DJYD-KABUM-22-ZA-032: Difference between revisions

From Dudjom Wiki
DJYD-KABUM-22-ZA-032
No edit summary
No edit summary
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|fulltitletib=ཕུར་པ་སྤུ་གྲི་རེག་ཕུང་གི་རོལ་ཚིག་ཟིན་བྲིས།
|fulltitle=phur pa spu gri reg phung gi rol tshig zin bris
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Phur pa spu gri reg phung gi rol tshig zin bris''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 22: 545-553. Kalimpong: Dupjung Lama, 1979-1985.
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།
|collectiontitle=bdud 'joms rin po che bka' 'bum
|collectiontitle=bdud 'joms rin po che bka' 'bum
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།
|totalvolumes=25
|author=Dudjom Rinpoche
|author=Dudjom Rinpoche
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 22: . Kalimpong: Dupjung Lama, 1979-1985.
|language=Tibetan
|sourcerevealer=Dudjom Rinpoche
|sourcerevealer=Dudjom Rinpoche
|sourcerevealertib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|tibgenre=Notes - zin bris
|terma=Yes
|terma=Yes
|deity=rdo rje phur pa
|deity=rdo rje phur pa
|cycle=rdo rje phur pa spu gri reg phung
|cycle=rdo rje phur pa spu gri reg phung
|cycletib=རྡོ་རྗེ་ཕུར་པ་སྤུ་གྲི་རེག་ཕུང་
|cycletib=རྡོ་རྗེ་ཕུར་པ་སྤུ་གྲི་རེག་ཕུང་
|tibgenre=Notes - zin bris
|language=Tibetan
|volumenumber=22
|volnumtib=༢༢
|volnumtib=༢༢
|volyigtib=ཟ
|volyigtib=ཟ
|totalvolumes=25
|textnuminvol=032
|pagenumbers=545-553
|totalpages=9
|beginfolioline=1a1
|endfolioline=5a5
|totalfolios=5
|multivolumework=No
|rectonotes=zin bris
|rectonotes=zin bris
|volumenumber=22
|versonotes=spu gri reg phung
|pdflink=File:DJYD-KABUM-22-ZA-032.pdf
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|sourcerevealertib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|volumeLetter=ZA
|volumeLetter=ZA
|textnuminvol=032
|pdflink=File:DJYD-KABUM-22-ZA-032.pdf
|InitCategories=Dudjom Tersar Project; DJYD-KABUM-Volume-22-ZA
|InitCategories=Dudjom Tersar Project; DJYD-KABUM-Volume-22-ZA
}}
}}

Revision as of 14:15, 24 July 2024

Wylie title phur pa spu gri reg phung gi rol tshig zin bris DJYD-KABUM-22-ZA-032.pdf
Location bdud 'joms rin po che bka' 'bum
Volume 22, Text 32, Pages 545-553 (Folios 1a1 to 5a5)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Phur pa spu gri reg phung gi rol tshig zin bris. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 22: 545-553. Kalimpong: Dupjung Lama, 1979-1985.
Side notes Recto: zin bris   Verso: spu gri reg phung
More details More details
Tertön བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ (Dudjom Rinpoche)
Genre Notes - zin bris
Cycle རྡོ་རྗེ་ཕུར་པ་སྤུ་གྲི་རེག་ཕུང་ (rdo rje phur pa spu gri reg phung)
Deity rdo rje phur pa
[edit]
༄༅། །(ཕུར་པ་སྤུ་གྲི་རེག་ཕུང་གི་རོལ་ཚིག་ཟིན་བྲིས་ལ། སྦྱོར་བ་རྟེན་དང་མཆོད་ཤོམ་གྱི་རིམ་པ་རྣམས་སྤྱན་རྒྱུན་ལྟར་ཚོགས་པར་བྱས་ནས། ཆོ་ག་དངོས་ལ། ཐོག་མར་ཚིག་བདུན་གསོལ་འདེབས་གསུམ། འཁྲུངས་རབས་དང་། །བརྒྱུད་འདེབས་རྗེས་རོལ་བརྒྱ་བརྡུང་། ཌཱརྐ༤) ཕྱོགས་བཅུའི་སྐྱབས་ཡུལ༴ བཛྲ་ས་མཱ་ཛཿ(ར་བསྡུ་རྒྱ། ཐལ་སྦྱར་བཅས།) རྡོ་རྗེ་སློབ་དཔོན་(རང་གདངས།)ཛ་ཧཱུྃ༴ རང་ལ་ཐིམ་པར་གྱུར། རང་ཉིད་སྐད་ཅིག༴ སྐུར་གྱུར། རྃ་ཡྃ་ཁྃ། སྟོང་པའི་(སོགས་བྱིན་རླབས་མགྲིན་འགུགས་སྔགས་བསྔོས་སྤྱི་ལྟར་ལ། ཐིང་གསུམ་(རྐ༤)ཟིལ་འབེབས་སུམ་བརྡུང་འཇོག་མེད་ནས།)ཧཱུྃ༔ ཉོན་ཅིག་བགེགས་དང་(སོགས་རང་གདངས།) ཕྱིར་དེངས་ཤིག༔ (སུམ་ཕྱེད་ཟིལ་(རྐ༣)མཐར་ལེན་གཉིས་ནས་དགུ་བརྡུང་འཇོག་མེད་ཀྱིས།)ཧཱུྃ༔ སྟེང་ཡང་ཕུར་བུའི༴ (ཚིག་གཉིས་མཚམས་རོལ་དགུ་བརྡུང་ཐིང་འཇོག །དབྱངས་ལྷུ་གཉིས་མཚམས་དགུ་བརྡུང་འཇོག་གཉིས་ནས་ལྷུག)རཀྵ་ཧཱུྃ་ཧཱུྃ་ཧཱིྃ༔ (སུམ་བརྡུང་འཇོག་ཡོད།)ཧཱུྃ༔ སྣང་སྲིད་སྐུ་གསུང་༴ ཤུངྔྷེ་ཨ༔(ཡ༡) (སུམ་བརྡུང་འཇོག་ཡོད།)ཧཱུྃ༔ རྡོ་རྗེ་གཞོན་ནུའི་(སོགས། དབྱངས་སྔོན་བསྐལ་ཆུང་བ།)བྱིན་ཕོབ་ཅིག(ཡ་༡)། (བརྒྱུད་གསུམ་(ཡ༣)རོལ་མོ་མཐར་(ཌཱརྐ༣)ཟིལ་འབེབས་བཞག་རོལ།) རྃ་ཡྃ་ཁྃ༔ (1བ)སྟོང་པའི༴ མཁའ་ཁྱབ་གྱུར༔ ཨོཾ་བཛྲ་ཨརྒྷཾ༴ ཤཔྡ(ཌཱརྐ༣)(ར་རོལ།) ཨོཾ་ཨཱཿཧཱུྃ ། མ་ཧཱ་པཉྩ་(སོགས་རཀ་གཏོར་སྔགས་ལན་གསུམ། ཐིང་གསུམ་ཟིལ་འབེབས་སུམ་བརྡུང་འཇོག་ཡོད་ནས་གདངས་དྲག་དམར་ལྷ་བསྐྱེད་བཞིན།)ཧཱུྃ༔ རྡོ་རྗེ་ཁྲོས་པས(སོགས་གདངས་ལྷུ་གཉིས་ནས་ལྷུག །)རང་དབང་བསྐུར༔ (རྔ་ཚག་གིས་བཞག །)ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་(སོགས་ལ་སྤྱི་བོའི་གནས་ལྔར་རང་རྒྱ།)ཥིཉྩ་ཧཱུྃ་(ཐིང་གསུམ་(རྐ༤)ཟིལ་འབེབས་ཉིས་བརྡུང་ཁོལ་མ།)ཧཱུྃ༔ སྲིད་པའི་ཕུར་བུ་(སོགས་རང་གདངས་སམ་སྔོན་བསྐལ་ལྡེམ་དབྱངས་རྩེ་ཕྲན་ཅན་བཅས།)ཀཱི་ལ་ཡ་ཡི་(སོགས་འཇགས་(ཌཱརྐ༣)རོལ་ནས་སུམ་བརྡུང་འཇོག་ཡོད་ཀྱིས།)ཧཱུྃ༔ ཐབས་ཀྱི་སྤྱོད་པའི༴ པྲ་ཏཱིཙྪ་ཧོཿ (སུམ་བརྡུང་འཇོག་མེད་ཀྱིས།)ཧཱུྃ༔ བླ་མེད་འདོད་ཡོན་(སོགས་དྲག་དམར་མཆོད་གདངས། ཚིག་གཉིས་མཚམས་སུམ་བརྡུང་།)མཆོག་ཏུ་རོལ༔ (སུམ་ཕྱེད་ཟིལ་སུམ་བརྡུང་།)ཧཱུྃ༔ རང་བྱུང་གདོད་ནས་(སོགས་མཆོད་པ་ཚང་མར་དྲག་དམར་མཆོད་གདངས་སམ་བསྡུ་ན་ལྷུག) ། ཧཱུྃ་ཧཱུྃ་ཕཊ་ཕཊ༔ (སུམ་ཕྱེད་ཟིལ་མཐར་སུམ་བརྡུང་འཇོག་མེད་ཀྱིས་ཕྱག་བཞི་པའི་མཚན་དང་ལྡན་པའི་རྟ།)ཧཱུྃ༔ ཆོས་སྐུ་ཞི་བའི༴ རྣམས་ལ་བསྟོད༔ (སུམ་ཕྱེད་ཟིལ་འབེབས་བཞག་རོལ་གྱིས་རྔ་སྦུབ་འཇོག །)ཨོཾ༔ སྔོན་གྱི་ཐུགས་དམ་(སོགས་ལྷུག །(2ན)(ས་ཌཱརྐ༣)) མྱུར་དུ་རྩོལ༔ བདག་ཉིད་རྡོ་རྗེ་(སོགས་རྩ་སྔགས་༡༠༠༠དང་། བཞི་སྙིང་གཅིག་དྲིལ། ༥༠ དྲག་སྔགས་འདུས་པ་༢༡ཙམ་བཟླས་མཐར།)དཔལ་ཆེན་ཕུར་བུའི༴ དངོས་གྲུབ་སྩོལ། །སྣང་གྲགས་རིག་གསུམ་(སོགས་ཀྱིས་གྲོལ། ༼བར་ཆར་༽ སྲུང་མ་སྤྱི་སྒོས་ཀྱི་བསྐང་གསོ་ཕྲིན་བཅོལ་བར་བཏང་ནས། ལས་རྡོར་གྱིས་ཚོགས་ཞུས་མཐར།)ཨོཾ་སརྦ་དྲ་བྱཾ་(སོགས་ཐིང་སུམ་ཟིལ་འབེབས་སུམ་བརྡུང་འཇོག་མེད་ཀྱིས།)ཧཱུྃ༔ རང་བྱུང་རིག་པའི་(སོགས་རང་གདངས།)ནུས་པར་ལྡན༔ (སུམ་བརྡུང་།)ཧཱུྃ༔ སྲིད་པའི་ཕུར་བུ་(སོགས་ཚོགས་གདངས་སམ་ལྷུག) ། འདུ་བར་སྤྱོན༔ (སུམ་ཟིལ་ལམ་འཇགས་(ཌཱརྐ༣)རོལ་གང་འོས་ཀྱིས་སུམ་བརྡུང་།)ཧཱུྃ༔ ཡེ་ཤེས་ལྔ་ཡི༴ རྣམས་ལ་འབུལ༔ (སུམ་བརྡུང་འཇོག་ཡོད།)ཧཱུྃ༔ ཐོག་མེད་དུས་ནས༴ ཚོགས་ཀྱི་འཁོར་ལོས་(སོགས་ལ་འཇགས་རོལ་ནས་བཞག་རོལ།)ན་མོ། རིག་འཛིན་རྩ་བརྒྱུད་(སོགས་འགུགས་(ཡ༤རྐ༥)༡རོལ་རྗེས་སུམ་བརྡུང་སྦྲེལ་ཏེ་འཇོག་མེད་ཀྱིས།)ཧཱུྃ༔ མ་རིག་གཉིས་འཛིན་(སོགས་ཚོགས་གདངས།)ཞལ་དུ་བསྟབ༔ (སུམ་ཟིལ་སུམ་འཇོག་ནས།)ཧཱུྃ༔ སྣང་སྲིད་ཕུར་བུ༴ སོར་སྩོལ་ཅིག༔ (སུམ་ཕྱེད་ཟིལ་འབེབས་བཞག་རོལ། བསམ་ལྷུན་སྐབས་(2བ)གསོལ་ཚོགས་ཕུལ་ཞིང་ལྷག་མ་བསྡུས་ལ་གྲོལ། ༼དགོང་ཚོགས་ལ་༽) ཧེ་རུ་ཀ་དཔལ་(སོགས་ཡོ་སྤྱི།) འགྲུབ་པར་ཤོག །(ལྷག་ཞུས་མཐར།)ཨོཾ་ཨཱཿཧཱུྃ་པཉྩ༴ ཧྲིཾ་ཧྲིཾ་ཛཿ (ཐིང་གསུམ་ཟིལ་(རྐ༤)འབེབས་སུམ་བརྡུང་འཇོག་མེད་ནས།)ཧཱུྃ༔ བྲན་དང་བཀའ་ཉན་(སོགས་རང་རྟ།)འགྲུབ་པར་མཛོད། ༔ (སུམ་ཕྱེད་ཟིལ་འབེབས་བཞག་རོལ། དམ་ཅན་རྗེས་ཆོག་བཀྲ་ཤིས་མཇུག་ཐིང་གསུམ་ཟིལ་དགུ་བརྡུང་འཇོག་མེད)ཧཱུྃ༔ སྔོན་ཚེ་དུར་ཁྲོད་(སོགས་རྒྱང་གླུ།)འགྲུབ་པར་མཛོད༔ (དགུ་བརྡུང་།)ཨོཾ་ཨཱཿཧཱུྃ༔ བྷྱོ༔ ཁྱད་པར་པདྨ་(སོགས་རྒྱང་གླུ།)རྒྱས་པར་མཛོད༔ (དགུ་བརྡུང་ཟིལ་སུམ་བརྡུང་འཇོག་མེད་ཀྱིས།)ཧཱུྃ༔ སྲིད་པ་ཕུར་བུའི་(སོགས་རྟ་བྲོ་རང་གདངས།)དབྱིངས་སུ་ཐིམ༔ (སུམ་ཕྱེད་ཟིལ་འབེབས་བཞག་རོལ།)ཧཱུྃ༔ བླ་མེད་འདོད་ཡོན་(སོགས་ལྷུག་གིས།) ཨརྒྷཾ་(སོགས།) ཤཔྡ(ར་རོལ། ཌཱརྐ༣) ཧཱུྃ༔ ཆོས་སྐུ་ཞི་བའི་(སོགས་ལྷུག །)ལྷ་ལ་བསྟོད༔ ཨོཾ་བཛྲ་ཧེ་རུ་ཀ་སཏྭ་(སོགས་གསུམ་ལ་དྲིལ།)འདིར་ནི་གཟུགས་(སོགས།)བཛྲ་ཡེ་སྭཱ་ཧཱ། སྣང་སྲིད་ཕུར་བུའི༴ ཧཱུྃ་ཧཱུྃ་ཧཱུྃ༔ (བསྐུལ་མཚམས།)དཔལ་ཆེན་པོ་ཡི༴ རཀྵ་ཧཾ༔ (བསྐུལ་མཚམས།)མི་གནས་ཡེ་ཤེས༴ དཔལ་དུ་ཤོག༔ ཨོཾ་ཡེ་(3ན)དྷརྨ༴ ཧཱུྃ༔ རིག་འཛིན་རྩལ་འཆང་(སོགས་ཡོ་སྤྱི་བཞི་དྲིལ།)བཀྲ་ཤིས་ཤོག༔ (སཌཱརྐ༣) མ་ཧཱ་གུ་རུ༴ (ཞབས་བརྟན། བསྟན་འབར་མ་སོགས་ཀྱིས་གྲོལ་ལོ།། །།) ༈ །(སྨད་ལས་ཀྱི་རོལ་ཚིག་ལ། ལས་གཞུང་སྔར་ལྟར་ལ་མཆོད་བརླབ་མཇུག་ཕུར་པ་བྱུག་སོགས་གསུམ་དང་། རྩ་བསྙེན་རྗེས་སྲུང་ཟློག་བསད་པའི་དམིགས་བཟླས་སྦྱོར་མཐར་སྟོང་ཚིགས་ཀྱིས་གྲོལ། ༼ཚ་གུང་སྦྲེལ་མར། ༽ བསྐང་གསོའི་མཆོད་བརླབ་ནས་ཕྲིན་བཅོལ་བར་དང་། ཚོགས་བརླབ་ནས་བར་པ་བཤགས་པའི་མཇུག་འཇག་ས་རོལ་ནས་ལེན་གཉིས་བརྡུང་འཇོག་མེད་ཀྱིས།)ཧཱུྃ༔ བྱང་ཆུབ་མཆོག་ཏུ་(སོགས་དྲག་ཆད་རྟ།)གྲོགས་མཛོད་ཅིག༔ (བདུན་བརྡུང་། ལྷུ་གསུམ་ནས་བདུན་བརྡུང་མཐར་དྲག་བརྡུང་གིས།)བལ་པོ་ཤཱི་ལ་(སོགས་ནས་འདུར་གདངས།)དཔུང་བསྐྱེད་ཅིག༔ (དྲག་བརྡུང་།)ཧཱུྃ༔ མཐིང་ནག་གྲུ་གསུམ༴ ཕྲིན་ལས་མཛོད༔ (དྲག་བརྡུང་།)ཧཱུྃ༔ སྔོན་ཚེ༴ འགྲུབ་པར་མཛོད༔ (དྲག་བརྡུང་ཟིལ་འབེབས་ནས་གསེར་སྐྱེམས་སྤྱི་འགྲེ། མཐར་ཟིལ་ནས་ལེན་གཉིས་བདུན་བརྡུང་འཇོག་མེད་ཀྱིས།)ཧཱུྃ༔ ཕྱོགས་བཅུ་ནམ་མཁའི་(སོགས་དྲག་ཆད་རྟ། ལྷུ་གཉིས་ནས་བདུན་བརྡུང་གིས།)ཞལ་ལྕེ་སྣང་སྲིད་(སོགས་ལྷུག) ། དགྲ་བགེགས་སྒྲོལ་བའི་(སོགས་འཇགས་རོལ་(3བ)བཞག་རོལ།)སྭ་བྷཱ་ཝ༴ སྟོང་པའི༴ ངོ་བོར་གྱུར། ན་མོ། རིག་འཛིན༴ ད་དགྲ་ཐད་དུ་(འགུགས་(ཡ༤རྐ༥)རོལ་ལན་གསུམ་ནས་དྲག་མཇུག་ཟློག་རོལ་ཆུང་བས།)ཧཱུྃ་ཛཿ དམ་ཚིག་ཆེན་པོའི༴ མྱོང་བར་མཛོད༔ (ཟློག་རོལ་ནས་ཟིལ་མཐར་ཟློག་རོལ།)ཧཱུྃ༔ དམ་ཚིག་ཆེན་པོའི༴ (ལྷ་དབྱེ། གཟུགས་དབབ། བྱད་གཞུག །སྨྱོར་གཞུག་བཅས་དེས་རིགས་འགྲེ་བའི་མཐར།) སྨྲར་ཆུག་ཅིག༔ (ཟློག་རོལ་ཟིལ་འབེབས་ནས་སུམ་བརྡུང་འཇོག་མེད་ཀྱིས།)ཧཱུྃ༔ ང་ནི་རྡོ་རྗེ་(སོགས་ཚོགས་གདངས།) རྡོ་རྗེར་བསྒོམ༔ (སུམ་ཕྱེད་ནས།) ཨོཾ་ལཾ་(སོགས་ཐིང་(རྐ༤)གསུམ་ཟིལ་འབེབས་ནས་ཟློག་རོལ།)ཧཱུྃ༔ རྡོ་རྗེ་གསང་བའི་(སོགས་མཚམས་རྣམས་སུ་ཟློག་ཟིལ་ཟློག་གོང་བཞིན་གྱིས།)བཞིན་དུ་རློག༔ (ཟློག་ཟིལ་སུམ་འཇོག་གིས།)ཧཱུྃ༔ དཔལ་ཆེན་ལྷ་ཚོགས་(སོགས་ལྷུག །)ཕཊ་ཕཊ་ཕཊ༔ ཧཱུྃ༔ བདག་ཉིད་ཆེན་མོ༴ བྷིནྡྷ་ཡ་ཧཱུྃ་ཕཊ༔ (སུམ་ཕྱེད་ཟིལ་འབེབས་ཟློག་རོལ་གྱིས།)ཧཱུྃ༔ སྣང་སྲིད་ཕུར་བུས་(སོགས།) སོར་སྩོལ་ཅིག །(ཟློག་ཟིལ་བཞག །འདིར་གསོལ་ཚོགས་ཕུལ་ཞིང་ལྷག་མ་བསྡུས་ལ་གྲོལ། ༼བར་ཆར་༽ལྷག་མའི་མཇུག་དྲག་བརྡུང་གིས།)ཧཱུྃ༔ མཐིང་ནག་གྲུ་གསུམ༴ ས་མ་ཡ༔ (དྲག་མཇུག་ཟིལ་ནས་ཟློག་རོལ་ཆེ་བ།)ཧཱུྃ་བྷྱོཿ ཤིན་(4ན)ཏུ་རྣམ་དག༴ གྲུབ་པར་མཛོད༔ (ཟློག་རོལ་ཆེ་མཐར་ཟིལ་འབེབས་བཞག་རོལ་ལམ་གྲངས་གསོག་ཚེ་ཟིལ་འབེབས་ནས་ཟློག་རོལ་ཆུང་བས་ཟློག་པ་བསྐྱར་མཐར་ཟློག་ཟིལ་བཞག) ། དཔལ་ཆེན་ལྷ་ཚོགས་(སོགས་ཟློག་སྔགས་༢༡བདེན་སྟོབས་དམོད་ཚིག་ཐལ་རྡེབ་མཐར།) ན་མོ། རིག་འཛིན་(སོགས་འགུགས་རོལ།) རྃ་ཡྃ་ཁྃ། སྟོང་པའི་(སོགས། ཐུན་གཏོར་བྱིན་བརླབས་སྔགས་འབུལ་མཐར། ཐིང་༡བདུན་བརྡུང་ནས་དྲག་བརྡུང་གིས།)ཧཱུྃ༔ ང་ནི་རྡོ་རྗེ༴ མཐུ་རྩལ་སྐྱེད༔ (དྲག་མཐར་ཟིལ་འོག་གནོད་ཕྱོགས་འཕེན་ལ་དགྲ་བགེགས་དཔུང་འཇོམས་གསུམ་མཐར་ཟིལ་འབེབས་བཞག་རོལ། ཆོ་ག་ཉིན་སྦྲེལ་སྐབས། ༼དགོང་ཚོགས་ལ། ༽ དམ་ཅན་མཇུག་ཆོག་དང་། གཞུང་གི་ཆད་བརྟན་སོགས་ཀྱིས་མཐར་དབྱུང་། ཉིན་ཐ་མའམ། ཉིན་རྐྱང་གི་ཚེ་གོང་གི་ཐལ་རྡེབ་མཐར།)ཤྲི་བཛྲ་ཀུ་མཱ་ར་ས་པ་རི་ཝཱ་ར་(སཌཱརྐ༣)(སོགས་རོལ་འོག་མཆོད་པ་གཏོར་ཆེན་དུ་ཕུལ།)ཧཱུྃ༔ ཆོས་སྐུ་ཞི་བའི༴ ལྷ་ལ་བསྟད། (ཡིག་བརྒྱར་དྲིལ་གསིལ། འདེགས་རྒྱ་བཅས།)ཡེ་ཤེས་པ༴ ཐིམ་པར་གྱུར། སླར་ཡང་(སོགས་དྲག་སྔགས་ཤམ་ཅན་༢༡གྱིས་ཟོར་སྒྲུབ་མཐར། ཐུན་གཏོར་ལ་འགུགས་པ་བྱིན་རླབས་སྔགས་འབུལ་རྗེས། ཐིང་སྦྲམ་བྱས་སུམ་བརྡུང་གིས།)ཧཱུྃ༔ ཁྲག་འཐུང་དཔལ་ཆེན་(སོགས་ཀྱིས་གཏོར་(4བ)ཆེན་དུ་ཕུལ་མཐར་སུམ་ཕྱེད་ཟིལ་འབེབས་བཞག་རོལ་གྱིས་གྲོལ། ༼བར་ཆ་རྗེས་མར་༽ ཆས་ཞུགས་ཟིན་ནས། ཐིང་སུམ་ཟིལ་འབེབས་ཐོག་མཐའ་བར་བརྡུང་གསུམ་དང་དགུ་བརྡུང་།)རྩ་གསུམ་ཆོས་སྐྱོང་(སོགས་མཇུག་ཏུ་དགུ་བརྡུང་རྗེས་ཟིལ་འབེབས་མཐར་དྲག་བརྡུང་གིས།)ཧཱུྃ༔ མཐིང་ནག་གྲུ་གསུམ་འབར་བའི་(སོགས་བསྐུལ་དང་ཆད་མདོ་བསྒྲག་མཐར། སུམ་ཕྱེད་ཟིལ་འབེབས་ནས་དགྲ་བགེགས་དཔུང་འཇོམས་ཁོ་ནས་འཕང་བའི་སར་སླེབས་པ་དང་ཟིལ་འབེབས་བཞག་རོལ།)རྃ་ཡྃ་ཁྃ༔ འདོད་ཡོན་ཟག་པ་མེད་པ་(སོགས་གསེར་སྐྱེམས་སྤྱི་འགྲེ་མཐར་ཟིལ་འབེབས་ནས་ཟློག་རོལ་ཆུང་བས།)ཧཱུྃ༔ སངས་རྒྱས་ཀྱིས་ནི༴ འགྲུབ་པར་མཛོད༔ (ཟློག་རོག་ཟིལ་ཟློག་རོལ། ཟོར་རྫས་ཀྱི་སྤྲོས་པའི་སྐབས།) བྷྱོཿ དཔལ་ཆེན་རྡོ་རྗེ་(སོགས་ཀྱིས་ཟོར་རྫས་དྲུག་པོ་རེ་རེའི་མཚམས་སུ་ཟློག་ཟིལ་འོག་དྲག་སྔགས་བཅས་འཕང་མཐར་ཟློག་རོལ་གྱིས།) ཧཱུྃ༔ ང་ནི་རྡོ་རྗེ༴ མཐུ་རྩལ་སྐྱེད༔ (ཟློག་རོལ་ཟིལ་འོག་གཏོར་ཆེན་འཕང་དགྲ་བགེགས་དཔུང་འཇོམས་༣ཟིལ་མཐར་དྲག་བརྡུང་གིས།)ཧཱུྃ༔ སྟེང་ཡང་ཕུར་བུའི༴ མ་འདའ་ཞིག༔ (དྲག་བརྡུང་ཟིལ་བཞག་རོལ། སྒོ་དྲུང་དུ།)ཨོཾ་ཨཱཿཧཱུྃ༔ (ཐིང་གསུམ་ཟིལ་ནས་དགུ་བརྡུང་གང་འོས་དབྱངས་དང་བསྟུན།)བྷྱོ༔ ཁྱད་པར་པདྨ༴ (མཐར་ཟིལ་(5ན)བཞག་རོལ།)ན་མོ། རིག་འཛིན་(སོགས་འགུགས་པ་ལན་༡གི་འགུགས་རོལ་ནས་སུམ་བརྡུང་།)ཧཱུྃ༔ སྲིད་པའི་ཕུར་བུའི༴ (གདངས་ཡོད་མེད་ཀྱིས་སུམ་ཟིལ་ལམ་འཇགས་རོལ་གང་འོས་ནས་བཞག་རོལ།)ཧཱུྃ༔ རིག་འཛིན་རྩལ་འཆང་(སོགས་ལྷུག །)བཀྲ་ཤིས་ཤོག །(ཅེས་གཏོར་གཞོང་དུ་འབྲུ་འཐོར་ལ་ནང་དུ་ལོག་གོ། །༼དགོང་ཚོགས་ལ། ༽ ཟུར་བྱང་ལྟར།)བདག་ཉིད་དཔལ་ཆེན་(སོགས་ལྷུག་གིས་ཚེ་ཛཔྲ་བརྒྱ་རྩ་མཐར། ཐིང་གསུམ་ཟིལ་འབེབས་སུམ་བརྡུང་འཇོག་ཡོད་ཀྱིས།)ཧཱུྃ༔ དབྱིངས་ནས་རང་བྱུང་(སོགས།)མཆོག་སྩོལ་ཅིག༔ (སུམ་བརྡུང་།)ཧཱུྃ༔ དཔལ་ཆེན་རྡོ་རྗེ༴ དངོས་གྲུབ་སྩོལ། །(སུམ་བརྡུང་།)ཧཱུྃ༔ དཔལ་ཆེན་རྡོ་རྗེ༴ དངོས་གྲུབ་སྩོལ། །(སུམ་བརྡུང་།)བྷྲཱུྃ༔ འཁོར་འདས་དྭངས་བཅུད༴ རཀྴ་ཨ༔ (སུམ་ཕྱེད་ཟིལ་འབེབས་བཞག་རོལ། དེ་ནས་དམ་ཅན་རྗེས་ཆོག་དང་། བདག་བསྐྱེད་རྗེས་ཆོག་བཅས་མཐར་དབྱུང་བས་གྲུབ་བོ།། །།)