DJYD-KABUM-25-AA-002: Difference between revisions
From Dudjom Wiki
DJYD-KABUM-25-AA-002
No edit summary |
No edit summary |
||
| Line 7: | Line 7: | ||
|author=Dudjom Rinpoche | |author=Dudjom Rinpoche | ||
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | ||
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985. | |citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 25: . Kalimpong: Dupjung Lama, 1979-1985. | ||
|language=Tibetan | |language=Tibetan | ||
| | |volnumtib=༢༥ | ||
|volyigtib=ཨ | |||
|versonotes=sna tshogs skor | |||
|volumenumber=25 | |volumenumber=25 | ||
|volumeLetter=AA | |volumeLetter=AA | ||
| Line 18: | Line 20: | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། | {{TibP|༄༅། །བཀའ་དྲིན་ཅན་གྱི་བླ་མ་རྣམས་ལ་གསོལ་བ་འདེབས་པ་བྱིན་རླབས་མྱུར་འདྲེན་མོས་གུས་ཀྱི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། ། | ||
(1བ)རྣམ་སྣང་ལོ་ཙཱ་རྡོ་རྗེ་བདུད་འཇོམས་རྩལ། །ཟུང་འཇུག་རྣམ་རོལ་པདྨའི་རྒྱལ་ཚབ་ཆེ། །མཁས་གྲུབ་རྒྱ་མཚོའི་ཚོགས་རྗེ་རིགས་ཀྱི་བདག །ཟིལ་གནོན་ནམ་མཁའི་རྡོ་རྗེ་ལ་གསོལ་བ་འདེབས། །(ལུང་ཟིན་ཆོས་ཀྱི་བདག་པོར་རྗེས་སུ་གནང་བ་དང་འབྲེལ་ཚེ་སྒྲུབ་འཆི་མེད་སྲོག་ཐིག་སོགས་རང་གཏེར་ཟབ་ཆོས་རྣམས་ཀྱི་སྨིན་གྲོལ་རྒྱབ་བརྟེན་ཡོངས་རྫོགས་བུམ་པ་གང་བྱོས་སུ་སྩལ་ཅིང་། ཁྱད་པར་གནས་ལུགས་རྫོགས་པ་ཆེན་པོའི་མན་ངག་ལག་བཅངས་སུ་སྤྲད་དེ་འབྱུང་འགྱུར་གྱི་ལུང་བསྟན་བསླབ་བྱ་དམིགས་སུ་གསལ་བ་དང་། སྔ་འགྱུར་བསྟན་ལ་སྨན་པའི་ཕྲིན་ལས་ཀྱི་བྱེད་པོར་དབུགས་ཆེན་དབྱུང་བ་སྩལ་བས་མཚོན་བཟང་པོའི་ལས་འཕྲོ་རིམ་སད་ཀྱི་བདག་རྐྱེན་ཁོ་ནར་གྱུར་པའི་ཕྱིར། ཚེ་རབས་ལས་ཀྱིས་འབྲེལ་བའི་བླ་མ་རིགས་ཀུན་ཁྱབ་(2ན)བདག་བདེ་བ་ཆེན་པོ་པདྨ་སམྦྷ་ཝ་དངོས་སུ་ངེས་པ་ཡིན་ནོ། །)ལང་གྲོ་ལོ་ཙཱ་བསམ་བཞིན་སྲིད་པའི་གར། །མཁས་གྲུབ་རིག་འཛིན་རྒྱ་མཚོའི་འཁོར་ལོས་སྒྱུར། །ངོ་མཚར་གནས་དང་ཟབ་གཏེར་གསང་མཛོད་བདག །བདུད་འཇོམས་ནམ་མཁའི་རྡོ་རྗེ་ལ་གསོལ་བ་འདེབས། །(སྒྲུབ་རྒྱུད་ཤིང་རྟ་ཆེ་བརྒྱད་ཀྱི་གདམས་ཟབ་ཕྱོགས་གཅིག་ཏུ་བསྡུས་པ་གདམས་ངག་རིན་པོ་ཆེའི་མཛོད་ཀྱི་སྨིན་གྲོལ་རྒྱབ་བརྟེན། ཕྲིན་ལས་བྱམས་པའི་འབྱུང་གནས། ཡོངས་རྫོགས་དང་། ལམ་རིམ་ཡེ་ཤེས་སྙིང་པོ་འགྲེལ་ཆེན་ཐོག་ནས་བཤད་ཁྲིད་ཞིབ་རྒྱས། གཏེར་མཛོད་བཀའ་རྒྱ་མའི་སྐོར་ཡོངས་རྫོགས། རང་གཏེར་ཟབ་ཆོས་སྐོར་སོགས་གདམས་པའི་བདུད་རྩི་མང་དུ་ཐོབ་ཅིང་། བརྩེ་བས་རྗེས་སུ་བཟུང་བའི་བཀའ་དྲིན་(2བ)གྱི་ཕུང་པོ་ཚད་ལས་འདས་པ་ཉིད་དོ། །)སྔོན་ཚེ་ལྟ་ན་སྟུག་པོར་སྨན་གྱི་བླ། །མ་འོངས་བསྐལ་བཟང་འདྲེན་པ་སེང་གེའི་སྒྲ། །ད་ལྟ་གསང་བདག་དངོས་སྣང་ཧེ་རུ་ཀ། འགྱུར་མེད་ངེས་དོན་དབང་པོ་ལ་གསོལ་བ་འདེབས། །(རིན་ཆེན་གཏེར་གྱི་མཛོད་ཆེན་པོ། སྒྲུབ་ཐབས་འདོད་འཇོའི་བུམ་བཟང་། སྨིན་གླིང་གཏེར་གསར་སྐོར། །རྗེ་མཁྱེན་བརྩེའི་བཀའ་བབས་བདུན་གྱི་ཆོས་སྐོར། བདུད་འཇོམས་གཏེར་གསར་སྐོར་བཅས་ཀྱི་སྨིན་གྲོལ་རྒྱབ་བརྟེན་ཡོངས་རྫོགས། མཛོད་བདུན་གཙོ་བོར་གྱུར་པའི་ཀློང་ཆེན་པའི་གསུང་དེང་སང་དཔེ་ལུང་གི་རྒྱུན་བཞུགས་སོ་ཅོག །གསོ་རིག་རྒྱུད་བཞི་རྩ་འགྲེལ། དཔལ་སྤྲུལ་གསུང་འབུམ་སོགས་ལུང་ཁྲིད་རིགས་ཤིན་ཏུ་མང་བ། དཀྱིལ་འཁོར་དབང་བསྐུར་སྦྱིན་སྲེག་རབ་གནས་སོགས་རྡོ་རྗེ་སློབ་དཔོན་གྱི་ལས་ཆེན་རྣམས་ཀྱི་ཕྱག་བཞེས་ལག་ཁྲིད་ཀྱི་སྒོ་ནས་གཏན་ལ་ཕབ་པར་མཛད་དེ་བརྩེ་བས་རྗེས་སུ་བཟུང་བའི་བཀའ་དྲིན་གྱི་ཕུང་པོ་ནམ་མཁའི་ཁོར་ཡུག་ལས་བརྒལ་བ་ཉིད་དོ། །)ཕྱི་ལྟར་མཁས་བཙུན་བཟང་པོའི་རྣམ་ཐར་འཆང་། །ནང་ལྟར་རིམ་གཉིས་རྣལ་འབྱོར་མངའ་དབང་རྫོགས། །གསང་བ་མཉམ་མེད་དྲུག་པའི་རྒྱལ་ཚབ་མཆོག །འགྱུར་མེད་ཕན་བདེའི་འོད་ཟེར་ལ་གསོལ་བ་འདེབས། །(ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པས་ཐོག་དྲངས། མདོ་སྒྱུ་སེམས་གསུམ་གཙོ་བོར་གྱུར་པའི་སྔ་འགྱུར་བཀའ་མའི་སྐོར་ཡོངས་རྫོགས། ཉང་རལ་བཀའ་བརྒྱད་བདེ་འདུས། སངས་གླིང་བླ་མ་དགོངས་འདུས། (3ན)རྫོགས་ཆེན་སྙིང་ཐིག་ཡ་བཞི། སྨིན་གླིང་གཏེར་གསར་སྐོར། ཀློང་སྙིང་རྩ་པོད། ཕུར་པ་རྒྱུད་ལུགས་བཅས་ཀྱི་དབང་ཁྲིད་ལུང་བཅས། རྒྱུད་རྒྱལ་གསང་སྙིང་། ཀློང་ཆེན་མཛོད་བདུན། ངལ་གསོ་སྐོར་གསུམ། སྡོམ་གསུམ་རྣམ་ངེས། ཡོན་ཏན་མཛོད། ཤེས་བྱ་ཀུན་ཁྱབ་རྣམས་ཀྱི་ཁྲིད་དང་། གཞན་ཡང་ལུང་གི་རྣམ་གྲངས་ཤིན་ཏུ་མང་བ་ཐོབ་ཅིང་། གཞན་དོན་ཕྲིན་ལས་ཀྱི་བྱེད་པོར་དབུགས་ཆེན་དབྱུང་བར་མཛད་པ་སོགས་བརྩེ་བས་རྗེས་སུ་བཟུང་བའི་བཀའ་དྲིན་ནམ་ཡང་གཞལ་བྱའི་ཡུལ་དུ་མ་གྱུར་ཏོ། །)བསླབ་གསུམ་བདུད་རྩིས་ཐུགས་ཀྱི་བུམ་བཟང་གཏམས། །རིམ་གཉིས་ལམ་ལས་གྲུབ་པའི་མཚན་མ་བརྙེས། །བཤད་སྒྲུབ་སྣང་བས་གསང་བསྟན་གསལ་མཛད་པ། །ཨོ་རྒྱན་རྣམ་གྲོལ་རྒྱ་མཚོ་ལས་གསོལ་བ་འདེབས། །(བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་དབང་ཆེན་མོ། ཆོས་དབང་ཕུར་པ་སྤུ་གྲི། ཐུགས་ཆེན་ཡང་འདུས་སོགས་གཞུང་པོད་མང་པོ། རྙིང་རྒྱུད་ཕལ་མོ་ཆེ། དབུ་མ་ལུགས་ཀྱི་བྱང་ཆུབ་སེམས་སྡོམ་སོགས་གདམས་པའི་བདུད་རྩི་མང་པོ་དང་། གསང་ཆེན་མཆོག་གི་མྱུར་ལམ་གྱི་སྟེང་ནས་ཡོན་ཏན་བདུད་རྩིའི་རྒྱུད་ལུང་མན་ངག་ལག་ལེན་དང་བཅས་པ་ཞིབ་རྒྱས་སུ་སྩལ་བའི་བཀའ་དྲིན་ཐོབ་བོ། །)བླ་མ་ལྷག་པའི་ལྷ་ཡིས་རྗེས་སུ་བཟུང་། །རིམ་གཉིས་ལམ་གྱི་རྩལ་ཆེན་ཡོངས་སུ་རྫོགས། །མཁས་ཤིང་གྲུབ་བརྙེས་ནམ་མཁའི་རྣལ་འབྱོར་པ། །(3བ)ཨོ་རྒྱན་ཆོས་འབྱོར་རྒྱ་མཚོ་ལ་གསོལ་བ་འདེབས། །(ཀརྨ་གླིངཔ ། ཀློང་གསལ་སྙིང་པོ། བདུད་འཇོམས་གླིང་པ་རྣམས་ཀྱི་ཟབ་ཆོས་ཕལ་མོ་ཆེའི་སྨིན་གྲོལ་རྒྱབ་བརྟེན། སྔོན་འགྲོའི་སྨིན་ཁྲིད་སོགས་ཆོས་བཀའ་མང་དུ་ཐོབ་ཅིང་། ལར་ཆོས་སྒོར་གཞུག་པ་དང་ཐོས་བསམ་གྱི་ཤེས་རབ་ཐོག་མར་བསྐྱེད་པ་པོ་ཡིན་ཕྱིར་བཀའ་དྲིན་འཁོར་མཐའ་བྲལ་བ་ཉིད་དོ། །) ངེས་འབྱུང་སོ་ཐར་འདུལ་བའི་རྩ་བ་བརྟན། །གཞན་ཕན་བྱང་ཆུབ་སྤྱོད་པའི་ཡལ་འདབ་གཡོ། །ཐབས་ཆེན་གསང་སྔགས་རིམ་གཉིས་འབྲས་བུས་ཕྱུག །འཇམ་དཔལ་ཚུལ་ཁྲིམས་གྲགས་པ་ལ་གསོལ་བ་འདེབས། །(མར་ལུགས་བཀའ་བརྒྱད་སྔགས་མཛོད་ཀྱི་སྨིན་གྲོལ་རྒྱབ་བརྟེན་ཡོངས་རྫོགས། མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་དབང་ཆེན། ཞལ་གདམས་སྙིང་བྱང་ལ་སོགས་པ་གདམས་པའི་བདུད་རྩི་མང་ཞིག་གི་བཀའ་དྲིན་ཐོབ་བོ།)།རྩ་བརྒྱུད་རིག་འཛིན་བླ་མའི་དགོངས་བཅུད་ཐོབ། །མཁྱེན་རྟོགས་ནུས་པའི་དབང་ཕྱུག་བླ་ན་མེད། །སྦས་ཡུལ་བསྟན་པའི་སྲོག་མཐུད་བཀའ་དྲིན་ཅན། །པདྨ་དབང་གི་རྒྱལ་པོ་གསོལ་བ་འདེབས། །(འཇའ་ཚོན་སྙིང་པོའི་ཟབ་ཆོས་པོད་དྲུག །རིག་འཛིན་རྡོ་རྗེ་ཐོགས་མེད་ཀྱི་ཟབ་ཆོས་བདུན་པ། རྡོ་རྗེ་དྲག་སྔགས་ཀྱི་ཟབ་གཏེར་སྐོར། སྒམ་པོ་འགྲོ་འདུལ་གླིང་པའི་གསང་བདག་དྲག་པོའི་ཆོས་སྐོར་བཅས་ཀྱི་སྨིན་གྲོལ་རྒྱབ་བརྟེན་གདམས་གཏད་ཐུན་མོང་མ་ཡིན་པའི་(4ན)བཀའ་དྲིན་ཐོབ་བོ། །) ཤེས་རབ་ཆེན་པོས་གནས་ལུགས་ཇི་བཞིན་གཟིགས། །སྙིང་རྗེ་ཆེན་པོས་གཞན་དོན་འབའ་ཞིག་གཉེར། །བརྩོན་འགྲུས་ཆེན་པོས་བཤད་སྒྲུབ་རྒྱལ་མཚན་བསྒྲེང་། །གར་དབང་སངས་རྒྱས་རྡོ་རྗེ་ལ་གསོལ་བ་འདེབས། །(བདུད་འདུལ་ཟབ་གཏེར་སྐོར་ཡོངས་རྫོགས་བརྒྱུད་སྲོལ་གཞན་ལས་ཆེས་འཕགས་པ་སྲས་བརྒྱུད་ཐུན་མོང་མ་ཡིན་པའི་བཀའ་སྲོལ་གྱི་སྨིན་གྲོལ་རྒྱབ་བརྟེན་གདམས་གཏད་དང་བཅས་པའི་བཀའ་དྲིན་ཐོབ་བོ། །)ཇི་སྙེད་ཤེས་བྱའི་གནས་ཀུན་ཡོངས་སུ་གཟིགས། །རིམ་གཉིས་ལམ་ལས་གྲུབ་པའི་ས་མཐོར་གཤེགས། །ཀུན་སྤངས་འཇིགས་མེད་ནམ་མཁའི་རྣལ་འབྱོར་པ། །ངག་དབང་དགེ་འདུན་རྒྱ་མཚོ་ལ་གསོལ་བ་འདེབས། །(གཏེར་ཆེན་པདྨ་གླིང་པའི་ཟབ་གཏེར་ཡོངས་རྫོགས་ཀྱི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ། སྔ་འགྱུར་རྒྱུད་འབུམ་ཡོངས་རྫོགས་ཀྱི་བཀླག་ལུང་སོགས་གདམས་ཟབ་རྒྱ་ཆེན་པོའི་བཀའ་དྲིན་ཐོབ་བོ། །) རང་དོན་ཞི་བའི་ས་མཆོག་བཟུང་གྱུར་ཀྱང་། །གཞན་དོན་སྲིད་པར་ཆགས་པའི་སྒྱུ་ཐབས་ཀྱིས། །བསྟན་འགྲོའི་ཕན་བདེ་མཆོག་ཏུ་སྤེལ་མཁས་པ། །ངག་དབང་འཇིགས་མེད་བློ་གྲོས་ལ་གསོལ་བ་འདེབས། །(རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་བཀླག་ལུང་གསལ་དག་སྙན་གསུམ་དང་ལྡན་པའི་སྒོ་ནས་ལེགས་པར་ཐོབ་པའི་མི་ལུས་དོན་ལྡན་གྱི་སྐལ་བཟང་ཉམས་(4བ)སུ་མྱོང་བར་གྱུར་ཏོ། །)རིགས་གསུམ་འཕགས་པའི་སྒྱུ་འཕྲུལ་གཅིག་བསྡུས་པ། །འབྲེལ་བཅས་ཐར་ལམ་སྦྱོར་བའི་ཕྲིན་ལས་ཅན། །སྙིགས་དུས་འགྲོ་བའི་སྐྱབས་གནས་སྟག་ལུང་པ། ངག་དབང་དཔལ་ལྡན་བཟང་པོ་ལ་གསོལ་བ་འདེབས། །(སྲོལ་གཉིས་ལས་བྱོན་པའི་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ། བདེ་དགྱེས་གསང་གསུམ་གཙོ་བོར་གྱུར་པའི་ཕྱི་འགྱུར་ལུགས་ཀྱི་རྒྱུད་སྡེ་མང་པོའི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་ཐོབ་བོ། །)བརྒྱུད་གསུམ་རིག་འཛིན་བླ་མའི་དགོངས་བཅུད་ཐོབ། །ཐུན་མིན་ཡེ་ཤེས་ཌཱ་ཀིའི་གསང་མཛོད་འཛིན། །ཀུན་སྤངས་ནམ་མཁའི་རྣལ་འབྱོར་ཧེ་རུ་ཀ །འཇིགས་མེད་ཁྲོ་རྒྱལ་རྡོ་རྗེ་ལ་གསོལ་བ་འདེབས། །(ཕུར་འགྲེལ་འབུམ་ནག་གཙོ་བོར་གྱུར་པའི་སྔ་འགྱུར་རྒྱུད་ལུང་མན་ངག་དུ་མའི་བཤད་ལུང་དང་། ལྷག་པར་གཏེར་འབྱིན་དབང་མོ་བདེ་ཆེན་བདེ་བའི་རྡོ་རྗེའི་བླ་རྫོགས་ཐུགས་གསུམ་གཙོ་བོར་གྱུར་པའི་ཟབ་གཏེར་མ་ལུས་པའི་སྨིན་གྲོལ་རྒྱབ་བརྟེན་ཡོངས་རྫོགས་ཀྱི་བཀའ་དྲིན་ཐོབ་བོ། །)གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མཆོག་གླིང་པའི། །རིགས་དང་ཆོས་ཀྱི་བརྒྱུད་འཛིན་ཟླ་མེད་པ། །འབྲེལ་ཚད་དོན་ལྡན་བྱང་སེམས་རིག་པ་འཛིན། །ཨོ་རྒྱན་ཚེ་དབང་འབར་ལ་གསོལ་བ་འདེབས། །(གཏེར་མའི་ཕྱོགས་སུ་སྔར་མ་གྲགས་པ་རྫོགས་ཆེན་སེམས་ཀློང་མན་ངག་སྡེ་གསུམ་ཡོངས་སུ་རྫོགས་(5ན)པའི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པའི་བཀའ་དྲིན་ལེགས་པར་ཐོབ་བོ། །) | (1བ)རྣམ་སྣང་ལོ་ཙཱ་རྡོ་རྗེ་བདུད་འཇོམས་རྩལ། །ཟུང་འཇུག་རྣམ་རོལ་པདྨའི་རྒྱལ་ཚབ་ཆེ། །མཁས་གྲུབ་རྒྱ་མཚོའི་ཚོགས་རྗེ་རིགས་ཀྱི་བདག །ཟིལ་གནོན་ནམ་མཁའི་རྡོ་རྗེ་ལ་གསོལ་བ་འདེབས། །(ལུང་ཟིན་ཆོས་ཀྱི་བདག་པོར་རྗེས་སུ་གནང་བ་དང་འབྲེལ་ཚེ་སྒྲུབ་འཆི་མེད་སྲོག་ཐིག་སོགས་རང་གཏེར་ཟབ་ཆོས་རྣམས་ཀྱི་སྨིན་གྲོལ་རྒྱབ་བརྟེན་ཡོངས་རྫོགས་བུམ་པ་གང་བྱོས་སུ་སྩལ་ཅིང་། ཁྱད་པར་གནས་ལུགས་རྫོགས་པ་ཆེན་པོའི་མན་ངག་ལག་བཅངས་སུ་སྤྲད་དེ་འབྱུང་འགྱུར་གྱི་ལུང་བསྟན་བསླབ་བྱ་དམིགས་སུ་གསལ་བ་དང་། སྔ་འགྱུར་བསྟན་ལ་སྨན་པའི་ཕྲིན་ལས་ཀྱི་བྱེད་པོར་དབུགས་ཆེན་དབྱུང་བ་སྩལ་བས་མཚོན་བཟང་པོའི་ལས་འཕྲོ་རིམ་སད་ཀྱི་བདག་རྐྱེན་ཁོ་ནར་གྱུར་པའི་ཕྱིར། ཚེ་རབས་ལས་ཀྱིས་འབྲེལ་བའི་བླ་མ་རིགས་ཀུན་ཁྱབ་(2ན)བདག་བདེ་བ་ཆེན་པོ་པདྨ་སམྦྷ་ཝ་དངོས་སུ་ངེས་པ་ཡིན་ནོ། །)ལང་གྲོ་ལོ་ཙཱ་བསམ་བཞིན་སྲིད་པའི་གར། །མཁས་གྲུབ་རིག་འཛིན་རྒྱ་མཚོའི་འཁོར་ལོས་སྒྱུར། །ངོ་མཚར་གནས་དང་ཟབ་གཏེར་གསང་མཛོད་བདག །བདུད་འཇོམས་ནམ་མཁའི་རྡོ་རྗེ་ལ་གསོལ་བ་འདེབས། །(སྒྲུབ་རྒྱུད་ཤིང་རྟ་ཆེ་བརྒྱད་ཀྱི་གདམས་ཟབ་ཕྱོགས་གཅིག་ཏུ་བསྡུས་པ་གདམས་ངག་རིན་པོ་ཆེའི་མཛོད་ཀྱི་སྨིན་གྲོལ་རྒྱབ་བརྟེན། ཕྲིན་ལས་བྱམས་པའི་འབྱུང་གནས། ཡོངས་རྫོགས་དང་། ལམ་རིམ་ཡེ་ཤེས་སྙིང་པོ་འགྲེལ་ཆེན་ཐོག་ནས་བཤད་ཁྲིད་ཞིབ་རྒྱས། གཏེར་མཛོད་བཀའ་རྒྱ་མའི་སྐོར་ཡོངས་རྫོགས། རང་གཏེར་ཟབ་ཆོས་སྐོར་སོགས་གདམས་པའི་བདུད་རྩི་མང་དུ་ཐོབ་ཅིང་། བརྩེ་བས་རྗེས་སུ་བཟུང་བའི་བཀའ་དྲིན་(2བ)གྱི་ཕུང་པོ་ཚད་ལས་འདས་པ་ཉིད་དོ། །)སྔོན་ཚེ་ལྟ་ན་སྟུག་པོར་སྨན་གྱི་བླ། །མ་འོངས་བསྐལ་བཟང་འདྲེན་པ་སེང་གེའི་སྒྲ། །ད་ལྟ་གསང་བདག་དངོས་སྣང་ཧེ་རུ་ཀ། འགྱུར་མེད་ངེས་དོན་དབང་པོ་ལ་གསོལ་བ་འདེབས། །(རིན་ཆེན་གཏེར་གྱི་མཛོད་ཆེན་པོ། སྒྲུབ་ཐབས་འདོད་འཇོའི་བུམ་བཟང་། སྨིན་གླིང་གཏེར་གསར་སྐོར། །རྗེ་མཁྱེན་བརྩེའི་བཀའ་བབས་བདུན་གྱི་ཆོས་སྐོར། བདུད་འཇོམས་གཏེར་གསར་སྐོར་བཅས་ཀྱི་སྨིན་གྲོལ་རྒྱབ་བརྟེན་ཡོངས་རྫོགས། མཛོད་བདུན་གཙོ་བོར་གྱུར་པའི་ཀློང་ཆེན་པའི་གསུང་དེང་སང་དཔེ་ལུང་གི་རྒྱུན་བཞུགས་སོ་ཅོག །གསོ་རིག་རྒྱུད་བཞི་རྩ་འགྲེལ། དཔལ་སྤྲུལ་གསུང་འབུམ་སོགས་ལུང་ཁྲིད་རིགས་ཤིན་ཏུ་མང་བ། དཀྱིལ་འཁོར་དབང་བསྐུར་སྦྱིན་སྲེག་རབ་གནས་སོགས་རྡོ་རྗེ་སློབ་དཔོན་གྱི་ལས་ཆེན་རྣམས་ཀྱི་ཕྱག་བཞེས་ལག་ཁྲིད་ཀྱི་སྒོ་ནས་གཏན་ལ་ཕབ་པར་མཛད་དེ་བརྩེ་བས་རྗེས་སུ་བཟུང་བའི་བཀའ་དྲིན་གྱི་ཕུང་པོ་ནམ་མཁའི་ཁོར་ཡུག་ལས་བརྒལ་བ་ཉིད་དོ། །)ཕྱི་ལྟར་མཁས་བཙུན་བཟང་པོའི་རྣམ་ཐར་འཆང་། །ནང་ལྟར་རིམ་གཉིས་རྣལ་འབྱོར་མངའ་དབང་རྫོགས། །གསང་བ་མཉམ་མེད་དྲུག་པའི་རྒྱལ་ཚབ་མཆོག །འགྱུར་མེད་ཕན་བདེའི་འོད་ཟེར་ལ་གསོལ་བ་འདེབས། །(ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པས་ཐོག་དྲངས། མདོ་སྒྱུ་སེམས་གསུམ་གཙོ་བོར་གྱུར་པའི་སྔ་འགྱུར་བཀའ་མའི་སྐོར་ཡོངས་རྫོགས། ཉང་རལ་བཀའ་བརྒྱད་བདེ་འདུས། སངས་གླིང་བླ་མ་དགོངས་འདུས། (3ན)རྫོགས་ཆེན་སྙིང་ཐིག་ཡ་བཞི། སྨིན་གླིང་གཏེར་གསར་སྐོར། ཀློང་སྙིང་རྩ་པོད། ཕུར་པ་རྒྱུད་ལུགས་བཅས་ཀྱི་དབང་ཁྲིད་ལུང་བཅས། རྒྱུད་རྒྱལ་གསང་སྙིང་། ཀློང་ཆེན་མཛོད་བདུན། ངལ་གསོ་སྐོར་གསུམ། སྡོམ་གསུམ་རྣམ་ངེས། ཡོན་ཏན་མཛོད། ཤེས་བྱ་ཀུན་ཁྱབ་རྣམས་ཀྱི་ཁྲིད་དང་། གཞན་ཡང་ལུང་གི་རྣམ་གྲངས་ཤིན་ཏུ་མང་བ་ཐོབ་ཅིང་། གཞན་དོན་ཕྲིན་ལས་ཀྱི་བྱེད་པོར་དབུགས་ཆེན་དབྱུང་བར་མཛད་པ་སོགས་བརྩེ་བས་རྗེས་སུ་བཟུང་བའི་བཀའ་དྲིན་ནམ་ཡང་གཞལ་བྱའི་ཡུལ་དུ་མ་གྱུར་ཏོ། །)བསླབ་གསུམ་བདུད་རྩིས་ཐུགས་ཀྱི་བུམ་བཟང་གཏམས། །རིམ་གཉིས་ལམ་ལས་གྲུབ་པའི་མཚན་མ་བརྙེས། །བཤད་སྒྲུབ་སྣང་བས་གསང་བསྟན་གསལ་མཛད་པ། །ཨོ་རྒྱན་རྣམ་གྲོལ་རྒྱ་མཚོ་ལས་གསོལ་བ་འདེབས། །(བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་དབང་ཆེན་མོ། ཆོས་དབང་ཕུར་པ་སྤུ་གྲི། ཐུགས་ཆེན་ཡང་འདུས་སོགས་གཞུང་པོད་མང་པོ། རྙིང་རྒྱུད་ཕལ་མོ་ཆེ། དབུ་མ་ལུགས་ཀྱི་བྱང་ཆུབ་སེམས་སྡོམ་སོགས་གདམས་པའི་བདུད་རྩི་མང་པོ་དང་། གསང་ཆེན་མཆོག་གི་མྱུར་ལམ་གྱི་སྟེང་ནས་ཡོན་ཏན་བདུད་རྩིའི་རྒྱུད་ལུང་མན་ངག་ལག་ལེན་དང་བཅས་པ་ཞིབ་རྒྱས་སུ་སྩལ་བའི་བཀའ་དྲིན་ཐོབ་བོ། །)བླ་མ་ལྷག་པའི་ལྷ་ཡིས་རྗེས་སུ་བཟུང་། །རིམ་གཉིས་ལམ་གྱི་རྩལ་ཆེན་ཡོངས་སུ་རྫོགས། །མཁས་ཤིང་གྲུབ་བརྙེས་ནམ་མཁའི་རྣལ་འབྱོར་པ། །(3བ)ཨོ་རྒྱན་ཆོས་འབྱོར་རྒྱ་མཚོ་ལ་གསོལ་བ་འདེབས། །(ཀརྨ་གླིངཔ ། ཀློང་གསལ་སྙིང་པོ། བདུད་འཇོམས་གླིང་པ་རྣམས་ཀྱི་ཟབ་ཆོས་ཕལ་མོ་ཆེའི་སྨིན་གྲོལ་རྒྱབ་བརྟེན། སྔོན་འགྲོའི་སྨིན་ཁྲིད་སོགས་ཆོས་བཀའ་མང་དུ་ཐོབ་ཅིང་། ལར་ཆོས་སྒོར་གཞུག་པ་དང་ཐོས་བསམ་གྱི་ཤེས་རབ་ཐོག་མར་བསྐྱེད་པ་པོ་ཡིན་ཕྱིར་བཀའ་དྲིན་འཁོར་མཐའ་བྲལ་བ་ཉིད་དོ། །) ངེས་འབྱུང་སོ་ཐར་འདུལ་བའི་རྩ་བ་བརྟན། །གཞན་ཕན་བྱང་ཆུབ་སྤྱོད་པའི་ཡལ་འདབ་གཡོ། །ཐབས་ཆེན་གསང་སྔགས་རིམ་གཉིས་འབྲས་བུས་ཕྱུག །འཇམ་དཔལ་ཚུལ་ཁྲིམས་གྲགས་པ་ལ་གསོལ་བ་འདེབས། །(མར་ལུགས་བཀའ་བརྒྱད་སྔགས་མཛོད་ཀྱི་སྨིན་གྲོལ་རྒྱབ་བརྟེན་ཡོངས་རྫོགས། མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་དབང་ཆེན། ཞལ་གདམས་སྙིང་བྱང་ལ་སོགས་པ་གདམས་པའི་བདུད་རྩི་མང་ཞིག་གི་བཀའ་དྲིན་ཐོབ་བོ།)།རྩ་བརྒྱུད་རིག་འཛིན་བླ་མའི་དགོངས་བཅུད་ཐོབ། །མཁྱེན་རྟོགས་ནུས་པའི་དབང་ཕྱུག་བླ་ན་མེད། །སྦས་ཡུལ་བསྟན་པའི་སྲོག་མཐུད་བཀའ་དྲིན་ཅན། །པདྨ་དབང་གི་རྒྱལ་པོ་གསོལ་བ་འདེབས། །(འཇའ་ཚོན་སྙིང་པོའི་ཟབ་ཆོས་པོད་དྲུག །རིག་འཛིན་རྡོ་རྗེ་ཐོགས་མེད་ཀྱི་ཟབ་ཆོས་བདུན་པ། རྡོ་རྗེ་དྲག་སྔགས་ཀྱི་ཟབ་གཏེར་སྐོར། སྒམ་པོ་འགྲོ་འདུལ་གླིང་པའི་གསང་བདག་དྲག་པོའི་ཆོས་སྐོར་བཅས་ཀྱི་སྨིན་གྲོལ་རྒྱབ་བརྟེན་གདམས་གཏད་ཐུན་མོང་མ་ཡིན་པའི་(4ན)བཀའ་དྲིན་ཐོབ་བོ། །) ཤེས་རབ་ཆེན་པོས་གནས་ལུགས་ཇི་བཞིན་གཟིགས། །སྙིང་རྗེ་ཆེན་པོས་གཞན་དོན་འབའ་ཞིག་གཉེར། །བརྩོན་འགྲུས་ཆེན་པོས་བཤད་སྒྲུབ་རྒྱལ་མཚན་བསྒྲེང་། །གར་དབང་སངས་རྒྱས་རྡོ་རྗེ་ལ་གསོལ་བ་འདེབས། །(བདུད་འདུལ་ཟབ་གཏེར་སྐོར་ཡོངས་རྫོགས་བརྒྱུད་སྲོལ་གཞན་ལས་ཆེས་འཕགས་པ་སྲས་བརྒྱུད་ཐུན་མོང་མ་ཡིན་པའི་བཀའ་སྲོལ་གྱི་སྨིན་གྲོལ་རྒྱབ་བརྟེན་གདམས་གཏད་དང་བཅས་པའི་བཀའ་དྲིན་ཐོབ་བོ། །)ཇི་སྙེད་ཤེས་བྱའི་གནས་ཀུན་ཡོངས་སུ་གཟིགས། །རིམ་གཉིས་ལམ་ལས་གྲུབ་པའི་ས་མཐོར་གཤེགས། །ཀུན་སྤངས་འཇིགས་མེད་ནམ་མཁའི་རྣལ་འབྱོར་པ། །ངག་དབང་དགེ་འདུན་རྒྱ་མཚོ་ལ་གསོལ་བ་འདེབས། །(གཏེར་ཆེན་པདྨ་གླིང་པའི་ཟབ་གཏེར་ཡོངས་རྫོགས་ཀྱི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ། སྔ་འགྱུར་རྒྱུད་འབུམ་ཡོངས་རྫོགས་ཀྱི་བཀླག་ལུང་སོགས་གདམས་ཟབ་རྒྱ་ཆེན་པོའི་བཀའ་དྲིན་ཐོབ་བོ། །) རང་དོན་ཞི་བའི་ས་མཆོག་བཟུང་གྱུར་ཀྱང་། །གཞན་དོན་སྲིད་པར་ཆགས་པའི་སྒྱུ་ཐབས་ཀྱིས། །བསྟན་འགྲོའི་ཕན་བདེ་མཆོག་ཏུ་སྤེལ་མཁས་པ། །ངག་དབང་འཇིགས་མེད་བློ་གྲོས་ལ་གསོལ་བ་འདེབས། །(རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་བཀླག་ལུང་གསལ་དག་སྙན་གསུམ་དང་ལྡན་པའི་སྒོ་ནས་ལེགས་པར་ཐོབ་པའི་མི་ལུས་དོན་ལྡན་གྱི་སྐལ་བཟང་ཉམས་(4བ)སུ་མྱོང་བར་གྱུར་ཏོ། །)རིགས་གསུམ་འཕགས་པའི་སྒྱུ་འཕྲུལ་གཅིག་བསྡུས་པ། །འབྲེལ་བཅས་ཐར་ལམ་སྦྱོར་བའི་ཕྲིན་ལས་ཅན། །སྙིགས་དུས་འགྲོ་བའི་སྐྱབས་གནས་སྟག་ལུང་པ། ངག་དབང་དཔལ་ལྡན་བཟང་པོ་ལ་གསོལ་བ་འདེབས། །(སྲོལ་གཉིས་ལས་བྱོན་པའི་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ། བདེ་དགྱེས་གསང་གསུམ་གཙོ་བོར་གྱུར་པའི་ཕྱི་འགྱུར་ལུགས་ཀྱི་རྒྱུད་སྡེ་མང་པོའི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་ཐོབ་བོ། །)བརྒྱུད་གསུམ་རིག་འཛིན་བླ་མའི་དགོངས་བཅུད་ཐོབ། །ཐུན་མིན་ཡེ་ཤེས་ཌཱ་ཀིའི་གསང་མཛོད་འཛིན། །ཀུན་སྤངས་ནམ་མཁའི་རྣལ་འབྱོར་ཧེ་རུ་ཀ །འཇིགས་མེད་ཁྲོ་རྒྱལ་རྡོ་རྗེ་ལ་གསོལ་བ་འདེབས། །(ཕུར་འགྲེལ་འབུམ་ནག་གཙོ་བོར་གྱུར་པའི་སྔ་འགྱུར་རྒྱུད་ལུང་མན་ངག་དུ་མའི་བཤད་ལུང་དང་། ལྷག་པར་གཏེར་འབྱིན་དབང་མོ་བདེ་ཆེན་བདེ་བའི་རྡོ་རྗེའི་བླ་རྫོགས་ཐུགས་གསུམ་གཙོ་བོར་གྱུར་པའི་ཟབ་གཏེར་མ་ལུས་པའི་སྨིན་གྲོལ་རྒྱབ་བརྟེན་ཡོངས་རྫོགས་ཀྱི་བཀའ་དྲིན་ཐོབ་བོ། །)གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མཆོག་གླིང་པའི། །རིགས་དང་ཆོས་ཀྱི་བརྒྱུད་འཛིན་ཟླ་མེད་པ། །འབྲེལ་ཚད་དོན་ལྡན་བྱང་སེམས་རིག་པ་འཛིན། །ཨོ་རྒྱན་ཚེ་དབང་འབར་ལ་གསོལ་བ་འདེབས། །(གཏེར་མའི་ཕྱོགས་སུ་སྔར་མ་གྲགས་པ་རྫོགས་ཆེན་སེམས་ཀློང་མན་ངག་སྡེ་གསུམ་ཡོངས་སུ་རྫོགས་(5ན)པའི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པའི་བཀའ་དྲིན་ལེགས་པར་ཐོབ་བོ། །) | ||
Revision as of 14:55, 23 July 2024
| Wylie title | ||
|---|---|---|
| Location | bdud 'joms rin po che bka' 'bum Volume 25, Text 2, Pages (Folios to ) | |
| Author | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |
| Citation | Dudjom Rinpoche 'Jigs bral ye shes rdo rje. '. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 25: . Kalimpong: Dupjung Lama, 1979-1985. | |
| Side notes | Verso: sna tshogs skor | |
| More details More details | ||
| Genre | ||