DJYD-KABUM-21-ZHA-001: Difference between revisions
From Dudjom Wiki
DJYD-KABUM-21-ZHA-001
No edit summary |
No edit summary |
||
| Line 18: | Line 18: | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། | {{TibP|༄༅། །ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་སྒྲོན་མེའི་གླེགས་བམ་གསུམ་པ་བཞུགས་སོ། ། | ||
(2ན)ཨོཾ་སྭསྟི། རྨད་དུ་བྱུང་བའི་སྒྲ་བསྒྱུར་གྲུབ་བརྙེས་གཡུ་སྒྲ་སྙིང་པོའི་རྣམ་རོལ་འཇིག་རྟེན་མིག་གཅིག་ལོ་ཙཱ་བ་ཆེན་པོ་ངག་དབང་ཆོས་དཔལ་རྒྱ་མཚོའི་གསུང་འབུམ་སྐོར་ཐོབ་པ་ལ། ནང་གསེས་སྐོར་ཚོ་བདུན་དུ་བཞུགས་པ་ལས། དང་པོ་ལོ་རྒྱུས་རྣམ་ཐར་གྱི་སྐོར་ལ། སོ་ཐར་སྡོམ་རྒྱུན་གྱི་རྣམ་ཐར་ཉུང་གསལ་སྒྲོན་མེ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་གཏེར་བདག་གླིང་པའི་ཐུན་མོང་ཕྱིའི་རྣམ་ཐར་དད་པའི་ཤིང་རྟ། ཐུན་མིན་ནང་གི་རྣམ་ཐར་ཡོན་ཏན་མཐའ་ཡས་རྣམ་པར་བཀོད་པའི་རོལ་མོ། མྱ་ངན་འདས་བྱུང་གི་གཏམ་ཨུཏྤ་ལའི་དོ་ཤལ། དྷརྨ་ཤྲཱི་རང་ཉིད་ཀྱི་ཆོས་དང་རྗེས་སུ་འབྲེལ་བ་ལས་བརྩམས་པའི་ལོ་རྒྱུས་བདེན་གཏམ་རྣ་བའི་བདུད་རྩི། བྱ་རྒོད་མཁས་གྲུབ་ཀྱི་རྣམ་ཐར། དིང་རི་བའི་རྣམ་ཐར་བཅས། གཉིས་པ་ཡུལ་ཁྱད་པར་ཅན་ལ་རྗེས་སུ་བསྔགས་པའི་བསྟོད་ཚོགས་གསོལ་འདེབས་ཀྱི་སྐོར་ལ། སྟོན་པ་ཐུབ་པའི་དབང་པོ་ལ་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་བསྔགས་པ་བྱ་དཀའི་ལམ་གྱིས་མཛེས་པ་ཀུན་བཟང་འཁོར་ལོའི་རེ་མིག །སློབ་དཔོན་ཆེན་པོ་ལ་མཚན་མཆོག་བརྒྱད་ཀྱི་སྒོ་ནས་བསྔགས་(2བ)པ་ཀུན་བཟང་འཁོར་ལོའི་རེ་མིག །གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ལ་ཕྱི་ནང་གསང་བའི་རྣམ་ཐར་དང་སྦྱར་ནས་བསྔགས་པ་ཀུན་བཟང་འཁོར་ལོའི་རེ་མིག །ཨོ་རྒྱན་སྨིན་གྲོལ་གླིང་གི་གཙུག་ལག་ཁང་ཆེན་པོའི་སྒོ་ཁང་མཛེས་རྒྱན་དུ་བསྡེབས་པ་ཀུན་བཟང་འཁོར་ལོའི་རེ་མིག །བླ་བྲང་ཆོས་འཁོར་ལྷུན་པོའི་བར་ཁང་གི་ནང་ཁྱམས་མཛེས་རྒྱན་དུ་བསྡེབས་པ་དུས་འཁོར་ལུགས་ཉི་ཁྱིམ་བཅུ་གཉིས་སོགས་དང་སྦྱོར་བའི་ཀུན་བཟང་འཁོར་ལོའི་རེ་མིག །བསྟོད་ཚོགས་གསོལ་འདེབས་ཀྱི་རིམ་པ་ལྷའི་རྔ་ཆེན་ནང་གསེས་དུ་མ་ཅན་བཅས། གསུམ་པ་ལེགས་པར་བཤད་པ་བསྟན་བཅོས་ཀྱི་སྐོར་ལ། ནང་གསེས་གཉིས་ལས། དང་པོ་ཐུན་མོང་རིག་གནས་ཀྱི་སྐོར་ལ། སྙན་ངག་མེ་ལོང་མའི་གོ་དོན་དཔེར་བརྗོད་དང་བཅས་པ་ཨུཏྤ་ལའི་དོ་ཤལ། སྡེབ་སྦྱོར་གྱི་འགྲེལ་པ་དོན་གསལ་མེ་ལོང་། སྐར་རྩིས་ཀྱི་གཞུང་ཉིན་བྱེད་སྣང་བ། དེའི་འགྲེལ་པ་རྣམ་འགྲེལ་གསེར་གྱི་ཤིང་རྟ། དེའི་ལག་ལེན་ལྷན་ཐབས་ངོ་མཚར་ཕྲེང་བ། སྐར་རྩིས་ཀྱི་སྤྱི་དོན་ལེགས་བཤད་ཡོངས་འདུའི་སྙེ་མ། སྟོང་འཇུག་ཟིན་བྲིས་ཞིབ་མོ་དར་ཚགས། དབྱངས་འཆར་གྱི་མཆན་འགྲེལ་རྒྱུ་སྐར་ཕྲེང་བ། (3ན)དེའི་མན་ངག་བདུད་རྩིའི་ཉིང་ཁུ། འབྱུང་རྩིས་ཀྱི་མན་ངག་ཟླ་བའི་འོད་ཟེར་བཅས། གཉིས་པ་ཐུན་མིན་ནང་དོན་རིག་པའི་བྱེ་བྲག་འགྲེལ་བཤད་ཀྱི་སྐོར་ལ། སྡོམ་གསུམ་རྣམ་ངེས་ཀྱི་འགྲེལ་ཆེན་ལེགས་བཤད་དཔག་བསམ་སྙེ་མ། སྒྱུ་འཕྲུལ་རྩ་རྒྱུད་གསང་སྙིང་གི་འགྲེལ་པ་གསང་བདག་དགོངས་རྒྱན། དེའི་སྤྱི་དོན་གསང་བདག་ཞལ་ལུང་། སློབ་དཔོན་བི་མ་ལའི་སྐྱབས་འགྲོ་ཡན་ལག་དྲུག་པའི་ཟིན་མ་ཊཱཀི་བཅས། བཞི་པ་མདོ་སྔགས་གཞུང་ཆོག་སྒྲུབ་ཕྲིན་དབང་དང་རྣམ་བཤད་སོགས་ཀྱི་སྐོར་ལའང་གཉིས་ཀྱི། དང་པོ་རྒྱ་ཆེ་བ་བཀའ་མའི་སྐོར་ལ། མདོ་ཕྱོགས་སུ། རབ་བྱུང་གི་གཞིའི་ཆོ་ག་རིན་ཆེན་ཐེམ་སྐས། སྟོད་འགྲེལ་ལོ་མིང་རེའུ་མིག །སྡོམ་པ་འབུལ་ཆོག །འདུལ་བ་གཞི་གསུམ་གྱི་ཆོ་ག་ཐར་གླིང་བགྲོད་པའི་གྲུ་ཆེན། དབྱར་གནས་ཀྱི་ཟིན་བྲིས་བཅས། སྔགས་ཕྱོགས་སུ། བྱ་སྤྱོད་དང་འབྲེལ་བ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྨྱུང་བར་གནས་པའི་ཆོ་ག་སྙིང་པོ་བསྡུས་པ། སྤྱན་རས་གཟིགས་དཔལ་མོ་ལུགས་ཀྱི་རྗེས་གནང་གི་ཡི་གེ་བཀླགས་པས་གྲུབ་པ། འཕགས་མ་སྒྲོལ་མ་(3བ)ལ་གསོལ་བ་གདབ་པའི་ཆོ་ག་མཎྜལ་བཞི་པའི་ངག་འདོན། དྲི་མེད་རྣམ་གཉིས་ཀྱི་གཟུངས་ལ་བརྟེན་ཏེ་མཆོད་རྟེན་བཞེངས་པ་ལ་ཉེ་བར་མཁོ་བའི་ཆོ་ག་བཀླགས་པས་གྲུབ་པ། ཞི་བྱེད་སྐོར་གྱི་བླ་བརྒྱུད་གསོལ་འདེབས་གསེར་ཕྲེང་མ། དབང་ཆོག་ཆོག་བསྒྲིགས་བཀླགས་པས་གྲུབ་པ། ཁྲིད་ཡིག་ཕྱོགས་བསྡེབས་བདུད་རྩིའི་ཉིང་ཁུ་བཅས། བླ་མེད་ནང་རྒྱུད་དང་འབྲེལ་བ་ལ་བཀའ་གཏེར་གཉིས་ལས། དང་པོ་བཀའ་མའི་སྐོར་ལ། འདུས་པ་མདོའི་དབང་གི་སྤྱི་དོན་རྒྱུད་ལུང་མན་ངག་གི་གནད་གསལ་བྱེད་སྒྲོན་མེ། འདུས་པ་མདོའི་སྒྲུབ་ཁོག་རིན་ཆེན་འོད་ཀྱི་སྣང་བ། ཡན་ལག་གི་དཀྱིལ་འཁོར་རྣམས་ཀྱི་སྒྲུབ་དཀྱིལ་དངོས་གྲུབ་འདོད་འཇོ། རྩ་དཀྱིལ་སྒྲུབ་དབང་གི་ལས་བྱང་ཁོལ་བཏོན་བཀླགས་ཆོག་ཏུ་བཀོད་པ། འདུས་མདོའི་ཆོ་གའི་ཟུར་འདེབས་དཔག་བསམ་སྙེ་མ། འདུས་པ་མདོའི་དབང་གི་ཆོ་ག་རྡོ་རྗེའི་ཐེམ་སྐས། ཚོགས་ཆེན་འདུས་པའི་དབང་ཆེན་གྱི་བསྙེལ་ཐོ། རྒྱུད་ལུང་ལ་བརྟེན་པའི་ལས་བཞིའི་སྦྱིན་སྲེག་གི་ངག་འདོན་བཀླགས་ཆོག་མར་བྱས་པ་འདོད་སྟེར་དབང་གི་རྒྱལ་པོ། སླར་ཡང་འཕྲོས་དོན་འགའ་(4ན)ཞིག་བརྗོད་པ། སྒྱུ་འཕྲུལ་དྲྭ་བའི་གཞལ་མེད་ཁང་གི་རྣམ་བཞག་གསལ་བའི་སྒྲོན་མེ་རྩ་འགྲེལ། ཁྲག་འཐུང་ཁྲོ་བོའི་འཆམ་ཡིག་གི་བརྗེད་བྱང་ཀུན་བཟང་རྣམ་པར་རྩེན་པའི་རོལ་མོ། མཆོད་གར་གྱི་བརྗེདས་བྱང་མཆོད་སྤྲིན་རྣམ་པར་སྤྲོ་བའི་རོལ་མོ། གླུ་ཡིག་རབ་གསལ་སྣང་བ། དོང་སྤྲུགས་ཕྱག་རྒྱ་གཅིག་པའི་སྒྲུབ་ཐབས་ཟབ་དོན་ཉིང་ཁུ། དེའི་ཁྲིད་ཡིག་ཟབ་ལམ་སྣང་བྱེད། རོག་ལུགས་ཕུར་པའི་བརྒྱུད་འདེབས། རྡོ་རྗེ་ཕུར་བུ་རོག་ལུགས་ཀྱི་སྒྲུབ་ཐབས་ལས་བྱང་དངོས་གྲུབ་ཆར་འབེབས། རོག་ཕུར་སྟོད་ལས་ཀྱི་སྒྲུབ་ཁོག་བདེ་ཆེན་བདུད་རྩིའི་བཅུད་ལེན། སྨད་ལས་ཀྱི་སྒྲུབ་ཁོག་གདུག་ཅན་མཐར་བྱེད་རྡོ་རྗེ་འབར་བའི་འཁྲུལ་འཁོར། རོག་ཕུར་དབང་ཆོག་བདེ་ཆེན་མཆོག་སྟེར་བཅས། ཟབ་པ་གཏེར་མའི་སྐོར་ལ། ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་སྐུ་གསུམ་སྙིང་པོའི་དོན་ཁྲིད་ཀྱི་ཟིན་བྲིས་ཉུང་གསལ་སྙིང་པོར་དྲིལ་བ། རྒྱལ་པོ་ལུགས་འགྲོ་འདུལ་གྱི་བརྒྱུད་འདེབས། ཉང་གཏེར་བཀའ་བརྒྱད་བདེ་གཤེགས་འདུས་པའི་བསྙེན་པའི་གོ་དོན་ལག་ལེན་དང་(4བ)བཅས་པའི་ཡི་གེ་རིན་ཆེན་སྒྲོན་མེ། ཉང་གཏེར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཁྲོས་མ་ནག་མོ་སྒྲུབ་ཅིང་མཆོད་པའི་ལས་བྱང་མཁའ་སྤྱོད་དུ་བགྲོད་པའི་བདེ་ལམ། སྨན་མཆོད་ཆོས་དབྱིངས་འོག་མིན་སོགས། ཁྲོས་མ་ནག་མོ་སྐུ་གསུམ་ལམ་ཁྱེར་གྱི་ཁྲིད་ཡིག་ཟབ་དོན་གསལ་བ། ཁྲོས་ནག་གི་གཏུམ་མོའི་མེ་དབང་བསྐུར་བའི་ཆོ་ག་བཀླགས་པས་གྲུབ་པ། གཏུམ་མོ་ཞག་བདུན་མའི་ཁྲིད་ཡིག་བདེ་དྲོད་རབ་འབར་ཡེ་ཤེས་འཁོར་ལོ། རས་པ་རྣམས་ཀྱི་མགུར་ཚན་པ་གསུམ། ཟངས་མཚོ་སྒྲུབ་གྲྭའི་རས་འབུད་ཀྱི་ལག་ལེན་གའུ་ལེ། །ཉང་གཏེར་མ་མགོན་པོ་གཡུལ་ཟློག་གི་མདོས་ཀྱི་ཟིན་བྲིས་སྒྲོན་མེ་སྐོར་གསུམ་ལས་རྫས་གསོག་པའི་སྡོམ་བྱང་གསལ་བྱེད་སྒྲོན་མེ། བཤམ་གྱི་ལག་ལེན་བཅའ་ཐབས་སྒྲོན་མེ། མདོས་ཀྱི་ཟུར་འདེབས་དང་ལག་ལེན་གྱི་ཆིངས་སྣང་བྱེད་སྒྲོན་མེ། ཆོས་དབང་ཕུར་པ་ཡང་གསང་སྤུ་གྲིའི་བསྙེན་ཡིག་རིན་ཆེན་སྙེ་མ། རཏྣའི་དྲག་དམར་བསྙེན་ཡིག་ཉུང་གསལ་སྒྲོན་མེ། ཀར་གླིང་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ། གྲྭ་མངོན་ཛ་མ་བྷ་(5ན)ལ་དམར་པོའི་སྦྱིན་སྲེག་གི་ཆོ་ག་འདོད་རྒུའི་སྣང་བ། བི་མ་སྙིང་ཐིག་གི་ཁྲིད་དམིགས་བརྗེད་བྱང་། ཕག་མོ་ཟབ་རྒྱའི་འཁྲུལ་འཁོར་གྱི་རྩ་ཚིག་འགྲེལ་པ། སྨིན་གཏེར་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་ཁྲིད་ཡིག་རབ་གསལ་སྣང་བ། དེའི་ཁྱད་པར་གྱི་རྫོགས་རིམ་སྣང་བཞིའི་མན་ངག་གི་ཁྲིད་ཡིག་མངོན་སུམ་འོད་གསལ་འཁོར་ལོ། རྨི་ལམ་གྱི་ཁྲིད་ཡིག་ཟིན་བྲིས་སུ་སྤེལ་བ་ཉིང་འཁྲུལ་རང་གྲོལ། རྨི་ལམ་ཁྲིད་ལས་འཕྲོས་པའི་སྙན་བརྒྱུད་ཡིག་ཆུང་། གཅོད་ཀྱི་ཁྲིད་ཡིག་བསྐྱུད་བྱང་དུ་སྤེལ་བ་འཁྲུལ་རྟོག་དབྱིངས་གྲོལ། འཕོ་བའི་དམིགས་སྐོར་ཟིན་བྲིས། འཕོ་བའི་སྟོང་ཐུན། རྡོར་སེམས་ཀྱི་ཁྲིད་ཡིག་བསྡུས་པ། བསྙེན་ཡིག་ཉུང་གསལ་སྙིང་པོ། ཟབ་ཆོས་རིག་འཛིན་ཐུགས་ཐིག་དབང་གི་མཚམས་སྦྱོར་དྲི་མ་མེད་པའི་འོད། དེའི་ཀ་དག་ཁྲིད་ཡིག་དྲི་མེད་སྣང་བ། ཀ་དག་གི་ཁྲིད་ཀྱི་དམིགས་རྐང་ཟིན་བྲིས་སུ་བཏབ་པ། ངོ་སྤྲོད་རྩ་ཐོ་དྲི་མེད་རབ་གསལ། ཐུགས་ཐིག་ཚེ་དབང་གི་མཚམས་སྦྱོར་ངག་འདོན་གསལ་བདེར་སྤེལ་བ། འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་བསྙེན་ཡིག་ཐོ་བྱང་། ཐུགས་རྗེ་ཆེན་པོ་བདེ་གཤེགས་(5བ)ཀུན་འདུས་ཀྱི་བསྙེན་ཡིག་ཟུར་འདེབས་བསྐྱུད་བྱང་། སྒྲུབ་མཆོད་དཀྱུས་མའི་ཟིན་བྲིས། གནས་ལུང་གི་ཆོ་གའི་ངག་འདོན་མཐར་ལམ་སྣང་བྱེད། སྤྲོས་བཅས་བུམ་དབང་གི་མཚམས་སྦྱོར་སྐལ་ལྡན་ཀུན་དགའ། ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཁྲིད་ཡིག་ཟིན་བྲིས་སུ་བྱས་པ་སྒོམ་དོན་གསལ་བའི་མེ་ལོང་ལས་སྔོན་འགྲོའི་ཁྲིད་ཡིག །དེའི་དངོས་གཞིའི་ཁྲིད་ཡིག །གཏུམ་མོའི་ཁྲིད་ཡིག་ཟབ་གནད་གསལ་སྒྲོན། རྩ་ཁྲིད་རྡོ་རྗེ་གསུམ་གྱི་རྣལ་འབྱོར་གྱི་སྙིང་པོ་དང་། ཟུར་འདེབས་མཚན་མོའི་རྣལ་འབྱོར་འཁྲུལ་འཁོར་གྱི་རྩ་ཚིག་འཆི་མེད་བཅུད་སྟེར། ཨ་ཏིའི་ལམ་རིམ་སྙིང་པོའི་འགྲེལ་པ། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་ཐབས་རྣམ་བཤད་དེ་ཁོ་ན་ཉིད་སྣང་བའི་འོད། རྫོགས་རིམ་སྤྱིའི་རྣམ་བཤད་མཐར་ཐུག་རི་ཆོས་བཅས། ལྔ་པ་སྤྱི་ལ་ཁྱབ་པའི་ཉེར་མཁོ་སྣ་ཚོགས་ཀྱི་སྐོར་ལ། ཐུན་མོང་ཕྱིའི་ཆོས་སྤྱོད་ཐར་ལམ་རབ་གསལ། ཐུན་མིན་ནང་གི་ཆོས་སྤྱོད་བྱང་ཆེན་སྤྱོད་པའི་སྒྲོན་མེ། ཐུན་དྲུག་ཏུ་སྡོམ་པ་གསུམ་གྱི་བསླབ་བྱ་སྐྱོང་ཚུལ་གྱི་ཡི་གེ །དཀྱིལ་འཁོར་སྤྱིའི་ཐིག་ཚོན་གྱི་བྱ་བ་རབ་(6ན)གསལ་ཀུན་དགའ་རྩ་འགྲེལ། གསར་རྙིང་སྤྱི་འགྲོའི་དབང་བཤད་བྱེ་བྲག་སོ་སོ་ལ་འཁྱོག་མཚམས་ཀྱི་དཔེར་བརྗོད་དང་བཅས་པ། རྟེན་ལ་གཟུངས་འབུལ་བའི་ལག་ལེན་མདོར་བསྡུས། རབ་གནས་ཀྱི་སྟོང་ཐུན་མདོར་བསྡུས། དམ་པའི་ཆོས་འཆད་ཉན་བྱེད་ཚུལ་གྱི་ཡི་གེ་མདོར་བསྡུས། གསང་བ་སྙིང་པོའི་རྒྱུད་བཀླག་ཐབས། འཇའ་ཚོན་དཀོན་སྤྱིའི་ཚེ་སྒྲུབ་ལྕགས་ཀྱི་རི་བོའི་ཚེ་དབང་བཀླག་ཆོག་མ། ཕྱག་རྡོར་བདུད་སྡེ་ཕྱེར་འཐག་གི་ལས་བྱང་རྣམ་ངེས་ཚིག་ཉུང་དོན་གསལ། སྲུང་མ་སྤྱི་འགྲོས་ལ་སྦྱར་ཆོག་པའི་གྲིབ་སེལ་གྱི་འདོན་སྒོམ་བཀླགས་ཆོག་མ། ཡི་གེ་བརྒྱ་པའི་སྔགས་ཀློག་དག་སྦྱོར། བླ་མཆོད་ཀྱི་རིམ་པ་བྱིན་རླབས་བདུད་རྩིའི་ཆར་རྒྱུན། གཅོད་ཡུལ་སྟན་ཐོག་གཅིག་མའི་གདམས་པ་དཔའི་བོའི་གད་རྒྱངས། གཅོད་ཀྱི་ཁྲིད་ཡིག་ཟབ་དོན་སྙིང་པོར་དྲིལ་བ། བར་དོའི་ཆོས་བཤད་བརྗོད་བདེར་སྤེལ་བ། དམ་ཅན་གཏོར་བསྔོ་མདོར་བསྡུས། རྩིས་ཀྱི་གཙུག་ལག་ལས་འབྱུང་བའི་ལྷ་རྣམས་མཆོད་པའི་ཆོ་ག་མདོར་བསྡུས། བཀའ་བརྒྱད་བདེ་འདུས། ཕུར་པ་(6བ)ཡང་གསང་སྤུ་གྲི། བླ་མ་གསང་འདུས། གཤིན་རྗེ་དྲེགས་འཇོམས། དངོས་གྲུབ་རོལ་མཚོ་རྣམས་ཀྱི་དབྱངས་ཡིག་ལེ་ཚན་བཅས། དྲུག་པ་གཞན་བསྐུལ་གྱི་དྲིས་ལན་དང་འབེལ་གཏམ་སྐོར་ལ། མཆོག་སྤྲུལ་ཀུན་བཟང་པདྨ་ལེགས་གྲུབ་ཀྱི་དྲིས་ལན་དུ་སྩལ་བའི་འདོད་འཇོའི་བུམ་བཟང་གི་དཀའ་གནད་ཟིན་བྲིས་ཡིད་བཞིན་ནོར་བུའི་རྒྱུན་བཟང་། དྲི་བ་སྣ་ཚོགས་ཀྱི་ལན་དུ་སྩལ་བ་རྨོངས་པའི་མུན་སེལ། འབེལ་གཏམ་ལེགས་པར་བཤད་པའི་འོད་ཟེར་བཅས། བདུན་པ་དཀར་ཆག་དང་བསྔོ་བ་སྨོན་ལམ་གྱི་སྐོར་ལ། ཐུགས་རྗེ་ཆེན་པོས་བློས་བསླངས་ཀྱི་དཀར་ཆག་ངོ་མཚར་ཡོངས་འདུའི་འཁྲི་ཤིང་། སྐུ་འབུམ་མཐོང་གྲོལ་ཆེན་མོའི་དཀར་ཆག་ཡིད་ཆེས་ངེས་པ་སྟེར་བྱེད། བཟང་སྤྱོད་སྨོན་ལམ་གྱི་འགྲེལ་པ། ཡས་གཏམ་དང་། བསྔོ་བའི་ཡོན་བཤད་ཀྱི་དཔེར་བརྗོད་བསྔོ་བ་ལེ་ཚན་དང་བཅས་པ་པད་དཀར་ཆུན་པོ། བསྔོ་བའི་ཡོན་བཤད་བསྔོ་བ་ལེ་ཚན་བཅས་མདོར་བསྡུས། སྨོན་ལམ་གྱི་རིམ་པ་བདེན་ཚིག་རྡོ་རྗེའི་གླུ་དབྱངས་བཅས་སོ། །དེ་ལྟར་ཐོབ་པའི་བརྒྱུད་པ་ནི། མཛད་པ་པོ་ལོ་ཆེན་དྷརྨ་ཤྲཱི་ནས། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ཁྲི་པདྨ་བསྟན་འཛིན། མཁན་ཆེན་ཨོ་རྒྱན་(7ན)བསྟན་འཛིན་རྡོ་རྗེ། ཁྲི་ཕྲིན་ལས་རྣམ་རྒྱལ། ཁྲི་པདྨ་དབང་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། ཁྲི་སངས་རྒྱས་ཀུན་དགའ། དེ་གཉིས་ཀས་ཀུན་མཁྱེན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཁྱབ་བདག་བླ་མ་འགྱུར་མེད་ངེས་དོན་དབང་པོ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལའོ། །ཡང་ན། ཁྲི་སངས་རྒྱས་ཀུན་དགའ་ཡན་སྔར་ལྟར་ལ། དེ་ནས་མདོ་སྔགས་བསྟན་འཛིན་ནོར་བུ། འཁོར་ལོའི་མགོན་པོ་འགྱུར་མེད་ཕན་བདེའི་འོད་ཟེར། དེས་བདག་ལ་བཀའ་དྲིན་དུ་སྩལ་བའི་སྐལ་བཟང་ཐོབ་བོ། །ཡང་རྩིས་དཀར་ནག་སྐོར་རྣམས་མཁན་ཆེན་ཨོ་ཌི་ཡ་ན་ནས། བསྟན་འཛིན་ཆོས་རྒྱལ། མཁན་པདྨ་བཀྲ་ཤིས། རྗེ་གཞན་ཕན་མཐའ་ཡས། མཁས་གྲུབ་པདྨ་བཛྲ། ལུང་རྟོགས་བསྟན་པའི་ཉི་མ། འཇིགས་མེད་ཀུན་དགའ། བསྟན་འཛིན་ནོར་བུ། རྡོར་འཛིན་ཤེས་རབ་བསྟན་དར། རྗེ་ཀུན་སྤངས་པ་དགེ་འདུན་རྒྱ་མཚོ། དེས་བདག་ལའོ། །ཡང་སྡོམ་གསུམ་རྣམ་ངེས་ཀྱི་འགྲེལ་པ་དཔག་བསམ་སྙེ་མའི་ཁྲིད་ལུང་གི་བརྒྱུད་པ་ནི། མཛད་པ་པོ་ལོ་ཆེན་དྷརྨ་(7བ)ཤྲཱི་ནས། འགྱུར་མེད་སྐལ་བཟང་འཕེལ་རྒྱས། འགྱུར་མེད་པདྨ་བསྟན་འིན། ཨ་ཏི་བསྟན་པའི་རྒྱལ་མཚན། རྡོ་རྗེ་རིག་འཛིན་བཟང་པོ། མཁན་ཆེན་པདྨ་མངྒ། གཞོན་ནུ་འཇིགས་མེད་ཆོས་ཀྱི་བློ་གྲོས། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་ཆེན་པདྨ་རྡོ་རྗེ། འགྲོ་མགོན་ཀུན་བཟང་བསོད་ནམས། འཇམ་དཔལ་བདེ་བའི་ཉི་མའམ་འགྱུར་མེད་ཕན་བདེའི་འོད་ཟེར། དགེ་སློང་དཀོན་མཆོག་དཔལ་ལྡན། དེས་བདག་ཛྙཱ་ན་ལའོ། །ཡང་ཆོས་སྤྱོད་ཐར་ལམ་རབ་གསལ་གྱི་ལུང་བརྒྱུད་གཅིག་ནི། སྤར་རྙིང་ལྟར་ན། མཛད་པ་པོ་དྷརྨ་ཤྲཱི། གཅུང་ཡིད་བཞིན་ལེགས་གྲུབ། དྲིན་ཅན་རིན་ཆེན་རྣམ་རྒྱལ། ཁྲི་པདྨ་བསྟན་འཛིན། ཁྲི་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། རྗེ་བཙུན་བསྟན་འཛིན་ཆོས་སྒྲོན། ཁྲི་བདེ་ཆེན་མཆོག་གྲུབ། སྨྱོས་བཙུན་གྲུབ་པ་མོ་འགྱུར་མེད་བདེ་ཆེན་ཆོས་སྒྲོན། ཨོ་རྒྱན་རྣམ་གྲོལ་རྒྱ་མཚོ། དེས་བདག་ཛྙཱ་ན་ལའོ། །སྤར་གསར་ལྟར་ན། མཛད་པ་པོ་ནས། དྲིན་ཅན་རིན་ཆེན་རྣམ་རྒྱལ། ཁྲི་པདྨ་བསྟན་འཛིན། (8ན)ཁྲི་ཕྲིན་ལས་རྣམ་རྒྱལ། པད་གླིང་དྲུག་པ་མི་འགྱུར་ལྷུན་གྲུབ་བདེ་ཆེན་རྡོ་རྗེ། རྦ་སྤྲུལ་པདྨ་ཀུན་བཟང་རིག་འཛིན་རྡོ་རྗེ། པད་གླིང་བརྒྱད་པ་ཀུན་བཟང་བསྟན་པའི་ཉི་མ། ངེས་དོན་ཆོས་ཀྱི་ཉི་མ། མི་ཕམ་ཕྱོགས་ལས་རྣམ་རྒྱལ། རྡོར་འཛིན་ཨོ་རྒྱན་རྣམ་གྲོལ་རྒྱ་མཚོ། དེས་སོ། །ཡང་ན། དྲིན་ཅན་རིན་ཆེན་རྣམ་རྒྱལ་ནས། ཁྲི་པདྨ་བསྟན་འཛིན། ཁྲི་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། རྡོར་འཛིན་དོན་གྲུབ་གྲགས་པ། ཨོ་རྒྱན་ཕུན་ཚོགས། རྣམ་གྲོལ་རྒྱ་མཚོ། དེས་བདག་ལའོ། །སྒྱུ་འཕྲུལ་གསང་བ་སྙིང་པོའི་འགྲེལ་པ་གསང་བདག་དགོངས་རྒྱན་གྱི་ཁྲིད་བརྒྱུད་ནི། གཏེར་ཆེན་ཡན་སྒྱུ་འཕྲུལ་ཞི་ཁྲོའི་དབང་བརྒྱུད་ལྟར་ལ། དེ་ནས་མཛད་པ་པོ་ལོ་ཆེན་དྷརྨ་ཤྲཱི། རབ་འབྱམས་ཨོ་རྒྱན་ཆོས་གྲགས། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། མཁན་ཆེན་ཨོ་ཌི་ཡ་ན། མཁན་པདྨ་བཀྲ་ཤིས། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་པོ་པདྨ་རྡོ་རྗེ། པདྨ་ཡོན་ཏན་རྒྱ་མཚོ། འཁོར་ལོའི་མགོན་པོ་འཇམ་དཔལ་བདེ་བའི་ཉི་མ། དེས་བདག་འཇིགས་བྲལ་(8བ)ཡེ་ཤེས་རྡོ་རྗེ་ལའོ། །སྤྱི་དོན་གསང་བདག་ཞལ་ལུང་གི་ཁྲིད་ལུང་བརྒྱུད་པ་ནི། གཞན་ཕན་མཐའ་ཡས་ཡན་གོང་བཞིན་ལ། དེ་ནས་པདྨ་རྡོ་རྗེ། དཀོན་མཆོག་འོད་ཟེར། པདྨ་ཡོན་ཏན་རྒྱ་མཚོ། ཁྱབ་བདག་འཇམ་དཔལ་བདེ་བའི་ཉི་མ། དེས་བདག་ལའོ། །ཡང་ན། དཔལ་སྤྲུལ་རིན་པོ་ཆེ། ཡང་ན་ཨོ་ཌི་ཡ་ན་ཡན་སྔར་བཞིན་ལས། རྟ་མགྲིན་དབང་ཆེན། དྲི་མེད་ཞིང་སྐྱོང་། ཚེ་དབང་མཆོག་གྲུབ། ཐུགས་མཆོག་རྡོ་རྗེ། གཞན་ཕན་མཐའ་ཡས་མན་འདྲའོ།། །།}} | (2ན)ཨོཾ་སྭསྟི། རྨད་དུ་བྱུང་བའི་སྒྲ་བསྒྱུར་གྲུབ་བརྙེས་གཡུ་སྒྲ་སྙིང་པོའི་རྣམ་རོལ་འཇིག་རྟེན་མིག་གཅིག་ལོ་ཙཱ་བ་ཆེན་པོ་ངག་དབང་ཆོས་དཔལ་རྒྱ་མཚོའི་གསུང་འབུམ་སྐོར་ཐོབ་པ་ལ། ནང་གསེས་སྐོར་ཚོ་བདུན་དུ་བཞུགས་པ་ལས། དང་པོ་ལོ་རྒྱུས་རྣམ་ཐར་གྱི་སྐོར་ལ། སོ་ཐར་སྡོམ་རྒྱུན་གྱི་རྣམ་ཐར་ཉུང་གསལ་སྒྲོན་མེ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་གཏེར་བདག་གླིང་པའི་ཐུན་མོང་ཕྱིའི་རྣམ་ཐར་དད་པའི་ཤིང་རྟ། ཐུན་མིན་ནང་གི་རྣམ་ཐར་ཡོན་ཏན་མཐའ་ཡས་རྣམ་པར་བཀོད་པའི་རོལ་མོ། མྱ་ངན་འདས་བྱུང་གི་གཏམ་ཨུཏྤ་ལའི་དོ་ཤལ། དྷརྨ་ཤྲཱི་རང་ཉིད་ཀྱི་ཆོས་དང་རྗེས་སུ་འབྲེལ་བ་ལས་བརྩམས་པའི་ལོ་རྒྱུས་བདེན་གཏམ་རྣ་བའི་བདུད་རྩི། བྱ་རྒོད་མཁས་གྲུབ་ཀྱི་རྣམ་ཐར། དིང་རི་བའི་རྣམ་ཐར་བཅས། གཉིས་པ་ཡུལ་ཁྱད་པར་ཅན་ལ་རྗེས་སུ་བསྔགས་པའི་བསྟོད་ཚོགས་གསོལ་འདེབས་ཀྱི་སྐོར་ལ། སྟོན་པ་ཐུབ་པའི་དབང་པོ་ལ་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་བསྔགས་པ་བྱ་དཀའི་ལམ་གྱིས་མཛེས་པ་ཀུན་བཟང་འཁོར་ལོའི་རེ་མིག །སློབ་དཔོན་ཆེན་པོ་ལ་མཚན་མཆོག་བརྒྱད་ཀྱི་སྒོ་ནས་བསྔགས་(2བ)པ་ཀུན་བཟང་འཁོར་ལོའི་རེ་མིག །གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ལ་ཕྱི་ནང་གསང་བའི་རྣམ་ཐར་དང་སྦྱར་ནས་བསྔགས་པ་ཀུན་བཟང་འཁོར་ལོའི་རེ་མིག །ཨོ་རྒྱན་སྨིན་གྲོལ་གླིང་གི་གཙུག་ལག་ཁང་ཆེན་པོའི་སྒོ་ཁང་མཛེས་རྒྱན་དུ་བསྡེབས་པ་ཀུན་བཟང་འཁོར་ལོའི་རེ་མིག །བླ་བྲང་ཆོས་འཁོར་ལྷུན་པོའི་བར་ཁང་གི་ནང་ཁྱམས་མཛེས་རྒྱན་དུ་བསྡེབས་པ་དུས་འཁོར་ལུགས་ཉི་ཁྱིམ་བཅུ་གཉིས་སོགས་དང་སྦྱོར་བའི་ཀུན་བཟང་འཁོར་ལོའི་རེ་མིག །བསྟོད་ཚོགས་གསོལ་འདེབས་ཀྱི་རིམ་པ་ལྷའི་རྔ་ཆེན་ནང་གསེས་དུ་མ་ཅན་བཅས། གསུམ་པ་ལེགས་པར་བཤད་པ་བསྟན་བཅོས་ཀྱི་སྐོར་ལ། ནང་གསེས་གཉིས་ལས། དང་པོ་ཐུན་མོང་རིག་གནས་ཀྱི་སྐོར་ལ། སྙན་ངག་མེ་ལོང་མའི་གོ་དོན་དཔེར་བརྗོད་དང་བཅས་པ་ཨུཏྤ་ལའི་དོ་ཤལ། སྡེབ་སྦྱོར་གྱི་འགྲེལ་པ་དོན་གསལ་མེ་ལོང་། སྐར་རྩིས་ཀྱི་གཞུང་ཉིན་བྱེད་སྣང་བ། དེའི་འགྲེལ་པ་རྣམ་འགྲེལ་གསེར་གྱི་ཤིང་རྟ། དེའི་ལག་ལེན་ལྷན་ཐབས་ངོ་མཚར་ཕྲེང་བ། སྐར་རྩིས་ཀྱི་སྤྱི་དོན་ལེགས་བཤད་ཡོངས་འདུའི་སྙེ་མ། སྟོང་འཇུག་ཟིན་བྲིས་ཞིབ་མོ་དར་ཚགས། དབྱངས་འཆར་གྱི་མཆན་འགྲེལ་རྒྱུ་སྐར་ཕྲེང་བ། (3ན)དེའི་མན་ངག་བདུད་རྩིའི་ཉིང་ཁུ། འབྱུང་རྩིས་ཀྱི་མན་ངག་ཟླ་བའི་འོད་ཟེར་བཅས། གཉིས་པ་ཐུན་མིན་ནང་དོན་རིག་པའི་བྱེ་བྲག་འགྲེལ་བཤད་ཀྱི་སྐོར་ལ། སྡོམ་གསུམ་རྣམ་ངེས་ཀྱི་འགྲེལ་ཆེན་ལེགས་བཤད་དཔག་བསམ་སྙེ་མ། སྒྱུ་འཕྲུལ་རྩ་རྒྱུད་གསང་སྙིང་གི་འགྲེལ་པ་གསང་བདག་དགོངས་རྒྱན། དེའི་སྤྱི་དོན་གསང་བདག་ཞལ་ལུང་། སློབ་དཔོན་བི་མ་ལའི་སྐྱབས་འགྲོ་ཡན་ལག་དྲུག་པའི་ཟིན་མ་ཊཱཀི་བཅས། བཞི་པ་མདོ་སྔགས་གཞུང་ཆོག་སྒྲུབ་ཕྲིན་དབང་དང་རྣམ་བཤད་སོགས་ཀྱི་སྐོར་ལའང་གཉིས་ཀྱི། དང་པོ་རྒྱ་ཆེ་བ་བཀའ་མའི་སྐོར་ལ། མདོ་ཕྱོགས་སུ། རབ་བྱུང་གི་གཞིའི་ཆོ་ག་རིན་ཆེན་ཐེམ་སྐས། སྟོད་འགྲེལ་ལོ་མིང་རེའུ་མིག །སྡོམ་པ་འབུལ་ཆོག །འདུལ་བ་གཞི་གསུམ་གྱི་ཆོ་ག་ཐར་གླིང་བགྲོད་པའི་གྲུ་ཆེན། དབྱར་གནས་ཀྱི་ཟིན་བྲིས་བཅས། སྔགས་ཕྱོགས་སུ། བྱ་སྤྱོད་དང་འབྲེལ་བ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྨྱུང་བར་གནས་པའི་ཆོ་ག་སྙིང་པོ་བསྡུས་པ། སྤྱན་རས་གཟིགས་དཔལ་མོ་ལུགས་ཀྱི་རྗེས་གནང་གི་ཡི་གེ་བཀླགས་པས་གྲུབ་པ། འཕགས་མ་སྒྲོལ་མ་(3བ)ལ་གསོལ་བ་གདབ་པའི་ཆོ་ག་མཎྜལ་བཞི་པའི་ངག་འདོན། དྲི་མེད་རྣམ་གཉིས་ཀྱི་གཟུངས་ལ་བརྟེན་ཏེ་མཆོད་རྟེན་བཞེངས་པ་ལ་ཉེ་བར་མཁོ་བའི་ཆོ་ག་བཀླགས་པས་གྲུབ་པ། ཞི་བྱེད་སྐོར་གྱི་བླ་བརྒྱུད་གསོལ་འདེབས་གསེར་ཕྲེང་མ། དབང་ཆོག་ཆོག་བསྒྲིགས་བཀླགས་པས་གྲུབ་པ། ཁྲིད་ཡིག་ཕྱོགས་བསྡེབས་བདུད་རྩིའི་ཉིང་ཁུ་བཅས། བླ་མེད་ནང་རྒྱུད་དང་འབྲེལ་བ་ལ་བཀའ་གཏེར་གཉིས་ལས། དང་པོ་བཀའ་མའི་སྐོར་ལ། འདུས་པ་མདོའི་དབང་གི་སྤྱི་དོན་རྒྱུད་ལུང་མན་ངག་གི་གནད་གསལ་བྱེད་སྒྲོན་མེ། འདུས་པ་མདོའི་སྒྲུབ་ཁོག་རིན་ཆེན་འོད་ཀྱི་སྣང་བ། ཡན་ལག་གི་དཀྱིལ་འཁོར་རྣམས་ཀྱི་སྒྲུབ་དཀྱིལ་དངོས་གྲུབ་འདོད་འཇོ། རྩ་དཀྱིལ་སྒྲུབ་དབང་གི་ལས་བྱང་ཁོལ་བཏོན་བཀླགས་ཆོག་ཏུ་བཀོད་པ། འདུས་མདོའི་ཆོ་གའི་ཟུར་འདེབས་དཔག་བསམ་སྙེ་མ། འདུས་པ་མདོའི་དབང་གི་ཆོ་ག་རྡོ་རྗེའི་ཐེམ་སྐས། ཚོགས་ཆེན་འདུས་པའི་དབང་ཆེན་གྱི་བསྙེལ་ཐོ། རྒྱུད་ལུང་ལ་བརྟེན་པའི་ལས་བཞིའི་སྦྱིན་སྲེག་གི་ངག་འདོན་བཀླགས་ཆོག་མར་བྱས་པ་འདོད་སྟེར་དབང་གི་རྒྱལ་པོ། སླར་ཡང་འཕྲོས་དོན་འགའ་(4ན)ཞིག་བརྗོད་པ། སྒྱུ་འཕྲུལ་དྲྭ་བའི་གཞལ་མེད་ཁང་གི་རྣམ་བཞག་གསལ་བའི་སྒྲོན་མེ་རྩ་འགྲེལ། ཁྲག་འཐུང་ཁྲོ་བོའི་འཆམ་ཡིག་གི་བརྗེད་བྱང་ཀུན་བཟང་རྣམ་པར་རྩེན་པའི་རོལ་མོ། མཆོད་གར་གྱི་བརྗེདས་བྱང་མཆོད་སྤྲིན་རྣམ་པར་སྤྲོ་བའི་རོལ་མོ། གླུ་ཡིག་རབ་གསལ་སྣང་བ། དོང་སྤྲུགས་ཕྱག་རྒྱ་གཅིག་པའི་སྒྲུབ་ཐབས་ཟབ་དོན་ཉིང་ཁུ། དེའི་ཁྲིད་ཡིག་ཟབ་ལམ་སྣང་བྱེད། རོག་ལུགས་ཕུར་པའི་བརྒྱུད་འདེབས། རྡོ་རྗེ་ཕུར་བུ་རོག་ལུགས་ཀྱི་སྒྲུབ་ཐབས་ལས་བྱང་དངོས་གྲུབ་ཆར་འབེབས། རོག་ཕུར་སྟོད་ལས་ཀྱི་སྒྲུབ་ཁོག་བདེ་ཆེན་བདུད་རྩིའི་བཅུད་ལེན། སྨད་ལས་ཀྱི་སྒྲུབ་ཁོག་གདུག་ཅན་མཐར་བྱེད་རྡོ་རྗེ་འབར་བའི་འཁྲུལ་འཁོར། རོག་ཕུར་དབང་ཆོག་བདེ་ཆེན་མཆོག་སྟེར་བཅས། ཟབ་པ་གཏེར་མའི་སྐོར་ལ། ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་སྐུ་གསུམ་སྙིང་པོའི་དོན་ཁྲིད་ཀྱི་ཟིན་བྲིས་ཉུང་གསལ་སྙིང་པོར་དྲིལ་བ། རྒྱལ་པོ་ལུགས་འགྲོ་འདུལ་གྱི་བརྒྱུད་འདེབས། ཉང་གཏེར་བཀའ་བརྒྱད་བདེ་གཤེགས་འདུས་པའི་བསྙེན་པའི་གོ་དོན་ལག་ལེན་དང་(4བ)བཅས་པའི་ཡི་གེ་རིན་ཆེན་སྒྲོན་མེ། ཉང་གཏེར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཁྲོས་མ་ནག་མོ་སྒྲུབ་ཅིང་མཆོད་པའི་ལས་བྱང་མཁའ་སྤྱོད་དུ་བགྲོད་པའི་བདེ་ལམ། སྨན་མཆོད་ཆོས་དབྱིངས་འོག་མིན་སོགས། ཁྲོས་མ་ནག་མོ་སྐུ་གསུམ་ལམ་ཁྱེར་གྱི་ཁྲིད་ཡིག་ཟབ་དོན་གསལ་བ། ཁྲོས་ནག་གི་གཏུམ་མོའི་མེ་དབང་བསྐུར་བའི་ཆོ་ག་བཀླགས་པས་གྲུབ་པ། གཏུམ་མོ་ཞག་བདུན་མའི་ཁྲིད་ཡིག་བདེ་དྲོད་རབ་འབར་ཡེ་ཤེས་འཁོར་ལོ། རས་པ་རྣམས་ཀྱི་མགུར་ཚན་པ་གསུམ། ཟངས་མཚོ་སྒྲུབ་གྲྭའི་རས་འབུད་ཀྱི་ལག་ལེན་གའུ་ལེ། །ཉང་གཏེར་མ་མགོན་པོ་གཡུལ་ཟློག་གི་མདོས་ཀྱི་ཟིན་བྲིས་སྒྲོན་མེ་སྐོར་གསུམ་ལས་རྫས་གསོག་པའི་སྡོམ་བྱང་གསལ་བྱེད་སྒྲོན་མེ། བཤམ་གྱི་ལག་ལེན་བཅའ་ཐབས་སྒྲོན་མེ། མདོས་ཀྱི་ཟུར་འདེབས་དང་ལག་ལེན་གྱི་ཆིངས་སྣང་བྱེད་སྒྲོན་མེ། ཆོས་དབང་ཕུར་པ་ཡང་གསང་སྤུ་གྲིའི་བསྙེན་ཡིག་རིན་ཆེན་སྙེ་མ། རཏྣའི་དྲག་དམར་བསྙེན་ཡིག་ཉུང་གསལ་སྒྲོན་མེ། ཀར་གླིང་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ། གྲྭ་མངོན་ཛ་མ་བྷ་(5ན)ལ་དམར་པོའི་སྦྱིན་སྲེག་གི་ཆོ་ག་འདོད་རྒུའི་སྣང་བ། བི་མ་སྙིང་ཐིག་གི་ཁྲིད་དམིགས་བརྗེད་བྱང་། ཕག་མོ་ཟབ་རྒྱའི་འཁྲུལ་འཁོར་གྱི་རྩ་ཚིག་འགྲེལ་པ། སྨིན་གཏེར་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་ཁྲིད་ཡིག་རབ་གསལ་སྣང་བ། དེའི་ཁྱད་པར་གྱི་རྫོགས་རིམ་སྣང་བཞིའི་མན་ངག་གི་ཁྲིད་ཡིག་མངོན་སུམ་འོད་གསལ་འཁོར་ལོ། རྨི་ལམ་གྱི་ཁྲིད་ཡིག་ཟིན་བྲིས་སུ་སྤེལ་བ་ཉིང་འཁྲུལ་རང་གྲོལ། རྨི་ལམ་ཁྲིད་ལས་འཕྲོས་པའི་སྙན་བརྒྱུད་ཡིག་ཆུང་། གཅོད་ཀྱི་ཁྲིད་ཡིག་བསྐྱུད་བྱང་དུ་སྤེལ་བ་འཁྲུལ་རྟོག་དབྱིངས་གྲོལ། འཕོ་བའི་དམིགས་སྐོར་ཟིན་བྲིས། འཕོ་བའི་སྟོང་ཐུན། རྡོར་སེམས་ཀྱི་ཁྲིད་ཡིག་བསྡུས་པ། བསྙེན་ཡིག་ཉུང་གསལ་སྙིང་པོ། ཟབ་ཆོས་རིག་འཛིན་ཐུགས་ཐིག་དབང་གི་མཚམས་སྦྱོར་དྲི་མ་མེད་པའི་འོད། དེའི་ཀ་དག་ཁྲིད་ཡིག་དྲི་མེད་སྣང་བ། ཀ་དག་གི་ཁྲིད་ཀྱི་དམིགས་རྐང་ཟིན་བྲིས་སུ་བཏབ་པ། ངོ་སྤྲོད་རྩ་ཐོ་དྲི་མེད་རབ་གསལ། ཐུགས་ཐིག་ཚེ་དབང་གི་མཚམས་སྦྱོར་ངག་འདོན་གསལ་བདེར་སྤེལ་བ། འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་བསྙེན་ཡིག་ཐོ་བྱང་། ཐུགས་རྗེ་ཆེན་པོ་བདེ་གཤེགས་(5བ)ཀུན་འདུས་ཀྱི་བསྙེན་ཡིག་ཟུར་འདེབས་བསྐྱུད་བྱང་། སྒྲུབ་མཆོད་དཀྱུས་མའི་ཟིན་བྲིས། གནས་ལུང་གི་ཆོ་གའི་ངག་འདོན་མཐར་ལམ་སྣང་བྱེད། སྤྲོས་བཅས་བུམ་དབང་གི་མཚམས་སྦྱོར་སྐལ་ལྡན་ཀུན་དགའ། ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཁྲིད་ཡིག་ཟིན་བྲིས་སུ་བྱས་པ་སྒོམ་དོན་གསལ་བའི་མེ་ལོང་ལས་སྔོན་འགྲོའི་ཁྲིད་ཡིག །དེའི་དངོས་གཞིའི་ཁྲིད་ཡིག །གཏུམ་མོའི་ཁྲིད་ཡིག་ཟབ་གནད་གསལ་སྒྲོན། རྩ་ཁྲིད་རྡོ་རྗེ་གསུམ་གྱི་རྣལ་འབྱོར་གྱི་སྙིང་པོ་དང་། ཟུར་འདེབས་མཚན་མོའི་རྣལ་འབྱོར་འཁྲུལ་འཁོར་གྱི་རྩ་ཚིག་འཆི་མེད་བཅུད་སྟེར། ཨ་ཏིའི་ལམ་རིམ་སྙིང་པོའི་འགྲེལ་པ། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་ཐབས་རྣམ་བཤད་དེ་ཁོ་ན་ཉིད་སྣང་བའི་འོད། རྫོགས་རིམ་སྤྱིའི་རྣམ་བཤད་མཐར་ཐུག་རི་ཆོས་བཅས། ལྔ་པ་སྤྱི་ལ་ཁྱབ་པའི་ཉེར་མཁོ་སྣ་ཚོགས་ཀྱི་སྐོར་ལ། ཐུན་མོང་ཕྱིའི་ཆོས་སྤྱོད་ཐར་ལམ་རབ་གསལ། ཐུན་མིན་ནང་གི་ཆོས་སྤྱོད་བྱང་ཆེན་སྤྱོད་པའི་སྒྲོན་མེ། ཐུན་དྲུག་ཏུ་སྡོམ་པ་གསུམ་གྱི་བསླབ་བྱ་སྐྱོང་ཚུལ་གྱི་ཡི་གེ །དཀྱིལ་འཁོར་སྤྱིའི་ཐིག་ཚོན་གྱི་བྱ་བ་རབ་(6ན)གསལ་ཀུན་དགའ་རྩ་འགྲེལ། གསར་རྙིང་སྤྱི་འགྲོའི་དབང་བཤད་བྱེ་བྲག་སོ་སོ་ལ་འཁྱོག་མཚམས་ཀྱི་དཔེར་བརྗོད་དང་བཅས་པ། རྟེན་ལ་གཟུངས་འབུལ་བའི་ལག་ལེན་མདོར་བསྡུས། རབ་གནས་ཀྱི་སྟོང་ཐུན་མདོར་བསྡུས། དམ་པའི་ཆོས་འཆད་ཉན་བྱེད་ཚུལ་གྱི་ཡི་གེ་མདོར་བསྡུས། གསང་བ་སྙིང་པོའི་རྒྱུད་བཀླག་ཐབས། འཇའ་ཚོན་དཀོན་སྤྱིའི་ཚེ་སྒྲུབ་ལྕགས་ཀྱི་རི་བོའི་ཚེ་དབང་བཀླག་ཆོག་མ། ཕྱག་རྡོར་བདུད་སྡེ་ཕྱེར་འཐག་གི་ལས་བྱང་རྣམ་ངེས་ཚིག་ཉུང་དོན་གསལ། སྲུང་མ་སྤྱི་འགྲོས་ལ་སྦྱར་ཆོག་པའི་གྲིབ་སེལ་གྱི་འདོན་སྒོམ་བཀླགས་ཆོག་མ། ཡི་གེ་བརྒྱ་པའི་སྔགས་ཀློག་དག་སྦྱོར། བླ་མཆོད་ཀྱི་རིམ་པ་བྱིན་རླབས་བདུད་རྩིའི་ཆར་རྒྱུན། གཅོད་ཡུལ་སྟན་ཐོག་གཅིག་མའི་གདམས་པ་དཔའི་བོའི་གད་རྒྱངས། གཅོད་ཀྱི་ཁྲིད་ཡིག་ཟབ་དོན་སྙིང་པོར་དྲིལ་བ། བར་དོའི་ཆོས་བཤད་བརྗོད་བདེར་སྤེལ་བ། དམ་ཅན་གཏོར་བསྔོ་མདོར་བསྡུས། རྩིས་ཀྱི་གཙུག་ལག་ལས་འབྱུང་བའི་ལྷ་རྣམས་མཆོད་པའི་ཆོ་ག་མདོར་བསྡུས། བཀའ་བརྒྱད་བདེ་འདུས། ཕུར་པ་(6བ)ཡང་གསང་སྤུ་གྲི། བླ་མ་གསང་འདུས། གཤིན་རྗེ་དྲེགས་འཇོམས། དངོས་གྲུབ་རོལ་མཚོ་རྣམས་ཀྱི་དབྱངས་ཡིག་ལེ་ཚན་བཅས། དྲུག་པ་གཞན་བསྐུལ་གྱི་དྲིས་ལན་དང་འབེལ་གཏམ་སྐོར་ལ། མཆོག་སྤྲུལ་ཀུན་བཟང་པདྨ་ལེགས་གྲུབ་ཀྱི་དྲིས་ལན་དུ་སྩལ་བའི་འདོད་འཇོའི་བུམ་བཟང་གི་དཀའ་གནད་ཟིན་བྲིས་ཡིད་བཞིན་ནོར་བུའི་རྒྱུན་བཟང་། དྲི་བ་སྣ་ཚོགས་ཀྱི་ལན་དུ་སྩལ་བ་རྨོངས་པའི་མུན་སེལ། འབེལ་གཏམ་ལེགས་པར་བཤད་པའི་འོད་ཟེར་བཅས། བདུན་པ་དཀར་ཆག་དང་བསྔོ་བ་སྨོན་ལམ་གྱི་སྐོར་ལ། ཐུགས་རྗེ་ཆེན་པོས་བློས་བསླངས་ཀྱི་དཀར་ཆག་ངོ་མཚར་ཡོངས་འདུའི་འཁྲི་ཤིང་། སྐུ་འབུམ་མཐོང་གྲོལ་ཆེན་མོའི་དཀར་ཆག་ཡིད་ཆེས་ངེས་པ་སྟེར་བྱེད། བཟང་སྤྱོད་སྨོན་ལམ་གྱི་འགྲེལ་པ། ཡས་གཏམ་དང་། བསྔོ་བའི་ཡོན་བཤད་ཀྱི་དཔེར་བརྗོད་བསྔོ་བ་ལེ་ཚན་དང་བཅས་པ་པད་དཀར་ཆུན་པོ། བསྔོ་བའི་ཡོན་བཤད་བསྔོ་བ་ལེ་ཚན་བཅས་མདོར་བསྡུས། སྨོན་ལམ་གྱི་རིམ་པ་བདེན་ཚིག་རྡོ་རྗེའི་གླུ་དབྱངས་བཅས་སོ། །དེ་ལྟར་ཐོབ་པའི་བརྒྱུད་པ་ནི། མཛད་པ་པོ་ལོ་ཆེན་དྷརྨ་ཤྲཱི་ནས། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ཁྲི་པདྨ་བསྟན་འཛིན། མཁན་ཆེན་ཨོ་རྒྱན་(7ན)བསྟན་འཛིན་རྡོ་རྗེ། ཁྲི་ཕྲིན་ལས་རྣམ་རྒྱལ། ཁྲི་པདྨ་དབང་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། ཁྲི་སངས་རྒྱས་ཀུན་དགའ། དེ་གཉིས་ཀས་ཀུན་མཁྱེན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཁྱབ་བདག་བླ་མ་འགྱུར་མེད་ངེས་དོན་དབང་པོ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལའོ། །ཡང་ན། ཁྲི་སངས་རྒྱས་ཀུན་དགའ་ཡན་སྔར་ལྟར་ལ། དེ་ནས་མདོ་སྔགས་བསྟན་འཛིན་ནོར་བུ། འཁོར་ལོའི་མགོན་པོ་འགྱུར་མེད་ཕན་བདེའི་འོད་ཟེར། དེས་བདག་ལ་བཀའ་དྲིན་དུ་སྩལ་བའི་སྐལ་བཟང་ཐོབ་བོ། །ཡང་རྩིས་དཀར་ནག་སྐོར་རྣམས་མཁན་ཆེན་ཨོ་ཌི་ཡ་ན་ནས། བསྟན་འཛིན་ཆོས་རྒྱལ། མཁན་པདྨ་བཀྲ་ཤིས། རྗེ་གཞན་ཕན་མཐའ་ཡས། མཁས་གྲུབ་པདྨ་བཛྲ། ལུང་རྟོགས་བསྟན་པའི་ཉི་མ། འཇིགས་མེད་ཀུན་དགའ། བསྟན་འཛིན་ནོར་བུ། རྡོར་འཛིན་ཤེས་རབ་བསྟན་དར། རྗེ་ཀུན་སྤངས་པ་དགེ་འདུན་རྒྱ་མཚོ། དེས་བདག་ལའོ། །ཡང་སྡོམ་གསུམ་རྣམ་ངེས་ཀྱི་འགྲེལ་པ་དཔག་བསམ་སྙེ་མའི་ཁྲིད་ལུང་གི་བརྒྱུད་པ་ནི། མཛད་པ་པོ་ལོ་ཆེན་དྷརྨ་(7བ)ཤྲཱི་ནས། འགྱུར་མེད་སྐལ་བཟང་འཕེལ་རྒྱས། འགྱུར་མེད་པདྨ་བསྟན་འིན། ཨ་ཏི་བསྟན་པའི་རྒྱལ་མཚན། རྡོ་རྗེ་རིག་འཛིན་བཟང་པོ། མཁན་ཆེན་པདྨ་མངྒ། གཞོན་ནུ་འཇིགས་མེད་ཆོས་ཀྱི་བློ་གྲོས། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་ཆེན་པདྨ་རྡོ་རྗེ། འགྲོ་མགོན་ཀུན་བཟང་བསོད་ནམས། འཇམ་དཔལ་བདེ་བའི་ཉི་མའམ་འགྱུར་མེད་ཕན་བདེའི་འོད་ཟེར། དགེ་སློང་དཀོན་མཆོག་དཔལ་ལྡན། དེས་བདག་ཛྙཱ་ན་ལའོ། །ཡང་ཆོས་སྤྱོད་ཐར་ལམ་རབ་གསལ་གྱི་ལུང་བརྒྱུད་གཅིག་ནི། སྤར་རྙིང་ལྟར་ན། མཛད་པ་པོ་དྷརྨ་ཤྲཱི། གཅུང་ཡིད་བཞིན་ལེགས་གྲུབ། དྲིན་ཅན་རིན་ཆེན་རྣམ་རྒྱལ། ཁྲི་པདྨ་བསྟན་འཛིན། ཁྲི་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། རྗེ་བཙུན་བསྟན་འཛིན་ཆོས་སྒྲོན། ཁྲི་བདེ་ཆེན་མཆོག་གྲུབ། སྨྱོས་བཙུན་གྲུབ་པ་མོ་འགྱུར་མེད་བདེ་ཆེན་ཆོས་སྒྲོན། ཨོ་རྒྱན་རྣམ་གྲོལ་རྒྱ་མཚོ། དེས་བདག་ཛྙཱ་ན་ལའོ། །སྤར་གསར་ལྟར་ན། མཛད་པ་པོ་ནས། དྲིན་ཅན་རིན་ཆེན་རྣམ་རྒྱལ། ཁྲི་པདྨ་བསྟན་འཛིན། (8ན)ཁྲི་ཕྲིན་ལས་རྣམ་རྒྱལ། པད་གླིང་དྲུག་པ་མི་འགྱུར་ལྷུན་གྲུབ་བདེ་ཆེན་རྡོ་རྗེ། རྦ་སྤྲུལ་པདྨ་ཀུན་བཟང་རིག་འཛིན་རྡོ་རྗེ། པད་གླིང་བརྒྱད་པ་ཀུན་བཟང་བསྟན་པའི་ཉི་མ། ངེས་དོན་ཆོས་ཀྱི་ཉི་མ། མི་ཕམ་ཕྱོགས་ལས་རྣམ་རྒྱལ། རྡོར་འཛིན་ཨོ་རྒྱན་རྣམ་གྲོལ་རྒྱ་མཚོ། དེས་སོ། །ཡང་ན། དྲིན་ཅན་རིན་ཆེན་རྣམ་རྒྱལ་ནས། ཁྲི་པདྨ་བསྟན་འཛིན། ཁྲི་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། རྡོར་འཛིན་དོན་གྲུབ་གྲགས་པ། ཨོ་རྒྱན་ཕུན་ཚོགས། རྣམ་གྲོལ་རྒྱ་མཚོ། དེས་བདག་ལའོ། །སྒྱུ་འཕྲུལ་གསང་བ་སྙིང་པོའི་འགྲེལ་པ་གསང་བདག་དགོངས་རྒྱན་གྱི་ཁྲིད་བརྒྱུད་ནི། གཏེར་ཆེན་ཡན་སྒྱུ་འཕྲུལ་ཞི་ཁྲོའི་དབང་བརྒྱུད་ལྟར་ལ། དེ་ནས་མཛད་པ་པོ་ལོ་ཆེན་དྷརྨ་ཤྲཱི། རབ་འབྱམས་ཨོ་རྒྱན་ཆོས་གྲགས། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། མཁན་ཆེན་ཨོ་ཌི་ཡ་ན། མཁན་པདྨ་བཀྲ་ཤིས། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་པོ་པདྨ་རྡོ་རྗེ། པདྨ་ཡོན་ཏན་རྒྱ་མཚོ། འཁོར་ལོའི་མགོན་པོ་འཇམ་དཔལ་བདེ་བའི་ཉི་མ། དེས་བདག་འཇིགས་བྲལ་(8བ)ཡེ་ཤེས་རྡོ་རྗེ་ལའོ། །སྤྱི་དོན་གསང་བདག་ཞལ་ལུང་གི་ཁྲིད་ལུང་བརྒྱུད་པ་ནི། གཞན་ཕན་མཐའ་ཡས་ཡན་གོང་བཞིན་ལ། དེ་ནས་པདྨ་རྡོ་རྗེ། དཀོན་མཆོག་འོད་ཟེར། པདྨ་ཡོན་ཏན་རྒྱ་མཚོ། ཁྱབ་བདག་འཇམ་དཔལ་བདེ་བའི་ཉི་མ། དེས་བདག་ལའོ། །ཡང་ན། དཔལ་སྤྲུལ་རིན་པོ་ཆེ། ཡང་ན་ཨོ་ཌི་ཡ་ན་ཡན་སྔར་བཞིན་ལས། རྟ་མགྲིན་དབང་ཆེན། དྲི་མེད་ཞིང་སྐྱོང་། ཚེ་དབང་མཆོག་གྲུབ། ཐུགས་མཆོག་རྡོ་རྗེ། གཞན་ཕན་མཐའ་ཡས་མན་འདྲའོ།། །།}} | ||
Revision as of 12:59, 20 July 2024
| Wylie title | ||
|---|---|---|
| Location | bdud 'joms rin po che bka' 'bum Volume 21, Text 1, Pages (Folios to ) | |
| Author | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |
| Citation | Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985. | |
| Side notes | ||
| More details More details | ||
| Genre | ||