DJYD-KABUM-22-ZA-008: Difference between revisions

From Dudjom Wiki
DJYD-KABUM-22-ZA-008
No edit summary
No edit summary
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|fulltitletib=བཀའ་བརྒྱད་བདེ་གཤེགས་འདུས་པའི་བསྲེག་མནན་གྱི་ཟིན་བྲིས་ཉི་ཟླའི་འོད་སྣང་།
|fulltitle=bka' brgyad bde gshegs 'dus pa'i bsreg mnan gyi zin bris nyi zla'i 'od snang
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bka' brgyad bde gshegs 'dus pa'i bsreg mnan gyi zin bris nyi zla'i 'od snang''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 22: 159-188. Kalimpong: Dupjung Lama, 1979-1985.
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།
|collectiontitle=bdud 'joms rin po che bka' 'bum
|collectiontitle=bdud 'joms rin po che bka' 'bum
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།
|totalvolumes=25
|author=Dudjom Rinpoche
|author=Dudjom Rinpoche
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|tibgenre=Fire Offerings - sbyin sreg, Notes - zin bris
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 22: . Kalimpong: Dupjung Lama, 1979-1985.
|terma=No
|language=Tibetan
|language=Tibetan
|tibgenre=Notes - zin bris
|volumenumber=22
|volnumtib=༢༢
|volnumtib=༢༢
|volyigtib=ཟ
|volyigtib=ཟ
|totalvolumes=25
|textnuminvol=008
|pagenumbers=159-188
|totalpages=30
|beginfolioline=1a1
|endfolioline=15b5
|totalfolios=15
|multivolumework=No
|rectonotes=zin bris
|rectonotes=zin bris
|volumenumber=22
|versonotes=nyang gter bka' brgyad
|colophontib=།སླར་ཡང་རིགས་བདག་བླ་མ་ཉིད་ཀྱི་ཞལ་སྔ་ནས་ཕྱག་བཞེས་ཞིབ་མོར་ནོས་སྟབས་གཙང་དག་ཏུ་གཏན་ལ་འབེབས་པ་པོ་ནི་འཇིགས་བྲལ་ཡེ་ཤེས་རྡོ་རྗེའོ།  །དགེའོ།།
|colophonwylie=/slar yang rigs bdag bla ma nyid kyi zhal snga nas phyag bzhes zhib mor nos stabs gtsang dag tu gtan la 'bebs pa po ni 'jigs bral ye shes rdo rje'o/___/dge'o//
|pdflink=File:DJYD-KABUM-22-ZA-008.pdf
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|volumeLetter=ZA
|volumeLetter=ZA
|textnuminvol=008
|pdflink=File:DJYD-KABUM-22-ZA-008.pdf
|InitCategories=Dudjom Tersar Project; DJYD-KABUM-Volume-22-ZA
|InitCategories=Dudjom Tersar Project; DJYD-KABUM-Volume-22-ZA
}}
}}

Revision as of 10:11, 24 July 2024

Wylie title bka' brgyad bde gshegs 'dus pa'i bsreg mnan gyi zin bris nyi zla'i 'od snang DJYD-KABUM-22-ZA-008.pdf
Location bdud 'joms rin po che bka' 'bum
Volume 22, Text 8, Pages 159-188 (Folios 1a1 to 15b5)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bka' brgyad bde gshegs 'dus pa'i bsreg mnan gyi zin bris nyi zla'i 'od snang. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 22: 159-188. Kalimpong: Dupjung Lama, 1979-1985.
Side notes Recto: zin bris   Verso: nyang gter bka' brgyad
More details More details
Genre Fire Offerings - sbyin sreg  ·  Notes - zin bris
Colophon

།སླར་ཡང་རིགས་བདག་བླ་མ་ཉིད་ཀྱི་ཞལ་སྔ་ནས་ཕྱག་བཞེས་ཞིབ་མོར་ནོས་སྟབས་གཙང་དག་ཏུ་གཏན་ལ་འབེབས་པ་པོ་ནི་འཇིགས་བྲལ་ཡེ་ཤེས་རྡོ་རྗེའོ། །དགེའོ།།

/slar yang rigs bdag bla ma nyid kyi zhal snga nas phyag bzhes zhib mor nos stabs gtsang dag tu gtan la 'bebs pa po ni 'jigs bral ye shes rdo rje'o/___/dge'o//

[edit]
༄༅། །བཀའ་བརྒྱད་བདེ་གཤེགས་འདུས་པའི་བསྲེག་མནན་གྱི་ཟིན་བྲིས་ཉི་ཟླའི་འོད་སྣང་ཞེས་བྱ་བ་བཞུགས། །


(1བ)ན་མོ་གུ་རུ་བཛྲ་ཀྲོ་དྷ་རཱ་ཛ་ཡ། ངོ་བོ་མི་འགྱུར་འཕོ་མེད་ཆོས་སྐུའི་གཤེགས། །རང་བཞིན་དཔལ་ཆེན་རྡོ་རྗེ་ཀློང་དགུའི་གར། །བསྒྱུར་ཀྱང་རང་གནས་དོན་གྱི་བླ་མ་ལས། །གཞན་དུ་མ་དམིགས་གཉིས་མེད་ཕྱག་བགྱིའོ། །མངའ་བདག་ཉང་ཆེན་སྨོན་ལམ་རྟ་བདུན་དབང་། འཆར་བས་གཏེར་གྱི་པདྨོ་བཞད་པ་ལས། །བདེ་གཤེགས་འདུས་པའི་ཕྲིན་ལས་བཅུད་མངར་པོ། །སྐལ་བཟང་བུང་བའི་ཚོགས་རྣམས་ལེན་ལ་སྤྲོ། །དེ་ཡང་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་སྐོར། ཕྲིན་ལས་ཀྱི་གཟེར་ཆེན་ལྔ་ལས། འདིར་ཧོམ་ལ་བརྟེན་ནས་བསྲེག་པའི་གཟེར་ཀ་དང་(2ན)ཐོད་པ་ལ་བརྟེན་ནས་མནན་པའི་གཟེར་ཀ ལས་ཕྲན་གཞན་ཉམས་སུ་ལེན་པའི་སྡོམ་བཤད་པ་དང་གསུམ་ལས། དང་པོ་ཧོམ་ལ་བརྟེན་ནས་བསྲེག་པའི་གཟེར་ཀ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། གང་དུ་བྱ་བའི་གནས་དེར། ས་ལྷའི་གཏོར་མ་བཤམ་ལ། བདག་ཉིད་ལྷའི་ང་རྒྱལ་ལ་གནས་པས། བསང་སྦྱང་བྱིན་བརླབ། ས་བདག་སྤྱན་དྲངས་ལ་མཆོད་ཅིང་། ཨ་ཀཱ་རོས་བསྔོས་ལ། དགོངས་ཤིག་ས་བདག་སོགས་ཀྱིས་བཀའ་བསྒོས་ནས། གཏོར་མ་ཕྱིར་དོར། བདག་པོའི་སྔགས་དང་། (གཙོ་བོའི་མཆན།)ཧ་ན་སོགས་ཀྱིས་ཆག་ཆག་འདེབས་(2བ)ཤིང་སྟོང་ཉིད་ཀྱིས་སྦྱང་བ་རྣམས་བྱས་ནས། སྟེགས་བུ་རྒྱར་ཕྱོགས་རེར་གྲུ་ཁྲུ་དོ་རེ་དང་། དཔངས་སུ་དེའི་ཕྱེད་ཆ་རེ་བརྩེགས་ལ། ཁ་དོག་སེར་པོས་བྱུག་པའི་དབུས་སུ་མེ་ཚང་བཅའ་བར། ལྕགས་ལ་ཨ་ཏི་ཐོགཿ མེ་རྡོ་ལ་ཧཱུཾཿ སྤྲ་བ་ལ་ཙཿ ཤིང་ལྔའི་ཕོ་ན་བུ་ལ་ཤིང་བུས། དཔལ་འབར་ལ་རཾཿ རླུང་གཡབ་ལ་ཡཾཿ ཞེས་སོ་སོར་བྲི་བའམ། ཡང་ན་ཤོག་བུར་བྲིས་ཏེ་བཞག་ལ་ཁ་བཅད། དེའི་སྟེང་དུ་ཐབ་ཁུང་གྲུ་གསུམ་པ། དཔངས་སུ་སོར་མོ་ཉི་ཤུ་རྩ་བརྒྱད་ཡོད་པ། རྩེ་མོ་གཅིག་ལྷོར་དྲང་པོར་གཏད་པ། རྒྱབ་ངོས་ནས་མེ་ཁུང་གྲུ་གསུམ་པ་ཡོད་པའི་ནང་རིམ་ཁ་ཁྱེར་དང་བཅས་པའི་ཕྱི་རོལ་རོ་སོལ་དང་། ནང་ཁྲག་གིས་དམར་པོར་བྱུག་པ། ཕྱིའི་བང་རིམ་རྣམས་ལ་ཐབ་རྒྱན་འགོ་ནས་རིམ་བཞིན། ཐོད་ཕྲེང་དང་། རྩང་སྲིན་འགྲོས་སུ་བཙུག །ལོགས་གསུམ་ལ་ཁྱུང་། སྟག །སེང་གེ །འུག་པ་རྣམས་དང། མཚོན་ཆའི་རིགས་མདའ་གཞུ། ཆུ་གྲི། མདུང་། དགྲ་སྟྭ། རལ་གྲི། ཐོ་བ། བེ་ཅོན། མཚོན་ཆའི་འཁོར་ལོ། གྲི་གུག །རྡོ་རྗེ་སོགས་ཀྱིས་བསྐོར། དེའི་སྟེང་མ་ལ་རྡོ་རྗེ་སེར་པོའི་ཕྲེང་བ་དང་། དེའི་སྟེང་མ་ལ་མེ་རི་འབར་བས་བསྐོར། ཟུར་(3ན)གསུམ་དུ། བསེ་གཞུ་སྐྱེར་མདང་བཀང་བའི་མདེའུ་རྩེ་ནང་དུ་འོང་བ་དང་། དེའི་ཕྱི་རོལ་ཙམ་དུ་བ་དན་དམར་པོ་མདུང་རྩེ་ཅན་རེ་འཛུག །ཐབ་ཀྱི་ཤར་ལྷོར་མེ་དར་དམར་པོ་དང་། ནུབ་བྱང་དུ་རླུང་དར་ལྗང་ནག་གཟུག་པའི་བར་དུ་སྐུད་པས་སྦྲེལ། ཐབ་ཀྱི་དབུས་སུ་ཡི་གེ་ཨེ་དང་། ཟུར་གསུམ་དུ་རཾ་དམར་པོ་རེ་བྲིས་པའི་དབུས་སུ་འབར་བྱེད་ཀྱི་ཏིང་ལོ་བཙུག་སྟེ། སྐྱེར་པ་སོགས་ཀྱི་བུད་ཤིང་སོར་བཅུ་གཉིས་པས་མཐོ་དམན་ཀྱང་དེ་ཙམ་དུ་བརྩིགས་པ་ལ་ཁེབས་ནག་པོས་གཡོགས། སློབ་དཔོན་གྱི་གཡས་སུ་མར་ནག་ཚིལ་ཞུན་དང་བཅས་པ། སྟེགས་བུ་ཁེབས་ལྡན་གྱི་ཁར་ཐོད་པའམ་ལྕགས་སྣོད་དུ་རྫས་རྣམས་བསྟར་བསྒྲིགས་སུ་འགོད་པ་ལ། ཤ་ཆེན་ཚིལ་ཆེན་སོགས་ཤ་ཁྲག་སྣ་ཚོགས། ༡༽ སྐྱེར་རྩང་སོགས་ཀྱི་ཡམ་ཤིང་སོར་བཅུ་གཉིས་པ། ༢༽ ལྕགས་ཟངས་རྡོ་ཕྱེ་ཁྲག་སྲན་ཆན་རྣམས་བསྲེས་པ། ༣༽ གྲི་ལྕགས་དང་ཐོག་ལྕགས་སོགས་ཀྱི་ཕྱེ་མ། ༤༽ འབྲུ་ནག་དང་ཏིལ་ནག་བསྲེས་པ། ༥༽ ཀེ་ཚེ། ༦༽ ཤངས་ཚེ། ༧༽ མིང་རུས་ཏེ་ཤོག་ལིང་། ༨༽ (ཐུན་གཅིག་ལ་བརྒྱ་དང་ཉེར་བདུན་ཙམ་དགོས། མཆན།) ཡུངས་ཀར། ༩༽ ལན་ཚྭ། ༡༠༽ ལྡོང་རོས། ༡༡༽ དུག་སྣ་བཅས། ༡༢༽ འདས་མ་འདས་(3བ)ཀྱི་དབྱེ་བས་གཉིས་རིམ་དུ་བཤམ། གཡོན་དུ་དྲག་པོའི་གཏོར་མ་ནག་པོ་རྒྱན་མེད་ཡུངས་ཀར་བཙུག་པ་བཅུ་གཅིག་རེ། སྨན་སྣ་དང་མངར་གསུམ་བཏབ་པའི་མར་རིལ་བཅུ་གཅིག །སྦོལ་རྫས་ཟངས་གཞོང་གང་། ཟན་ལིང་བཅུ་གཅིག །ཁྲག་མཆོད་དང་རྐང་གཟར། འོ་མར་དྲི་ལྔ་བཏབ་པའི་དུང་ཞལ། ཀུ་ཤའི་ཆུན་པོ་བཅུ་གཅིག། དྲག་པོའི་ཉེར་མཆོད། སྨན་རཀ་བཅས། མདུན་དུ་སྔར་གྱི་ཤོག་ལིང་རྣམས་དང་དྲག་པོའི་ལས་༡༡བརྒྱད་བཅས་བླུགས་པའི་བྲུབ་ཁང་། གདབ་ཕུར་རི་རབ་མ། སྒྲོལ་གྲི། སྐམ་གཤེར་གྱི་ཐུན་སྣོད། ཐོ་བ། ནང་མཆོད། འཐོར་གཡབ། དྲིལ་བུ། གཡབ་རྡོར། ཌཱ་རུ། ནས་བཟེད། དགང་གཟར། ཛ་གད་ནུས་ལྡན་གྱི་སྣོད། རྔ་རོལ་རྐང་གླིང་སོགས་ཉེར་མཁོའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །

གཉིས་པ་དངོས་གཞི་ལ། གཟའ་སྐར་ཤིས་པའི་ཉིན་ལས་བྱང་གི་གཞུང་བསྲང་སྟེ། བདུད་དཔུང་ཟིལ་གནོན་གྱི་གཟུ་དཔང་གི་མཇུག་བར་སོང་ནས། སློབ་དཔོན་དྲག་པོའི་ཆས་དར་ནག་གི་ཐོད་བཅིངས་པ་སོགས་བྱས་ལ་རིག་པ་ངར་དང་ལྡན་པས། ལྟ་བ་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོའི་རྫོང་བཅའ། སྒོམ་པ་བསྐྱེད་(4ན)རྫོགས་ཟུང་འཇུག་ལ་བྱིང་རྒོད་ཀྱི་འཕྲང་ལས་བརྒལ། སྤྱོད་པ་སྣང་བ་ཐམས་ཅད་ལྷའི་ཕྱག་རྒྱ་ལས་མི་འདའ་བའི་སྲོག་བཟུང་ནས། ཏིང་འཛིན་གསུམ་བསྒོམ་པ་ནི། ཆོས་ཐམས་ཅད་སྣང་ཞིང་གསལ་ལ་སོགས་ནས་བཅས་པ་བསྐྱེད་དོ་ཞེས་པའི་བར་བརྗོད་ནས་རོལ་བླངས། འདུར་གདངས་ཀྱིས། ཧཱུྃ༔ ཁྲོ་བོ་དཀྱིལ་འཁོར་མ་ལུས་ཀུན༔ ཞེ་སྡང་སོགས་ནས། ལྷ་ཡང་རུང་སྟེ་བསྐྱེད་པར་བྱ༔ ཞེས་པའི་བར་བཏང་ནས་རོལ་བཞག་སྟེ། སྔགས་རྣམས་བརྗོད། པྲ་མོ་བཞི་བསྐྱེད་པ་ནི། ཧཱུྃ༔ རྡོ་རྗེ་ཆེ་མཆོག་སོགས་ནས། གདུག་པའི་བསམ་སྦྱོར་འཚུབས་མས་ད་བསྲེག་ཅིག༔ རོལ་བཞག །སྔགས་བརྗོད། མེ་མཚམས་བཅད་པ་ནི། ཧཱུྃ༔ རྡོ་རྗེ་རི་རབ་ནས། གདུག་རྩུབ་དགྲ་བགེགས་ལུས་ངག་ཡིད་གསུམ་བསྲེག༔ ཅེས་བཞག །ཕཊ་རཾ་སོགས་བརྗོད། མེའི་ཕོ་ཉ་བཏང་བ་ནི། ཧཱུྃ༔ བསྐལ་པ་མེ་ལྟར་འབར་སོགས་ནས་སྡང་དགྲ་གནོད་བགེགས་ཐལ་བར་བསྲེག༔ ཅེས་པའི་བར་བཏང་ནས། བསྲེག་རྫས་བྱིན་གྱིས་བརླབ་པ་ནི། མཆོད་བསྲེག་གི་རྫས་རྣམས་ལ་ནང་མཆོད་འཐོར་ཏེ། ཨ་མྲྀ་ཏས་བསང་སྦྱང་། སྟོང་པའི་ངང་(4བ)ལས་ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་སྟོང་གསུམ་དང་མཉམ་པའི་ནང་དུ་ནྲྀ་དང་ཏྲི་ལས་དགྲ་བགེགས་ཀྱི་ཤ་ཁྲག་ཕུང་ཁམས་སྐྱེ་མཆེད་ལས་བྱུང་བའི་མཆོད་རྫས་དང་བསྲེག་རྫས་རྣམས་ངོ་བོ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་རྣམ་པ་སོ་སོའི་མཚན་ཉིད་ཡོངས་སུ་རྫོགས་པས་ནམ་མཁའ་གང་བར་གྱུར། ཨོཾ་བཛྲ་ཨརྒྷ་ནས་ཤཔྡའི་བར་གྱི་མཆོད་རྫས་དང་། བཛྲ་ཡཀྴ་ཀྲོ་དྷི་ནྲྀ་ཏྲི་མཱ་ར་ཡ་ཛ་ཛཿ ལན་གསུམ་གྱིས་བསྲེག་རྫས་རྣམས་བྱིན་གྱིས་བརླབས་ཏེ་རོལ་བླངས་ནས། མེ་ལྷའི་རྒྱལ་པོ་སོགས་ཀྱིས་མེ་ལྷ་དང་། ཧཱུྃ༔ ནུབ་བྱང་སོགས་ཀྱིས་རླུང་ལྷ་བསྐྱེད། མེ་སྤར་བ་དང་། ཧོམ་དྲག་ཏུ་སྤར་བ། ཧོམ་ཁུང་དུ་སྤར་བ། མེ་དྲང་བ། མེ་དྲག་ཏུ་འབུད་པ་སོགས་ཀྱི་སྔགས་རྣམས་ལན་རེ་བརྗོད་ལ་མཚམས་སོ་སོར་ཀིང་ཀང་རྔམ་རོལ་རེ་བྱ། མེ་དར་ཐོགས་ལ། ཧཱུྃ༔ དད་པ་དང་ནི་སོགས་ནས། དུག་གསུམ་ཚིག་པའི་མེ་ཆེན་སྤར་དུ་གསོལ༔ ཞེས་རོལ་ཟིལ་ཕབ། སྔགས་རྣམས་བརྗོད་ལ། མེ་དར་ཡང་བཞག །སློབ་དཔོན་གྱིས་དགང་གཟར་དུ་ཁྲག་གཙང་དང་། མར་ནག་བསྲེས་པ་བླུག་ནས། བཛྲ་ཡཀྴ་ཀྲོ་དྷ་མ་ཧཱ་རཀྟ་ཁཱ་ཧིཿ ཞེས་རྔམ་རོལ་བཅས་ཐབ་ཏུ་ཕུལ་ལ། སླར་ཡང་མེ་དར་(5ན)ཐོགས་ནས། ཧཱུྃ༔ ཚུར་གཤེགས་སོགས་ནས་ཟ་བྱེད་བསྐལ་པའི་མེ་ཆེན་སྤར་དུ་གསོལ༔ ཞེས་དང་། སྔགས་བརྗོད། མེ་དར་བཞག །རི་རབ་ཤར་ལྷོ་སོགས་བརྗོད། རླུང་དར་ཐོགས་ལ། ཡ་མ་ཆེན་པོ་སོགས་ཀྱི་རྗེས། རླུང་དར་ཡང་བཞག །མེ་དྲང་བ། ཧཱུྃ༔ ཨགྣེ་རཱ་ཙ་སོགས་པྲ་མོ་ཧ་བསྐུལ། ཧཱུྃ༔ ཕྱོགས་བཞི་མེ་ལྷར་སོགས། མེ་མནན་པ་ནི། མེ་དར་ཐོགས་ལ། ཧཱུྃ༔ མེ་ལྕེ་ཞབས་སུ་སོགས་ནས། ཨོཾ་ཙིནྟ་ཞེས་པར། མེ་དར་ས་ལ་གདབ་ཚུལ་བྱེད། མེ་པྲ་བརྟག་པ། ཧཱུྃ༔ དྲག་པོ་མེ་ལྕེ་སོགས་བཏང་རྗེས། ཡུངས་ཀར་ལ། ཨོཾ་ཨགྣེ་རཱ་ཙ་སྤ་ར་སོགས་སྔགས་ལན་བདུན་བཏབ་ནས་ཐབ་ཏུ་ལྷག་མེད་འབུལ། ཞལ་དབྱེ་བ་ནི། ཧཱུྃ༔ སྟོང་གསུམ་སྟོང་གི་སོགས་ནས། མཆོད་པར་འབུལ་ལོ་ཞལ་ཕྱེས་ཤིག༔ ཅེས་རོལ་གྱིས་བཞག་ནས། མེ་ལྷའི་ལྗགས་རྡོ་རྗེ་རྩེ་མོ་གཅིག་པར་རྃ་དང་། དགང་བླུག་གི་རྩེར་ཧཱུྃ་མཐིང་ནག་འབར་བ་རེས་མཚན་པར་གྱུར། བཛྲ་ཡཀྴ་ཀྲོ་དྷ་ཛྭ་ལ་རཾ་ཁཱ་ཧི། ཞེས་ལན་བདུན་རྗེས། ཨེ་ཧྱེ་ཧི་སོགས་ནས། ཛྭ་ལ་རཾཿ ཀི་ཀང་རྔམས་རོལ་བླངས། འོག་དེར། (6བ)བདག་དང་སྦྱིན་པའི་བདག་པོ་མི་ནོར་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་རྦད༔ དེ་འདྲ་བ་ལན་གསུམ་གྱི་རྗེས། ཡེ་ཤེས་མེ་ལྷ་འབར་བར་གྱུར། ཞེས་བརྗོད་ལ། བཟློག་རོལ་འབྲིང་པོ་བླངས་ལ། འདུར་གདངས་ཀྱིས་དྲིལ་གསིལ། སྔགས་རོལ་འོག །སྟོང་གསུམ་ཀུན་ཏུ་སོགས་ལ་དུང་ཞལ་གྱི་དྲི་འཐོར། སྔགས་རོལ་འོག །བདག་ཅག་མེ་ཏོག་སོགས་ལ་མར་རིལ་དང་། སྦོལ་རྫས་འབུལ། བསྟོད་པ་ནི། ཚངས་དབང་འཇིག་རྟེན་སོགས་ནས། དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ༔ རླུང་ལྷ་མཆོད་པ་ནི། ཧཱུྃ༔ དད་པ་སོགས་ནས་སྔར་བཞིན་བཏང་། བཞེས་ནས་གནས་འདིར་བཞུགས་སུ་གསོལ༔ རྗེས་རོལ་ཟིལ་ཕབ། སླར་ཡང་རོལ་དགུ་བརྡུང་འདུར་གྱིས། ཧཱུྃ༔ གསུར་ཆེན་ནས་ཐམས་ཅད་དགྱེས་པར་མཛོད༔ ཅེས་བཞག ཨོཾ་ཨགྣ་ཡེ། བ་ཡ་བེ་ཡཾ་ཕཊ་རཾ། ཞེས་ལན་བདུན་བཟླས་རྗེས་རྔམས་རོལ་དང་། དགུ་བརྡུངས་བླངས་ནས། ཧོམ་ཁུང་གྲུ་གསུམ་གྱི་ཡམ་ཤིང་བདུན། ཟངས་ཕྱེ་སོགས་ཀྱི་ལྕགས་ཟངས་རྦབ་རྡོའི་ཕྱེ་སོགས་འབུལ། སློབ་དཔོན་གྱི་མདུན་དུ་ཤོག་ལིང་སྣོད་བྲུབ་ཁང་(6ན)ནང་ཟན་ལིང་གཅིག་བཞག །འགུགས་པ་གཅིག །ནི་ལ་དནྟྲས་སྐམ་གཤེར་གྱི་ཐུན་བྲབ། ལྕགས་སམ་ནག་པོས་ཕུར་པ་བཏབ། ཁྲོ་མོ་འབར་བས་ཐོ་བརྡུང་། མི་རྟག་མཚན་མས་ཟན་ལིང་འབུལ། ལྕགས་ཕྱེ་བསྲེག་པའི་སོགས་ནས་མཚམས་སོ་སོར་རྫས་དང་། སྔགས་ལ་ཕཊ་རཾ་བཏགས་པ་ལན་བདུན་ཕུལ་རྗེས། རྔམས་རོལ་རེ་དང་། དགུ་བརྡུང་རེ། འདུར་གདངས་ཀྱི་ཚིག་འདོན་པ་སོགས་ཐམས་ཅད་ལ་འགྲེ་རྗེས། ལས་རྡོར་གྱིས་ཐབ་ཏུ་ལྕགས་སླང་ཆུང་ངུ་བཙུག་པར། མར་ནག་དགང་གཟར་དོ་ཙམ་བླུག་པ་བསྐོལ་སྟེང་། དྲག་པོ་ལས་བརྒྱད་ཀྱི་ཤོག་ལིང་འཕྱར། ཐམས་ཅད་མ་ལུས་ལ་དྲག་བརྡུང་རྗེས། སློབ་དཔོན་གྱི་ཛ་གད་བླུག །སྦིར་སྦྲམ་རྒྱག །ཤོག་ལིང་ཐལ་བ་བྲུབ་ཁུང་ཞིག་ཏུ་བསགས། རོལ་ཟིལ་རྗེས་དགུ་བརྡུང་གིས། ཨེ་ཡི་ཚོགས་དང་། ཧེ་ཡི་ཚོགས་དང་སོགས་ནས་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཡང་གོང་གི ། མེ་ལྷའི་རྒྱལ་པོ་སོགས་རྐང་པ་གསུམ་གཏོང་སྐབས། ལས་རྡོར་གྱིས་སྤག་ཀོང་དེ་ཤར་ལྷོར་འཐེན་ནས་བཞག །རོལ་ཟིལ་གྱིས་འཇོག་སྐབས་ཧོམ་གཅིག་བརྩིག་ལ། དེ་ཡན་གྱིས་(6བ)འཇིག་རྟེན་གྱི་མེ་ལྷ་མཆོད་ཟིན་ནས། ཇ༽ འདས་པའི་མེ་ལྷ་མཆོད་པ་ལ་བཅུ་ལས། དང་པོ་ཆེ་མཆོག་ཡོན་ཏན་ལ་མཆོད་པ་ནི། ཨོཾ་བཛྲ་ཀྲོ་ངྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ་ཀྱིས་ལྷ་བསྐྱེད་ལ། སྤྱན་འདྲེན་ནི། རོལ་བླངས། འདུར་གདངས་ཀྱིས། ཧཱུྃ། དད་པ་དང་ནི་སོགས་ནས། རོལ་ཟིལ་གྱིས་བཞག ཞལ་དབྱེ་དགང་བླུག་བླང་། ཁྲོ་བོ་སྤྱི་སྔགས་ཀྱིས་འགེངས་པ་ལན་གསུམ་འབུལ། སྟོང་གསུམ་ཀུན་ཏུ་ལ་དུང་ཆུ་འཐོར། ཀུ་ཤ་འབུལ། ཧཱུྃ། བཅོམ་ལྡན་འདས་དཔལ་ཆེན་ལ་མར་རིལ་དང་སྦོལ་རྫས་འབུལ། གནོད་བྱེད་དགྲ་བགེགས་ཀྱི་བག་ཆགས་བསྲེག་ཏུ་གསོལ༔ ཛྭ་ལ་རཾ༔ རོལ་བཞག་ནས། ཟན་ལིང་མདུན་དུ་བཀོད། ན་མོ། སངས་རྒྱས་སོགས་འགུག་པ་གཅིག ༡༽ ཉེས་བསྒྲག་ནི། གབ་སྦས་ལས། ཧཱུྃ། དུག་ལྔ་འདུས་པའི་འབྲས་བུ་ལ༔ ཕུང་པོ་ལྔ་སོགས་ནས། སྤྱན་མིག་ཟླུམ་པོ་མར་ལ་ལྟོས༔ བཅོལ་དམ་ནི། གབ་སྦས་ལས། ཧཱུཾ༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་འཁོར་བཅས་རྣམས༔ སོགས་ནས། བརླག་བྱེད་ཚོགས་ཀྱི་རྗེས་ཤུལ་དྲོངས༔ བྷྱོས་གདབ་པ་ནི། གབ་སྦས་ལས། ཧཱུྃ༔ ང་ནི་སྔགས་འཆང་སོགས་(7ན)ལ་ནས་ནག་གཏོར། གཡབ་གསུམ་དྲིལ། བྷྱོ་བྷྱོ་བྱད་མའི་ཐོག་ཏུ་བྷྱོ༔ ཞེས་པའི་བར་དང་། ཕུད་གདབ་ནི། གབ་སྦས་ལས། ཧཱུྃ༔ ལྕགས་སམ་གདུག་པའི་ཤིང་རྣམས་ལ༔ མགོ་བོ་མདུད་སོགས་ནས། བྱད་ཟོར་ཐམས་ཅད་བཟློག་ཏུ་གསོལ༔ ཞེས་ཟིལ་སྐབས་བཏབ། གྲིས་གཏུབ་པ་ནི། དེ་ལས། ཧཱུྃ༔ ཆེ་མཆོག་ཡན་ཏན་སྤྲུལ་པའི་ཤན་བ་འབུམ༔ སོགས་ཤྭ་ལོ་ཀ་གཉིས་རྗེས། ཟིལ་སྐབས་ཟན་ལིང་བསྒྲལ། བསྟབ་པ་ནི། ཟན་ལིང་ཐབ་ཏུ་ཕུལ་ལ། གབ་དོན་ལས། ཧཱུྃ༔ བདེ་གཤེགས་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས༔ གནམ་ས་ཙམ་གྱི་སོགས་ནས་དབྱིངས་སུ་བསྒྲལ་ལོ་ས་མ་ཡ༔ ཞེས་རོལ་དགུ་བརྡུང་གིས་བཞག་ནས། ཆེ་མཆོག་སོགས་བརྗོད། །ཟག་འཕྱར་ནི། གབ་སྦས་ལས། ཧཱུྃ༔ སྨུག་ནག་གྲུ་གསུམ་འབར་སོགས་ལ་ལས་རྡོར་གྱི་ཁྲག་སྣོད་བཏེགས་ལ་འཕྱར་རྗེས་ཐབ་ཏུ་འཐོར། དེ་སོགས་ཕྲིན་ལས་བསྒྲུབ་ཏུ་གསོལ༔ ཞེས་དགུ་བརྡུངས་ཀྱིས་བཞག་ནས། ཆེ་མཆོག་ཡོན་ཏན་སོགས་ནས་ཁཱ་ཧིཿ ཞེས་པའི་བར་ལྷུག་འདོན། རོལ་ལེན་ཐིང་གཅིག་ནས་དགུ་བརྡུང་གིས། ཧཱུྃ༔ གསུར་ཆེན་བསྲེག་པའི་མཆོད་(7བ)པ་ལ༔ སོགས་རྫས་འབུལ་བ་མེ་ལྷ་དང་མཐུན་ཀྱང་། མཚམས་སོ་སོར་རོལ་མི་བྱེད་པར། ཕཊ་རཾ་ཞེས་རྔ་ཆིངས་ཀྱིས་སྦྲེལ་ནས་ཐུན་དང་། ཕུར་གདབ། བརྡུང་བ། བསྟབ་པ་དོར་ཏེ་ཐོགས་མེད་ཕྲིན་ལས་གྲུབ་པར་བྱེད༔ ཅེས་རོལ་དགུ་བརྡུང་གིས་བཞག་ནས། ཆེ་མཆོག་གི་སྔགས་ལ། ཕཊ་རེ་བཏགས་པས། ཤ་ཁྲག་སྣ་ཚོགས་ནས། དུག་སྣའི་བར། རྫས་ཁག་བཅུ་གཉིས་བཅུ་ཚན་རེ་ཕུལ་བའི་མཚམས་སོ་སོར་རྔམས་རོལ་རེ་དང་། རྫས་རྫོགས་རྗེས་ཐབ་ཏུ་ལྕགས་སླང་འཛུག་པ་སོགས་སྔར་བཞིན། རྔམ་རོལ་རྗེས་དྲག་བརྡུང་གིས། ཐམས་ཅད་མ་ལུས་རྗེས་ཧམ་སྤར། སྦིར་སྦྲམ་ལྷུ་གཅིག་རྗེས། ཟིལ་ནས་དགུ་བརྡུངས་ཀྱིས་གཏོར་མ་འབུལ་བ་ནི། ཧཱུཾཿ འཇིག་རྟེན་གཏོར་སྣོད་ལ་གཏོར་མ་ནག་པོ་དེ་འབུལ། ཕྲིན་ལས་བཅོལ་བ་མེ་ལྷ་ལྟར། ཨེ་ཡི་ཚོགས་སོགས་དང་། ཧེ་ཡི་ཚོགས་སོགས་རོལ་བཞག་ནས། གཤེགས་གསོལ། ཁྱེད་ཀྱིས་སེམས་ཅན་སོགས་རྐང་པ་བཞི་པོ་དེ་ལྷུག་འདོན་རྗེས་ལས་རྡོར་གྱིས་མེ་རོ་འཐེན། མེ་ཧོམ་གཅིག་བཙུགས། ཇ༽ གཉིས་པ་ཡང་དག་ཐུགས་ཀྱི་ལྷ་ཚོགས་ལ་མཆོད་པ་ནི། རུ་ལུའི་སྔགས་ཀྱིས་ལྷ་བསྐྱེད་རོལ་བླངས། ཧཱུཾ༔ དད་(8ན)པ་སོགས་རང་སྔགས་བཅུ་རེས་དགང་བླུག་གསུམ་འབུལ། སྟོང་གསུམ་ཀུན་ཏུས་དུང་ཆུ་དང་ཀུ་ཤ་འབུལ། ཧཱུཾ༔ བཅོམ་ལྡན་དཔལ་ཆེན་བཛྲ་སོགས་ལ། མར་རིལ་དང་སྦོལ་རྫས། འགུགས་པ་གཅིག །བཅོལ་དམ་ནི། ཚིག་ཁ་བསྒྱུར་གྱིས། ཧཱུཾ༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་འཁོར་བཅས་རྣམས༔ དམ་ཉམས་དགྲ་བགེགས་པའི་དགྲ་ལ་བྷྱོ༔ སོགས་རྐང་པ་བཅུ་བཞི། ཕུར་གདབ་ནི། ཧཱུཾ༔ ཐུགས་ཀྱི་རྒྱུད་ལས་བྱུང་བ་ཡི༔ སོགས་རྐང་པ་དྲུག །གྲིས་གཏུབ་པ་ནི། ཧཱུཾ༔ ཡང་དག་ཐུགས་ཀྱི་སྤྲུལ་པའི་ཤན་པ་འབུམ༔ སོགས་རྐང་པ་བརྒྱད། བསྟབ་པ་ནི། ཧཱུཾ༔ དཔལ་ཆེན་ཡང་དག་ཐུགས་ཀྱི་ལྷ་ཚོགས་རྣམས༔ གནམ་ས༴ རི་རབ༴ བར་སྣང་༴ སྟོང་གསུམ༴ དགྲ་བགེགས༴ ཞལ་དུ༴ མགུར་དུ༴ དབྱིངས་སུ༴ ཁྲག་འཕྱར་ནི། ཧཱུཾ༔ མཐིང་ནག་གྲུ་གསུམ་སོགས་རྐང་པ་བཞི། རྫས་འབུལ་བ་དང་། (8བ)ཧོམ་མཆོད་བཅས་སྔར་བཞིན། གཏོར་མ་འབུལ་བ། རྐང་པ་ལྔ་ནི། ཧཱུཾ༔ འཇིག་རྟེན༴ སྣང་སྲིད༴ མཛེས་ཤིང་༴ ཡང་དག་ཐུགས་ཀྱི་ལྷ་ཚོགས་འཁོར་བཅས་ལ༔ གཉིས་སུ༴ ཕྲིན་ལས་བཅོལ་བ། ཨེ་ཡི་ཚོགས་ནས༴ གཤེགས་གསོལ་རྗེས། ལས་རྡོར་གྱིས་མེ་འདག་དོར་ཞིང་། མེ་ཧོམ་གཅིག་བརྩེགས། གསུམ་པ་འཇམ་དཔལ་སྐུའི་དཀྱིལ་འཁོར་ལ་མཆོད། བཞི་པ་པདྨ་གསུང་། ལྔ་པ་ཕུར་པ་ཕྲིན་ལས། དྲུག་པ་མ་མོ་རྦོད་གཏོང་། བདུན་པ་རིག་འཛིན་སློབ་དཔོན། བརྒྱད་པ་འཇིག་རྟེན་མཆོད་བསྟོད། དགུ་པ་དམོད་པ་དྲག་སྔགས་མཆོད་པ་བཅས་ལ། སོ་སོའི་སྔགས་ཀྱིས་ལྷ་བསྐྱེད་པ་སོགས་སོ་སོའི་སྒོས་ཆོས་རྣམས་དང་། བསྟབ་པ་དང་། བཅོལ་གཏམ་ཚིག་བསྒྱུར། རྫས་འབུལ་བ་མེ་ལྷ་དང་འདྲ། ཚིག་བསྒྱུར་ཞིང་གཏོར་མ་འབུལ། ཕྲིན་ལས་བཅོལ་བ། གཤེགས་གསོལ། མེ་འདག་དོར་ཞིང་། མེ་ཧོམ་བརྩིག་པའི་བར་འགྲེ་ཤེས་པར་བྱའོ། །བཅུ་པ་དཔལ་གྱི་བཀའ་སྡོད་ལ་མཆོད་པ་ནི། རང་སྔགས་ཀྱིས་ལྷ་བསྐྱེད། སྤྱན་འདྲེན། ཞལ་དབྱེ། སྟོང་གསུམ་ཀུན་ཏུ། ཧཱུཾ༔ དབང་ཕྱུག་ཆེན་མོ་སོགས་ལ་མར་རིལ། (9ན)སྦོལ་རྫས། འགུགས་པ། བཅོལ་གཏམ། ཧཱུཾ༔ དཔལ་གྱི་བཀའ་སྡོད་ལྷ་ཚོགས་སོགས་འགྲེས། བྷོས་གདབ་རྐང་པ་བཅུ་བཞི། ཕུར་བཏབ། ལྕགས་སམ་ནག་པོའི་ཕུར་པ་ལ༔ སོགས་མེ་ལྷ་དང་མཐུན། གྲིས་གཏུབས་པ་གབ་དོན་ལྟར། དཔལ་གྱི་བཀའ་སྡོད་སྤྲུལ་པའི་ཤན་པ་འབུམ༔ སོགས་བསྟབ་པ་དང་། ཁྲག་འཕྱར། ཧཱུྃ༔ དཀྱིལ་འཁོར་ཕྱི་རིམ་སོགས་རྫས་འབུལ་བ་སོགས་ནས། གཤེགས་གསོལ་བར་གོང་དང་འདྲ། དེ་ནས་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི། སྔར་གྱི་སྤག་ཀོང་དེ་ཐབ་ཏུ་བཅུག །སླར་ཡང་འཇིག་རྟེན་པའི་མེ་ལྷ་དཔང་པོར་བཞུགས་པར་གྱུར། བཛྲ་ས་མཱ་ཛཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཨོཾ་བཛྲ་རཀྴ་ཀྲོ་ངྷ་ཨརྒྷཾ་སོགས་ནས། ཤཔྡ་པཉྩ་ཀ་མ་གུ་ཎ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཁཱ་ཧི། རོལ་ལེན་གཅིག་ནས་ཟིལ་ཕབ་སྟེ་སུམ་བརྡུང་གིས། ཧཱུྃ༔ ཚངས་དབང་འཇིག་རྟེན་མགོན་སྲས་མེ་ལྷའི་རྒྱལ། །ཕྲིན་ལས་མངའ་བདག་མཐུ་ཆེན་དཔའ་བོ་མཆོག །དགོས་འདོད་རེ་བ་ཡོངས་སྐོང་འོད་པོ་ཆེ། །ལས་ཀུན་སྒྲུབ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་དང་། ཨོཾ་བཛྲ་ཡཀྴ་ཀྲོ་ངྷ་ནྲྀ་ཏྲི་ཛྭ་ལ་ཕཊ་རཾ། ཞེས་པ་ཚར་རེས་(9བ)རྫས་ཁག་བཅུ་གཉིས་ཀྱི་ལྷག་མ་རྣམས་འབུལ་ཞིང་། མཚམས་སོ་སོར་རྔམས་རོལ་རེ་བྱ། མེ་ལྷའི་ལྗགས་རྡོ་རྗེ་རྩེ་མོ་གཅིག་པར་རཾ་དང་། དགང་བླུགས་ཀྱི་རྩེར་ཧཱུཾ་མཐིང་ནག་འབར་བ་རེས་མཚན་པར་གྱུར། ཨོཾ་བཛྲ་ཡཀྴ་ཀྲོ་ངྷ་ཛྭ་ལ་རཾ་ཁཱ་ཧི། ཞེས་ལན་བདུན་གྱི་བཀང་ནས། དགང་བླུགས་ཁ་སྦྱར་ནས་བསྐོར་ཞིང་། ཨོཾ་ཨགྣ་ཡ་དེ་བྱི་དེ་བྱི་བི་ཤུངྔྷེ་མ་ཧཱ་ཤྲཱི་ཏ་བྱ་ཀ་བྱ་ཝ་ཧ་ན་ཡེ། བདག་ཅག་དཔོན་སློབ་རྒྱུ་སྦྱོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་འགལ་རྐྱེན་མི་མཐུན་པའི་ཕྱོགས་སྤྱི་དང་། ཁྱད་པར་བསམ་པ་ངན་པ་ཡིད་ལ་འཆང་ཞིང་། སྦྱོར་བ་རྩུབ་མོ་ལག་ཏུ་ལེན་པར་བྱེད་པའི་དགྲ་བགེགས་བྱད་མ་རྦོད་གཏོང་ཐམས་ཅད་མཱ་ར་ཡ་རྦད། ཅེས་ལན་གསུམ་འབུལ། ཨོཾ་ཨགྣ་ཏེ་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་པཱུ་ཛ་ཁཱ་ཧི། ཞེས་ལན་གསུམ་གྱིས་གཏོར་མ་ཐབ་ཏུ་ཕུལ་ནས། འདོད་དོན་གསོལ་བ་ནི། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་དང་། སླར་ཡང་། ཨོཾ་ཨགྣ་ཡེ་དེ་ཝ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྡ་པཉྩ་ཁ་མ་གུ་ཎ་ཨ་མྲྀ་རཀྟ་བ་ལིཾ་ཏ་པཱུ་ཛ་ཁཱ་ཧིས་མཆོད། བསྟོད་པ་ནི། ཧཱུཾ༔ ཚངས་དབང་འཇིག་རྟེན་མགོན་སྲས་སོགས་ཡིག་བརྒྱ་(10ན)ལན་གསུམ། མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱི་སྒྲུབས་ཀྱིས་གཤེགས། །ཇི་བཞིན་དུས་སུ་སླར་འབྱོན་ལ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབ། །བཛྲ་མུཿས། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་གྱུར། དེ་རྗེས་གཞུང་གི་ལྷག་གཏོར་བཏང་ནས་ཕྱིར་དོན། སྨོན་ལམ་ནི། གཞུང་ལྟར། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ སོགས་ཡེ་ཤེས་ཆེན་པོའི་ངང་དུ་གྱུར་ཅིག༔ ཅེས་པའི་བར་ལྷུག་འདོན་དང་། དེ་ནས་རོལ་བླངས། ཟིལ་ནས་དགུ་བརྡུང་གིས་འདུར་གདངས། ལས་ཀྱི་མཆོད་པ་དམ་པ་འདིས༔ ཕོ་ཉ་རིགས་ཀྱི་སོགས་ནས། ཁྱོད་ཀྱི་ལུས་ངག་ཡིད་གསུམ་ཐལ་བར་ཚིག་པར་གྱུར་ཅིག༔ ཅེས་པའི་བར་རྔ་ཆིངས། ཡང་། རིག་འཛིན་སྒྲུབ་པ་པོ་བདག་གིས༔ སོགས་ནས་རྫོགས་པར་གྱུར་ཅིག༔ ཅེས་པའི་བར་ལྷུག་འདོན། དེ་རྗེས་གཞུང་གི་བཀྲ་ཤས་བྱ་ཞིང་། སྲུང་མའི་སྐང་གསོ་དང་། ལས་བྱང་གི་རྗེས་ཆོག་རྣམས་བྱའོ། །གཉིས་པ་ཐོད་པ་ལ་བརྟེན་ནས་མནན་པའི་གཟེར་ཁ་བཤད་པ་(10བ)ལ། སྡོམ་ནི། སྟེགས་བུ་བྲུབ་ཁུང་ཐོད་པར་བཅས། །ཐོད་ནང་ལིང་ཐལ་ལམ་མིང་རུས་བཅུག །དེ་སྟེང་རྟག་གཏོར་འཁོར་བརྒྱད་པ། །ཐུན་རྫས་གྲི་ལྕགས་ཕུར་པ་བཀོད། །ལས་བྱང་གཞུང་བསྲང་གསེར་སྐྱེམས་ཡན། །ཁྲོ་རོལ་ལྟར་དང་མཁྱེན་གསོལ་བསྡུས། །ཧོམ་བསྐྱེད་འགུགས་དབྱེ་ཕོ་འགྱེད་རྣམས། །གཞུང་ལྟར་སྔགས་འབུལ་ལྷུ་རེའི་མཇུག །སྟྭཾ་བྷ་ཡ་ནན་ཞེས་པ་གདགས། །མནན་པའི་གཟེར་ཁ་ལྷུ་རེ་བསྒྲིགས། །དེ་ལྟར་ཐུན་བསྐུལ་མནན་གཟེར་གྱི། །སྨོན་ལམ་རྒྱས་གདབ་ཐུན་བཟུང་ཞིང་། །སྤྱི་ཡི་ཕྱག་ལེན་མནན་སྤྱི་ལྟར། །མཐའ་སྡུད་ཤིན་རྗེ་ཁ་བསྒྱུར་ཞིང་། །སྟེང་དུ་མཆོད་རྟེན་ནག་པོས་མནན། །ཞེས་གསུངས་པ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་བཤམས་པ་ནི། རྩ་བའི་མཆོད་གཏེར། ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད། ཆད་བརྟན། ཕྱི་ནང་གི་ཉེར་སྤྱོད་དང་བཅས་པ་སྤྱི་ལྟར་མ་ཚང་བ་མེད་པ་འདུ་བྱ། དེའི་མདུན་ལྟ་བུར་བྲུབ་ཁུང་གི་ནང་དུ་མུ་རུ་སུ་ལྟ་བུའི་ཐོད་པའི་ནང་དུ། སྔར་གྱི་བསྲེག་པའི་སྐབས་ཀྱི་ཧོམ་མཆོད་བྱས་པའི་ལིང་ཐལ་དེ་དང་། མིང་རུས་ཏེ་མནན་པ་རི་རབ་རྒྱ་གྲམ་གྱི་ཙཀྲ་གངས་ར་ལོ་ཙཱ་བའི་ཕྱག་བཞེས་ལ་ནི་མནན་འཁོར་ལྟེ་བར་ལིངྒ་རྩིབས་དྲུག་ལ་བཀོད་པ། (11ན)དེ་རྒྱབ་མུ་ཁྱུད་གཉིས་སྔགས་བཅས། བསད་འཁོར་རྩིབས་དྲུག་མ་དང་འདྲ་བ། དེ་རྒྱབ་མེ་རི་ནང་རྡོ་རྗེ་རྒྱ་གྲམ་གྱི་རྭ་བཞི་མངོན་པ་བྲིས་པ་ལ། གནས་ཡིག་དང་དྲག་སྔགས་ལ་དུག་ཁྲག་མིང་རུས་ལ་ཟག་རྫས་ལྐུག་ཆུར་སྦྱང་བ་བྱུག །ལིང་ག་ལ་རན་པའི་ཟླུམ་འཁོར་ལ་རི་རབ་བྲིས་པའི་དབུས་སུ། ལཾ་ནན། ཟླ་གམ་བཞིར། དགྲ་བགེགས་ཀྱི་མཐུ་སྟོབས་ནུས་པ་ཐམས་ཅད་སྟྭཾ་བྷ་ཡ་ནན། ཞེས་པ་ལ་དུག་ཁྲག་བྲུག་ནས་ལིངྒ་ལ་སྦྱར་བ་བླུག་པ་བཀོད། དེའི་མཐར་རྩང་སྲིན་མོ་འགྲོས་སུ་བཙུག་ཅིང་། དབྱེ་སྒྲོ་དང་། ཐུན་སྣོད་བཅས་བཀོད་ལ། རས་ནག་གི་སྒབ་དཀྲིས་རྒྱབ་པའི་སྟེང་། རྐང་གསུམ་བཙུགས་པ་ལ། གྲི་ལྕགས་ལས་བྱས་པའི་ཕུར་བུ་བཏགས་ཏེ། བྲུབ་ཁུང་གི་ཁར་རྒྱུག་གེ་ཡོང་བ་བྱ། དེའི་སྟེང་རྟག་གཏོར་འཁོར་བརྒྱད་པ། དྲག་རྒྱན་རྔམས་བརྗིད་ཅན་བཀོད་དོ། །གཉིས་པ་དངོས་གཞི་ནི། ལས་བྱང་གི་བཟླས་པའི་བར་སོང་ནས། བསྐུལ་རྒྱས་བསྡུས་གང་རུང་སྐབས་སྦྱར་དང་། གསེར་སྐྱེམས་ལྷུ་གསུམ་རྗེས། ཕྱོགས་བཅུ་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས༔ སོགས་ཀྱི་མཁྱེན་གསོལ་དང་། རུ་ཏྲ་སརྦ་སོགས་ཀྱི་ཧོམ་བསྐྱེད། (11བ)འགུགས་པ་ལན་བདུན། གུ་གུལ་གྱིས་བདུག་ལ། དབྱེ་སྒོས་བྱབ་ནས། ཧཱུཾ༔ དམ་ཉམས་དགྲ་བོ་སོགས་སྔགས་བཅས། ཕོ་འགྱེད་ནི། ལྷ་མོ་སླས་ཅན་སོགས་རྐང་པ་བཅུ། དེ་རྗེས་སྔགས་འབུལ་ལས། ཆེ་མཆོག་གི་ལྷུ་རེའི་རྗེས། སྟྭཾ་བྷ་ཡ་ནན་ཞེས་པ་དང་། ཆེ་མཆོག་གི་སྔགས་ཤམ་ཅན་གང་འས་རེ་བཟླས་ནས་རོལ་བླངས། འདུར་གདངས་ཀྱི། ཞི་བ་དང་ཆེ་མཆོག་གི་མནན་གཟིར་བྲོ་ཡི་ལས་ལྷུ་གཅིག་སྦྱར། དེ་བཞིན་ཡང་དག་ནས། དྲག་སྔགས་ཀྱི་བར་འགྲེ་ཞིང་། ཐུན་སྐོར་ནས། ཐུན་རྫས་རྣམས་སོགས་ཐུན་བསྐུལ་དང་། ཧཱུཾ༔ དཔལ་ཆེན་བཀའ་བརྒྱད་ལྷ་ཚོགས་ཀྱི༔ ཕོ་ཉར་མངགས་པ་ཐུན་གྱི་བདག༔ དགྲ་བགེགས་སྒྲོལ་ཕྱིར་ལས་ལ་ཡ༔ སྣ་ཚོགས་དྲག་པོ་ཐུན་གྱི་རྫས༔ གློག་ལྟར་འཁྱུག་ཅིང་ཐོག་ལྟར་འབེབས༔ དགྲ་བགེགས་ལུས་སེམས་འབེན་ལ་ཡ༔ དྲག་སྔགས་སོ་ལྔས་ཐུན་བརྡེག་རྗེས། མནན་གཟིར་གྱི་སྨོན་ལམ་གདབ་པ་སོགས་ཐུན་དྲུག་གམ་བཞི་སོགས་བྱའོ། །ཐུན་མཚམས་སུ་སྲུང་མའི་བསྐང་བ་དང་། ཚོགས་ཀྱི་མཆོད་པ། ལྷག་མ་གཏོང་བ་སོགས་ཆད་ལྷག་མེད་པར་བྱ། གསུམ་པ་རྗེས་ཀྱི་བྱ་བ་ནི། ཕུང་རེ་དང་ཞབས་མས་དྲིལ། (12ན)རྟགས་གདབ། རྩང་བསྐྱོན་པ་སོགས་བྱ་ཞིང་། ལས་མཛད་ཀྱི་དམར་གཏོར། རོ་གཡམ་ལ་རྒྱ་གྲམ་དང་སྟོང་ཁམས་བྲིས་པ། གནོན་བྱེད་ཀྱི་མཆོད་རྟེན་ནག་པོ་བཅས་བཤམས་ཤིང་། གང་དུ་མནན་པའི་ས་མཆོད་རྟེན་དང་། ལྷ་ཁང་གི་ཐེམ་འོག་ལྟ་བུར་ས་ཆོག་དང་། ས་ཐིག་བཏབ་ནས་དོང་ཚད་ལྡན་བྲུས་པར་གཡམ་སྒྲོམ་བསྒྲིགས་པ་སོགས་ལག་ལེན་ལྟར་བྱས་ལ། ཕྱོགས་བཞི་མཚམས་བརྒྱད་ཀྱི་སྒོ་དབྱེ་བ་དང་། གཞུང་གི་བསྐུལ་དང་། ཆད་ཐོ་བསྒྲགས་ནས། གང་དུ་མནན་སར་ཕྱིན་ཏེ། དྲག་བསྐུལ་དང་། གསེར་སྐྱེམས་སྔོན་འགྲོས། ཀིང་གདངས་ཀྱིས། ཧཱུཾ། བདག་ཉིད་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ །སྟོང་གསུམ་གང་བའི་སྐུར་གྱུར་ཕྱག་གཡས་ཀྱིས། །རྡོ་རྗེ་བསྣུན་པས་ས་གཞི་གས་པའི་ནང་། །ཕྱི་ཡི་རྒྱ་མཚོ་སྔོ་མེར་གསལ་བར་གྱུར། །ཞེས་བསམ་ཞིང་། རྔམ་རོལ་བྱ། ཨོཾ་ན་མོ་བུངྔྷ་དྷརྨ་སངྒྷ་བྷྱཿ ཏ་ཐཱ་ག་ཏ་ཀྲོ་ངྷ་བི་ཛ་ཡ། ཨགྣེ་རཱ་ཛ་ལི་ཏ་པ་ཙ་ཤི་ཀ་པྲེ་ཏྀ་བྷྲ་ཡ་ཧཱུཾ་ཧྲཱུཾ་ཕཊ་ཕཊ། ཅེས་སྔགས་བརྗོད་རིང་རྡོ་རྗེ་འཕྱར་ཙམ་བྱེད་ཅིང་། རྔམས་རོལ་རྗེས་དགུ་བརྡུང་གིས། ཧཱུཾཿ ལྷོ་ཕྱོགས་གཤིན་རྗེའི་འཇིག་རྟེན་གྱི༔ འཇིགས་སུ་(12བ)རུང་བ་མུན་པའི་ཀློང་། དྲེགས་པ་ཤུན་གྱི་བཤན་ཁང་ནས༔ ལས་བྱེད་གཤིན་རྗེ་འཁོར་དང་བཅས༔ བདག་གི་དད་པས་སྤྱན་འདྲེན་ན༔ སྔོན་གྱི་ཁས་བླངས་དམ་བཅས་བཞིན༔ མ་ཐོགས་རིངས་པའི་ཚུལ་གྱིས་ནི༔ དགྲ་བགེགས་འདུལ་ཕྱིར་གཤེགས་སུ་གསོལ༔ ཞེས་ཤློ་ཀ་གཉིས་དང་། ཨྱཻ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ ཞེས་པས་སྤྱན་དྲངས་ལ། རོལ་ཟིལ་ནས་བཞག །ལྷོ་ཕྱོགས་རིམ་པ་བདུན་གྱིས་འོག་གཤིན་རྗེའི་གྲོང་ཁྱེར་ན། འཆི་བདག་ལས་ཀྱི་གཤིན་རྗེ་བྱེ་བ་དགུ་རིང་། མདོག་ནག་ཅིང་མི་སྡུག་པའི་གཟུགས་ཅན། མ་ཧེ་ལ་ཞོན་པ། གནམ་ས་ལྟ་བུའི་ཁ་གདངས་ནས། ང་རོ་འབྲུག་ལྟར་ཁོལ་བ། ལག་གཉིས་ལེན་པའི་ཕྱག་རྒྱ་ཅན། ལྷ་མ་སྲིན་དྲེགས་པ་ཐམས་ཅད་ཀྱིས་བསྐོར་བ་སྐད་ཅིག་གིས་ལྷགས་པར་བསམ་ལ། རོལ་ལེན་ནས་དགུ་བརྡུང་གིས། ཤ་ཟན་རཀྟས་བྲན་པའི་དམར་གཏོར། ཧཱུཾ༔ ལས་མཛད་གཤིན་རྗེ་འཁོར་བཅས་ལ༔ གདུག་པའི་དགྲ་བགེགས་བསྒྲལ་བ་ཡིཿ དམར་ཆེན་ཁྲག་དང་དབང་པོ་ལྔ༔ ཚིལ་ཆེན་གསུར་དུད་ཞུན་ཆེན་མེཿ མཁྲིས་ཆེན་བདུད་རྩི་སྨན་གྱི་བཅུད༔ ཤ་ཁྲག་དམར་གྱི་གཏོར་མ་སོགས༔ (འདི་(13ན)སྐབས་དམར་གཏོར་དོང་དུ་འབུལ། མཆན།)འདོད་ཡོན་ལོངས་སྤྱོད་བསམ་མི་ཁྱབ༔ བདག་ཅག་དང་བས་འབུལ་ལགས་ན༔ བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ༔ ཨོཾ་ཡ་མ་རཱ་ཛ་ས་པ་རི་ཝར་ཨརྒྷཾ་ནས་ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱཿའི་བར་དང་། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧིཿ མ་ཧཱ་རཀྟ་པཱུ་ཛ་ཁ་ཧིཿ མ་ཧཱ་བ་ལིཾ་ཏ་པའུ་ཛ་ཁཱ་ཧིཿ ཞེས་འབུལ། སླར་ཡང་མནན་ཆས་ལ་འགུགས་འདྲེན་དང་། ལྷ་དབྱེ་རྣམས་བྱས་ནས་ལག་ཏུ་ཐོགས་ལ། རོལ་སུམ་བརྡུང་གིས། ཧཱུྃ༔ འབྱུང་བ་རྟེན་གཞིའི་རྔམ་འོག་ནས༔ ལས་ཀྱི་འཆི་བདག་ནག་པོ་ནི༔ ཡ་མཚན་ཆེན་པོ་རྨད་དུ་བྱུང་༔ མུན་ནག་འཐིབས་པའི་ནང་དུ་བཞུགས༔ གཡས་པའི་ལག་ན་རི་རབ་བསྣམས༔ གཡོན་པའི་ལག་ན་རྒྱ་མཚོ་ཁུག༔ ཞབས་ཀྱིས་རླུང་གི་འཁོར་ལོ་མནན༔ དམ་ཉམས་ལས་ཀྱི་དགྲ་བོ་ལ༔ མནན་པའི་ལས་ཀྱི་དུས་ལ་བབ༔ ཧཱུྃ༔ སེམས་ཅན་ལས་ངན་སྡིག་ཅན་འདི༔ དུག་གསུམ་སྲིད་པའི་བཙོན་ཁང་དུ༔ འཆི་བདག་གཤིན་རྗེའི་ལག་ཏུ་གཏད༔ སྦའོ་ཀླུ་རྒྱལ་སྙིང་ལ་སྦ༔ མནན་ནོ་རི་རབ་འོག་ཏུ་མནན༔ འདི་ལས་འདའ་བར་མ་བྱེད་ཅིག༔ ཨོཾ་ཡ་མཱནྟ་ཀ་དགྲ་(13བ)འདྲེ་ཨ་མུ་ཀཾ་ཏྲིག་ནན༔ ནྲྀ་ཏྲི་ཧུར་ཐུཾ་ཛཿ ཤ་ཏྲཱུཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་མཱ་ར་ཡ་ནན༔ སྟྭམྦྷ་ཡ་ནན༔ ལཾ་ནན༔ ཞེས་པའི་ཚིག་རྐང་བཅོ་ལྔ་ལ་བྲོ་བརྡུངས་ཀྱི་རྟ་འཐེན། ལག་ཏུ་གཏད། ཅེས་བརྗོད་སྐབས། མནན་རྫས་ལས་ཀྱི་གཤིན་རྗེ་ལ་གཏད་པར་མོས་ནས་དོང་ནང་དུ་སྐུར་རྗེས། རོལ་ཟིལ་སྐབས་སྔགས་བརྗོད། དེ་རྗེས་དམོད་མོ་ནི། སློབ་དཔོན་ཆོག་གྲྭ་དང་བཅས་པས་ཐལ་མོ་རྡེབ་ཅིང་། ལས་རྡོར་གྱིས་ཐུན་བརྡེག་བཞིན་པར། ལོ་དང་ཟླ་བ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཞག་དང་ཟ་མ་ལ་དགྲ་དར་བ་ཐམས་ཅད་༴ སྲོག་ལུས་དབང་ཐང་རླུང་རྟ་ལ་དགྲ་དར་བ༴ དགྲ་མགོ་ཐོག་ཏུ་བབ་པ་ཐམས་ཅད༴ སྔ་དགྲ་ལག་ལ་བརྡར་བ་༴ ཕྱི་དགྲ་ཡིད་ལ་སེམས་པ་༴ ད་དགྲ་ཁྱི་ལྟར་ཟུག་པ་༴ མགོ་ལ་ཏིལ་བརྡུང་བྱེད་པ་༴ སེམས་ལ་སྡུག་བསྔལ་གཏོང་བ་༴ སྲོག་ལ་བར་ཆད་བྱེད་པཟ ཟས་ནོར་ལ་གོད་ཁ་གཏོང་བ་༴ རྒྱབ་ནས་འདོད་ཤོམ་བྱེད་པ་༴ མདུན་ནས་རྩང་བཞིན་འཛུག་པ་༴ ཟུར་ནས་གཅོད་དགོས་ཟེར་བ་༴ ཟ་ལམ་ལ་དུག་གཡོས་བྱེད་པ་༴ འགྲོ་ལམ་ལ་རྩང་འཛུག་པ་༴ བྱམས་པ་གཉེན་གྱིས་བརྗོད་དུ་མ་འཇུག་ཅིག་མཱ་ར་ཡ་རྦད་ནན༔ (14ན)སྡང་བ་དགྲ་ཡིས་སྒྲོག་ཏུ་མ་འཇུག༴ གཉན་པའི་གྲུ་ཚུག་ཏུ་གླེང་དུ་མ་འཇུག༴ མགར་བའི་སོལ་མལ་དུ་གླེང་དུ་མ་འཇུག༴ སྔགས་པའི་ཕུར་གྲལ་དུ་གླེང་དུ་མ་འཇུག༴ བརྒྱ་ཁ་མང་གིས་མི་ཁ་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ སྟོང་མི་མང་གིས་སྨྲ་མཆུ་ངན་པ་ཐམས་ཅད༴ ཕ་ཅོའི་མདུན་ཁང་དུ་མི་ཁ་གླེང་བ་ཐམས་ཅདཟ གསོད་ཤོམས་བྱེད་པ་ཐམས་ཅད༴ རྐུ་ཤོམས་བྱེད་པ༴ འཕྲོག་ཤོམས་བྱེད་པ༴ ལྐོག་ནས་འབུ་བཞིན་འགུག་པ༴ སྐེག་བདུད་གཤེད་གསུམ་ལ་བབ་པ་༴ བྱད་ཁ་དང་ཕུར་ཁ་ཟུག་པ་༴ རྦད་འདྲེ་དང་རྦོད་གཏོང་གཏོང་བ་༴ མི་ཁ་དང་དགྲ་སྣ་རླུང་ལྟར་འཚུབས་པ་ཐམས་ཅད༔ མི་ཁ་དང་དགྲ་སྣ་རླུང་ལྟར་འཚུབས་པ་ཐམས་ཅད༴ མི་ཁ་དང་དགྲ་སྣ་མེ་ལྟར་འབར་བ་༴ མི་ཁ་དང་དགྲ་སྣ་ཆུ་ལྟར་འཁྲུགས་པ་༴ ཡུལ་མི་ཁྱིམ་མཛེས་ཀྱི་མི་ཁ་ཟུག་པ་༴ ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་འདྲེ་བྱུར་གསུམ་ཐམས་ཅད་༴ བསྟན་དགྲའི་ལུས་ངག་ཡིད་གསུམ་ཐམས་ཅད་༴ གཞན་ཡང་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱི་ཟ་ཁ་སྟོན་པ་ཐམས་ཅད་༴ ཆིངས་ཤིག་༴ སོད་ཅིག་༴ བསྐལ་པ་མ་སྟོངས་ཀྱི་བར་དུ་མ་ལྡང་ཅིག་༴ ཨོཾ་ལཾ། ཨཱཿལཾ། ཧཱུཾ་ལཾ། སྟྭམྦྷ་ཡ་ལཾ་(14བ)ནན༔ དགྲ་བགེགས་སརྦ་ཤ་ཏྲཱུཾ་མཱ་ར་ཡ་རྦད་ནན༔ རྔམས་རོལ་ནས། ཀིང་གདངས་ཀྱིས། དམིགས་བྱ་ཁོང་ཆུད་འཆི་བདག་ཞལ་བསྡམས་ཏེ། །རིམ་བདུན་ས་འོག་གཤིན་རྗེའི་གྲོང་ཁྱེར་སོང་། །རྔམས་རོལ་ནས། ཀིང་གདངས་ཀྱིས། མཁའ་དབྱིངས་རླུང་མེ་ཆུ་སའི་དཀྱིལ་འཁོར་སྟེང་། །སུྃ་ལས་རིན་ཆེན་རི་རབ་སྲ་ཞིང་བརྟན། །རབ་འབར་སྣ་ཚོགས་རྡོ་རྗེ་དང་བཅས་པས། །རྟག་ཏུ་ཐར་མེད་གཟིར་མནན་རྒྱས་གདབ་བོ། །ཞེས་རྐང་པ་བཞི་རྔམས་རོལ་དང་། འབྱུང་བ་གོ་ལྡོག་གི་དམིགས་པ་དང་། སློབ་དཔོན་གྱིས། ཨེ་ཞེས་པར་མཁའ་དབྱིངས་ཀྱི་རྒྱ་བཅའ། ཡཾ་ཞེས་པར་གཡབ་མོ་གདབ། རཾ་བཾ་སུཾ་བཅས་པར། ལས་རྡོར་གྱིས་མེ་ཆུ་ས་བཅས་གཏོར། དེ་རྗེས་བསྲེག་པའི་མེ་རོ་དང་། སྟེགས་བུའི་ས་སོགས་ཀྱིས་བྱིབས་ཤིང་། སཱཙྪ་ནག་པོ་སྔགས་དང་རབ་གནས་མ་བྱས་པ་ཞིག་བཞག་ནས། དེ་སྟེང་ཁྲོ་བོ་རོལ་པའི་ཕོ་བྲང་གི་གསོར་མི་རུང་བར་བསམ་ལ། ལག་ཚག་དམ་པར་བྱ་ཞིང་། ཁྲོ་རོལ་དང་འབྲེལ་ཚེ། སང་ཉིན་ཟོར་འཕེན་གྱི་ཐེབས་ལ་བསྟུན་ནས་རྟག་གཏོར། ཧཱུཾ༔ དྲག་པོ་ཟོར་གྱི་དཔུང་ཚོགས་དགྲ་ལ་བ་བྷྱོ༔ སོགས་དྲག་བརྡུང་གིས་ཕྱིར་འཕང་ནས། ཟ་ལམ་(15ན)བསྟན། སྦིར་སྦྲམ་རྗེས། ཟིལ་སྐབས་གཡོན་དུ་བསྐོར་ནས། ཞལ་སྒྲུབ་ཁང་ལ་ཕྱོགས་ཏེ་བྲོ་བརྡུང་། བཀྲ་ཤིས་བྱ། ནང་དུ་ལོག་ནས། རྗེས་ཆོག་དང་། བརྟན་མ་བསྐྱང་བ་སོགས་བྱེད། ཁྲོ་རོལ་དང་མ་འབྲེལ་ན། རྟག་གཏོར་ཐེབས་དང་བསྟུན་ནས་འཕང་བ་དང་། སྲུང་འཁོར་བསྒོམ། སྒོ་དྲུང་དུ་བརྟན་མ་བསྐྱང་བ་སོགས་སྐབས་དེ་དང་དེར་མ་འདྲེས་པར་ལག་ལེན་དམིགས་ཕྱེད་པར་བྱ་དགོས་སོ། །རྩ་བའི་ས་བཅད་གསུམ་པ་ལས་ཕྲན་གཞན་ལ་ལས་ཆེན་ལྔ་ལས། འདུལ་བ་གྲིའི་ལས་ནི་དོན་གྱི་རྡོ་རྗེ་འཛིན་པ་པྲ་ཛྙཱ་ཤ་ས་ནོངྻའི་གསུང་གིས་གསལ་བ་དང་། དེ་ལས་གཞན་པ་རྣམས་ནི་རིམ་པ་རིམ་པར་མཁས་པ་དག་གིས་གསུང་བར་འགྱུར་བས་རེ་ཞིག་དེ་ཙམ་མོ། །དེ་ལྟར་དཔལ་ཆེན་ཐུགས་རྗེའི་མེ་ཆེན་གྱིས། །གཉིས་འཛིན་འཁོར་བའི་ཞེན་རྟོག་རབ་བསྲེགས་ཤིང་། །རྣམ་སྨིན་སྒྱུ་མའི་ཕུང་པོ་ཡེ་ཤེས་ལྔའི། །ཕྱག་རྒྱས་བཏབ་པས་ཀུན་བཟང་མངོན་གྱུར་ཤོག །ཅེས་བཀའ་བརྒྱད་བདེ་འདུས་ཀྱི་ཐོད་པ་དང་། ཧོམ་ལ་བརྟེན་པའི་གཟེར་ཀ་གཉིས་ཀྱི་ཟིན་བྲིས་ཉི་ཟླའི་འོད་སྣང་ཞེས་པ་འདི་ནི། དགེ་བའི་བཤེས་གཉེན་བྱང་འདྲེན་དགའ་(15བ)བོས། སྔོན་དུ་རྡོ་རྗེ་འཛིན་པ་ཉི་ཁྲི་རབ་འབྱམས་པས། སྟོད་ལུང་གནས་ནང་དུ་དེ་ལྟར་མཛད་སོང་ཞེས་གསུང་གསང་ཉི་མའི་འོད་ཟེར་ཁོ་བོའི་རྣ་བའི་བུ་གར་ལྷུང་ཀྱང་། བློ་གྲོས་ཀྱི་པདྨོ་ནི་བཞད་པར་མ་གྱུར་ཡང་། དེའི་བྱིན་རླབས་སྙིང་ལ་སིམ་པས་རེ་ཞིག་ལོན་ནས་དོན་གྱི་རྡོ་རྗེ་འཛིན་པ་དབུ་ཟུར་འགྱུར་མེད་ཤེས་རབ་བསྟན་དར་ལགས་ནས། སྔོན་གྱི་ལོ་རྒྱུས་ལ་བརྟེན་ནས་ཕྲ་ཞིབ་ཀྱི་དོགས་གཅོད་དང་། ཕྱག་ཁྲིད་བཅས་ནན་ཏན་ཞུས་པར་གསུང་གསང་ཟླ་བའི་སྣང་བས་བློ་གྲོས་ཀྱི་ཀུནྡ་བཞད་པ་དེ། བརྗེད་ངེས་སྐྱིན་ཐང་གིས་བཅོམ་ན་འཕངས་ཀྱི་དོགས་ནས་ཟིན་བྲིས་སུ་བཀོད་པ་པོ་ནི་ཁོ་བོ་འདུ་གསུམ་པ་ཨོ་རྒྱན་རྣམ་གྲོལ་རྒྱ་མཚོ་ཞེས་པའི་བན་ཧྲུལ་དེས་སོ།། །།སླར་ཡང་རིགས་བདག་བླ་མ་ཉིད་ཀྱི་ཞལ་སྔ་ནས་ཕྱག་བཞེས་ཞིབ་མོར་ནོས་སྟབས་གཙང་དག་ཏུ་གཏན་ལ་འབེབས་པ་པོ་ནི་འཇིགས་བྲལ་ཡེ་ཤེས་རྡོ་རྗེའོ། །དགེའོ།། །།