DJYD-KABUM-22-ZA-023: Difference between revisions

From Dudjom Wiki
DJYD-KABUM-22-ZA-023
No edit summary
No edit summary
Line 7: Line 7:
|author=Dudjom Rinpoche
|author=Dudjom Rinpoche
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985.
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 22: . Kalimpong: Dupjung Lama, 1979-1985.
|language=Tibetan
|language=Tibetan
|pagestatus=Temporary stub only
|tibgenre=Notes - zin bris
|volnumtib=༢༢
|volyigtib=ཟ
|rectonotes=zin bris
|volumenumber=22
|volumenumber=22
|volumeLetter=ZA
|volumeLetter=ZA

Revision as of 08:25, 24 July 2024

Wylie title DJYD-KABUM-22-ZA-023.pdf
Location bdud 'joms rin po che bka' 'bum
Volume 22, Text 23, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. '. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 22: . Kalimpong: Dupjung Lama, 1979-1985.
Side notes Recto: zin bris  
More details More details
Genre Notes - zin bris
[edit]
(1ན)ལོ་མཇུག་དུས་རིམ་ཕུར་ཟློག་ཆེན་མོའི་གཏོར་མའི་ཟིན་བྲིས་ལ། ཕུར་པའི་རྩ་གཏོར་གདན་གྲུ་བཞི་གཅིག་གི་སྟེང་དུ་ལྕགས་འཁོར་རྩིབས་བཅུ་དང་རྩིབས་བཞི་བརྩེགས་པའི་ཁར་ཁྲོ་བོའི་དཔལ་གཏོར་གཤོག་པ་ཕུར་གཟུགས་པད་འདབ་ཅན། འཁོར་གྱི་དཔལ་བཤོས་རྩིབས་གྲངས་དང་མཉམ་པ། རྩེ་རྒྱན་མེ་རི་ལྷ་མཚན་ཅན། ལྕགས་འཁོར་སྔོ་ནག །གདན་གྲུ་བཞི་དང་གཏོར་མ་རྣམས་དམར་པོའོ། །ལེགས་ལྡན་ལ་ལྕགས་མཁར་ཟླུམ་པོ་ཁ་པད་ཅན་གྱི་སྟེང་དུ་བཤོས་བུ་གྲུ་གསུམ་བརྗིད་ལྡན་ཧ་ཅང་མི་རྣོ་བ། དེ་མདུན་ཡུམ་གྱི་བཤོས་བུ་གྲུ་གསུམ་པ་གཅིག་དང་། མཁར་གྱི་རྩ་བའི་མདུན་དང་གཡས་གཡོན་དུ་འཁོར་གྱི་བཤོས་བུ་གྲུ་གསུམ་པ་རེ། དེ་དག་གི་མཚམས་རྣམས་སུ་བཤོས་ཕྲན་ཆུང་བ་བརྒྱད་དང་། ཕྱི་ནས་མཐེབ་ཀྱུ་གང་མང་གིས་བསྐོར་བ། ལྕགས་མཁར་དང་གཙོ་གཏོར་ནག་པོ། འཁོར་རྣམས་དམར་པོའོ། །ཕྱག་བཞི་པར་དཔལ་གཏོར་བརྗིད་ལྡན་ལ་ཕྱོགས་མཚམས་སུ་འཁོར་གྲུ་གསུམ་དཔུང་རང་བདུན་དང་། བྱང་དུ་གྲུ་གསུམ་གཡས་གཅུས་མཐེབ་རིལ་ཅན་རྣམས་ཀྱིས་བསྐོར་བ། མ་ནིང་ལ་དམར་གཏོར་དཔུང་རང་འཁོར་རང་འདྲ་བརྒྱད་ཀྱིས་བསྐོར་བ་མཐེབ་ཀྱུ་ཅན། སྔགས་སྲུང་(1བ)མར་དཔལ་གཏོར་རྣོ་དབལ་ཅན་པད་འདབ་བཞིས་བསྐོར་བ། འཁོར་མདུན་དུ་གྲུ་གསུམ། གཡས་སུ་གྲུ་གསུམ་གཡས་གཅུས། རྒྱབ་ཏུ་གྲུ་གསུམ་ཏེལ་པས་མཚན་པ། གཡོན་དུ་བཙན་བཤོས་ར་མགོས་མཚན་པ། གཟའ་ལ་མཐེབ་རིལ་དང་གཞན་རྣམས་ལ་མཐེབ་ཀྱུ་ཅན། ལྷ་ཆེན་དཔལ་གཏོར་དམར་པོ་ལྟོ་བ་ཟླ་གམ་རིན་པོ་ཆེའི་སྙེ་མ་ལྟ་བུར་པད་འདབ་གྱེན་ལངས་བཞི་དང་། ཕྱོགས་བཞིར་འཁོར་གྱི་གཏོར་ཟླུམ་བཞི་མཐེབ་རིལ་ཅན། ཤན་དམར་ལ་ལྕགས་འཁོར་རྩིབས་བརྒྱད་སྟེང་དམར་གཏོར་གྲུ་གསུམ་རྩེ་དབལ་ཅན་དང་། རྩིབས་རེར་འཁོར་རང་འདྲ་བརྒྱད་ཀྱིས་བསྐོར་བ་མཐེབ་ཀྱུ་ཅན། གཟའ་བདུད་ལ་དམར་གཏོར་གྲུ་གསུམ་གཡས་གཅུས་འཁོར་རང་འདྲ་བརྒྱད་ཀྱིས་བསྐོར་བ་མཐེབ་རིལ་དང་ལིང་དམར་གྱིས་བརྒྱན་པ། རྣམ་སྲས་ལ་བཤོས་བུ་གྲུ་བཞི་དཔུང་རང་ལྟོ་ལྡིར་ཅན་ལ་འཁོར་རང་འདྲའི་བཤོས་ཕྲན་བརྒྱད་ཀྱིས་བསྐོར་བ་མཐེབ་རིལ་ཅན་སེར་པོ། རྡོར་ལེགས་ལ་བཤོས་བུ་གྲུ་བཞི་མཁར་ཐབས་བ་གམ་ཅན་གྱི་ཁར་གཙོ་བོ་གིང་ཆེན་བཞི་དང་བཅས་པའི་བཙན་བཤོས་ལྔ་སྒྲོམ་དབུས་མཐོ་བ་ལ་ར་མགོས་བརྒྱན་པ། རྩ་བར་དགྱེས་སྡེ་མོ་བཅུ་གཉིས་དང་། དགེ་བསྙེན་སུམ་བརྒྱ་དྲུག་ཅུ་སྡེ་ཚན་གསུམ་(2ན)དུ་བསྡུས་ནས་སྤྱིར་བཤོས་ཕྲན་བཅོ་ལྔ་མཐེབ་ཀྱུ་དང་བཅས་པས་བསྐོར་བ། ཞིང་སྐྱོང་ལ་རི་རབ་བང་རིམ་སུམ་བརྩེགས་སྟེང་དམར་གཏོར་གྲུ་གསུམ་བརྗིད་ལྡན་གྱི་མདུན་དུ་རང་འདྲ་ཕྱེད་ཆར་སླེབས་པ་གཅིག་དང་། མདུན་གྱི་བང་རིམ་བར་པར་གཏོར་མ་སྙིང་གཟུགས་གཉིས། བང་རིམ་འོག་མའི་ཕྱོགས་མཚམས་བརྒྱད་དུ་སྙིང་རེ་བཙུགས་པར་མཐེབ་ཀྱུས་བརྒྱན་པ།
  ༈  རྗེས་འབྲང་སྐོར་ལ།   དུར་ཁྲོད་ལྷ་མོར་དམར་གཏོར་གྲུ་གསུམ་གྲི་གྲས་རྩེ་བཅད་མ་འཁོར་རང་འདྲ་བཞི་མཐེབ་ཀྱུ་ཅན།   སྡེ་དཔོན་སུམ་ཅུར་བཤོས་བུ་གྲུ་གསུམ་འཁོར་རང་འདྲ་གསུམ་མམ་བརྒྱད་ཀྱིས་བསྐོར་ཞིང་མཐར་མཐེབ་ཀྱུ་སུམ་ཅུའི་གྲངས་ཚང་བས་བསྐོར་བ།   ཕུར་སྲུང་ལ་དམར་གཏོར་གྲུ་གསུམ་འཁོར་རང་འདྲ་བཅུ་དྲུག་གིས་བསྐོར་བ་མཐེབ་ཀྱུ་ཅན།   ཚེ་རིང་མར་བཤོས་བུ་གྲུ་བཞི་ནོར་གཟུགས་འཁོར་རང་འདྲ་བཞི་མཐེབ་རིལ་ཅན་གྱིས་བསྐོར་བ།   གཡུ་སྒྲོན་མར་གཏོར་མ་དཀར་ཟླུམ་བླ་གཏོར་འདྲ་བར་འཁོར་རང་འདྲ་བར་འཁོར་རང་འདྲ་བཞི་མཐེབ་རིལ་ཅན།   བརྟན་མར་བཤོས་བུ་དབུས་གྲུ་གསུམ།   གཡས་གྲུ་བཞི།   གཡོན་ཟླུམ་བཞི།   གཡོན་ཟླུམ་པོ་མཐེབ་ཀྱུ་རང་འདྲ་སུམ་བརྩེགས་ཅན།   དགོངས་བཙན་ལ་དམར་གཏོར་གྲུ་གསུམ་འཁོར་རང་འདྲ་བདུན་གྱིས་བསྐོར་བ་(2བ)མཐེབ་ཀྱུ་གང་མང་གིས་གཅེར་བ།   པེ་ཧར་ལ་རི་རབ་བང་རིམ་གསུམ་པའི་སྟེང་དུ་བསང་ཕྱི་ལྔ་སྒྲོམ་དང་ཟུར་བཞིར་ཏིང་ལོ་རེ།   རྨང་གི་མཐར་བཤོས་ཕྲན་བརྒྱད་དང་མཐེབ་ཀྱུ་གང་མང་གིས་བསྐོར་བ།   ཙིའུ་དམར་ལ་མཁར་ཐབས་གྲུ་བཞིའི་སྟེང་དུ་བཤོས་བུ་གྲུ་གསུམ་བདུན་ནམ་གཅིག   །རྨང་གི་མཐའ་སྐོར་དུ་དམར་གཏོར་གང་མང་དང་མཐེབ་ཀྱུས་བསྐོར་བ།   ཐང་ལྷ་ལ་དཀར་ཟླུམ་ལྟོ་ལྡིར་མཐེབ་རིལ་ཅན་ལ་མཐའ་སྐོར་མཐེབ་ཀྱུ་གང་མང་གིས་གཏམས་པ།   གཏེར་བདག་སྤྱི་གཏོར་ལ་གྲུ་གསུམ་དཔུང་རང་ཅན་མཐེབ་ཀྱུ་གང་མང་གིས་བསྐོར་བ།   གཞི་བདག་སྤྱི་གཏོར་ལ་དཀར་ཟླུམ་མཐེབ་རིལ་ཅན་ལ་མཐེབ་ཀྱུ་གང་མང་གིས་བསྐོར་བ།   བསྐང་གཏོར་ལ་བཤོས་བུ་དམར་ནག་གྲུ་གསུམ་དཔུང་རང་ཅན་གྱི་མདུན་དུ་ཟན་ལེབ་ཀྱིས་དཀྲིས་ཤིང་ཤ་ཚར་བཙུག་པ་ལ་འཁོར་གྲངས་ཆོས་སྐྱོང་གཙོ་བསྡུས་དང་མཉམ་པའི་བཤོས་ཕྲན་གྱིས་བསྐོར་ཞིང་མཐེབ་ཀྱུ་གང་མང་གིས་གཅེར་བ།   མཁའ་འགྲོ་སྤྱི་གཏོར་ལ་ཟླུམ་པོ་འཁོར་རང་འདྲ་བཞིས་བསྐོར་བ་མཐེབ་རིལ་ཅན་ནོ།   །
     ༈   མཆོད་གཏོར་ཤོམ་སྒྲིགས་ཚུལ་ལ།   གུང་གཞི་སྟེགས་བང་རིམ་གསུམ་པའི་བསྟར་དང་པོའི་དབུས་སུ་ཕུར་པ་རྩ་བའི་མཆོད་གཏོར།   (3ན)དེའི་གཡས་ནས་གཡས་སུ།   ལེགས་ལྡན།   ཕྱག་བཞི་པ།   ཤན་པ།   གཟའ།   ཞིང་སྐྱོང་རྣམས་དང་།   གཡོན་ནས་གཡོན་དུ།   མ་ནིང་།   སྔགས་སྲུང་མ།   ལྷ་ཆེན།   རྣམ་སྲས།   རྡོར་ལེགས་བཅས།   

༈ བསྟར་གཉིས་པའི་དབུས་སུ་བསྐང་གཏོར། དེའི་གཡས་ནས་གཡས་སུ། མཁའ་འགྲོ་སྤྱི་གཏོར། སྡེ་དཔོན་སུམ་ཅུ། ཚེ་རིང་མ། དགོངས་བཙན། པེ་ཧར། གཏེར་བདག །ཆད་མདོ། སྨན་ཐོད་བཅས། གཡོན་ནས་གཡོན་དུ། དུར་ཁྲོད་ལྷ་མོ། ཕུར་སྲུང་། གཡུ་སྒྲོན་མ། བརྟན་མ་བཅུ་གཉིས། ཙིའུ་དམར། ཐང་ལྷ། གཞི་བདག །བརྟན་མ། རཀྟ་བཅས་སོ། །

༈ བསྟར་གསུམ་པའི་དབུས་སུ་ཐུན་གཏོར་རམ་རྒྱུན་གཏོར། དེའི་གཡས་ནས་གཡས་སུ། ཞི་བའི་ཞལ་ཟས་ནས་མཆོད་ཡོན་བར་དང་། གཡོན་ནས་གཡོན་དུ་དྲག་པོའི་ཞལ་ཟས་ནས་ཁྲག་མཆོད་བར་ཕྲེང་ཚར་དུ་འགོད་དོ། །ཞེས་པའང་ཛྙཱ་ནས་སོ།། །།