DJYD-KABUM-09-TA-014: Difference between revisions

From Dudjom Wiki
DJYD-KABUM-09-TA-014
No edit summary
No edit summary
Line 7: Line 7:
|author=Dudjom Rinpoche
|author=Dudjom Rinpoche
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985.
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 9: . Kalimpong: Dupjung Lama, 1979-1985.
|sourcerevealer=Dudjom Rinpoche
|sourcerevealertib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|terma=Yes
|cycle=
|cycletib=
|language=Tibetan
|language=Tibetan
|pagestatus=Temporary stub only
|volnumtib=
|volyigtib=ཏ་
|volumenumber=09
|volumenumber=09
|volumeLetter=TA
|volumeLetter=TA
Line 18: Line 24:
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|༄༅།  །འགྲོ་འདུལ་ཐུགས་རྗེ་ཆེན་པོའི་སྒོ་ནས་མྱོང་གྲོལ་སྐྱེ་བདུན་
{{TibP|༄༅།  །འགྲོ་འདུལ་ཐུགས་རྗེ་ཆེན་པོའི་སྒོ་ནས་མྱོང་གྲོལ་སྐྱེ་བདུན་རིལ་བུའི་སྒྲུབ་ཐབས་གསལ་བདེར་བཀོད་པ་གཞན་དོན་ཀུན་ཁྱབ་ཅེས་བྱ་བ་བཞུགས་སོ།   །
རིལ་བུའི་སྒྲུབ་ཐབས་གསལ་བདེར་བཀོད་པ་གཞན་དོན་
ཀུན་ཁྱབ་ཅེས་བྱ་བ་བཞུགས་སོ།   །

(1བ)འགྲོ་འདུལ་ཐུགས་རྗེ་ཆེན་པོའི་སྒོ་ནས་མྱོང་གྲོལ་སྐྱེ་བདུན་རིལ་བུའི་སྒྲུབ་ཐབས་གསལ་བ་དེར་བཀོད་པ་གཞན་དོན་ཀུན་ཁྱབ་ཅེས་བྱ་བ།  བླ་མ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ།  །རྒྱལ་ཀུན་ཚད་མེད་ཐུགས་རྗེའི་ཕུང་པོ་ནི།  །རྒྱལ་སྲས་གཞོན་ནུའི་ཟོལ་དུ་རབ་ཞུགས་ཏེ།  །མཐའ་ཡས་སྲིད་འགྲོ་སྒྲོལ་བའི་ཕྲིན་ལས་ཅན།  །འཕགས་མཆོག་སྙིང་རྗེའི་གཏེར་ཆེན་དེ་ལ་འདུད།  །(འདིར་མ་བསྒོམ་སངས་རྒྱས་ཐོབ་པའི་གདམས་ངག་གི་ཡ་གྱལ་མྱོང་གྲོལ་སྐྱེ་བདུན་རིལ་བུ་བསྒྲུབ་པའི་ཚུལ་བསྟན་པ་ལ་ལྔ།  རིལ་བུ་སྦྱོར་ཚུལ།  སྒྲུབ་པ་དངོས།  དངོས་གྲུབ་བླང་བ།  གཞན་དོན་ཕན་ཡོན།  འཕྲོས་དོན་བསྟན་པའོ།  །དང་པོ་ནི།  གཞུང་རྩ་བ་ལས།  དམ་རྫས་ (2ན)མྱོང་གྲོལ་སྦྱོར་བ་ལ༔  ཨ་རུ་གཙོ་ལ་བ་རུ་བློན༔    བཟང་དྲུག་འབངས་སུ་བསྡེབས་པར་བྱ༔    བ་ལུ་དཀར་པོའི་མེ་ཏོག་དང་༔  མཁན་དཀར་ཙནྡན་ཨ་ག་རུ༔  ཞིབ་བཏུལ་བདུད་རྩི་ཆོས་སྨན་དང་༔  སྐྱེ་བདུན་ཤ་ཡི་བྱིན་གྱིས་བརླབ༔  གཞན་ཡང་དམ་རྫས་བྱིན་རླབས་རྟེན༔  སེལ་མེད་བསགས་ཏེ་རིལ་བུ་དྲིལ༔    རྟེན་འབྲེལ་སྙིང་པོའི་སྔགས་མང་བརྗོད༔  དེ་ནས་བུམ་པ་མཚན་ལྡན་དུ༔  བླུགས་ལ་དར་སྣ་ལྔས་ཁ་བཅད༔  དེ་ནས་སྒྲུབ་པའི་རྟེན་དུ་བཙུགས༔    ཞེས་གསུངས་པ་ཉིད་ལག་ལེན་དུ་བསྟར་བ་ནི།  སྐྱེ་བདུན་གྱི་སྐུ་ཤ་དངོས་ནི་བསྒྲུབ་པའི་གཞི་ཡིན་ཀྱང་ཚད་ལྡན་མ་རྙེད་ན་གཏེར་བྱོན་བྲམ་ཟེའི་དབུ་ཀླད་གདུང་རུས་རིང་བསྲེལ་སོགས་དང་༔  སྐྱེས་ཆེན་གོང་མ་དག་གིས་བསྒྲུབས་པའི་སྐྱེ་བདུན་རིལ་བུ་ཚད་ལྡན་ལ་གཞི་བཅོལ་ནས་འབྲས་བཟང་པོ་ཆུ་ཁྲུས་བྱས་པའི་ཕྱེ་མ་བྲེ་གསུམ་གྱི་ཚོད་ལ།  ཨ་རུ་ (2བ)ར་རྡོག་སུམ་ཅུ།  བ་རུ་ར་རྡོག་བཅུ།  སྐྱུ་རུ་ར་སུམ་ཅུ།  ཛ་ཏི།  ལི་ཤི།  སུཀྨེལ།  གུར་གུམ།  ཅུ་གང་།  ཀ་ཀོ་ལ་སྟེ་བཟང་པོ་དྲུག་སོ་སོ་ནས་ཞོ་དོ་ཙམ་རེ་དང་།  བ་ལུའི་མེ་ཏོག  །མཁན་དཀར།  ཙནྡན་དཀར་དམར།  ཨ་ག་རུ་རྣམས་ཞོ་རེ་ཙམ།  གྲུབ་པ་ཐོབ་པའི་སྐུ་ཤ་གསང་ཆེན་གསང་ཆབ་ཅུང་ཟད་རེ།  བདུད་རྩི་སྨན་གྱི་སྒྲུབ་པའི་ལག་ལེན་ཚད་ལྡན་གྱིས་སྦྱར་བའི་བདུད་རྩི་ཆོས་སྨན་དང་།  སེལ་མེད་ཀྱི་དམ་རྫས་ཕབ་གཏའ་རྣམས་ཞིབ་ཏུ་ལེགས་པར་བསྣུར་ཞིང་འདྲེས་པར་སྦོལ།  དབང་ལག་དང་ཤེལ་ཀ་ར་བུར་སྦྲང་རྣམས་ཀྱི་ཕྱེ་མས་ཁ་ཚར་ཅུང་ཟད་བཏབ་ཅིང་།  རྟེན་འབྲེལ་སྙིང་པོས་སྒྲུབ་པའི་གཟུངས་ཆུ་དང་ཆང་གར་མ་སྦྱར་བའི་ཟན་གྱི་གོང་བུར་བྱས་ཏེ།  རིལ་བུ་ཆེ་ཆུང་སྲན་མ་ཙམ་དང་ཡུངས་དཀར་ཙམ་སོགས་གང་འོས་སུ་ལེགས་པར་བསྒྲིལ་ནས་གྲིབ་སྐམ་བྱ།  སྐམ་ཐག་ཆོད་པ་ན་མཚལ་བཟང་པོས་ཁ་དོག་དམར་པོར་བསྒྱུར་ཞིང་གསེར་དངུལ་སོགས་རིན་པོ་ཆེའི་བུམ་པའི་ནང་དུ་བླུགས་ལ་ཁ་དར་ཚོན་སྣ་ལྔས་ལེགས་པར་དྲིལ།  རྒྱན་བཀོད་སྐབས་སུ་དཀྱིལ་འཁོར་དབུས་ཀྱི་མཉྫིའི་སྟེང་ལ་གཟུངས་ཐག་རྡོ་རྗེ་དང་བཅས་ཏེ་བཞུགས་སུ་གསོལ་ཞིང་།  རིལ་བུ་བུངས་མང་ན་བུམ་པ་མང་པོར་བླུགས་ཏེ་ཕྱོགས་མཚམས་སུ་འགོད་པ་སོགས་རིག་པས་དཔག  །དཀྱིལ་འཁོར་གྱི་རྒྱན་དང་མཆོད་པའི་ཡོ་བྱད།  འདོན་བྱའི་ཁྱད་པར་རྣམས་མ་འཆོལ་བར་སྒྲུབ་ཁོག་ལྟར་བྱའོ།  །གཉིས་པ་ནི།  དངོས་གཞི་ཕྲིན་ལས་ཀྱི་གཞུང་བསྲང་སྟེ་བཟླས་པ་གྲུབ་ཀྱི་བར་དུ་བཏང་ནས་སྐྱེ་བདུན་སྒྲུབ་རིལ་ལ་དམིགས་ཏེ།)  བུམ་པ་རང་བྱུང་ཡེ་ཤེས་ཀྱི་ཕོ་བྲང་རྒྱ་ཁྱོན་ཚད་མེད་པའི་ནང་དུ་བུམ་བཅུད་རིལ་བུ་རྣམས་འཇིག་ (3ན)རྟེན་དབང་ཕྱུག་འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སུ་གསལ་བར་གྱུར།  རང་གི་ཐུགས་ཀའི་སྔགས་ཕྲེང་ལས།  །འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ།  །སོང་བསམ་མདུན་བསྐྱེད་ཐུགས་ཀར་ཕོག  །ལྷ་ཚོགས་བརྒྱུད་བསྐུལ་འོད་ཟེར་འབར།  །ཕྱོགས་བཅུའི་རྒྱལ་རྣམས་མཆོད་པས་མཉེས།  །ཁམས་གསུམ་འགྲོ་བའི་སྡུག་བསྔལ་སྦྱངས།  འཁོར་འདས་དྭངས་མའི་རྩི་བཅུད་ཀུན།  །འུབ་བསྡུས་བུམ་རྫས་བཅུད་ལ་ཐིམ།  །ཟེར་རླངས་འཕགས་པའི་སྐུར་གསལ་བའི།  །སྔགས་སྒྲ་འུར་འུར་སྒྲོགས་པར་གྱུར།  །(ཅེས་གསལ་བཏབ་སྟེ་གཟུངས་ཐག་ནས་འཇུས་ལ།)    ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ  ཨ་ར་པ་ཙ་མི་ཏ་ཧྲི་ད་ཡ་སྭཱ་ཧཱ།  (ཞེས་བཟླ་སྟེ།  སྒྲུབ་པའི་ཐུན་དང་པོ་ནས་བཟུང་རྗེས་དངོས་གྲུབ་མ་བླང་གི་བར་དུ་སྔགས་ཀྱི་སྒྲ་མ་ཆད་པར་བཟླས་པ་ཁོ་ན་ལ་གཙོ་བོར་བྱ་ཞིང་ཐུན་མཚམས་སུ་མཆོད་ཅིང་བསྟོད།  སྐབས་སུ་ཉུ་ལེ་བསྐྲད་ནས་བྱིན་དབབ་པ་ཐུན་བཞིའི་རིམ་པས་ཉམས་སུ་ལེན་ཚུལ་སོགས་སྒྲུབ་གཞུང་ལྟར་བྱའོ།  །སྒྲུབ་ཞག་རྫོགས་པའི་ཉིན་གསུམ་མམ་གཅིག་ལ་གདུལ་བྱའི་སྣོད་སྦྱོང་ཕྱིར་ཚེ་སྙིང་བཟླ་བར་སྤྲོ་ན།)    ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་མཱུྃ་ལཱཾ་མཱྃ་པཱྃ་ཏཱྃ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ།  ཨོཾ་ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་ཏིཥྛ་ཨོཾ།  (ཞེས་བཟླའོ།  །གསུམ་པ་ནི།  དེ་ལྟར་སྒྲུབ་པའི་ཚེ་ན་རྫས་ལ་འོད་འཕྲོ་བ་དང་།  སྙན་པའི་སྒྲ་དང་དྲི་བཟང་པོ་ (3བ)འཐུལ་བ།  རིལ་བུ་མང་པོར་འཕེལ་ཞིང་ཉམས་རྟོགས་གསར་དུ་སྐྱེ་བ་སོགས་གྲུབ་པའི་མཚན་མ་མཐོང་བའམ།  གྲངས་དང་དུས་ཀྱི་ངེས་ཅན་ཐེམས་ནས་དངོས་གྲུབ་བླང་བ་ནི།  ཐུན་ཐ་མའི་ཚོགས་མཆོད་ནས་བྲོ་བརྡུང་གི་བར་དུ་སོང་མཚམས་ལས་བྱང་ལྟར་བགེགས་བསྐྲད་ཅིང་བྱིན་དབབ།)    ཨོཾ།  ཡེ་ཤེས་སྐུ་མཆོག་ (སོགས་ཀྱིས་ནོངས་པ་བཤགས་པ།  དངོས་གྲུབ་བསྡུ་བའི་དམིགས་པ་ནི།)    དཀྱིལ་འཁོར་ལྷ་རྣམས་སྦྱོར་མཚམས་ལས།  །འོད་འཕྲོས་རིགས་དྲུག་སྡུག་བསྔལ་སྦྱངས།  །ཕྱོགས་བཅུའི་རྒྱལ་རྣམས་དགྱེས་པ་བསྐྱེད།  །དབང་བྱིན་དངོས་གྲུབ་ཀུན་བསྡུས་ཏེ།  །བདག་དང་སྒྲུབ་རྫས་ལ་ཐིམ་པས།  །དངོས་གྲུབ་དབྱིག་ཏུ་འཁྱིལ་བར་གྱུར།  (ཞེས་མོས་ལ།)    ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ    ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིངྔྷི་ཧཱུྃ་ཧཱུྃ་ཨཱཿ    (ཞེས་ཅི་ནུས་སུ་བཟླ་ཞིང་།  སྒྲུབ་རྟེན་ཐོགས་ལ་དངོས་གྲུབ་བསྐུལ་བ་ནི།  ལས་བྱང་ལྟར།)    ཧྲཱིཿ    མགོན་པོ་ཐུགས་རྗེའི་དབང་ཕྱུག་དགོངས༔  (སོགས་བརྗོད་ལ་རིལ་བུམ་གནས་བཞིར་གཏུགས་ཤིང་རིལ་བུ་ཅུང་ཟད་བདུད་རྩི་ཨ་མྲྀ་ཏ་སྦྱར་བ་ལྕེ་ཐོག་ཏུ་མྱང་བས་དངོས་གྲུབ་རྣམ་གཉིས་སྟན་ཐོག་གཅིག་ཏུ་ཐོབ་པར་བསམ་ཞིང་དམ་རྫས་ལ་ལོངས་སྤྱད།  དོན་དུ་གཉེར་བ་རྣམས་ལའང་དངོས་གྲུབ་ཀྱི་སྐལ་བ་ཅི་ལྟར་རིགས་པ་སྦྱིན་ཅིང་།  དམིགས་བསལ་དབང་བསྐུར་སོགས་དགོས་ནའང་སྐབས་འདིར་བྱ།  གཏང་རག་གི་མཆོད་བསྟོད་ནས་བརྩམས་ཏེ་སྒྲུབ་པའི་ (4ན)རྗེས་ཀྱི་བྱ་བ་རྣམས་གཞུང་ལྟར་མཐའ་རྒྱས་སུ་བྱའོ།  །བཞི་པ་ནི།  དེ་ལྟ་བུའི་དམ་རྫས་དེ་ཉིད་སེར་སྣ་མེད་པའི་སེམས་བསྐྱེད་བཟང་པོས་འགྲོ་བ་ཐམས་ཅད་ལ་ཁྱབ་པར་སྤེལ་ཞིང་རྗེས་སུ་བཟུང་བར་བྱ་སྟེ།  རྒྱུད་ལས།  བོད་ཁམས་ཀུན་ལ་ཁྱབ་པར་དགྲམ༔  དེ་ཡིས་ཐུགས་རྗེའི་བསྟན་པ་རྒྱས༔  སྙིགས་དུས་སེམས་ཅན་བདེ་ལ་བཀོད༔  ངན་སོང་འཁོར་བ་དོང་ནས་སྤྲུགས༔  ཞེས་དང་།  རིལ་བུ་སུ་ཡི་ལྟོར་སོང་ནས༔  ཚེ་རབས་གང་དང་གར་སྐྱེས་ཀྱང་༔  སྤྱན་རས་གཟིགས་དང་འབྲལ་མི་སྲིད༔  རྗེས་མཆོག་རེག་ཆོག་ངོ་མཚར་ཆེ༔  ཞེས་སོགས་མཐའ་ཡས་པར་གསུངས་པ་བཞིན་སངས་རྒྱས་ཀྱི་ཐུགས་རྗེ་དང་རྒྱུ་རྐྱེན་རྟེན་འབྲེལ་བསམ་གྱིས་མི་ཁྱབ་པའི་མཐུ་ལས་དགོས་པ་དང་ཕན་ཡོན་ཚད་མེད་པར་ལྡན་པ་ནི་ངེས་པའོ།  །ལྔ་པ་ནི།  གལ་ཏེ་ཚོམ་དུ་ཚོགས་སྒྲུབ་དང་མི་འབྲེལ་བར་སྤྲོས་མེད་ཆིག་དྲིལ་དུ་བསྒྲུབ་པར་འདོད་ན།  སྦྱོར་བ་དཀྱིལ་འཁོར་གྱི་བཤམ་བཀོད།  དངོས་གཞི་བསྙེན་སྒྲུབ་ཀྱི་ཕྲིན་ལས།  རྗེས་ཀྱི་བྱ་བ་མཇུག་བསྡུ་བ་རྣམས་བསྙེན་སྒྲུབ་སྤྱི་དང་འདྲ་ལ།  སྐབས་ཐོབ་འདི་ཉིད་ཀྱི་དགོས་ཆོས་རྣམས་གོང་སྨོས་ལྟར་སྦྱར་བས་ལེགས་པར་གྲུབ་བོ།)  །  འཕགས་པའི་ཕྲིན་ལས་མྱོང་གྲོལ་བསྒྲུབ་པའི་ཐབས།  །རྩ་བའི་དགོངས་དོན་གསལ་བདེར་སྤེལ་འདིས་ཀྱང་།  །རྡོ་རྗེའི་བདེན་གསུངས་བསླུ་བ་མེད་འགྲུབ་ནས།  །རྣམ་མང་འགྲོ་ཁམས་དོང་སྤྲུགས་རྒྱུ་རུ་ཤོག    །(དེ་ལྟར་འགྲོ་འདུལ་ཐུགས་རྗེ་ཆེན་པོའི་སྒོ་ནས་མྱོང་གྲོལ་སྐྱེ་ (4བ)བདུན་རིལ་བུའི་སྒྲུབ།  ཐབས་གསལ་བདེར་བཀོད་པ་གཞན་དོན་ཀུན་ཁྱབ་ཅེས་བྱ་བ་འདི་ནི།  གཏེར་གཞུང་རྩ་བའི་དགོངས་པར་གསལ་བྱེད་ཕྲན་བུས་བརྒྱན་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འཕགས་པའི་བསྟི་གནས་ཆོས་འཁོར་དཔལ་གྱི་ལྷ་སའི་སྐྱེད་ཚལ་བྱང་ཆུབ་ལྗོན་པའི་ནགས་ཁྲོད་དུ་སྦྱར་བ་དགེ་ལེགས་མཆོག་གི་རྒྱུར་གྱུར་ཅིག།  མངྒ་ལཾ།  །)}}

Revision as of 11:03, 11 July 2024

Wylie title DJYD-KABUM-09-TA-014.pdf
Location bdud 'joms rin po che bka' 'bum
Volume 9, Text 14, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. '. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 9: . Kalimpong: Dupjung Lama, 1979-1985.
Side notes  
More details More details
Tertön བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ (Dudjom Rinpoche)
Genre
[edit]
༄༅། །འགྲོ་འདུལ་ཐུགས་རྗེ་ཆེན་པོའི་སྒོ་ནས་མྱོང་གྲོལ་སྐྱེ་བདུན་རིལ་བུའི་སྒྲུབ་ཐབས་གསལ་བདེར་བཀོད་པ་གཞན་དོན་ཀུན་ཁྱབ་ཅེས་བྱ་བ་བཞུགས་སོ། ། (1བ)འགྲོ་འདུལ་ཐུགས་རྗེ་ཆེན་པོའི་སྒོ་ནས་མྱོང་གྲོལ་སྐྱེ་བདུན་རིལ་བུའི་སྒྲུབ་ཐབས་གསལ་བ་དེར་བཀོད་པ་གཞན་དོན་ཀུན་ཁྱབ་ཅེས་བྱ་བ། བླ་མ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །རྒྱལ་ཀུན་ཚད་མེད་ཐུགས་རྗེའི་ཕུང་པོ་ནི། །རྒྱལ་སྲས་གཞོན་ནུའི་ཟོལ་དུ་རབ་ཞུགས་ཏེ། །མཐའ་ཡས་སྲིད་འགྲོ་སྒྲོལ་བའི་ཕྲིན་ལས་ཅན། །འཕགས་མཆོག་སྙིང་རྗེའི་གཏེར་ཆེན་དེ་ལ་འདུད། །(འདིར་མ་བསྒོམ་སངས་རྒྱས་ཐོབ་པའི་གདམས་ངག་གི་ཡ་གྱལ་མྱོང་གྲོལ་སྐྱེ་བདུན་རིལ་བུ་བསྒྲུབ་པའི་ཚུལ་བསྟན་པ་ལ་ལྔ། རིལ་བུ་སྦྱོར་ཚུལ། སྒྲུབ་པ་དངོས། དངོས་གྲུབ་བླང་བ། གཞན་དོན་ཕན་ཡོན། འཕྲོས་དོན་བསྟན་པའོ། །དང་པོ་ནི། གཞུང་རྩ་བ་ལས། དམ་རྫས་ (2ན)མྱོང་གྲོལ་སྦྱོར་བ་ལ༔ ཨ་རུ་གཙོ་ལ་བ་རུ་བློན༔ བཟང་དྲུག་འབངས་སུ་བསྡེབས་པར་བྱ༔ བ་ལུ་དཀར་པོའི་མེ་ཏོག་དང་༔ མཁན་དཀར་ཙནྡན་ཨ་ག་རུ༔ ཞིབ་བཏུལ་བདུད་རྩི་ཆོས་སྨན་དང་༔ སྐྱེ་བདུན་ཤ་ཡི་བྱིན་གྱིས་བརླབ༔ གཞན་ཡང་དམ་རྫས་བྱིན་རླབས་རྟེན༔ སེལ་མེད་བསགས་ཏེ་རིལ་བུ་དྲིལ༔ རྟེན་འབྲེལ་སྙིང་པོའི་སྔགས་མང་བརྗོད༔ དེ་ནས་བུམ་པ་མཚན་ལྡན་དུ༔ བླུགས་ལ་དར་སྣ་ལྔས་ཁ་བཅད༔ དེ་ནས་སྒྲུབ་པའི་རྟེན་དུ་བཙུགས༔ ཞེས་གསུངས་པ་ཉིད་ལག་ལེན་དུ་བསྟར་བ་ནི། སྐྱེ་བདུན་གྱི་སྐུ་ཤ་དངོས་ནི་བསྒྲུབ་པའི་གཞི་ཡིན་ཀྱང་ཚད་ལྡན་མ་རྙེད་ན་གཏེར་བྱོན་བྲམ་ཟེའི་དབུ་ཀླད་གདུང་རུས་རིང་བསྲེལ་སོགས་དང་༔ སྐྱེས་ཆེན་གོང་མ་དག་གིས་བསྒྲུབས་པའི་སྐྱེ་བདུན་རིལ་བུ་ཚད་ལྡན་ལ་གཞི་བཅོལ་ནས་འབྲས་བཟང་པོ་ཆུ་ཁྲུས་བྱས་པའི་ཕྱེ་མ་བྲེ་གསུམ་གྱི་ཚོད་ལ། ཨ་རུ་ (2བ)ར་རྡོག་སུམ་ཅུ། བ་རུ་ར་རྡོག་བཅུ། སྐྱུ་རུ་ར་སུམ་ཅུ། ཛ་ཏི། ལི་ཤི། སུཀྨེལ། གུར་གུམ། ཅུ་གང་། ཀ་ཀོ་ལ་སྟེ་བཟང་པོ་དྲུག་སོ་སོ་ནས་ཞོ་དོ་ཙམ་རེ་དང་། བ་ལུའི་མེ་ཏོག །མཁན་དཀར། ཙནྡན་དཀར་དམར། ཨ་ག་རུ་རྣམས་ཞོ་རེ་ཙམ། གྲུབ་པ་ཐོབ་པའི་སྐུ་ཤ་གསང་ཆེན་གསང་ཆབ་ཅུང་ཟད་རེ། བདུད་རྩི་སྨན་གྱི་སྒྲུབ་པའི་ལག་ལེན་ཚད་ལྡན་གྱིས་སྦྱར་བའི་བདུད་རྩི་ཆོས་སྨན་དང་། སེལ་མེད་ཀྱི་དམ་རྫས་ཕབ་གཏའ་རྣམས་ཞིབ་ཏུ་ལེགས་པར་བསྣུར་ཞིང་འདྲེས་པར་སྦོལ། དབང་ལག་དང་ཤེལ་ཀ་ར་བུར་སྦྲང་རྣམས་ཀྱི་ཕྱེ་མས་ཁ་ཚར་ཅུང་ཟད་བཏབ་ཅིང་། རྟེན་འབྲེལ་སྙིང་པོས་སྒྲུབ་པའི་གཟུངས་ཆུ་དང་ཆང་གར་མ་སྦྱར་བའི་ཟན་གྱི་གོང་བུར་བྱས་ཏེ། རིལ་བུ་ཆེ་ཆུང་སྲན་མ་ཙམ་དང་ཡུངས་དཀར་ཙམ་སོགས་གང་འོས་སུ་ལེགས་པར་བསྒྲིལ་ནས་གྲིབ་སྐམ་བྱ། སྐམ་ཐག་ཆོད་པ་ན་མཚལ་བཟང་པོས་ཁ་དོག་དམར་པོར་བསྒྱུར་ཞིང་གསེར་དངུལ་སོགས་རིན་པོ་ཆེའི་བུམ་པའི་ནང་དུ་བླུགས་ལ་ཁ་དར་ཚོན་སྣ་ལྔས་ལེགས་པར་དྲིལ། རྒྱན་བཀོད་སྐབས་སུ་དཀྱིལ་འཁོར་དབུས་ཀྱི་མཉྫིའི་སྟེང་ལ་གཟུངས་ཐག་རྡོ་རྗེ་དང་བཅས་ཏེ་བཞུགས་སུ་གསོལ་ཞིང་། རིལ་བུ་བུངས་མང་ན་བུམ་པ་མང་པོར་བླུགས་ཏེ་ཕྱོགས་མཚམས་སུ་འགོད་པ་སོགས་རིག་པས་དཔག །དཀྱིལ་འཁོར་གྱི་རྒྱན་དང་མཆོད་པའི་ཡོ་བྱད། འདོན་བྱའི་ཁྱད་པར་རྣམས་མ་འཆོལ་བར་སྒྲུབ་ཁོག་ལྟར་བྱའོ། །གཉིས་པ་ནི། དངོས་གཞི་ཕྲིན་ལས་ཀྱི་གཞུང་བསྲང་སྟེ་བཟླས་པ་གྲུབ་ཀྱི་བར་དུ་བཏང་ནས་སྐྱེ་བདུན་སྒྲུབ་རིལ་ལ་དམིགས་ཏེ།) བུམ་པ་རང་བྱུང་ཡེ་ཤེས་ཀྱི་ཕོ་བྲང་རྒྱ་ཁྱོན་ཚད་མེད་པའི་ནང་དུ་བུམ་བཅུད་རིལ་བུ་རྣམས་འཇིག་ (3ན)རྟེན་དབང་ཕྱུག་འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སུ་གསལ་བར་གྱུར། རང་གི་ཐུགས་ཀའི་སྔགས་ཕྲེང་ལས། །འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ། །སོང་བསམ་མདུན་བསྐྱེད་ཐུགས་ཀར་ཕོག །ལྷ་ཚོགས་བརྒྱུད་བསྐུལ་འོད་ཟེར་འབར། །ཕྱོགས་བཅུའི་རྒྱལ་རྣམས་མཆོད་པས་མཉེས། །ཁམས་གསུམ་འགྲོ་བའི་སྡུག་བསྔལ་སྦྱངས། འཁོར་འདས་དྭངས་མའི་རྩི་བཅུད་ཀུན། །འུབ་བསྡུས་བུམ་རྫས་བཅུད་ལ་ཐིམ། །ཟེར་རླངས་འཕགས་པའི་སྐུར་གསལ་བའི། །སྔགས་སྒྲ་འུར་འུར་སྒྲོགས་པར་གྱུར། །(ཅེས་གསལ་བཏབ་སྟེ་གཟུངས་ཐག་ནས་འཇུས་ལ།) ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨ་ར་པ་ཙ་མི་ཏ་ཧྲི་ད་ཡ་སྭཱ་ཧཱ། (ཞེས་བཟླ་སྟེ། སྒྲུབ་པའི་ཐུན་དང་པོ་ནས་བཟུང་རྗེས་དངོས་གྲུབ་མ་བླང་གི་བར་དུ་སྔགས་ཀྱི་སྒྲ་མ་ཆད་པར་བཟླས་པ་ཁོ་ན་ལ་གཙོ་བོར་བྱ་ཞིང་ཐུན་མཚམས་སུ་མཆོད་ཅིང་བསྟོད། སྐབས་སུ་ཉུ་ལེ་བསྐྲད་ནས་བྱིན་དབབ་པ་ཐུན་བཞིའི་རིམ་པས་ཉམས་སུ་ལེན་ཚུལ་སོགས་སྒྲུབ་གཞུང་ལྟར་བྱའོ། །སྒྲུབ་ཞག་རྫོགས་པའི་ཉིན་གསུམ་མམ་གཅིག་ལ་གདུལ་བྱའི་སྣོད་སྦྱོང་ཕྱིར་ཚེ་སྙིང་བཟླ་བར་སྤྲོ་ན།) ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་མཱུྃ་ལཱཾ་མཱྃ་པཱྃ་ཏཱྃ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ། ཨོཾ་ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་ཏིཥྛ་ཨོཾ། (ཞེས་བཟླའོ། །གསུམ་པ་ནི། དེ་ལྟར་སྒྲུབ་པའི་ཚེ་ན་རྫས་ལ་འོད་འཕྲོ་བ་དང་། སྙན་པའི་སྒྲ་དང་དྲི་བཟང་པོ་ (3བ)འཐུལ་བ། རིལ་བུ་མང་པོར་འཕེལ་ཞིང་ཉམས་རྟོགས་གསར་དུ་སྐྱེ་བ་སོགས་གྲུབ་པའི་མཚན་མ་མཐོང་བའམ། གྲངས་དང་དུས་ཀྱི་ངེས་ཅན་ཐེམས་ནས་དངོས་གྲུབ་བླང་བ་ནི། ཐུན་ཐ་མའི་ཚོགས་མཆོད་ནས་བྲོ་བརྡུང་གི་བར་དུ་སོང་མཚམས་ལས་བྱང་ལྟར་བགེགས་བསྐྲད་ཅིང་བྱིན་དབབ།) ཨོཾ། ཡེ་ཤེས་སྐུ་མཆོག་ (སོགས་ཀྱིས་ནོངས་པ་བཤགས་པ། དངོས་གྲུབ་བསྡུ་བའི་དམིགས་པ་ནི།) དཀྱིལ་འཁོར་ལྷ་རྣམས་སྦྱོར་མཚམས་ལས། །འོད་འཕྲོས་རིགས་དྲུག་སྡུག་བསྔལ་སྦྱངས། །ཕྱོགས་བཅུའི་རྒྱལ་རྣམས་དགྱེས་པ་བསྐྱེད། །དབང་བྱིན་དངོས་གྲུབ་ཀུན་བསྡུས་ཏེ། །བདག་དང་སྒྲུབ་རྫས་ལ་ཐིམ་པས། །དངོས་གྲུབ་དབྱིག་ཏུ་འཁྱིལ་བར་གྱུར། (ཞེས་མོས་ལ།) ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིངྔྷི་ཧཱུྃ་ཧཱུྃ་ཨཱཿ (ཞེས་ཅི་ནུས་སུ་བཟླ་ཞིང་། སྒྲུབ་རྟེན་ཐོགས་ལ་དངོས་གྲུབ་བསྐུལ་བ་ནི། ལས་བྱང་ལྟར།) ཧྲཱིཿ མགོན་པོ་ཐུགས་རྗེའི་དབང་ཕྱུག་དགོངས༔ (སོགས་བརྗོད་ལ་རིལ་བུམ་གནས་བཞིར་གཏུགས་ཤིང་རིལ་བུ་ཅུང་ཟད་བདུད་རྩི་ཨ་མྲྀ་ཏ་སྦྱར་བ་ལྕེ་ཐོག་ཏུ་མྱང་བས་དངོས་གྲུབ་རྣམ་གཉིས་སྟན་ཐོག་གཅིག་ཏུ་ཐོབ་པར་བསམ་ཞིང་དམ་རྫས་ལ་ལོངས་སྤྱད། དོན་དུ་གཉེར་བ་རྣམས་ལའང་དངོས་གྲུབ་ཀྱི་སྐལ་བ་ཅི་ལྟར་རིགས་པ་སྦྱིན་ཅིང་། དམིགས་བསལ་དབང་བསྐུར་སོགས་དགོས་ནའང་སྐབས་འདིར་བྱ། གཏང་རག་གི་མཆོད་བསྟོད་ནས་བརྩམས་ཏེ་སྒྲུབ་པའི་ (4ན)རྗེས་ཀྱི་བྱ་བ་རྣམས་གཞུང་ལྟར་མཐའ་རྒྱས་སུ་བྱའོ། །བཞི་པ་ནི། དེ་ལྟ་བུའི་དམ་རྫས་དེ་ཉིད་སེར་སྣ་མེད་པའི་སེམས་བསྐྱེད་བཟང་པོས་འགྲོ་བ་ཐམས་ཅད་ལ་ཁྱབ་པར་སྤེལ་ཞིང་རྗེས་སུ་བཟུང་བར་བྱ་སྟེ། རྒྱུད་ལས། བོད་ཁམས་ཀུན་ལ་ཁྱབ་པར་དགྲམ༔ དེ་ཡིས་ཐུགས་རྗེའི་བསྟན་པ་རྒྱས༔ སྙིགས་དུས་སེམས་ཅན་བདེ་ལ་བཀོད༔ ངན་སོང་འཁོར་བ་དོང་ནས་སྤྲུགས༔ ཞེས་དང་། རིལ་བུ་སུ་ཡི་ལྟོར་སོང་ནས༔ ཚེ་རབས་གང་དང་གར་སྐྱེས་ཀྱང་༔ སྤྱན་རས་གཟིགས་དང་འབྲལ་མི་སྲིད༔ རྗེས་མཆོག་རེག་ཆོག་ངོ་མཚར་ཆེ༔ ཞེས་སོགས་མཐའ་ཡས་པར་གསུངས་པ་བཞིན་སངས་རྒྱས་ཀྱི་ཐུགས་རྗེ་དང་རྒྱུ་རྐྱེན་རྟེན་འབྲེལ་བསམ་གྱིས་མི་ཁྱབ་པའི་མཐུ་ལས་དགོས་པ་དང་ཕན་ཡོན་ཚད་མེད་པར་ལྡན་པ་ནི་ངེས་པའོ། །ལྔ་པ་ནི། གལ་ཏེ་ཚོམ་དུ་ཚོགས་སྒྲུབ་དང་མི་འབྲེལ་བར་སྤྲོས་མེད་ཆིག་དྲིལ་དུ་བསྒྲུབ་པར་འདོད་ན། སྦྱོར་བ་དཀྱིལ་འཁོར་གྱི་བཤམ་བཀོད། དངོས་གཞི་བསྙེན་སྒྲུབ་ཀྱི་ཕྲིན་ལས། རྗེས་ཀྱི་བྱ་བ་མཇུག་བསྡུ་བ་རྣམས་བསྙེན་སྒྲུབ་སྤྱི་དང་འདྲ་ལ། སྐབས་ཐོབ་འདི་ཉིད་ཀྱི་དགོས་ཆོས་རྣམས་གོང་སྨོས་ལྟར་སྦྱར་བས་ལེགས་པར་གྲུབ་བོ།) ། འཕགས་པའི་ཕྲིན་ལས་མྱོང་གྲོལ་བསྒྲུབ་པའི་ཐབས། །རྩ་བའི་དགོངས་དོན་གསལ་བདེར་སྤེལ་འདིས་ཀྱང་། །རྡོ་རྗེའི་བདེན་གསུངས་བསླུ་བ་མེད་འགྲུབ་ནས། །རྣམ་མང་འགྲོ་ཁམས་དོང་སྤྲུགས་རྒྱུ་རུ་ཤོག །(དེ་ལྟར་འགྲོ་འདུལ་ཐུགས་རྗེ་ཆེན་པོའི་སྒོ་ནས་མྱོང་གྲོལ་སྐྱེ་ (4བ)བདུན་རིལ་བུའི་སྒྲུབ། ཐབས་གསལ་བདེར་བཀོད་པ་གཞན་དོན་ཀུན་ཁྱབ་ཅེས་བྱ་བ་འདི་ནི། གཏེར་གཞུང་རྩ་བའི་དགོངས་པར་གསལ་བྱེད་ཕྲན་བུས་བརྒྱན་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འཕགས་པའི་བསྟི་གནས་ཆོས་འཁོར་དཔལ་གྱི་ལྷ་སའི་སྐྱེད་ཚལ་བྱང་ཆུབ་ལྗོན་པའི་ནགས་ཁྲོད་དུ་སྦྱར་བ་དགེ་ལེགས་མཆོག་གི་རྒྱུར་གྱུར་ཅིག། མངྒ་ལཾ། །)