DJYD-KABUM-19-DZA-012: Difference between revisions

From Dudjom Wiki
DJYD-KABUM-19-DZA-012
No edit summary
No edit summary
Line 9: Line 9:
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 19: . Kalimpong: Dupjung Lama, 1979-1985.
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 19: . Kalimpong: Dupjung Lama, 1979-1985.
|language=Tibetan
|language=Tibetan
|tibgenre=Records of Teachings Received - thob yig - gsan yig
|cycle=zab pa dang rgya che'i dam pa'i chos kyi thob yig rin chen sgron me
|cycle=zab pa dang rgya che'i dam pa'i chos kyi thob yig rin chen sgron me
|cycletib=ཟབ་པ་དང་རྒྱ་ཆེའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་སྒྲོན་མེ།
|cycletib=ཟབ་པ་དང་རྒྱ་ཆེའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་སྒྲོན་མེ།

Revision as of 07:19, 23 July 2024

Wylie title DJYD-KABUM-19-DZA-012.pdf
Location bdud 'joms rin po che bka' 'bum
Volume 19, Text 12, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. '. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 19: . Kalimpong: Dupjung Lama, 1979-1985.
Side notes Recto: thob yig  
More details More details
Genre Records of Teachings Received - thob yig - gsan yig
Cycle ཟབ་པ་དང་རྒྱ་ཆེའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་སྒྲོན་མེ། (zab pa dang rgya che'i dam pa'i chos kyi thob yig rin chen sgron me)
[edit]
(269ན)ཨོཾ་སྭསྟི། བླ་མ་མངའ་བདག་ཉང་རལ་ཆེན་པོ་ལ་མཁའ་འགྲོས་བཀའ་བབས་པའི་དོམ་སྒྲོའི་ནང་ནས་བྱོན་པ་གཞུང་སྒྲུབ་སོག་སྲིན་སྦར་མ་དང་། ཐུགས་སྒྲུབ་སྐོར་རྣམས་མཆིམས་ཕུ་ནས་སྤྱན་དྲངས་པའི་རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོའི་སྐོར་ཐོབ་པ་ལ་སྨིན་གྲོལ་རྒྱབ་བརྟེན་གསུམ་ལས། དང་པོ་སྨིན་བྱེད་དབང་ནི། སྒྲུབ་ཐབས་འདོད་འཇོའི་བུམ་བཟང་ལྟར་ལན་གཉིས་དང་། ལོ་ཆེན་དྷརྨ་ཤྲཱིའི་ཡིག་ཆ་བཞིན་གཏུམ་མོའི་མེ་དབང་བཅས་ནོས། གཉིས་པ་གྲོལ་བྱེད་ཁྲིད་ནི། སྐུ་གསུམ་ལམ་ཁྱེར་དང་གཏུམ་མོ་ཞག་བདུན་མའི་ཁྲིད་བཅས་ནོས། གསུམ་པ་རྒྱབ་བརྟེན་ལུང་ནི། ཐེམ་ཡོད་དང་ཐེམ་མེད་གཉིས་ཕྱོགས་གཅིག་ཏུ་བསྟན་པ་ལ། ཁྲོས་ནག་གསང་བའི་ཡང་ཞུན་ཐེམ་བྱང་། རྡོ་རྗེ་ཕག་མོ་དགྱེས་མ་ཁྲོས་མ་ནག་མོའི་སྒྲུབ་ཐབས། རླུང་སྒྲུབ་གབ་པ་མངོན་ཕྱུང་དང་། རྡོ་རྗེ་ཕག་མོའི་བསྙེན་སྒྲུབ། མཁའ་འགྲོའི་སྙན་རྒྱུད་ཀྱི་འགྲེལ་པ་སྙིང་གི་མེ་ལོང་། མངོན་རྟོགས་བསྒོམ་བྱང་། ཡང་མངོན་རྟོགས་བསྒོམ་རིམ་བཟླས་ཐབས་དང་བཅས་པ། ཕག་མོ་ཕྱི་(269བ)ནང་གསང་བ་ཡང་གསང་བཞིའི་སྒྲུབ་པ་གའུས་དབང་སྡུད་མིག་གིས་སྔ་བ་དབང་སྡུད་དང་བཅས་པ། ཁྲོས་ནག་གི་ཕྲིན་ལས་དོན་བདུན་པ། སྨན་རཀ་གཏོར་ཚོགས་རླབས་འབུལ། སྤྱི་དོན་ལྔ་པ་དང་གཏའ་གཏོར་བཤམས་རློབས་བཟླས་ཐབས་དང་བཅས་པ། མཁའ་འགྲོ་མཆོད་པའི་རིམ་པ། ཕག་མོའི་ལག་མཆོད་བསྟོད་པ་དམར་ཆུང་མ། ཁྲོས་ནག་གི་བསྟོད་ཚོགས། ཡང་མངོན་རྟོགས་བསྒོམ་བཟླས་གཏོར་ཚོགས་བསྟོད་བསྐུལ་འབུལ་བསྐུལ་དང་བཅས་པ། གསང་སྒྲུབ་ཀུན་འདུས་ཨོ་རྒྱན་གྱིས་མཛད་པ། བརྒྱུད་འདེབས་ཨོ་རྒྱན་རིན་ཆེན་མ། ལས་ཚོགས་རྒྱས་པ་ལས་བཞི་ནས་རང་ལ་མི་མོས་པ་ཐམས་ཅད་མོས་པར་བྱེད་པའི་བར་ལས་མི་འདྲ་བ་རེ་དྲུག་ཡོད་པ། ལས་ཚོགས་ཞེ་གཉིས་པ། ཕག་མོ་གཙུག་རྒྱན་མའི་སྒྲུབ་ཐབས་དང་འབྱུང་བཞི་འདུལ་བ་རྦ་བྱིའི་ལས་ཚོགས་བཅུ་དྲུག་པ། རྡོ་རྗེ་ཕག་མོ་ལྕགས་གདོང་ནག་མོའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་ལེ་ཚན་བཅུ་གཅིག་པ། ལྕགས་གདོང་མའི་སྒྲུབ་ཐབས་ཧཱུྃ་སྒྲུབ། ཕྱི་ནང་གསང་བའི་མཆོད་རྟེན་ལ་བརྟེན་(270ན)པའི་ཁ་ཆིངས། བདག་མཁའ་འགྲོ་འི་དབང་དུ་མི་འགྲོ་བ་དང་མཁའ་འགྲོ་བདག་གི་དབང་དུ་འགྲོ་བ་ཙཀླི་བྲི་ཐབས་བས། ཕག་ལྔའི་ཧཱུྃ་སྒྲུབ། ལྕགས་གདོང་ནག་མོའི་སྒྲུབ་ཐབས་སྣ་ཚོགས་ལས་ཚོགས་དང་བཅས་པ། ཧྲཱིཿནག་གི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། མཁའ་འགྲོ་ཐུན་མོང་དང་ཁྱད་པར་གྱི་ལས་ཚོགས་ཉི་ཤུ་རྩ་གཅིག་པ། ཞལ་གདམས་གནད་དྲིལ་གྱི་མན་ངག་གནད་འབེབས་དྲུག་གི་ཏི་ཀ་རིན་པོ་ཆེས་སྤྲས་པ། ཐུགས་སྒྲུབ་ཕག་ལྔའི་ལས་ཚོགས་ཕྱག་རྒྱ་དབང་སྡུད་སོགས་བདུན། གཏུམ་མོ་ཞག་བདུན་མའི་མེ་དབང་བསྐུར་ཐབས་དང་བཅས་པའི་མཇུག་རྫོགས་རིམ་མན་ངག་དུམ་དུམ་ཁྲིག་སོགས་ཚན་འགའ་བཅས། ཕག་ལྔའི་བདུད་རྩིའི་རིལ་བུ་སྒྲུབ་ཐབས། མཁའ་འགྲོའི་བརྡ་རྟགས་བསྟན་པ་སྙིང་གི་མེ་ལོང་། ཁྲོས་ནག་གི་དབང་བཞིའི་ཆོ་ག་བྱིན་འབེབས་དང་བཅས་པ། གསང་སྒྲུབ་ཕག་ལྔའི་རྗེས་གནང་། ཁྲོས་ནག་གི་གནད་འབེབས་དང་རྟག་ཚད་སོགས་གབ་པ་མངོན་ཕྱུང་གི་ཟུར་འདེབས། ཞལ་གདམས་འཁོར་ལོ་(270བ)བཞི་སྒྲུབ་གནད་ཡིག ། ཁྲོས་ནག་གི་ལས་གཞུང་ཆེན་མོ་ནས་བཏུས་པའི་ཉེར་མཁོའི་ཚིག་དོན་ཅི་རིགས་ཞེས་པ། ཕག་ལྔའི་ཞལ་གདམས་ཤིན་ཏུ་གཉན་པ། ལས་ཚོགས་གསལ་བའི་ཡང་ཏིག ། འབྱུང་གཏོར་དང་རྡོ་གཏོར་རྡོ་སྒྱོགས་ཆུ་སྒྱོགས་སོགས་ལས་ཚོགས་བཅུ་གཅིག ཕག་ལྔའི་མེ་ཚོགས། ཁྲོས་ནག་ཐུགས་ཀྱི་སྒྲུབ་ (འདི་གོང་དུ་གཅིག་འདུག ། )ཐབས། ཕག་ལྔའི་སྒྲུབ་ཐབས་ཏིང་ངེ་འཛིན་གསུམ་པ། ཁྲོས་ནག་གི་མེ་ཚོགས། ཟ་ཚོགས། རྡོ་གཏོར་བསྟོད་བསྐུལ་དང་གཏོར་མནན་བཀྲ་ཤིས་རྣམས། ཐུགས་སྒྲུབ་ཤོག་དྲིལ་བདུན་གེགས་སེལ་ཤོག་དྲིལ་དང་བཅས་པ། བསྙེན་སྒྲུབ་གབ་པ་མངོན་ཕྱུང་། ཤོག་དྲིལ་བཅུ་གསུམ་གྱི་དང་པོ་ཞལ་གདམས། གཉིས་པ་གནད་ལ་དབབ་པ། གསུམ་པ་གསང་ཚིག་མེའི་འཁོར་ལོ། བཞི་པ་རླུང་དུག་གི་ཞལ་གདམས། ལྔ་པ་ཁཎྚ་རོ་ཧི་མའི་གསང་སྒྲུབ། དྲུག་པ་ཆད། བདུན་པ་བརྡ་རྟགས། བརྒྱད་པ་སྲིད་བཙལ་བ། དགུ་པ་ཚེ་བསྲིང་བ། བཅུ་པ་ཆད། བཅུ་གཅིག་པ་མངོན་ཤེས་སྒྲུབ་པ། བཅུ་གཉིས་པ་ཆར་འབེབས་རྡོ་རྗེའི་གསུང་། བཅུ་གསུམ་པ་དབང་གི་(271ན)ཁ་སྐོང་། ཀླུ་འདུལ་ནག་པོའི་སྒྲུབ་ཐབས། ལས་ཚོགས་དང་ཚོགས་ཆོ་ག་དང་བཅས་པ། ཀླུ་ནད་གསོ་བའི་སྒྲུབ་ཐབས་ལག་ལེན། ཀླུ་འདུལ་ནག་མོའི་སྦྱིན་སྲེག་བྱུག་པ། རྒྱན་འཁོར་སོགས་ལས་ཚོགས་ལེ་ཚན་དགུ་པ། མཛེ་ནད་བརྟགས་པ་དང་གསོ་ཐབས། སེང་གདོང་ཅན་གྱི་སྒྲུབ་ཐབས་ཆ་ཚང་། སྲོག་བདག་སྤྱང་གདོང་མའི་སྒྲུབ་ཐབས། སྲོག་བདག་སྤྱང་གདོང་མའི་བསྟོད་བསྐུལ། ལས་མཁན་སྤྱང་ཞོན་མཆེད་གསུམ་གྱི་སྒྲུབ་ཐབས། ལས་མཁན་སྤྱང་ཞོན་མཆེད་གསུམ་གྱི་བསྐང་བ། ལྟས་ངན་གཏོང་ཐབས་འདྲེ་མོ་ངན་ནེ་མ། ཕག་མོའི་བསྟོད་པ་ཆོས་སྐུ་སྐྱེ་མེད་མ་སྔགས་འཆང་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པ། མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་གྱི་གསུང་ལ། ཁྲོས་ནག་སྒྲུབ་ཐབས་ཀྱི་ཆོ་ག་བདེ་ཆེན་རབ་རྒྱས། དབང་གི་ཆོ་ག་མཁའ་སྤྱོད་བདེ་ཆེན། མཐར་ཐུག་གི་གསང་ཁྲིད་ཞལ་གདམས་མཁའ་སྤྱོད་བདེ་ཆེན་རོལ་པའོ། །ལོ་ཆེན་དྷརྨ་ཤྲཱིའི་གསུང་ལ། ཁྲོས་ནག་ལས་བྱང་མཁའ་སྤྱོད་དུ་བགྲོད་པའི་མྱུར་ལམ། སྐུ་གསུམ་(271བ)ལམ་ཁྱེར་གྱི་ཁྲིད་ཡིག་ཟབ་དོན་གསལ་བ། མེ་དབང་བསྐུར་བའི་ཆོ་ག་བཀླག་པས་གྲུབ་པ། གཏུམ་མོ་ཞག་བདུན་མའི་ཉམས་ཁྲིད་བདེ་ཆེན་རབ་འབར། ཟངས་མཚོའི་གསེར་སྦྲེང་པའི་མགུར། གཤིས་མི་འགྱུར། རས་པ་བ་རྣམས་ཀྱི་མགུར། དཔལ་རབ་རས་པ་བའི་རྡོ་རྗེའི་གླུ་བྲོ། གནས་དག་པ། རས་འབུད་ཀྱི་ཟིན་བྲིས་བཅས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། དགྱེས་མ་ཁྲོས་ནག ། སློབ་དཔོན་པདྨ། ཌཱ་ཀི་མཚོ་རྒྱལ། ཁྲི་སྲོང་ལྡེའུ་བཙན། གཏེར་ཆེན་ཉང་རལ་ཉི་མ་འོད་ཟེར། སྲས་ཆུང་མི་བསྐྱོད་རྡོ་རྗེ། ལྷ་རི་སངས་རྒྱས་རས་པ། མེ་ལོང་རྡོ་རྗེ། ཀུ་མཱ་རཱ་ཛ། ཤེས་རབ་དབང་ཕྱུག ། བློ་གྲོས་སེང་གེ ། ཡོན་ཏན་རྡོ་རྗེ། རཏྣ་སིངྔྷི། མངའ་རིས་པཎ་ཆེན་པདྨ་དབང་རྒྱལ། ཉང་ཀུན་དགའ་ལྷུན་གྲུབ། ཀརྨ་གུ་རུ། མངའ་བདག་སྤྲུལ་སྐུ། ཆོས་དབང་ཀུན་བཟང་། རིག་འཛིན་ཕྲིན་ལས་ལྷུན་གྲུབ། གཏེར་ཆེན་འགྱུར་མེད་རྡོ་རྗེ། རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ། འགྱུར་མེད་རིན་ཆེན་རྣམ་རྒྱལ། མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། (272ན)པད་གླིང་དྲུག་པ་ཡབ་སྲས། རྗེ་པད་གླིང་བརྒྱད་པ། རྡོར་འཛིན་རྣམ་གྲོལ་རྒྱ་མཚོ། དེས་བདག་ལའོ། །

ཡང་ན། གཏེར་ཆེན་ནས། རིན་ཆེན་རྣམ་རྒྱལ། ཨོ་ཌི་ཡ་ན། ཕྲིན་ལས་རྣམ་རྒྱལ། ཕྲིན་ལས་ཆོས་སྒྲོན། སངས་རྒྱས་ཀུན་དགའ། རྡོ་རྗེ་གཟི་བརྗིད། རྗེ་ཚེ་དབང་ནོར་བུ། རྡོ་འཛིན་རྣམ་གྲོལ་རྒྱ་མཚོ། དེས་སོ། ། ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། གཏེར་ཆེན་ནས། དྲིན་ཆེན་རིན་རྣམ། མཁན་ཆེན། ཕྲིན་ལས་རྣམ་རྒྱལ། གཙང་དཔལ་རི་སྤྲུལ་སྐུ་པདྨ་དབང་རྒྱལ། ཕྲིན་ལས་ཆོས་སྒྲོན། དབང་སྟོན་པདྨ་ཚེ་དབང་། རྟ་ནག་སྒྲོལ་མ ་བ་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། གཙང་ལྕགས་སྦུག་སྤྲུལ་སྐུ་ཨོ་རྒྱན་རྣམ་གྲོལ་དབང་པོ། འཇམ་དབྱངས་བཤེས་གཉེན་སྐྱབས། ཀུན་བཟང་ཕྲིན་ལས་ཆོས་འཕེལ། གཏེར་སྲས་ཚེ་དབང་ནོར་བུ། རྣམ་གྲོལ་རྒྱ་མཚོ། དེས་བདག་ལའོ། །ལོ་ཆེན་རིན་པོ་ཆེའི་གསུང་རྣམས་ཀྱི་ལུང་བརྒྱུད་ནི།

ལོ་ཆེན་དྷརྨ་ཤྲཱི། རཏྣ་བི་ཛ། ཨོ་ཌི་ཡ་ན། ཀརྨ་བི་ཛ། ཕྲིན་ལས་ཆོས་སྒྲོན། དགེ་སྦྱང་ཤ་གཟུགས་(272བ)པ་ཨོ་རྒྱན་ཕུན་ཚོགས། རྡོར་འཛིན་རྣམ་གྲོལ་རྒྱ་མཚོ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལའོ། །། །