DJYD-KABUM-07-JA-011: Difference between revisions

From Dudjom Wiki
DJYD-KABUM-07-JA-011
No edit summary
No edit summary
Line 7: Line 7:
|author=Dudjom Rinpoche
|author=Dudjom Rinpoche
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985.
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 7: . Kalimpong: Dupjung Lama, 1979-1985.
|sourcerevealer=bdud 'dul rdo rje
|sourcerevealertib=བདུད་འདུལ་རྡོ་རྗེ་
|terma=Yes
|cycle=bka' rdzogs pa chen po'i dam chos dgongs pa yongs 'dus
|cycletib=བཀའ་རྫོགས་པ་ཆེན་པོའི་དམ་ཆོས་དགོངས་པ་ཡོངས་འདུས་
|language=Tibetan
|language=Tibetan
|pagestatus=Temporary stub only
|volnumtib=
|volyigtib=ཇ
|volumenumber=07
|volumenumber=07
|volumeLetter=JA
|volumeLetter=JA

Revision as of 12:06, 9 July 2024

Wylie title DJYD-KABUM-07-JA-011.pdf
Location bdud 'joms rin po che bka' 'bum
Volume 7, Text 11, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. '. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 7: . Kalimpong: Dupjung Lama, 1979-1985.
Side notes  
More details More details
Tertön བདུད་འདུལ་རྡོ་རྗེ་ (bdud 'dul rdo rje)
Genre
Cycle བཀའ་རྫོགས་པ་ཆེན་པོའི་དམ་ཆོས་དགོངས་པ་ཡོངས་འདུས་ (bka' rdzogs pa chen po'i dam chos dgongs pa yongs 'dus)
[edit]
༄༅། །དམ་ཆོས་དགོངས་པ་ཡོངས་འདུས་ལས། བླ་མའི་

གསང་སྒྲུབ་ནོར་བུ་རྒྱ་མཚོའི་ཕྲིན་ལས་ལམ་ཁྱེར་ ཡང་ཟབ་ཐུགས་ཀྱི་ཐིག་ལེ་ཞེས་ བྱ་བ་བཞུགས་སོ། །

(1བ)ན་མོ་མཧཱ་གུ་རུ་པདྨ་ཀ་ར་ཡེ། རིགས་བརྒྱའི་ཁྱབ་བདག་བླ་མ་ཐོད་ཕྲེང་རྩལ། །རང་རིག་ངོ་བོར་རྟོགས་པས་ཡོངས་བསྙེན་ནས། །དེ་ཡི་གསང་སྒྲུབ་སྙིང་གི་དུམ་བུ་ནི། །གྲུབ་གཉིས་འདོད་འཇོའི་དགའ་སྟོན་ཉིད་དུ་སྤྲོ། །(དེའང་གསང་བའི་དཀྱིལ་འཁོར་ཆེན་པོར་དབང་གིས་རྒྱུད་སྨིན་ཅིང་དམ་ཚིག་ལ་ཡང་དག་པར་གནས་པའི་གང་ཟག་རྣམས་ཀྱིས་ཟབ་མོའི་རྣལ་འབྱོར་འདི་ཉིད་ཉམས་སུ་ལེན་པར་བྱ་བ་ལ། སྦྱོར་བའི་ཁྱད་པར་དམ་ཚིག་གི་དམིགས་རྟེན་གུ་རུའི་སྐུ་འབག་དང་རྒྱུད་ཀྱི་གླེགས་བམ་སོགས་མི་འབྲལ་བར་བཅངས་པ་ཉིད་གཞིར་བྱས། །དེ་ལས་མཚན་མའི་དཀྱིལ་འཁོར་གྱི་ཡོ་བྱད་གཞན་སྤྲོས་མེད་རྒྱུན་གྱི་ཐུགས་དམ་ནར་མ་ལ་ཆེད་དུ་དགོངས་པས་སྐབས་འདིར་མི་དགོས་པར་གསུངས་ཏེ། །འདི་ལ་དལ་སོགས་ཅི་མི་དགོས༔ རང་ཉིད་ལྷ་ཡི་ང་རྒྱལ་བསྒོམ༔ ཞེས་སོ། །གཞན་དུ་ཕྱི་ནང་གི་མཆོད་པའི་ཚོགས་ཀྱང་སྤྲོས་པ་དང་བཅས་པའི་ཚེ་ན་ཅི་འབྱོར་པ་དངོས་སུ་བཤམས་ཤིང་རྒྱུན་གྱི་རྣལ་འབྱོར་དུ་བརྩོན་པའི་སྐབས་སུ་ཡིད་སྤྲུལ་ཁོ་ན་ལ་བརྟེན་པ་སྟེ་ཇི་ལྟར་མོས་པའི་ཁྱད་པར་དང་རྗེས་སུ་སྦྱར་ནས། དངོས་གཞི་བདེ་བའི་སྟན་ལ་རབ་ཏུ་དང་བའི་བློས་འཁོད་དེ་རྩ་བའི་ལས་བྱང་བཞིན་སྐྱབས་སེམས་ཚོགས་བསགས་སྔོན་དུ་འགྲོ་བས། དབྱིངས་ཉིད་སྤྲོས་པ་དང་བྲལ་བའི་ངང་ལས་རིག་རྩལ་འགགས་མེད་ལྷའི་དཀྱིལ་འཁོར་དུ་ཤར་བ་ཉིད་(2ན)སྐད་ཅིག་དྲན་རྫོགས་ཆེན་པོར་གསལ་གདབ་པ་ནི།)ཧྲཱིཿ འདི་ལྟར་འཁོར་འདས་གཉིས་བསྡུས་ཆོས་རྣམས་ཀུན༔ ཡེ་སྟོང་ནམ་མཁའ་ལྟ་བུའི་ངང་ཉིད་ལ༔ གཟུང་འཛིན་སྤང་བླང་བྱ་བྱེད་མཐའ་ལས་འདས༔ རང་བྱུང་པདྨ་རྒྱལ་པོས་དེ་སྐད་སྨྲ༔ ཨོཾ་བཛྲ་སརྦ་དྷརྨ་སྭ་བྷཱ་ཝ་ཤུངྔྷོ྅ཧཾཿ ཧཱུྃ་ཧྲཱིཿ རང་སེམས་མ་འགགས་སྟོང་པའི་རང་མདངས་ནི༔ རྒྱལ་བ་ཀུན་དངོས་འོད་འབར་ཐོད་ཕྲེང་རྩལ༔ སྐུ་མདོག་དཀར་དམར་རོལ་པའི་སྟབས་སུ་བཞུགས༔ ཡེ་ཤེས་སྤྱན་གསུམ་འཛུམ་པའི་མདངས་དང་ལྡན༔ རྡོ་རྗེ་བྷ་ནྡྷ་ཚེ་ཡི་བུམ་པ་བསྣམས༔ ན་བཟའ་གསང་གོས་བེར་ཕྱམ་ཕོད་ཀ་ཀླུབས༔ དར་ཆོས་དམར་པོ་གསེར་གྱི་ཧ་རིས་གསོལ༔ པད་ཞྭ་རྒོད་ལྡེམ་དར་སྣ་རིན་ཆེན་བརྒྱན༔ ཁ་ཊྭཱྃ་རྩེ་གསུམ་གཡོན་གྱི་གྲུ་མོས་འཁྱུད༔ ཁ་ཊྭཱྃ་ཀ་ལ་ཐོད་རྔ་དྲིལ་བུ་དང་༔ རིན་ཆེན་ཐོད་ཕྲེང་དར་གྱི་ཅོད་པན་གཡེང་༔ པད་དཀར་ཡལ་ག་ལོ་འདབ་རྒྱས་པའི་སྟེང་༔ མཚན་དཔེས་རབ་བརྒྱན་འཇའ་འོད་ཀློང་དུ་བཞུགས༔ ཐུགས་ཀར་འོད་དང་འོད་ཟེར་འཁྱིལ་ཀློང་དུ༔ རིག་རྩལ་དབང་ཆེན་རྟ་མཆོག་ཡབ་ཡུམ་སྐུ༔ དམར་(2བ)གསལ་གྲི་ཐོད་འཁྱུད་སྟབས་ཞབས་གཉིས་བགྲད༔ ཉི་ཟླ་པད་སྟེང་བདུད་བཞི་བསྣོལ་ཞིང་བརྫིས༔ དེ་ཡི་ཐུགས་དབུས་པད་དཀར་ཉི་ཟླའི་སྟེང་༔ རྡོ་རྗེ་རྩེ་ལྔའི་ལྟེ་བའི་ཁོངས་གསེང་དབུས༔ ཧྲཱིཿཡིག་དམར་པོ་འོད་དང་ལྡན་པའི་མཐར༔ གསང་སྔགས་རྒྱལ་པོ་ཡིག་འབྲུས་བསྐོར་བར་གྱུར༔ ཕྱོགས་བཞིར་རིགས་ཀྱི་མཁའ་འགྲོ་ཡབ་ཡུམ་དང་༔ དཔལ་མགོན་ལྕམ་དྲལ་ནོར་ལྷ་རྒྱ་མཚོ་དང་༔ བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་བཅས་པ༔ དཔག་མེད་ཆར་སྤྲིན་ལྟ་བུར་གཏིབས་པར་གྱུར༔ དེ་ལྟར་གསལ་བའི་གནས་གསུམ་འབྲུ་གསུམ་ལས༔ འོད་འཕྲོས་རྔ་ཡབ་གླིང་གི་ཕོ་བྲང་ནས༔ རང་འདྲའི་རྩ་གསུམ་ལྷ་ཚོགས་འཁོར་བཅས་རྣམས༔ ཁ་བ་བུ་ཡུག་ཉི་ཟེར་རྡུལ་འཁྲིགས་བཞིན༔ སྐད་ཅིག་ཉིད་ལ་སྤྱན་དྲངས་གཉིས་མེད་གྱུར༔ (ཅེས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གསལ་བཏབ་ལ། གར་གྱི་སྟངས་སྟབས་བསྒྱུར་ཞིང་ཐོད་རྔ་རོལ་མོའི་སྒྲ་དང་གདུང་བའི་དབྱངས་ཀྱིས་བསྐུལ་ཏེ།)ཧཱུྃ་ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་རྒྱ་མཚོའི་གླིང་༔ གེ་སར་པད་སྡོང་མེ་ཏོག་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་(3ན)ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ མོས་པའི་བུ་ལ་བྱིན་གྱིས་རློབས༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནིས་ར་ཙ་ཧྲིཿཡ་དྷཱ་ཀ་དྷཱ་ཀི་ནཱི་ཀིང་ཀ་ར་སརྦ་ས་པ་རི་ཝཱ་ར་ཧཱུྃ་ཧཱུྃ་སརྦ་ས་མ་ཡ་ཛཿཛཿ (ཞེས་དཔལ་རི་སྤྲུལ་པའི་ཞིང་ནས་ཡེ་ཤེས་ཀྱི་འཁོར་ལོ་ནམ་མཁའ་གང་བར་དངོས་སུ་བྱོན་པར་བསམ་ཞིང་།)ཛ༔ ཧཱུྃ་བཾ་ཧོཿས་མ་ཡ་ཏིཥྛ་ལྷན༔ (ཞེས་པས་དམ་ཡེ་དབྱེར་མེད་དགྱེས་མཉམ་ཆེན་པོར་བཞུགས་པར་བསམ། སླར་ཡང་རང་ལས་མངོན་པར་སྤྲུལ་པའི་ལྷ་མོ་རྣམས་ཀྱིས།)ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ (ཞེས་བརྡའི་ཕྱག་དང་།)ཨོཾ་ཨཱཿཧཱུྃ༔ སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན༔ ཐོགས་མེད་བློ་ཡིས་ཀུན་བསྡུས་ནས༔ མཉམ་ཉིད་ཀློང་ཡངས་ཆེན་པོ་རུ༔ རྩ་བ་གསུམ་གྱི་ཚོགས་ལ་འབུལ༔ མ་ཧཱ་སརྦ་པཱུ་ཛ་ཧོཿ ཧཱུྃ་ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་(3བ)སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ སྣང་བའི་ངོ་བོ་དཔལ་ཆེན་རྟ་མགྲིན་རྒྱལ༔ སྟོང་པའི་རང་བཞིན་རྡོ་རྗེ་རྣལ་འབྱོར་མ༔ ཡེ་ཤེས་ལྔ་ལྡན་དཔའ་བོ་མཁའ་འགྲོའི་ཚོགས༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ (ཅེས་སྒྱུ་མའི་གར་གྱི་རོལ་རྩེད་ཆེན་པོས་མཆོད་ཅིང་བསྟོད་པས་ཆེ་བའི་ཡོན་ཏན་ལྷག་པར་བསྐྱེད་པར་མོས། ལྷ་སྐུའི་གསལ་སྣང་ལ་སེམས་རྩེ་གཅིག་ཏུ་བཟུང་ཞིང་ང་རྒྱལ་བརྟན་པོར་བསྐྱེད། གསལ་བརྟན་གྱི་ཉམས་སྐྱེས་པ་ན་གཞི་འབྲས་སྦྲེལ་བའི་དག་པ་དྲན་པས་བསྐྱེད་རིམ་མཆོག་གི་དངོས་གྲུབ་ཀྱི་ཉེ་རྒྱུར་སྨིན་པ་ལ་བསླབ། སྒོམ་པས་དུབ་པའམ་ཁྱད་པར་བྱིན་རླབས་ཀྱི་བོགས་འབྱིན་པའི་སླད་དུ་བཟླས་པ་བྱ་བ་ནི།)ཐུགས་ཀའི་སྔགས་ལས་འོད་འཕྲོས་པས༔ ཕྱོགས་དུས་རྒྱལ་བ་རྒྱ་མཚོ་དང་༔ མ་སྲིང་མཁའ་འགྲོ་རྒྱ་མཚོ་རྣམས༔ སྐུ་གསུང་ཐུགས་ཡོན་མཉེས་མཆོད་ཕུལ༔ བྱིན་རླབས་ནུས་སྟོབས་མ་ལུས་ཀུན༔ འོད་ཟེར་ཚུལ་འདུས་རང་ལ་ཐིམ༔ རང་ལུས་འོད་ཕུང་གཟི་བརྗིད་ལྡན། མཆོག་གི་དངོས་གྲུབ་ཐོབ་པར་གྱུར༔ (ཅེས་འོད་ཟེར་སྤྲོ་བསྡུའི་དམིགས་གནད་དང་བཅས།)ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་(4ན)པདྨ་སིདྡྷི་ཧཱུྃ༔ (ཞེས་བཟླ་སྟེ། མ་ཡེངས་ཆུ་བོའི་རྒྱུན་བཞིན་དུ༔ གསང་སྔགས་རྒྱལ་པོ་འདི་ཉིད་བཟླ༔ ཐོད་རྒལ་ཉམས་བསྐྱང་ཆོས་ཉིད་ངང་ལ་བཞག༔ དེ་ཚེ་ཉམས་རྟོགས་བཟང་པོ་རྩོལ་མེད་འབར༔ ཁོ་བོ་དོན་གྱི་པད་འབྱུང་རང་ཞལ་མཇལ༔ གེགས་སེལ་བོགས་འདོན་གསོལ་འདེབས་ཛཔྲ་བྲོ་བརྡུང་༔ སྐབས་སུ་གར་སྟབས་བསྒྱུར་ཞིང་འདི་ལྟར་བཟླ༔) ཨོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ (དེ་ལྟར་བཟླས་ཚེ་ཕྱོགས་དུས་རྒྱལ་ཀུན་གྱི༔ བྱིན་རླབས་ནམ་མཁའི་སྤྲིན་ཕུང་བཞིན་དུ་གཡོ༔ གུ་རུའི་བྱིན་རླབས་དེ་ཚེ་ཞུགས༔ མཆོག་ཐུན་དངོས་གྲུབ་ཆར་ལྟར་འབེབས༔ རང་གི་ཚེ་ཚད་གཞན་གྱི་ལེགས་ཉེས་ཤེས༔ མངོན་ཤེས་རྫུ་འཕྲུལ་སྣ་ཚོགས་འབྱུང་༔ ལོ་བདུན་བཟླས་ན་ཕུང་པོ་ལྷག་མེད་ཡལ༔ པད་འབྱུང་ང་དང་གཉིས་མེད་གྲོལ༔ ཞེས་གསུངས་སོ། །ཐུན་གྱི་མཐར་ལས་སྦྱོར་དམིགས་བཟླས་སྦྱར་བར་འདོད་ན། རང་གི་ཐུགས་ཀའི་འོད་ཀྱིས་རིགས་བཞིའི་མཁའ་འགྲོ་ཡབ་ཡུམ་བསྐུལ་བས་སྐུ་དང་འོད་ཟེར་གྱི་སྤྲོ་བསྡུས་ཕྲིན་ལས་གང་འདོད་བསྒྲུབ་པར་བསམ་ལ།)ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲིཿཡ་ཙིཏྟ་ཧྲིཾ་ཧྲིཾ་ཛཿསརྦ་སིངྔྷི་ཤཱནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་རྦད༔ (ཅེས་ཅུང་ཟད་རེ་བཟླའོ། །རྗེས་རྟག་ཆད་ཀྱི་མཐའ་བསལ་ཕྱིར་ཉེར་བསྡུ་བྱ་བ་ནི།)ཨ༔ སྐྱེ་མེད་ཆོས་སྐུའི་ངང་ཉིད་ལས༔ རྩ་གསུམ་(4བ)དཀྱིལ་འཁོར་འཇའ་ལྟར་ཤར༔ ཐབས་མཁས་ཐུགས་རྗེའི་རང་བཞིན་ལས༔ དག་གསལ་ཡེ་ཤེས་འོད་ཀློང་བསྡུ༔ (ཞེས་བསྐྱེད་པའི་སྣང་ཆ་ཐམས་ཅད་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་བསྡུས་ནས་སྤྲོས་བྲལ་བློ་འདས་ཀྱི་དགོངས་པ་བསྐྱང་། དེ་ལས་ལྡང་བར་བརྩམ་པ་ན་སྔགས་ཀྱི་རང་སྒྲས་སླར་ཡང་ཡེ་ཤེས་སྒྱུ་མའི་སྐུར་ལམ་གྱིས་ལྡང་ནས་དགེ་བའི་རྩ་བ་བྱང་ཆུབ་ཆེན་པོར་བསྔོས་ཏེ་ཤིས་པ་བརྗོད་པས་མཚམས་སྦྱར་ནས་སྤྱོད་ལམ་རྒྱུན་གྱི་རྣལ་འབྱོར་ཟུང་འཇུག་གི་ཏིང་ངེ་འཛིན་ཆུ་བོའི་རྒྱུན་ལྟ་བུ་ལ་སྦྱར་བར་བྱ་སྟེ། ཇི་སྐད་དུ། སྣང་བ་ཐམས་ཅད་ལྷ་རུ་གསལ༔ གྲགས་པ་ཐམས་ཅད་སྔགས་ཀྱི་གདངས༔ གང་ཤར་མ་བཅོས་ཡེ་གྲོལ་ངང་༔ དག་སྣང་མོས་གུས་ངེས་འབྱུང་བསྐྱེད༔ བཟའ་བཏུང་ཚོགས་ཀྱི་འཁོར་ལོར་ཕུལ༔ འགྲོ་འདུག་སྒྲིབ་སྦྱོང་བསྐོར་བ་དང་༔ སྤྱོད་ལམ་འགྲོ་བའི་དོན་དུ་སྤྱད༔ ཅེས་དང་། དུས་ཀུན་བླ་མ་མི་འབྲལ་བར༔ སྤྱོད་ལམ་ཀུན་ཏུ་མོས་གུས་སྤེལ༔ བླ་མ་རང་སེམས་དབྱེར་མེད་རྫོགས༔ དེ་ནི་བླ་མའི་གྲུབ་མཐའ་འོ༔ ཞེས་གསུངས་པ་ལྟར་རོ། །)བླ་མའི་ཐུགས་སྒྲུབ་བྱེ་བ་ཕྲག་བརྒྱའི་བཅུད། །དགོངས་པ་ཡོངས་འདུས་ཡང་ཟབ་གསང་སྒྲུབ་ཀྱི། །རྩ་བའི་ཉམས་ལེན་ཤིན་ཏུ་གསལ་བྱས་དགེས། །འགྲོ་ཀུན་ཁྱབ་བདག་གུ་རུའི་གནས་ཐོབ་ཤོག །(ཅེས་པའང་རང་གི་ཐུགས་དམ་རྒྱུན་གྱི་ཉམས་ལེན་དུ་འཇུག་པ་བདེ་(5ན)བའི་ངག་ཁྲིགས་འདི་ལྟར་བགྱི་བར་འདུན་པའི་ཐོག །དོན་དུ་གཉེར་བའི་སྐལ་ལྡན་གཞན་མང་པོས་ཀྱང་དྲན་པའི་གསོས་བཏབ་པ་ལ་བརྟེན་ནས། འོད་གསལ་ལྷ་རིགས་ཀྱི་མྱུ་གུར་སྨིན་པའི་རིག་པ་འཛིན་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་དཔལ་གདོང་གི་ལོ་དབྱུག་ཟླའི་ཡར་ངོ་དགའ་བ་དང་པོའི་ཚེས་ལ་མཁན་ལྗོངས་འཆི་མེད་སྣང་བའི་བསྟི་གནས་སུ་སྦྱར་བ་སྟེ། འདིས་ཀྱང་གྲོང་ཁྱེར་གསུམ་གྱི་འགྲོ་བ་མཐའ་དག་མཚོ་སྐྱེས་རྡོ་རྗེ་འཆང་གི་རྒྱལ་ཐབས་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།)