TTDL-ZABTER-15-BA-059: Difference between revisions

From Dudjom Wiki
TTDL-ZABTER-15-BA-059
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་ཟིལ་གནོན་ཐོད་ཕྲེང་རྩལ༔ ཕྱོགས་ལས་རྣམ་རྒྱལ་དྲག་པོའི་སྐུ༔ བདུད་འཇོམས་རྡོ་རྗེ་ཁྲོ་བོ་ལོད༔ འཕྱོར་བ་འདི་འཛིན་གང་ཟག་ལ༔ གུ་རུ་པདྨ་སིདྡྷི་སིདྡྷི་ཕ་ལ་ཧོ༔ འཇིགས་དང་སྡུག་བསྔལ་ཀུན་ལས་བདག་སྐྱོབ་ཅིག༔ ན་མོ་གུ་རུ་བུདྡྷ་དྷརྨ་སངྒ་སྭསྟི་མངྒ་མ་ཎི་རཏྣ་སིདྡྷི་སིདྡྷི་ཧཱུྃ༔ སྣང་སྲིད་ལ་གནས་ལས་བྱུང་བའི༔ སྡེ་བརྒྱད་གདུག་པ་ཤཱནྟི་ཾཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་བཛྲ་ཙནྜ་སརྦ་དུཥྚན་ཏ་ཀ་ཧ་ན་ཧ་པ་ཙ་ཧཱུྃ་ཕཊ༔ ཧོ་ཧེ་བྷྱོ་བདུད་མགོན་མ་ཧཱ་ཀཱ་ལ༔ སེང་ཧ་མུ་ཁ༔ ཞིང་སྐྱོང་ཆེན་པོ༔ ཀུན་དགའ་གཞོན་ནུ༔ གྷ་ཡདྷ་ར༔ ལྷོ་བཙན་ནག་པོ༔ ལེགས་གྲུབ་བཛྲ༔ ཀྵེ་ཊ་པཱ་ལ༔ སི་ན་ར་མ༔ བམ་རོ་ཕོ་མོ༔ ཁྱོད་ལྷའི་རཱ་ཛ་ལྷ་ཡི་འབངས་ཚོགས༔ གཤིན་རྗེའི་རཱ་ཛ་གཤིན་རྗེའི་སྡེ་ཚོགས༔ མ་མོའི་རཱ་ཛ་མ་མོའི་སྡེ་ཚོགས༔ བདུད་ཀྱི་རཱ་ཛ་བདུད་ཀྱི་སྡེ་ཚོགས༔ སྲིན་པོའི་རཱ་ཛ་སྲིན་པོའི་སྡེ་ཚོགས༔ བཙན་གྱི་རཱ་ཛ་བཙན་གྱི་སྡེ་ཚོགས༔ གནོད་སྦྱིན་གྱི་རཱ་ཛ་གནོད་སྦྱིན་གྱི་སྡེ་ཚོགས༔ ཀླུའི་རཱ་ཛ་ཀླུའི་སྡེ་ཚོགས༔ སྣང་སྲིད་ཀྱི་སྤྱི་དཔལ་ཆེན་པོ༔ འཁོར་འདས་ཀྱི་དབང་ཕྱུག་ཆེན་པོ༔ ཁམས་གསུམ་གྱི་མངའ་བདག༔ ཕྱོགས་སྐྱོང་དང་དྲེགས་དཔོན་བཅུ་ཕྲག་བཞིའི་རྒྱལ་པོ་ཆེན་པོ༔ འཁྲུལ་པ་དང་ཉིང་འཁྲུལ་རཱུ་ཏྲའི་གཤེད་པོ་ཆེན་པོ༔ དགེ་ལེགས་ཡོན་ཏན་གྱིས་འབྱུང་གནས་ཆེན་པོ༔ ལས་བཟློག་བཙན་ཐབས་ཀྱི་འདྲེན་ཞིང་ས་མཁན་ཆེན་པོཿཞིང་སྐྱོང་མགོན་པོ་སིངྷ་མུ་ཁ༔ ས་མ་ཡ༔ ས་མ་ཡ༔ ས་མ་ཡ༔ ཁྱོད་དར་ལ་བརྟེན་ནོ༔ ཁྱོད་གནས་ལ་ཕྱར་ན་བརྟེན་པའི་དར་ཏེ་གཞི་འདུག་ཀྱི་འདོད་འབྱུང་ནོར་བུ་མཛོད་ལ་འདོད་ཡོན་གྱི་ཆར་ཕོབ་ཕོབ༔ མ་ཎི་རཏྣ་སིདྡྷི་ཕ་ལ་ཨ་ཝེ་ཤ་ཡ་ཨ་ཨཱ༔ མགོན་པོ་སྟོབས་ལྡན་ཆེན་པོ་ཁྱོད་ལམ་དུ་ཕྱར་ན་འདི་ལྟར་བསྐུལ་ལོ་དགྲ་རྐུན་དང་གཅན་གཟན་གྱི་རྒོལ་བ་ཆོམ་ཞིག་བཟློག་ཅིག༔ བྷྱོ་བཟློག་རྦད་དགྲ་བགེགས་དབང་པོ་ཐུམ་ཐིབ༔ དགྲ་རྐུན་བགེགས་གཅན་ཐམས་ཅད་ཀྱི་ཙཀྵུ་མུ་ཁཾ་བྷནྡྷབྷནྡྷ་ཡེ་སྭཱ་ཧཱ༔ དབང་སྡུད་རྒྱལ་པོ་ཆེན་པོ་ཁྱོད་བྱེས་ལ་འཕྱར་ན་མི་སེམས་འཕྲོག་ཅིང་མི་ནོར་དབང་དུ་བསྡུས་ཤིང་མི་ཕམ་བདག་རྒྱལ་གྱི་བྱེད་པོ་གྱིས་ཤིག༔ སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ས་མ་ཡ་ཛཿནག་པོ་སྲོག་བདུད་ཆེན་པོ་ཁྱོད་དགྲ་ལ་འཕྱར་ན་གསོད་པའི་ཤན་པར་བསྐུལ་ལོ༔ དགྲ་མིག་རཀྟས་ཁོངས་ཤིག༔ དགྲ་ལག་རྒྱུས་ནས་འཆིངས་ཤིག༔ དགྲ་སྙིང་ཐད་དུ་ཕྱུངས་ཤིག༔ དགྲ་ཁྲག་ཧུབ་ཀྱིས་འཐུང་ཞིག༔ དགྲ་སྲོག་ཐག་གིས་ཆོད་ཅིག༔ དགྲ་དཔུང་མཉམ་དུ་ཆོམ་ཞིག༔ དགྲ་བོའི་དཔུང་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ བགེགས་འདུལ་ཁྲོ་རྒྱལ་ཆེན་པོ་ཁྱོད་བགེགས་ལ་འཕྱར་ན་བགེགས་འདུལ་གྱི་རྒྱལ་པོར་བསྐུལ་བ་ཡིན་པས་བགེགས་དཔུང་ཐལ་བར་རློག་ལ་བགེགས་སྟོབས་ཤུལ་མེད་བཟློག་ཅིག༔ བགེགས་དཔུང་རྗེས་མེད་རློག་ཅིག༔ སིངྷ་མུ་ཁ་ས་མ་ཡ་བི་ན་སརྦ་ཤ་ཏྲུཾ་མཱ་ར་ཡ་ཛྭ་ལ་རཾ་རཾ་བྷྱོ་བཟློག༔ བདུད་མགོན་ནག་པོ་ཆེན་པོ་སྟོབས་ལྡན་སིངྷ་མུ་ཁ་ཁྱོད་བསྒྲུབ་བོ་བརྟེན་ནོ་གསོལ་ལོ་མཆོད་དོ་བསྟོད་དོ༔ བཀྱག་གོ་བཀུར་རོ་ཕྲིན་ལས་སྒྲུབས་ཤིག༔ འཆང་བ་པོ་ཕ་མ་བུ་ཚ་བཞིན་དུ་བརྩེ་ཞིང་གདུང་བར་མཛོད་ཅིག༔ ལུས་དང་གྲིབ་མ་བཞིན་དུ་དབྱེར་མེད་དཔུང་གྲོགས་མཛོད་ཅིག༔ སིངྷ་མུ་ཁ་སི་ན་ར་མ་སརྦ་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ བདག་འཁོར་དང་བཅས་པ་ལ་སྲུངས་ཤིག༔ ཆོས་སྐྱོང་ཆེན་པོ་ས་མ་ཡ་རཀྵ༔ ཨེ་ཨེ་མ་ཧོ༔ དར་འགོ་ལྷ་ལམ་ཡངས་པར་ཕྱར༔ དཀོན་མཆོག་གསུམ་གྱི་གནས་མཛོད་ཅིག༔ དར་སྐེད་ཚངས་པའི་གནས་ལ་གནས༔ རྩ་གསུམ་རྒྱལ་བའི་གནས་མཛོད་ཅིག༔ དར་མཇུག་སྲིད་པའི་ཁམས་ལ་གནས༔ ཞིང་སྐྱོང་མགོན་པོའི་རྟེན་མཛོད་ཅིག༔ དར་ལྕེ་རླུང་གི་རྟ་ལ་ཞོན༔ ཆོས་སྐྱོང་དགྲ་བླའི་རྟེན་མཛོད་ཅིག༔ སྣང་བ་ལྷུན་གྲུབ་གཞལ་ཡས་སུ༔ སྲིད་པ་ལྷ་དང་ལྷ་མོ་ཡི༔ བདེ་འབྱོར་དཔལ་ཐོབ་བཀྲ་ཤིས་ཤིང་༔ སྐུ་གསུམ་མངོན་གྱུར་བཀྲ་ཤིས་ཤོག༔ སྭ་སྟི་སྭ་སྟི་མངྒ་ལཾ༔ ཞེས་པ་བདུད་འཇོམས་རྡོ་རྗེའི་དག་སྣང་ལའོ།།།[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=15
|volumeLetter=BA
|textnuminvol=059
|pdflink=File:TTDL-ZABTER-15-BA-059.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-15-BA
}}
<h1>Tibetan Text</h1>
<onlyinclude>
{{TibP|ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་ཟིལ་གནོན་ཐོད་ཕྲེང་རྩལ༔ ཕྱོགས་ལས་རྣམ་རྒྱལ་དྲག་པོའི་སྐུ༔ བདུད་འཇོམས་རྡོ་རྗེ་ཁྲོ་བོ་ལོད༔ འཕྱོར་བ་འདི་འཛིན་གང་ཟག་ལ༔ གུ་རུ་པདྨ་སིདྡྷི་སིདྡྷི་ཕ་ལ་ཧོ༔ འཇིགས་དང་སྡུག་བསྔལ་ཀུན་ལས་བདག་སྐྱོབ་ཅིག༔ ན་མོ་གུ་རུ་བུདྡྷ་དྷརྨ་སངྒ་སྭསྟི་མངྒ་མ་ཎི་རཏྣ་སིདྡྷི་སིདྡྷི་ཧཱུྃ༔ སྣང་སྲིད་ལ་གནས་ལས་བྱུང་བའི༔ སྡེ་བརྒྱད་གདུག་པ་ཤཱནྟི་ཾཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་བཛྲ་ཙནྜ་སརྦ་དུཥྚན་ཏ་ཀ་ཧ་ན་ཧ་པ་ཙ་ཧཱུྃ་ཕཊ༔ ཧོ་ཧེ་བྷྱོ་བདུད་མགོན་མ་ཧཱ་ཀཱ་ལ༔ སེང་ཧ་མུ་ཁ༔ ཞིང་སྐྱོང་ཆེན་པོ༔ ཀུན་དགའ་གཞོན་ནུ༔ གྷ་ཡདྷ་ར༔ ལྷོ་བཙན་ནག་པོ༔ ལེགས་གྲུབ་བཛྲ༔ ཀྵེ་ཊ་པཱ་ལ༔ སི་ན་ར་མ༔ བམ་རོ་ཕོ་མོ༔ ཁྱོད་ལྷའི་རཱ་ཛ་ལྷ་ཡི་འབངས་ཚོགས༔ གཤིན་རྗེའི་རཱ་ཛ་གཤིན་རྗེའི་སྡེ་ཚོགས༔ མ་མོའི་རཱ་ཛ་མ་མོའི་སྡེ་ཚོགས༔ བདུད་ཀྱི་རཱ་ཛ་བདུད་ཀྱི་སྡེ་ཚོགས༔ སྲིན་པོའི་རཱ་ཛ་སྲིན་པོའི་སྡེ་ཚོགས༔ བཙན་གྱི་རཱ་ཛ་བཙན་གྱི་སྡེ་ཚོགས༔ གནོད་སྦྱིན་གྱི་རཱ་ཛ་གནོད་སྦྱིན་གྱི་སྡེ་ཚོགས༔ ཀླུའི་རཱ་ཛ་ཀླུའི་སྡེ་ཚོགས༔ སྣང་སྲིད་ཀྱི་སྤྱི་དཔལ་ཆེན་པོ༔ འཁོར་འདས་ཀྱི་དབང་ཕྱུག་ཆེན་པོ༔ ཁམས་གསུམ་གྱི་མངའ་བདག༔ ཕྱོགས་སྐྱོང་དང་དྲེགས་དཔོན་བཅུ་ཕྲག་བཞིའི་རྒྱལ་པོ་ཆེན་པོ༔ འཁྲུལ་པ་དང་ཉིང་འཁྲུལ་རཱུ་ཏྲའི་གཤེད་པོ་ཆེན་པོ༔ དགེ་ལེགས་ཡོན་ཏན་གྱིས་འབྱུང་གནས་ཆེན་པོ༔ ལས་བཟློག་བཙན་ཐབས་ཀྱི་འདྲེན་ཞིང་ས་མཁན་ཆེན་པོཿཞིང་སྐྱོང་མགོན་པོ་སིངྷ་མུ་ཁ༔ ས་མ་ཡ༔ ས་མ་ཡ༔ ས་མ་ཡ༔ ཁྱོད་དར་ལ་བརྟེན་ནོ༔ ཁྱོད་གནས་ལ་ཕྱར་ན་བརྟེན་པའི་དར་ཏེ་གཞི་འདུག་ཀྱི་འདོད་འབྱུང་ནོར་བུ་མཛོད་ལ་འདོད་ཡོན་གྱི་ཆར་ཕོབ་ཕོབ༔ མ་ཎི་རཏྣ་སིདྡྷི་ཕ་ལ་ཨ་ཝེ་ཤ་ཡ་ཨ་ཨཱ༔ མགོན་པོ་སྟོབས་ལྡན་ཆེན་པོ་ཁྱོད་ལམ་དུ་ཕྱར་ན་འདི་ལྟར་བསྐུལ་ལོ་དགྲ་རྐུན་དང་གཅན་གཟན་གྱི་རྒོལ་བ་ཆོམ་ཞིག་བཟློག་ཅིག༔ བྷྱོ་བཟློག་རྦད་དགྲ་བགེགས་དབང་པོ་ཐུམ་ཐིབ༔ དགྲ་རྐུན་བགེགས་གཅན་ཐམས་ཅད་ཀྱི་ཙཀྵུ་མུ་ཁཾ་བྷནྡྷབྷནྡྷ་ཡེ་སྭཱ་ཧཱ༔ དབང་སྡུད་རྒྱལ་པོ་ཆེན་པོ་ཁྱོད་བྱེས་ལ་འཕྱར་ན་མི་སེམས་འཕྲོག་ཅིང་མི་ནོར་དབང་དུ་བསྡུས་ཤིང་མི་ཕམ་བདག་རྒྱལ་གྱི་བྱེད་པོ་གྱིས་ཤིག༔ སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ས་མ་ཡ་ཛཿནག་པོ་སྲོག་བདུད་ཆེན་པོ་ཁྱོད་དགྲ་ལ་འཕྱར་ན་གསོད་པའི་ཤན་པར་བསྐུལ་ལོ༔ དགྲ་མིག་རཀྟས་ཁོངས་ཤིག༔ དགྲ་ལག་རྒྱུས་ནས་འཆིངས་ཤིག༔ དགྲ་སྙིང་ཐད་དུ་ཕྱུངས་ཤིག༔ དགྲ་ཁྲག་ཧུབ་ཀྱིས་འཐུང་ཞིག༔ དགྲ་སྲོག་ཐག་གིས་ཆོད་ཅིག༔ དགྲ་དཔུང་མཉམ་དུ་ཆོམ་ཞིག༔ དགྲ་བོའི་དཔུང་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ བགེགས་འདུལ་ཁྲོ་རྒྱལ་ཆེན་པོ་ཁྱོད་བགེགས་ལ་འཕྱར་ན་བགེགས་འདུལ་གྱི་རྒྱལ་པོར་བསྐུལ་བ་ཡིན་པས་བགེགས་དཔུང་ཐལ་བར་རློག་ལ་བགེགས་སྟོབས་ཤུལ་མེད་བཟློག་ཅིག༔ བགེགས་དཔུང་རྗེས་མེད་རློག་ཅིག༔ སིངྷ་མུ་ཁ་ས་མ་ཡ་བི་ན་སརྦ་ཤ་ཏྲུཾ་མཱ་ར་ཡ་ཛྭ་ལ་རཾ་རཾ་བྷྱོ་བཟློག༔ བདུད་མགོན་ནག་པོ་ཆེན་པོ་སྟོབས་ལྡན་སིངྷ་མུ་ཁ་ཁྱོད་བསྒྲུབ་བོ་བརྟེན་ནོ་གསོལ་ལོ་མཆོད་དོ་བསྟོད་དོ༔ བཀྱག་གོ་བཀུར་རོ་ཕྲིན་ལས་སྒྲུབས་ཤིག༔ འཆང་བ་པོ་ཕ་མ་བུ་ཚ་བཞིན་དུ་བརྩེ་ཞིང་གདུང་བར་མཛོད་ཅིག༔ ལུས་དང་གྲིབ་མ་བཞིན་དུ་དབྱེར་མེད་དཔུང་གྲོགས་མཛོད་ཅིག༔ སིངྷ་མུ་ཁ་སི་ན་ར་མ་སརྦ་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ བདག་འཁོར་དང་བཅས་པ་ལ་སྲུངས་ཤིག༔ ཆོས་སྐྱོང་ཆེན་པོ་ས་མ་ཡ་རཀྵ༔ ཨེ་ཨེ་མ་ཧོ༔ དར་འགོ་ལྷ་ལམ་ཡངས་པར་ཕྱར༔ དཀོན་མཆོག་གསུམ་གྱི་གནས་མཛོད་ཅིག༔ དར་སྐེད་ཚངས་པའི་གནས་ལ་གནས༔ རྩ་གསུམ་རྒྱལ་བའི་གནས་མཛོད་ཅིག༔ དར་མཇུག་སྲིད་པའི་ཁམས་ལ་གནས༔ ཞིང་སྐྱོང་མགོན་པོའི་རྟེན་མཛོད་ཅིག༔ དར་ལྕེ་རླུང་གི་རྟ་ལ་ཞོན༔ ཆོས་སྐྱོང་དགྲ་བླའི་རྟེན་མཛོད་ཅིག༔ སྣང་བ་ལྷུན་གྲུབ་གཞལ་ཡས་སུ༔ སྲིད་པ་ལྷ་དང་ལྷ་མོ་ཡི༔ བདེ་འབྱོར་དཔལ་ཐོབ་བཀྲ་ཤིས་ཤིང་༔ སྐུ་གསུམ་མངོན་གྱུར་བཀྲ་ཤིས་ཤོག༔ སྭ་སྟི་སྭ་སྟི་མངྒ་ལཾ༔ ཞེས་པ་བདུད་འཇོམས་རྡོ་རྗེའི་དག་སྣང་ལའོ།།།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:49, 4 June 2024

Wylie title TTDL-ZABTER-15-BA-059.pdf
Location bdud 'joms gling pa zab gter
Volume 15, Text 59, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་ཟིལ་གནོན་ཐོད་ཕྲེང་རྩལ༔ ཕྱོགས་ལས་རྣམ་རྒྱལ་དྲག་པོའི་སྐུ༔ བདུད་འཇོམས་རྡོ་རྗེ་ཁྲོ་བོ་ལོད༔ འཕྱོར་བ་འདི་འཛིན་གང་ཟག་ལ༔ གུ་རུ་པདྨ་སིདྡྷི་སིདྡྷི་ཕ་ལ་ཧོ༔ འཇིགས་དང་སྡུག་བསྔལ་ཀུན་ལས་བདག་སྐྱོབ་ཅིག༔ ན་མོ་གུ་རུ་བུདྡྷ་དྷརྨ་སངྒ་སྭསྟི་མངྒ་མ་ཎི་རཏྣ་སིདྡྷི་སིདྡྷི་ཧཱུྃ༔ སྣང་སྲིད་ལ་གནས་ལས་བྱུང་བའི༔ སྡེ་བརྒྱད་གདུག་པ་ཤཱནྟི་ཾཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་བཛྲ་ཙནྜ་སརྦ་དུཥྚན་ཏ་ཀ་ཧ་ན་ཧ་པ་ཙ་ཧཱུྃ་ཕཊ༔ ཧོ་ཧེ་བྷྱོ་བདུད་མགོན་མ་ཧཱ་ཀཱ་ལ༔ སེང་ཧ་མུ་ཁ༔ ཞིང་སྐྱོང་ཆེན་པོ༔ ཀུན་དགའ་གཞོན་ནུ༔ གྷ་ཡདྷ་ར༔ ལྷོ་བཙན་ནག་པོ༔ ལེགས་གྲུབ་བཛྲ༔ ཀྵེ་ཊ་པཱ་ལ༔ སི་ན་ར་མ༔ བམ་རོ་ཕོ་མོ༔ ཁྱོད་ལྷའི་རཱ་ཛ་ལྷ་ཡི་འབངས་ཚོགས༔ གཤིན་རྗེའི་རཱ་ཛ་གཤིན་རྗེའི་སྡེ་ཚོགས༔ མ་མོའི་རཱ་ཛ་མ་མོའི་སྡེ་ཚོགས༔ བདུད་ཀྱི་རཱ་ཛ་བདུད་ཀྱི་སྡེ་ཚོགས༔ སྲིན་པོའི་རཱ་ཛ་སྲིན་པོའི་སྡེ་ཚོགས༔ བཙན་གྱི་རཱ་ཛ་བཙན་གྱི་སྡེ་ཚོགས༔ གནོད་སྦྱིན་གྱི་རཱ་ཛ་གནོད་སྦྱིན་གྱི་སྡེ་ཚོགས༔ ཀླུའི་རཱ་ཛ་ཀླུའི་སྡེ་ཚོགས༔ སྣང་སྲིད་ཀྱི་སྤྱི་དཔལ་ཆེན་པོ༔ འཁོར་འདས་ཀྱི་དབང་ཕྱུག་ཆེན་པོ༔ ཁམས་གསུམ་གྱི་མངའ་བདག༔ ཕྱོགས་སྐྱོང་དང་དྲེགས་དཔོན་བཅུ་ཕྲག་བཞིའི་རྒྱལ་པོ་ཆེན་པོ༔ འཁྲུལ་པ་དང་ཉིང་འཁྲུལ་རཱུ་ཏྲའི་གཤེད་པོ་ཆེན་པོ༔ དགེ་ལེགས་ཡོན་ཏན་གྱིས་འབྱུང་གནས་ཆེན་པོ༔ ལས་བཟློག་བཙན་ཐབས་ཀྱི་འདྲེན་ཞིང་ས་མཁན་ཆེན་པོཿཞིང་སྐྱོང་མགོན་པོ་སིངྷ་མུ་ཁ༔ ས་མ་ཡ༔ ས་མ་ཡ༔ ས་མ་ཡ༔ ཁྱོད་དར་ལ་བརྟེན་ནོ༔ ཁྱོད་གནས་ལ་ཕྱར་ན་བརྟེན་པའི་དར་ཏེ་གཞི་འདུག་ཀྱི་འདོད་འབྱུང་ནོར་བུ་མཛོད་ལ་འདོད་ཡོན་གྱི་ཆར་ཕོབ་ཕོབ༔ མ་ཎི་རཏྣ་སིདྡྷི་ཕ་ལ་ཨ་ཝེ་ཤ་ཡ་ཨ་ཨཱ༔ མགོན་པོ་སྟོབས་ལྡན་ཆེན་པོ་ཁྱོད་ལམ་དུ་ཕྱར་ན་འདི་ལྟར་བསྐུལ་ལོ་དགྲ་རྐུན་དང་གཅན་གཟན་གྱི་རྒོལ་བ་ཆོམ་ཞིག་བཟློག་ཅིག༔ བྷྱོ་བཟློག་རྦད་དགྲ་བགེགས་དབང་པོ་ཐུམ་ཐིབ༔ དགྲ་རྐུན་བགེགས་གཅན་ཐམས་ཅད་ཀྱི་ཙཀྵུ་མུ་ཁཾ་བྷནྡྷབྷནྡྷ་ཡེ་སྭཱ་ཧཱ༔ དབང་སྡུད་རྒྱལ་པོ་ཆེན་པོ་ཁྱོད་བྱེས་ལ་འཕྱར་ན་མི་སེམས་འཕྲོག་ཅིང་མི་ནོར་དབང་དུ་བསྡུས་ཤིང་མི་ཕམ་བདག་རྒྱལ་གྱི་བྱེད་པོ་གྱིས་ཤིག༔ སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ས་མ་ཡ་ཛཿནག་པོ་སྲོག་བདུད་ཆེན་པོ་ཁྱོད་དགྲ་ལ་འཕྱར་ན་གསོད་པའི་ཤན་པར་བསྐུལ་ལོ༔ དགྲ་མིག་རཀྟས་ཁོངས་ཤིག༔ དགྲ་ལག་རྒྱུས་ནས་འཆིངས་ཤིག༔ དགྲ་སྙིང་ཐད་དུ་ཕྱུངས་ཤིག༔ དགྲ་ཁྲག་ཧུབ་ཀྱིས་འཐུང་ཞིག༔ དགྲ་སྲོག་ཐག་གིས་ཆོད་ཅིག༔ དགྲ་དཔུང་མཉམ་དུ་ཆོམ་ཞིག༔ དགྲ་བོའི་དཔུང་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ བགེགས་འདུལ་ཁྲོ་རྒྱལ་ཆེན་པོ་ཁྱོད་བགེགས་ལ་འཕྱར་ན་བགེགས་འདུལ་གྱི་རྒྱལ་པོར་བསྐུལ་བ་ཡིན་པས་བགེགས་དཔུང་ཐལ་བར་རློག་ལ་བགེགས་སྟོབས་ཤུལ་མེད་བཟློག་ཅིག༔ བགེགས་དཔུང་རྗེས་མེད་རློག་ཅིག༔ སིངྷ་མུ་ཁ་ས་མ་ཡ་བི་ན་སརྦ་ཤ་ཏྲུཾ་མཱ་ར་ཡ་ཛྭ་ལ་རཾ་རཾ་བྷྱོ་བཟློག༔ བདུད་མགོན་ནག་པོ་ཆེན་པོ་སྟོབས་ལྡན་སིངྷ་མུ་ཁ་ཁྱོད་བསྒྲུབ་བོ་བརྟེན་ནོ་གསོལ་ལོ་མཆོད་དོ་བསྟོད་དོ༔ བཀྱག་གོ་བཀུར་རོ་ཕྲིན་ལས་སྒྲུབས་ཤིག༔ འཆང་བ་པོ་ཕ་མ་བུ་ཚ་བཞིན་དུ་བརྩེ་ཞིང་གདུང་བར་མཛོད་ཅིག༔ ལུས་དང་གྲིབ་མ་བཞིན་དུ་དབྱེར་མེད་དཔུང་གྲོགས་མཛོད་ཅིག༔ སིངྷ་མུ་ཁ་སི་ན་ར་མ་སརྦ་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ བདག་འཁོར་དང་བཅས་པ་ལ་སྲུངས་ཤིག༔ ཆོས་སྐྱོང་ཆེན་པོ་ས་མ་ཡ་རཀྵ༔ ཨེ་ཨེ་མ་ཧོ༔ དར་འགོ་ལྷ་ལམ་ཡངས་པར་ཕྱར༔ དཀོན་མཆོག་གསུམ་གྱི་གནས་མཛོད་ཅིག༔ དར་སྐེད་ཚངས་པའི་གནས་ལ་གནས༔ རྩ་གསུམ་རྒྱལ་བའི་གནས་མཛོད་ཅིག༔ དར་མཇུག་སྲིད་པའི་ཁམས་ལ་གནས༔ ཞིང་སྐྱོང་མགོན་པོའི་རྟེན་མཛོད་ཅིག༔ དར་ལྕེ་རླུང་གི་རྟ་ལ་ཞོན༔ ཆོས་སྐྱོང་དགྲ་བླའི་རྟེན་མཛོད་ཅིག༔ སྣང་བ་ལྷུན་གྲུབ་གཞལ་ཡས་སུ༔ སྲིད་པ་ལྷ་དང་ལྷ་མོ་ཡི༔ བདེ་འབྱོར་དཔལ་ཐོབ་བཀྲ་ཤིས་ཤིང་༔ སྐུ་གསུམ་མངོན་གྱུར་བཀྲ་ཤིས་ཤོག༔ སྭ་སྟི་སྭ་སྟི་མངྒ་ལཾ༔ ཞེས་པ་བདུད་འཇོམས་རྡོ་རྗེའི་དག་སྣང་ལའོ།།།