་མཚན་དཔེས་སྤྲས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཕྱག་གཉིས་མཉམ་བཞག་ཚེ་བུམ་བསྣམས༔ བཅུ་དྲུག་གཞོན་ནུའི་ལང་ཚོས་མཛེས༔ རིན་པོ་ཆེ་ཡི་དབུ་རྒྱན་དང་༔ མགུལ་རྒྱན་ཕྲེང་བ་དོ་ཤལ་དང་༔ སྙན་ཆ་གདུ་བུ་རྒྱན་དུ་འཆང་༔ ཅོད་པན་སྟོད་གཡོགས་སྨད་དཀྲིས་དང་༔ ཤམ་ཐབས་སྐུ་རེག་ལ་སོགས་པའི༔ ལོངས་སྤྱོད་རྫོགས་པའི་ཆས་རྣམས་རྫོགས༔ ཡུམ་མཆོག་གསང་བ་ཡེ་ཤེས་མ༔ དམར་གསལ་མདའ་དར་ཚེ་བུམ་བསྣམས༔ ཡབ་ལ་འཁྲིལ་ཞིང་གཉིས་མེད་སྦྱོར༔ གཞོན་ཚུལ་མཚན་དཔེའི་ལང་ཚོ་ཅན༔ དར་དང་རཏྣའི་ཆས་ཀྱིས་བརྒྱན༔ ཡེ་ཤེས་འཇའ་འོད་ཐིག་ལེའི་ཀློང་༔ འཇའ་ལུས་སྒྱུ་མའི་ཕུང་པོར་གསལ༔ སྤྱི་བོར་ཨོཾ་དང་མགྲིན་པར་ཨཱཿཐུགས་ཀར་ཨོཾ་དང་ཧྲཱིཿཡིག་ལས༔ འོད་འཕྲོས་དབྱིངས་ནས་སྤྱན་དྲངས་བསྟིམས༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱིཿརང་སྣང་དོན་གྱི་འོག་མིན་ཞིང་༔ ལྷུན་གྲུབ་བདེ་ཆེན་གཞལ་ཡས་ནས༔ འཆི་མེད་མགོན་པོ་ཚེ་མཐའ་ཡས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་བཞུགས་གསོལ་ཕྱག་འཚལ་ལ༔ ཧྲཱིཿཡེ་ཤེས་དབྱིངས་ནས་དྲངས་པའི་ལྷ༔ དམ་ཚིག་རྡོ་རྗེའི་དཀྱིལ་འཁོར་དུ༔ གཉིས་མེད་རོལ་པར་བརྟན་བཞུགས་གསོལ༔ རྣམ་གསུམ་དད་པས་ཕྱག་འཚལ་ལོ༔ ཏིཥྛ་བཛྲ་ན་མོ་ན་མ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ ཁམས་གསུམ་སྣང་ཞིང་སྲིད་པའི་ཆོས༔ ཕྱི་ནང་གསང་བའི་མཆོད་སྤྲིན་དུ༔ ཡིད་ཀྱིས་སྤྲུལ་ཏེ་བློ་ཡིས་བླངས༔ གུས་པས་འབུལ་ལོ་བཞེས་ཏེ་རོལ༔ ཨོཾ་བཛྲ་ཨརྒྷཾ༴ནས་ཉེར་སྤྱོད་འདོད་ཡོན་སྨན་གཏོར་རཀྟའི་སྔགས་ཀྱིས་ཕུལ༔ དེ་ནས་བསྟོད་པ་ལ༔ ཧཱུྃ་ཧྲཱིཿམི་འགྱུར་མི་ཤིགས་ཐིག་ལེའི་མཁར༔ མི་གནས་ཡེ་ཤེས་གསང་བ་མཆོག༔ འཆི་མེད་མགོན་པོ་ཚེ་དཔག་མེད༔ རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི༔ ཁྱབ་བདག་མཆོག་ལ་ཕྱག་འཚལ་ལོ༔ དེ་ནས་འཛབ་སྔགས་བཟླ་བ་ལ༔ ཧྲཱིཿའཆི་མེད་མགོན་པོའི་ཐུགས་ཀ་རུ༔ པདྨ་དང་ནི་ཟླ་རྒྱས་སྟེང་༔ རཱ་གའི་བུམ་པ་ཚོན་གང་བའི༔ ལྟེ་བར་ཧྲཱིཿཡིག་དམར་པོ་ལ༔ སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས༔ དུས་གསུམ་རྒྱལ་བ་སྲས་བཅས་དང་༔ སྣོད་བཅུད་འབྱུང་བའི་ཚེ་དཔལ་བཅུད༔ བསྡུས་ཏེ་སྲོག་གི་སྙིང་པོར་བསྟིམ༔ འཆི་མེད་རིག་འཛིན་འགྲུབ་པར་བསྒོམ༔ ཨོཾ་ཨ་མི་དྷེ་ཝ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿབསྒྲུབ་དང་ལས་སྦྱོར་དམིགས་པས་ཕྱེས༔ དེ་ནས་དབང་མཆོག་བསྐུར་བ་ལ༔ བུམ་པ་སྐུ་དང་བདུད་རྩི་གསུང་༔ ཚེ་རིལ་ཐུགས་ལ་ཚེ་བུམ་ནི༔ བཞི་པའི་དབང་སྟེ་ཚང་བར་བྱ༔ སློབ་མ་གྲལ་འཁོད་ཁྲུས་བྱ་ཞིང་༔ བགེགས་བསྐྲད་བསྲུང་བའི་འཁོར་ལོ་བསྒོམ༔ སྐྱབས་སེམས་ཕོག་སྟེ་མཎྜལ་ཕུལ༔ དེ་ནས་གསོལ་བ་གདབ་པ་ལ༔ ཀྱེ༔ བླ་མ་མགོན་པོ་ཚེ་མཐའ་ཡས༔ བདག་ནི་སྲོག་གི་འཇིགས་པ་ལ༔ སྐྲག་སྟེ་འཆི་མེད་ཚེ་བསྒྲུབ་བྱ༔ སྨིན་བྱེད་དབང་མཆོག་དམ་པ་སྩོལ༔ ལན་གསུམ༔ དེ་ནས་བླ་མས༔ ཀྱཻ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ དམ་ཚིག་སྲོག་གི་གཏའ་རུ་ཟུངས༔ སྒོ་གསུམ་རྡོ་རྗེའི་གྲོང་འཇུག་པའི༔ གདམས་པ་ཟབ་མོའི་དབང་བསྐུར་བྱ༔ དེ་ནས་བུམ་པ་ཐོགས་ལ༔ ཧཱུྃ༔ བུམ་པ་ལྷུན་གྲུབ་གཞལ་ཡས་ཁང་༔ འཆི་མེད་བདུད་རྩི་བཅུད་དུ་འཁྱིལ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རྡོ་རྗེའི་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་བྷནྡྷ་བདུད་རྩི་ཐོགས་ལ༔ ཧྲཱིཿཆོས་དབྱིངས་ཡངས་པའི་བྷནྡྷ་རུ༔ རྡོ་རྗེའི་གསུང་བཅུད་བདུད་རྩི་འདི༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རྡོ་རྗེའི་གསུང་གི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་ཚེ་རིལ་གཏད་ལ༔ ཧྲཱིཿརབ་འབྱམས་རྒྱལ་བའི་ཚེ་བཅུད་དང་༔ འབྱུང་བའི་བཅུད་བསྡུས་རིལ་བུ་འདི༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ རྡོ་རྗེའི་ཐུགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཨཱཿདེ་ནས་ཚེ་བུམ་གཏད་ལ༔ ཧྲཱིཿའཆི་མེད་མགོན་པོའི་ཡེ་ཤེས་དང་༔ ཡོན་ཏན་ཕྲིན་ལས་མ་ལུས་པ༔ ཡོངས་རྫོགས་ཚེ་ཡི་བུམ་པ་འདི༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ མཚན་མ་ཚིག་བྲལ་དབང་ཐོབ་སྟེ༔ འཆི་མེད་རྡོ་རྗེའི་སྲོག་འགྲུབ་ཤོག༔ རྩ་སྔགས་མཐར༔ སརྦ་ཨ་བྷི་ཥིཉྩ་ཏྲཱཾ༔ དེ་ལྟར་ཚེ་ཡི་དབང་ཐོབ་ནས༔ སྒྲུབ་ལ་བརྩོན་པའི་སྐྱེས་བུ་རྣམས༔ འཆི་བ་མེད་པའི་བཅུད་ལེན་ཏེ༔ བདེ་ཆེན་ཞིང་གི་དཔལ་ཐོབ་འགྱུར༔ ཞིང་སྐྱོང་ཀུན་དགའ་གཞོན་ནུས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདིའང་རིག་འཛིན་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་ཡེ་ཤེས་ཉི་མ་མཐའ་རྒྱས་སོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།། | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=bdud 'joms gling pa zab gter | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|totalvolumes=21 | |||
|author=bdud 'joms gling pa | |||
|authortib=བདུད་འཇོམས་གླིང་པ་ | |||
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=12 | |||
|volumeLetter=NA | |||
|textnuminvol=042 | |||
|pdflink=File:TTDL-ZABTER-12-NA-042.pdf | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-12-NA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༠༠༠༠༠བརྡ་ཡིག༢༤༥ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མགོན་པོ་ཚེ་དཔག་མེད་ཀྱི་ཕྱག་རྒྱ་འཆི་མེད་བུམ་བཟང་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༢༤༥ཨཱཿགཟུང་དང་འཛིན་པས་བསྡུས་པ་ཡིས༔ ཆོས་ཀུན་ཆོས་ཉིད་མཁའ་རུ་ཞིག༔ སྒྱུ་མའི་འཕྲུལ་སྣང་བཀོད་པ་ལྟར༔ རང་སྣང་དོན་གྱི་འོག་མིན་དབུས༔ བདེ་ཆེན་འབར་བའི་གཞལ་ཡས་སུ༔ རྨ་བྱ་བརྒྱད་ཀྱིས་བཏེགས་པའི་ཁྲིར༔ པདྨ་ཉི་མའི་གདན་སྟེང་དུ༔ རང་ཉིད་བཅོམ་ལྡན་ཚེ་དཔག་མེད༔ དམར་གསལ་ཞི་འཛུམ་མཚན་དཔེས་སྤྲས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཕྱག་གཉིས་མཉམ་བཞག་ཚེ་བུམ་བསྣམས༔ བཅུ་དྲུག་གཞོན་ནུའི་ལང་ཚོས་མཛེས༔ རིན་པོ་ཆེ་ཡི་དབུ་རྒྱན་དང་༔ མགུལ་རྒྱན་ཕྲེང་བ་དོ་ཤལ་དང་༔ སྙན་ཆ་གདུ་བུ་རྒྱན་དུ་འཆང་༔ ཅོད་པན་སྟོད་གཡོགས་སྨད་དཀྲིས་དང་༔ ཤམ་ཐབས་སྐུ་རེག་ལ་སོགས་པའི༔ ལོངས་སྤྱོད་རྫོགས་པའི་ཆས་རྣམས་རྫོགས༔ ཡུམ་མཆོག་གསང་བ་ཡེ་ཤེས་མ༔ དམར་གསལ་མདའ་དར་ཚེ་བུམ་བསྣམས༔ ཡབ་ལ་འཁྲིལ་ཞིང་གཉིས་མེད་སྦྱོར༔ གཞོན་ཚུལ་མཚན་དཔེའི་ལང་ཚོ་ཅན༔ དར་དང་རཏྣའི་ཆས་ཀྱིས་བརྒྱན༔ ཡེ་ཤེས་འཇའ་འོད་ཐིག་ལེའི་ཀློང་༔ འཇའ་ལུས་སྒྱུ་མའི་ཕུང་པོར་གསལ༔ སྤྱི་བོར་ཨོཾ་དང་མགྲིན་པར་ཨཱཿཐུགས་ཀར་ཨོཾ་དང་ཧྲཱིཿཡིག་ལས༔ འོད་འཕྲོས་དབྱིངས་ནས་སྤྱན་དྲངས་བསྟིམས༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱིཿརང་སྣང་དོན་གྱི་འོག་མིན་ཞིང་༔ ལྷུན་གྲུབ་བདེ་ཆེན་གཞལ་ཡས་ནས༔ འཆི་མེད་མགོན་པོ་ཚེ་མཐའ་ཡས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་བཞུགས་གསོལ་ཕྱག་འཚལ་ལ༔ ཧྲཱིཿཡེ་ཤེས་དབྱིངས་ནས་དྲངས་པའི་ལྷ༔ དམ་ཚིག་རྡོ་རྗེའི་དཀྱིལ་འཁོར་དུ༔ གཉིས་མེད་རོལ་པར་བརྟན་བཞུགས་གསོལ༔ རྣམ་གསུམ་དད་པས་ཕྱག་འཚལ་ལོ༔ ཏིཥྛ་བཛྲ་ན་མོ་ན་མ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ ཁམས་གསུམ་སྣང་ཞིང་སྲིད་པའི་ཆོས༔ ཕྱི་ནང་གསང་བའི་མཆོད་སྤྲིན་དུ༔ ཡིད་ཀྱིས་སྤྲུལ་ཏེ་བློ་ཡིས་བླངས༔ གུས་པས་འབུལ་ལོ་བཞེས་ཏེ་རོལ༔ ཨོཾ་བཛྲ་ཨརྒྷཾ༴ནས་ཉེར་སྤྱོད་འདོད་ཡོན་སྨན་གཏོར་རཀྟའི་སྔགས་ཀྱིས་ཕུལ༔ དེ་ནས་བསྟོད་པ་ལ༔ ཧཱུྃ་ཧྲཱིཿམི་འགྱུར་མི་ཤིགས་ཐིག་ལེའི་མཁར༔ མི་གནས་ཡེ་ཤེས་གསང་བ་མཆོག༔ འཆི་མེད་མགོན་པོ་ཚེ་དཔག་མེད༔ རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི༔ ཁྱབ་བདག་མཆོག་ལ་ཕྱག་འཚལ་ལོ༔ དེ་ནས་འཛབ་སྔགས་བཟླ་བ་ལ༔ ཧྲཱིཿའཆི་མེད་མགོན་པོའི་ཐུགས་ཀ་རུ༔ པདྨ་དང་ནི་ཟླ་རྒྱས་སྟེང་༔ རཱ་གའི་བུམ་པ་ཚོན་གང་བའི༔ ལྟེ་བར་ཧྲཱིཿཡིག་དམར་པོ་ལ༔ སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས༔ དུས་གསུམ་རྒྱལ་བ་སྲས་བཅས་དང་༔ སྣོད་བཅུད་འབྱུང་བའི་ཚེ་དཔལ་བཅུད༔ བསྡུས་ཏེ་སྲོག་གི་སྙིང་པོར་བསྟིམ༔ འཆི་མེད་རིག་འཛིན་འགྲུབ་པར་བསྒོམ༔ ཨོཾ་ཨ་མི་དྷེ་ཝ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿབསྒྲུབ་དང་ལས་སྦྱོར་དམིགས་པས་ཕྱེས༔ དེ་ནས་དབང་མཆོག་བསྐུར་བ་ལ༔ བུམ་པ་སྐུ་དང་བདུད་རྩི་གསུང་༔ ཚེ་རིལ་ཐུགས་ལ་ཚེ་བུམ་ནི༔ བཞི་པའི་དབང་སྟེ་ཚང་བར་བྱ༔ སློབ་མ་གྲལ་འཁོད་ཁྲུས་བྱ་ཞིང་༔ བགེགས་བསྐྲད་བསྲུང་བའི་འཁོར་ལོ་བསྒོམ༔ སྐྱབས་སེམས་ཕོག་སྟེ་མཎྜལ་ཕུལ༔ དེ་ནས་གསོལ་བ་གདབ་པ་ལ༔ ཀྱེ༔ བླ་མ་མགོན་པོ་ཚེ་མཐའ་ཡས༔ བདག་ནི་སྲོག་གི་འཇིགས་པ་ལ༔ སྐྲག་སྟེ་འཆི་མེད་ཚེ་བསྒྲུབ་བྱ༔ སྨིན་བྱེད་དབང་མཆོག་དམ་པ་སྩོལ༔ ལན་གསུམ༔ དེ་ནས་བླ་མས༔ ཀྱཻ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ དམ་ཚིག་སྲོག་གི་གཏའ་རུ་ཟུངས༔ སྒོ་གསུམ་རྡོ་རྗེའི་གྲོང་འཇུག་པའི༔ གདམས་པ་ཟབ་མོའི་དབང་བསྐུར་བྱ༔ དེ་ནས་བུམ་པ་ཐོགས་ལ༔ ཧཱུྃ༔ བུམ་པ་ལྷུན་གྲུབ་གཞལ་ཡས་ཁང་༔ འཆི་མེད་བདུད་རྩི་བཅུད་དུ་འཁྱིལ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རྡོ་རྗེའི་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་བྷནྡྷ་བདུད་རྩི་ཐོགས་ལ༔ ཧྲཱིཿཆོས་དབྱིངས་ཡངས་པའི་བྷནྡྷ་རུ༔ རྡོ་རྗེའི་གསུང་བཅུད་བདུད་རྩི་འདི༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རྡོ་རྗེའི་གསུང་གི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་ཚེ་རིལ་གཏད་ལ༔ ཧྲཱིཿརབ་འབྱམས་རྒྱལ་བའི་ཚེ་བཅུད་དང་༔ འབྱུང་བའི་བཅུད་བསྡུས་རིལ་བུ་འདི༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ རྡོ་རྗེའི་ཐུགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཨཱཿདེ་ནས་ཚེ་བུམ་གཏད་ལ༔ ཧྲཱིཿའཆི་མེད་མགོན་པོའི་ཡེ་ཤེས་དང་༔ ཡོན་ཏན་ཕྲིན་ལས་མ་ལུས་པ༔ ཡོངས་རྫོགས་ཚེ་ཡི་བུམ་པ་འདི༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ མཚན་མ་ཚིག་བྲལ་དབང་ཐོབ་སྟེ༔ འཆི་མེད་རྡོ་རྗེའི་སྲོག་འགྲུབ་ཤོག༔ རྩ་སྔགས་མཐར༔ སརྦ་ཨ་བྷི་ཥིཉྩ་ཏྲཱཾ༔ དེ་ལྟར་ཚེ་ཡི་དབང་ཐོབ་ནས༔ སྒྲུབ་ལ་བརྩོན་པའི་སྐྱེས་བུ་རྣམས༔ འཆི་བ་མེད་པའི་བཅུད་ལེན་ཏེ༔ བདེ་ཆེན་ཞིང་གི་དཔལ་ཐོབ་འགྱུར༔ ཞིང་སྐྱོང་ཀུན་དགའ་གཞོན་ནུས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདིའང་རིག་འཛིན་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་ཡེ་ཤེས་ཉི་མ་མཐའ་རྒྱས་སོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 09:48, 4 June 2024
| Wylie title | ||
|---|---|---|
| Location | bdud 'joms gling pa zab gter Volume 12, Text 42, Pages (Folios to ) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | ||
| More details More details | ||
| Genre | ||