DJYD-KABUM-23-A-014: Difference between revisions
From Dudjom Wiki
DJYD-KABUM-23-A-014
No edit summary |
No edit summary |
||
| Line 18: | Line 18: | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། | {{TibP|༄༅། །ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་ཡང་གསང་ཚེ་སྒྲུབ་དངོས་གྲུབ་འདོད་འབྱུང་གི་ལས་བྱང་ཁྲིགས་སུ་བསྡེབས་པ་འཆི་མེད་བདུད་རྩིའི་ཟ་མ་ཏོག་ཅེས་བྱ་བ་བཞུགས་སོ། ། | ||
༄༅། །ཨོཾ་ཨ་ཡུརྫྙཱ་ན་སིངྔྷི་རསྟུ། འཆི་མེད་བདུད་རྩིའི་རྒྱུན་བཟང་རབ་འཇོ་བས། །སྐལ་བཟང་སྲོག་གི་བདེ་ཆེན་ཡེ་ཤེས་ཆེ། །བསྐྱེད་མཛད་བླ་མ་ཚེ་མཐའ་ཡས་མགོན་གྱིས། །དེང་འདིར་འཆི་བདག་ལས་རྒྱལ་ཤིས་པ་སྩོལ། འཆི་མེད་རིག་འཛིན་པདྨའི་ཐུགས་ཀྱི་བཅུད། །མཁའ་འགྲོའི་སྙིང་ཐིག་མན་ངག་ལས་བྱོན་པ། །ཡང་ཟབ་ཚེ་སྒྲུབ་དངོས་གྲུབ་འདོད་འབྱུང་གི། །ལས་བྱང་འཆི་མེད་དགའ་སྟོན་འབྱེད་ལ་སྤྲོ། །དེའང་དབང་གིས་རྒྱུད་སྨིན་ཅིང་དད་པ་དང་དམ་ཚིག་རྣམ་པར་དག་པ་རྣམས་ཀྱིས་ཚུལ་འདིའི་ཉམས་ལེན་ལ་(2ན)འཇུག་པ་ན། ཉི་མ་བྱང་བགྲོད་ལྷའི་ཉིན་མོ་སོགས་ཟླ་བ་ཡར་གྱི་ངོ་དུས་ཚེས་ཤིན་ཏུ་དགེ་བའི་ཆར། གང་དུ་བསྒྲུབ་པའི་གནས་རང་དབང་དང་ལྡན་ཅིང་སྡིག་ཅན་ཉམས་གྲིབ་ཅན་གྱི་རླངས་མ་ཕོག་པ་ཤིན་ཏུ་ཉམས་དགའ་བའི་གནས་ཁང་གཙང་ཞིང་མཛེས་པར་བྱས་པའི་གུང་དུ་དམ་ཚིག་གི་བྲིས་སྐུ་བཀྲམ་པའི་མདུན་སྟེགས་གཙང་ཞིང་ཁོད་སྙོམས་པར་བརྡལ་བ་ལ་དམ་ཚིག་གི་དཀྱིལ་འཁོར་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་དབུས་སུ་གཙོ་བོ་ཡབ་ཡུམ་དང་། ཕྱོགས་བཞིར་རིགས་བཞིའི་ཚེ་བདག ། གཙོ་བོའི་མདུན་དང་མཚམས་བཞིར་དམ་ཚིག་གི་མཁའ་འགྲོ་མགྱོགས་མ་ལྔ། སྒོ་བཞིར་སྒོ་སྲུང་མ་བཞི་བཅས། གཞན་སྒོ་གྲུ་རྟ་བབ་བཞི་དང་ཁོར་ཡུག་རྡོ་ར་མེ་རི་སོགས་གཞལ་ཡས་ཁང་ཞི་བའི་དཀྱིལ་འཁོར་སྤྱི་ལྟར་བྲིས་པ་ལེགས་པར་(2བ)བཀྲམ་པའམ་མ་འབྱོར་ན་མཎྜལ་ལ་འབྲུ་དཀར་དྲི་བཟང་དང་སིནྡྷུ་རས་བྲན་པས་ཚོམ་བུ་ལྷ་གྲངས་བཀོད། དེའི་དབུས་སུ་མཉྫིའི་ཁར་རིན་པོ་ཆེའི་བུམ་པ་སྐྱོན་མེད་རྒྱུན་གྱི་ཆུ་གཙང་སོ་ལྔའི་རྫས་སྦྱར་གྱིས་སུམ་གཉིས་བཀང་བ་ཁ་རྒྱན་མགུལ་ཆིངས་གཟུངས་རྡོར་བཅས་བརྟན་པོར་བཀོད། དེའི་མདུན་དུ་པད་སྣོད་ལ་མངར་གསུམ་ཆོས་སྨན་ཚེ་རྫས་ཀྱི་བྲུས་པའི་ཟན་ལས་ཚེ་འབྲང་བུམ་གཟུགས་ཁ་རྒྱན་མེ་ཏོག་ལོ་འབྲས་ཀྱིས་བརྒྱན་པ། དེའི་གཡས་སུ་ཚེ་རིལ་རིན་པོ་ཆེའི་འབུམ་པའམ་ཀ་པཱ་དུམ་བུ་གཅིག་པར་སྨན་གྱི་རྒྱལ་པོ་ཨ་བར་སྐྱུར་གསུམ། བཟང་པོ་དྲུག །འཆི་མེད་བདུད་རྩིའི་ཤིང་ལྔ་ཞེས། རི་ཤུག །བྲག་མཚེ། སུར་དཀར། འོམ་བུ། མཁན་དཀར་ལྔ་དང་། འབྲུ་ལྔའི་ཕྱེ་མངར་གསུམ་ཆང་དང་སྦྱར་བའི་ཕྱེ་ཟན་ལས་ཚེ་རིལ་ཡུངས་དཀར་འབྲུ་དགུ་གཅིག་ཏུ་དྲིལ་བའི་ཚད་ཙམ་སྐམ་ཐག་ཆོད་པ་ན་མཚལ་གྱིས་ཁ་དོག་དམར་པོར་བསྒྱུར་བས་བཀང་བ། གཡོན་དུ་ཀ་པཱ་ལའམ་རིན་པོ་ཆེའི་སྣོད་དུ་ཆང་གི་ཉིང་ཁུ་སྣ་གང་འཛོམ་མངར་གསུམ་དང་བྱང་སེམས་བདུད་རྩིའི་ཕབ་རྒྱུན་གྱིས་བྲན་པ་ཁེབས་དང་ལྡན་པ། རྒྱབ་ཏུ་ཚེ་མདའ་རྒོད་སྒྲོ་མ་ངར་ལྕགས་ཀྱི་མདེའུ་ཅན་གྱི་མགུལ་དུ་དར་ཚོན་སྣ་ལྔ་དང་། དངུལ་དཀར་གྱི་མེ་ལོང་དང་གསེར་གཡུ་བྱེ་རུ་དུང་དང་མུ་ཏིག་རྣམས་བརྒྱུས་པ་ཅན་བཏགས་པ་བཅས་པད་གདན་ནམ་སྣོད་བཟང་འབྲུ་དཀར་གྱིས་བཀང་བར་བརྟན་པོར་བཙུགས། དེ་དག་གི་མདུན་ནམ་རྒྱབ་ཕྱོགས་གང་བདེར་རྩ་བའི་མཆོད་གཏེར་དམར་ཟླུམ་པད་འདབ་ཅན་ཤིང་ལོ་མེ་ཏོག་འབྲས་(3ན)བུས་བརྒྱན་པ་དར་གདུགས་དམར་པོ་ཅན། གཡས་གཡོན་དུ་སྲུང་མ་ཕོ་རྒྱུད་མོ་རྒྱུད་གཏེར་སྲུང་གཞི་བདག་གི་མཆོད་གཏོར་རྣམས་དང་། གཡས་གཡོན་དུ་སྨན་རཀ ། དཀྱིལ་འཁོར་གྱི་བྱང་ཤར་མཚམས་འཛིན་མེ་ཏོག་ནས་བརྩམས་ཆུ་གཉིས་ཉེར་སྤྱོད་གཡས་བསྐོར་དུ་བཤམས། གཞན་ཡང་སྔོན་རྗེས་ཀྱི་གཏོར་མ། ཚོགས་གཏོར་སོགས་ཆོ་གར་དགོས་ཤིང་མཁོ་བའི་ཡོ་བྱད་རྣམས་གྲབས་སུ་ཚུད་པར་བྱས་ནས། ཆོ་ག་དངོས་ལ། སྔོན་དུ་འགྲོ་བའི་ལས་རིམ། དངོས་གཞི་ལྷ་སྔགས་ཏིང་འཛིན། རྗེས་ཀྱི་ལས་རིམ་གསུམ་གྱིས་བསྡུས་པ་ལས། དང་པོ་ལའང་རྣམ་གྲངས་བདུན་ལས། | |||
དང་པོ་སྐྱབས་སུ་འགྲོ་བ་ནི། བླ་མ་རིག་འཛིན་རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་བཛྲ་ས་མ་ཛཿ(ས་སད་པར་མོས་ལ།) ན་མོ༔ བདག་དང་མཐའ་ཡས་སེམས་ཅན་ཀུན༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ ཚེ་དཔག་མེད་མགོན་དཀྱིལ་འཁོར་ལ༔ དད་གུས་མོས་པས་སྐྱབས་སུ་མཆི༔ (ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ། གཉིས་པ་སེམས་བསྐྱེད་པ་ནི།) ཧོཿ མར་གྱུར་མཁའ་མཉམ་སེམས་ཅན་རྣམས༔ འཆི་མེད་མགོན་པོའི་གོ་འཕང་དུ༔ འགོད་ཕྱིར་བྱང་ཆུབ་སེམས་མཆོག་བསྐྱེད༔ དོན་གཉིས་ལྷུན་གྲུབ་གདིང་ཐོབ་ཤོག༔ (3བ)(ཅེས་ལན་གསུམ་གྱིས་སེམས་བསྐྱེད།) | དང་པོ་སྐྱབས་སུ་འགྲོ་བ་ནི། བླ་མ་རིག་འཛིན་རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་བཛྲ་ས་མ་ཛཿ(ས་སད་པར་མོས་ལ།) ན་མོ༔ བདག་དང་མཐའ་ཡས་སེམས་ཅན་ཀུན༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ ཚེ་དཔག་མེད་མགོན་དཀྱིལ་འཁོར་ལ༔ དད་གུས་མོས་པས་སྐྱབས་སུ་མཆི༔ (ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ། གཉིས་པ་སེམས་བསྐྱེད་པ་ནི།) ཧོཿ མར་གྱུར་མཁའ་མཉམ་སེམས་ཅན་རྣམས༔ འཆི་མེད་མགོན་པོའི་གོ་འཕང་དུ༔ འགོད་ཕྱིར་བྱང་ཆུབ་སེམས་མཆོག་བསྐྱེད༔ དོན་གཉིས་ལྷུན་གྲུབ་གདིང་ཐོབ་ཤོག༔ (3བ)(ཅེས་ལན་གསུམ་གྱིས་སེམས་བསྐྱེད།) | ||
(གསུམ་པ་ཚོགས་བསགས་པ་ནི།) ན་མོ༔ སྐུ་དང་ཡེ་ཤེས་བདག་ཉིད་ལ༔ རབ་ཏུ་གུས་པས་ཕྱག་འཚལ་ལོ༔ ལུས་དང་ལོངས་སྤྱོད་མཆོད་པ་འབུལ༔ ཚེ་རབས་བསགས་པའི་སྡིག་པ་བཤགས༔ རྣམ་དཀར་དགེ་ལ་རྗེས་ཡི་རངས༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་མདའ་བཞུགས་ས་གསོལ༔ དགེ་རྩ་འགྲོ་བ་ཡོངས་ལ་བསྔོ༔ བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག༔ (ཅེས་ཚོགས་བསགས་མཐར།) ཛཿཧཱུྃ་བྃ་ཧོཿ(ས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་མོས།) | (གསུམ་པ་ཚོགས་བསགས་པ་ནི།) ན་མོ༔ སྐུ་དང་ཡེ་ཤེས་བདག་ཉིད་ལ༔ རབ་ཏུ་གུས་པས་ཕྱག་འཚལ་ལོ༔ ལུས་དང་ལོངས་སྤྱོད་མཆོད་པ་འབུལ༔ ཚེ་རབས་བསགས་པའི་སྡིག་པ་བཤགས༔ རྣམ་དཀར་དགེ་ལ་རྗེས་ཡི་རངས༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་མདའ་བཞུགས་ས་གསོལ༔ དགེ་རྩ་འགྲོ་བ་ཡོངས་ལ་བསྔོ༔ བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག༔ (ཅེས་ཚོགས་བསགས་མཐར།) ཛཿཧཱུྃ་བྃ་ཧོཿ(ས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་མོས།) | ||
Revision as of 13:05, 20 July 2024
| Wylie title | ||
|---|---|---|
| Location | bdud 'joms rin po che bka' 'bum Volume 23, Text 14, Pages (Folios to ) | |
| Author | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |
| Citation | Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985. | |
| Side notes | ||
| More details More details | ||
| Genre | ||