DJYD-KABUM-23-A-013: Difference between revisions
From Dudjom Wiki
DJYD-KABUM-23-A-013
No edit summary |
No edit summary |
||
| Line 7: | Line 7: | ||
|author=Dudjom Rinpoche | |author=Dudjom Rinpoche | ||
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | ||
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985. | |citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 23: . Kalimpong: Dupjung Lama, 1979-1985. | ||
|language=Tibetan | |language=Tibetan | ||
| | |tibgenre= | ||
|volnumtib=༢༣ | |||
|volyigtib=འ | |||
|volumenumber=23 | |volumenumber=23 | ||
|volumeLetter=A | |volumeLetter=A | ||
| Line 18: | Line 20: | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། | {{TibP|༄༅། །དགོངས་གཏེར་བསམ་པ་ལྷུན་འགྲུབ་མའི་དབང་ཆོག་བསམ་འཕེལ་ནོར་བུ་ཁྲིགས་སུ་བསྡེབས་པ་བྱིན་རླབས་འདོད་འཇོ་ཞེས་བྱ་བ་བཞུགས་སོ། ། | ||
(1བ)ན་མོ་གུ་རུ་པདྨ་ཀ་ར་ཡེ། (དགོངས་གཏེར་བསམ་པ་ལྷུན་འགྲུབ་མའི་དབང་བསྐུར་བསམ་འཕེལ་ནོར་བུ་སྒྲུབ་པ་ལ། དཀྱིལ་འཁོར་སྟེགས་བུ་ཁེབས་ལྡན་གྱི་སྟེང་དུ་མཎྜལ་ལ་འབྲུ་དཀར་དྲི་བཟང་གིས་སྦགས་པའི་ཚོམ་བུ་དབུས་སུ་གཅིག །མཐར་ཕྱོགས་རེར་གསུམ་རེ་བཅས་བཀོད་པའི་ཁར་མཉྫི་ལ་བླ་མའི་གཏོར་མ་པད་འདབ་ཅན་རྒྱན་ལྡན་ལ་སྐུ་འབག་དར་གདུགས་ཅན་བཙུགས་པ་འགོད། གཞུང་དུ་གཏོར་མ་དང་བུམ་པ་འདམ་ཁ་ཅན་དུ་གསུངས་ཀྱང་ཕྱག་ལེན་དུ་གཏོར་མ་ལས་བུམ་དབང་མི་མཛད་པ་ཤས་ཆེ། ཤིན་ཏུ་སྤྲོ་ན་ལྷ་དབང་བཅུ་གསུམ་གྱི་ཙཀླི་འགོད་ཅིང་གསོལ་འདེབས་ཀྱི་ཚིག་མཐའ་བསྒྱུར་ཏེ་དབང་བསྐུར་མཛད་པས་སྐབས་དང་(2ན)བསྟུན། མཐར་སྨན་རཀ་ཉེར་སྤྱོད་ཚོགས་གཏོར་སོགས་དགོས་པའི་ཡོ་བྱད་རྣམས་ཉེ་བར་བསྡོགས་ལ། ལས་བྱང་གི་གཞུང་བསྲང་སྟེ་བདག་མདུན་དབྱེར་མེད་དུ་བསྒོམ་པའམ་བློར་མ་ཆུད་ན་རང་དང་གཏོར་མ་གཉིས་པོ་ངོ་བོ་གཅིག་ལ་རྣམ་པ་ཐ་དད་དུ་མོས་ཏེ་བཟླས་པ་གང་འགྲུབ་དང་། ལས་བུམ་དུ་སྐད་ཅིག་གིས་རྡོ་རྗེ་སེམས་དཔར་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ལ། ཡིག་བརྒྱ་དང་སྙིང་པོ་བཟླ། རིག་པའི་མེ་ཏོག་དོར་བས་བདག་ཉིད་འཇུག་ཅིང་སློབ་མ་གཞུག་པར་གནང་བ་ནོད། དེ་ནས་སློབ་མ་རྣམས་ལ་ཁྲུས་དང་བགེགས་གཏོར་བཏང་ལ་སྲུང་འཁོར་བསྒོམ། མེ་(2བ)ཏོག་བཀྱེ་བསྡུ་བྱས་ནས།) འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རིགས་ཀུན་ཁྱབ་བདག་གུ་རུ་པདྨའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་སྨིན་བྱེད་ཀྱི་དབང་བསྐུར་བ་གསན་ནས་གྲོལ་བྱེད་ཀྱི་གདམས་ངག་རིམ་པར་བསྒོམ་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེ་ལ་འདིར་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་བཀའ་དྲིན་ཅན་དེ་ཉིད་ཀྱིས་སྔོན་དུས་ལས་ཅན་རྗེ་འབངས་རྣམས་དང་། མ་འོངས་པའི་འགྲོ་བ་རྣམས་ཀྱི་དོན་དུ་ཟབ་མོའི་གདམས་ངག་བསམ་གྱིས་མི་ཁྱབ་པ་སྩལ་ཞིང་ཟབ་གཏེར་གྲངས་ལས་འདས་པ་སྦས་པ་སོགས་ཀྱིས་བོད་ཡུལ་མུན་པའི་གླིང་འདིར་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་བཞིན་དུ་མཛད་ནས་སླར་ལྷོ་ནུབ་སྲིན་པོའི་ཁ་གནོན་ལ་གཤེགས་སྐབས་ལྷ་སྲས་མུ་ཁྲི་བཙན་པོས་གུང་ཐང་ལ་ཐོག་བར་དུ་སྐྱེལ་མ་མཛད་དེ། གུ་རུ་བོད་དུ་མི་བཞུགས་སྲིན་ཡུལ་དུ་གཤེགས་ན་བོད་འབངས་སྐྱབས་དང་རེ་ལྟོས་གང་ལ་བྱེད་ཅེས་གདུང་ཤུགས་ངུ་འབོད་དྲག་པོས་ཞུ་བ་ཕུལ་བའི་ལན་དུ་ཐུགས་ངལ་གསོ་བྱེད་ཞལ་ཆེམས་དང་སྦྲགས་ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་(3ན)གསུམ་དང་ལྡན་པའི་བསམ་པ་ལྷུན་འགྲུབ་མའི་ཆོས་སྐོར་སྩལ་བ་རྣམས་རྗེ་འབངས་རྣམས་ནས་མ་འོངས་པའི་འགྲོ་བ་རྣམས་ཀྱི་དོན་དུ་སྨོན་ལམ་གྱིས་མཚམས་སྦྱར་ནས་གཏེར་གནས་སོ་སོར་གཏེར་དུ་སྦས་པར་མཛད་པ། ཕྱིས་གདུལ་བྱ་དུས་ལ་བབས་པ་ན་སྤྲུལ་པའི་གཏེར་སྟོན་རྣམས་ཀྱིས་རིམ་པར་སྤྱན་དྲངས་ཏེ་འགྲོ་བའི་དོན་དཔག་ཏུ་མེད་པ་མཛད་པ་ལས། འདིར་རིག་འཛིན་ཆེན་པོ་འཇིགས་བྲལ་བདེ་ཆེན་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱོན་པའི་བསམ་ལྷུན་སྒྲུབ་ཐབས་དང་འབྲེལ་བའི་དབང་ཆོག་བསམ་འཕེལ་ནར་བུ་སྒྲུབ་པར་བྱེད་པ་ལ། ཐོག་མར་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་འཚལ། (ཞེས་བརྡ་སྦྱར་ལ་མཎྜལ་འབུལ་དུ་གཞུག །)བླ་མ་ཉིད་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་དངོས་སུ་གསལ་བ་ལ་མི་ཕྱེད་གདུང་ཤུགས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་ཧོཿ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྣང་བ་མཐའ་ཡས་ཐུགས་རྗེའི་བྱིན་རླབས་གཡོས༔ སྤྲུལ་སྐུ་པདྨ་འབྱུང་གནས་བྱིན་(3བ)བརླབས་ཏེ། འཛམ་བུའི་གླིང་དུ་འགྲོ་བའི་དོན་ལ་བྱོན༔ འགྲོ་དོན་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བདག་ལ་དབང་བསྐུར་བྱིན་གྱིས་བརླབས་ནས་ཀྱང་༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ (ལན་གསུམ།) དེ་ལྟར་གསོལ་བ་བཏབ་པ་ལ་བཀས་གནང་བ་སྦྱིན་པ་འདི་ལ་གསན་འཚལ། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མན་ཆད་ནས༔ ཆོས་རྒྱལ་གདུང་བརྒྱུད་མཐའ་ལ་མ་སྟོངས་བར༔ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ བོད་ཀྱི་ཆོས་སྐྱོང་རྒྱལ་པོའི་གཉེན་གཅིག་པུ༔ རྒྱལ་པོ་ཆོས་སྤྱོད་སྐྱོང་བའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨའི་དབང་བསྐུར་སྦྱིན་པར་བྱ༔ (ཞེས་གནང་བ་སྦྱིན།) མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་རྩ་གསུམ་དཔའ་བོ་མཁའ་འགྲོ་སངས་རྒྱས་བྱང་སེམས་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་སྤྲིན་ཕུང་གཏིབས་པ་ལྟར་བྱོན་ནས་བཞུགས་པའི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་འགྲོ་བའི་(4ན)བློས་འདིའི་རྗེས་ཟློས། (ལས་བྱང་བཞིན་སྐྱབས་འགྲོ་ལན་གསུམ།) མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཏེ་རིགས་འདུས་བླ་མའི་གོ་འཕང་ལ་འགོད་པར་བགྱིའོ་སྙམ་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། (ལས་བྱང་བཞིན་སེམས་བསྐྱེད་ལན་གསུམ།) སྐྱབས་ཡུལ་དེ་རྣམ་ཀྱི་སྤྱན་སྔར་བསགས་སྦྱོང་སྤེལ་གསུམ་གྱི་སྙིང་པོར་གྱུར་པ་ཚོགས་བསགས་ཡན་ལན་བཅུ་པ་ཚུལ་བཞིན་དུ་བྱ་བའི་འདུན་པས་འདིའི་རྗེས་ཟློས། བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་བསྒྲུབས་ལ་རྗེས་ཡི་རང་༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ (ལན་གསུམ།) དེ་ནས་དབང་གི་གཞི་འགོད་པའི་སླད་དུ་ཁྱེད་རང་རྣམས་ལུས་གནད་དྲངས་པོར་(4བ)བསྲང་། ངག་གནད་རླུང་ཁ་སྦྱོར་དུ་འཆིང་། སེམས་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཁྱེད་རང་རྣམས་ལ་ཕོག །རྣམ་སྨིན་ཤ་ཁྲག་གདོས་བཅས་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཆུ་ལས་ཆུ་ལྦུར་རྡོལ་བ་བཞིན་དུ་རིགས་འདུས་བླ་མ་ཨོ་རྒྱན་སྣང་སྲིད་ཟིལ་གནོན་རྩལ་གྱི་སྐུར་གྱུར་པ་ནི། རཀྵ་སྲིན་པོ་ཞི་མ་ཁྲོའི་ཉམས་ཅན། སྐུ་མདོག་དཀར་སྨུག་གཞོན་ཚུལ་སྒེག་པའི་ལང་ཚོ་འབརབ། གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་པ་ནམ་མཁའ་ལ་འཕྱར་ཞིང་། གཡོན་བྷནྔྷ་བདུད་རྩིས་གང་བ་དཀུར་བརྟེན་པའི་ཚུལ་གྱིས་འཛིན་པ། དབུ་ལ་པདྨའི་མཉེན་ཞུ་རྒོད་ཀྱི་རྩེ་སྒྲོ་ཅན་དང་། སྐུ་ལ་ནང་དུ་རྡོ་རྗེའི་གསང་གོས་དཀར་པོ། སྔགས་ཀྱི་ཕོད་ཆེན་མཐིང་ནག །ཆོས་གོས་དམར་པོ་གསེར་གྱི་ཧ་རིས་ཅན་རྣམས་གསོལ་བ། པད་ཉིད་དྲེགས་པ་ཕོ་མོ་བསྣོལ་བའི་གདན་ལ་ཞབས་གཉིས་འདོར་སྟབས་འགྱིང་ལོག་ཏུ་བགྲད་དེ་བཞུགས་པའི་གནས་གསུམ་འབྲུ་གསུམ་གྱིས་(5ན)མཚན་པ་ལས་འོད་ཟེར་འཕྲོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མའི་ལྷ་ཚོགས་བླ་མ་རིག་འཛིན་ཀུན་འདུས་ཀྱི་དཀྱིལ་འཁོར་འཁོར་ལོའི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཁ་བ་བུ་ཡུག་འཚུབས་པ་བཞིན་དུ་བྱོན་ནས་ཁྱེད་རང་གི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། (སྤོས་རོལ་དབྱངས་དང་བཅས་པས་ཚིག་བདུན་མ་དང་།) ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་(སོགས། ལས་བྱང་གཞུང་གི་སྤྱན་འདྲེན་མཐར། རྩ་སྔགས་ལ།) ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཱཿ (ཞེས་བཏགས་པ་བརྗོད་པས་བྱིན་དབབ།) དེ་ལྟར་བྱིན་རླབས་པའི་རྒྱུན་འདི་ཉིད་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། (ཞེས་བརྟན་པར་བྱ།) དེ་ནས་དབང་དངོས་གཞི་ཞུ་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། འགྲོ་དྲུག་སྡུག་བསྔལ་ཆེན་པོས་ཉེན་པ་དང་༔ ཁྱད་པར་བོད་ཀྱི་རྗེ་འབངས་སྡུག་བསྔལ་ནས༔ དད་ཅིང་མོས་གུས་གདུང་བས་གསོལ་བཏབ་ན༔ ཁྱེད་ཀྱི་ཐུགས་རྗེས་འཕོ་འགྱུར་མེད་པར་གཟིགས༔ ཨོ་རྒྱན་པདྨ་འབྱུང་གནས་དབང་བསྐུར་རྩོལ༔ བསམ་པ་ལྷུན་གྱིས་(5བ)འགྲུབ་པར་བྱིན་གྱིས་རློབས༔ (ལན་གསུམ།) གཏོར་མ་འདི་ཉིད་ཨོ་རྒྱན་རིན་པོ་ཆེ་པདྨ་འབྱུང་གནས་བྱིན་ཐིབས་ཐིབ། འོད་ལྷགས་ལྷག་ཏུ་བཞུགས་པའི་སྟེང་འོག་ཕྱོགས་མཚམས་འཇའ་འོད་ཟེར་ཐིག་གི་ཀློང་དུ་རིག་འཛིན་བརྒྱུད་པའི་བླ་མ། སྒྲུབ་སྡེ་བརྒྱད་ཀྱི་ལྷ་ཚོགས། རིགས་བཞིའི་དཔའ་བོ་དང་མཁའ་འགྲོ་མ་དཔག་ཏུ་མེད་པས་བསྐོར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་ཡེ་ཤེས་སྤྱི་བླུགས་ཀྱི་དབང་བསྐུར་སྩལ། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་གནང་བྱུང་སྙམ་དུ་མོས་པ་རྩེ་གཅིག་མཛོད་ཅིག །(གཏོར་མ་ཙཀླིས་བརྒྱན་པ་ཐོགས་ལ།) ཨེ་མ་ཧོཿ སྐུ་ནི་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད༔ ཐུགས་རྗེས་བོད་ཀྱི་འགྲོ་བའི་དོན་ལ་དགོངས༔ མ་རིག་ལོག་པའི་སེམས་ཅན་འདྲེན་པའི་དཔལ༔ ཉོན་མོངས་གདུལ་དཀའི་སེམས་ཅན་ཐབས་ཀྱིས་འདུལ༔ བརྩེ་གདུང་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་དབང་བསྐུར་རོ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ (ཞེས་དང་།) གཏོར་མ་སློབ་དཔོན་ཆེན་པོ་གཙོ་འཁོར་དུ་གསལ་བའི་སྤྱི་བོ་ནས་འོད་ཟེར་དཀར་པོ་ཤར་གྱིས་བྱུང་། ཁྱེད་(6ན)རང་རྣམས་ཀྱི་དཔྲལ་བར་ཐིམ་པས་ལྷ་དབང་ལུས་ལ་ཐོབ་པའི་མོས་པ་མཛོད། ཨོཾ༔ སྐྱེ་མེད་སྐུ་སྟེ་རྡོ་རྗེའི་སྐུ༔ པདྨ་འབྱུང་གནས་སྐུ་ཡི་དབང་༔ བུ་ཡི་ལུས་ལ་ལྷ་དབང་བསྐུར༔ རྡོ་རྗེའི་སྐུ་རུ་སྨིན་པར་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ (ཞེས་གཏོར་མ་སྤྱི་བོར་བཞག །)ཡང་གཏོར་མ་སློབ་དཔོན་ཆེན་པོ་གཙོ་འཁོར་དུ་གསལ་བའི་མགྲིན་པ་ནས་འོད་ཟེར་དམར་པོ་ཁྱུག་གིས་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་སྔགས་དབང་ངག་ལ་ཐོབ་པའི་མོས་པ་མཛོད། ཨཱཿ འགགས་མེད་གསུང་སྟེ་རྡོ་རྗེའི་གསུང་༔ པདྨ་འབྱུང་གནས་གསུང་གི་དབང་༔ བུ་ཡི་ངག་ལ་སྔགས་དབང་བསྐུར༔ རྡོ་རྗེའི་གསུང་དུ་སྨིན་པར་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ (ཞེས་གཏོར་མ་མགྲིན་པར་བཞག །)ཡང་གཏོར་མ་སློབ་དཔོན་ཆེན་པོ་གཙོ་འཁོར་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་ལམ་གྱིས་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ཆོས་དབང་སེམས་ལ་ཐོབ་པའི་མོས་པ་མཛོད། ཧཱུྃ༔ འཁྲུལ་མེད་ཐུགས་ཏེ་རྡོ་རྗེའི་ཐུགས༔ པདྨ་འབྱུང་གནས་ཐུགས་ཀྱི་དབང་༔ བུ་ཡི་སེམས་(6བ)ལ་ཆོས་དབང་བསྐུར༔ རྡོ་རྗེའི་ཐུགས་སུ་སྨིན་པར་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ (ཞེས་གཏོར་མ་སྙིང་གར་བཞག །མཐར།) རྒྱལ་བ་ཀུན་འདུས་ཨོ་རྒྱན་རིན་པོ་ཆེའི་སྐུ་གསུང་ཐུགས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ཆུ་ལ་ཆུ་བཞག་པ་ལྟར་འདྲེས། བཞི་ཆ་གསུམ་བྲལ་ཆོས་ཀྱི་སྐུ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རང་བྱུང་རིག་པའི་རང་ངོ་ལ་མཉམ་པར་ཞོག་མཛོད། (ཅེས་བརྗོད་ལ་དར་ཅིག་མཉམ་པར་བཞག ། འདིར་ལོངས་སྐབས་ཡོད་ཅིང་སྤྲོ་ན།) སླར་ཡང་མདུན་གྱི་ནམ་མཁར་ཨོ་རྒྱན་རིན་པོ་ཆེ་རྩ་བ་གསུམ་གྱི་ལྷ་ཚོགས་དང་བཅས་ཏེ་བཞུགས་པར་མོས་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདི་ཉིད་ད་ལྟ་ཚར་གཅིག་དཔོན་སློབ་ལྷན་ཅིག་པར་གསུངས་ཤིང་། སླད་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བློ་གཏད་ལིང་བསྐྱུར་ཅི་མཛད་ཁྱེད་ཤེས་ཀྱི་སྒོ་ནས་ཆུ་བོའི་རྒྱུན་ནམ། ཉིན་མཚན་དུས་དྲུག་གམ། ཐ་ན་ཉིན་རེར་ཚར་རེ་མ་ཆགས་པར་མཛད་སྙམ་པས་གསོལ་བ་འདེབས་པ་འདི་བཞིན་གསུང་བར་ཞུ། (ཞེས་མཚམས་སྦྱར་ནས་བསམ་ལྷུན་ཚར་གཅིག་གསུང་། དེ་ནས་མེ་ཏོག་འཐོར་ལ་ཤིས་བརྗོད་རྒྱས་པར་སྤེལ།) དེ་དག་གིས་དགོངས་གཏེར་(7ན)བསམ་པ་ལྷུན་འགྲུབ་མའི་བྱིན་རླབས་དབང་བསྐུར་ཟབ་མོ་ལེགས་པར་གྲུབ་པ་ཡིན་པས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་འདི་ཉིད་ཡི་དམ་དུ་འཆང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་(སོགས།) གཏང་རག་ཏུ་མཎྜལ་འབུལ་འཚལ། སླར་ཡང་ལུས་ལོངས་སྤྱོད་འབུལ་སྙམ་པས་རྗེས་ཟློས། དེང་ནས་བརྩམས་ཏེ་(སོགས།) དེ་ལས་ཐོབ་པའི་དགེ་རྩ་བྱང་ཆུབ་མཆོག་ཏུ་བསྔོ་བས་རྒྱས་འདེབས་པ་དང་། འདིའི་སྒོ་ནས་ཀྱང་རང་གཞན་གྱི་དོན་རྒྱ་ཆེན་པོ་སྒྲུབ་མཛོད། བསོད་ནམས་འདི་ཡིས་(སོགས་བརྗོད་ལ་བརྗོད་ལ་སློབ་མ་རྣམས་གྱེས། ཚོགས་ལ་རོལ་ཞིང་ལྷག་མ་བཏང་བ་ནས་བསྔོ་སྨོན་བཀྲ་ཤིས་ཀྱི་བར་ལས་བྱང་བཞིན་མཐའ་རྒྱས་སུ་བྱའོ། །ཚུལ་འདིར་འབྲེལ་ཐོབ་འགྲོ་བ་ཀུན། །གནས་སྐབས་མཐར་ཐུག་འཇིགས་ལས་སྐྱོབས། །དོན་གཉིས་བསམ་པ་ལྷུན་འགྲུབ་པའི། །སྐལ་བཟང་གུ་རུ་ཉིད་མཚུངས་ཤོག ། ཅེས་གྲུབ་པའི་དབང་ཕྱུག་འཇིགས་བྲལ་བདེ་ཆེན་གླིང་པའི་དགོངས་གཏེར་བསམ་པ་ལྷུན་འགྲུབ་མའི་ཆོ་ག་འདི་ཉིད་རིག་འཛིན་མངའ་རིས་པའི་གཏེར་བྱོན་སྒྲུབ་ཐབས་ཡོན་ཏན་གཏེར་མཛོད་དང་དོན་གྱི་དགོངས་པའི་གནད་གཅིག་ཏུ་བབས་པར་བརྟེན་དབང་ཆོག་དེ་ལས་ཞལ་སྐོང་དུ་བསྡེབས་ཏེ་མཚམས་སྦྱོར་ཅུང་ཟད་(7བ)དང་བཅས་བཀླག་ཆོག་ཆུ་བབས་སུ་འགོད་པ་པོ་ནི་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་སྟེ། ཡོངས་ལ་སྨན་པའི་ཐུགས་བསྐྱེད་བྱང་ཆུབ་སེམས་དཔའི་ངང་ཚུལ་ཅན་སོག་རྩེ་སྤྲུལ་སྐུ་ཀུན་བཟང་བསྟན་འཛིན་རྒྱལ་མཚན་གྱིས་བསྐུལ་བར་མཛད་པ་བཞིན་བལ་ཡུལ་ཡམ་བུའི་གྲོང་གི་ངལ་གསོའི་སྤྱིལ་པོ་རུ་ལྕགས་བྱ་ཆུ་སྟོད་ཟླ་བའི་ཡར་ངོའི་ཚེས་བཅུ་ལ་སྦྱར་བ་དོན་ལྡན་དུ་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།)}} | (1བ)ན་མོ་གུ་རུ་པདྨ་ཀ་ར་ཡེ། (དགོངས་གཏེར་བསམ་པ་ལྷུན་འགྲུབ་མའི་དབང་བསྐུར་བསམ་འཕེལ་ནོར་བུ་སྒྲུབ་པ་ལ། དཀྱིལ་འཁོར་སྟེགས་བུ་ཁེབས་ལྡན་གྱི་སྟེང་དུ་མཎྜལ་ལ་འབྲུ་དཀར་དྲི་བཟང་གིས་སྦགས་པའི་ཚོམ་བུ་དབུས་སུ་གཅིག །མཐར་ཕྱོགས་རེར་གསུམ་རེ་བཅས་བཀོད་པའི་ཁར་མཉྫི་ལ་བླ་མའི་གཏོར་མ་པད་འདབ་ཅན་རྒྱན་ལྡན་ལ་སྐུ་འབག་དར་གདུགས་ཅན་བཙུགས་པ་འགོད། གཞུང་དུ་གཏོར་མ་དང་བུམ་པ་འདམ་ཁ་ཅན་དུ་གསུངས་ཀྱང་ཕྱག་ལེན་དུ་གཏོར་མ་ལས་བུམ་དབང་མི་མཛད་པ་ཤས་ཆེ། ཤིན་ཏུ་སྤྲོ་ན་ལྷ་དབང་བཅུ་གསུམ་གྱི་ཙཀླི་འགོད་ཅིང་གསོལ་འདེབས་ཀྱི་ཚིག་མཐའ་བསྒྱུར་ཏེ་དབང་བསྐུར་མཛད་པས་སྐབས་དང་(2ན)བསྟུན། མཐར་སྨན་རཀ་ཉེར་སྤྱོད་ཚོགས་གཏོར་སོགས་དགོས་པའི་ཡོ་བྱད་རྣམས་ཉེ་བར་བསྡོགས་ལ། ལས་བྱང་གི་གཞུང་བསྲང་སྟེ་བདག་མདུན་དབྱེར་མེད་དུ་བསྒོམ་པའམ་བློར་མ་ཆུད་ན་རང་དང་གཏོར་མ་གཉིས་པོ་ངོ་བོ་གཅིག་ལ་རྣམ་པ་ཐ་དད་དུ་མོས་ཏེ་བཟླས་པ་གང་འགྲུབ་དང་། ལས་བུམ་དུ་སྐད་ཅིག་གིས་རྡོ་རྗེ་སེམས་དཔར་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ལ། ཡིག་བརྒྱ་དང་སྙིང་པོ་བཟླ། རིག་པའི་མེ་ཏོག་དོར་བས་བདག་ཉིད་འཇུག་ཅིང་སློབ་མ་གཞུག་པར་གནང་བ་ནོད། དེ་ནས་སློབ་མ་རྣམས་ལ་ཁྲུས་དང་བགེགས་གཏོར་བཏང་ལ་སྲུང་འཁོར་བསྒོམ། མེ་(2བ)ཏོག་བཀྱེ་བསྡུ་བྱས་ནས།) འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རིགས་ཀུན་ཁྱབ་བདག་གུ་རུ་པདྨའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་སྨིན་བྱེད་ཀྱི་དབང་བསྐུར་བ་གསན་ནས་གྲོལ་བྱེད་ཀྱི་གདམས་ངག་རིམ་པར་བསྒོམ་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེ་ལ་འདིར་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་བཀའ་དྲིན་ཅན་དེ་ཉིད་ཀྱིས་སྔོན་དུས་ལས་ཅན་རྗེ་འབངས་རྣམས་དང་། མ་འོངས་པའི་འགྲོ་བ་རྣམས་ཀྱི་དོན་དུ་ཟབ་མོའི་གདམས་ངག་བསམ་གྱིས་མི་ཁྱབ་པ་སྩལ་ཞིང་ཟབ་གཏེར་གྲངས་ལས་འདས་པ་སྦས་པ་སོགས་ཀྱིས་བོད་ཡུལ་མུན་པའི་གླིང་འདིར་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་བཞིན་དུ་མཛད་ནས་སླར་ལྷོ་ནུབ་སྲིན་པོའི་ཁ་གནོན་ལ་གཤེགས་སྐབས་ལྷ་སྲས་མུ་ཁྲི་བཙན་པོས་གུང་ཐང་ལ་ཐོག་བར་དུ་སྐྱེལ་མ་མཛད་དེ། གུ་རུ་བོད་དུ་མི་བཞུགས་སྲིན་ཡུལ་དུ་གཤེགས་ན་བོད་འབངས་སྐྱབས་དང་རེ་ལྟོས་གང་ལ་བྱེད་ཅེས་གདུང་ཤུགས་ངུ་འབོད་དྲག་པོས་ཞུ་བ་ཕུལ་བའི་ལན་དུ་ཐུགས་ངལ་གསོ་བྱེད་ཞལ་ཆེམས་དང་སྦྲགས་ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་(3ན)གསུམ་དང་ལྡན་པའི་བསམ་པ་ལྷུན་འགྲུབ་མའི་ཆོས་སྐོར་སྩལ་བ་རྣམས་རྗེ་འབངས་རྣམས་ནས་མ་འོངས་པའི་འགྲོ་བ་རྣམས་ཀྱི་དོན་དུ་སྨོན་ལམ་གྱིས་མཚམས་སྦྱར་ནས་གཏེར་གནས་སོ་སོར་གཏེར་དུ་སྦས་པར་མཛད་པ། ཕྱིས་གདུལ་བྱ་དུས་ལ་བབས་པ་ན་སྤྲུལ་པའི་གཏེར་སྟོན་རྣམས་ཀྱིས་རིམ་པར་སྤྱན་དྲངས་ཏེ་འགྲོ་བའི་དོན་དཔག་ཏུ་མེད་པ་མཛད་པ་ལས། འདིར་རིག་འཛིན་ཆེན་པོ་འཇིགས་བྲལ་བདེ་ཆེན་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱོན་པའི་བསམ་ལྷུན་སྒྲུབ་ཐབས་དང་འབྲེལ་བའི་དབང་ཆོག་བསམ་འཕེལ་ནར་བུ་སྒྲུབ་པར་བྱེད་པ་ལ། ཐོག་མར་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་འཚལ། (ཞེས་བརྡ་སྦྱར་ལ་མཎྜལ་འབུལ་དུ་གཞུག །)བླ་མ་ཉིད་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་དངོས་སུ་གསལ་བ་ལ་མི་ཕྱེད་གདུང་ཤུགས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་ཧོཿ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྣང་བ་མཐའ་ཡས་ཐུགས་རྗེའི་བྱིན་རླབས་གཡོས༔ སྤྲུལ་སྐུ་པདྨ་འབྱུང་གནས་བྱིན་(3བ)བརླབས་ཏེ། འཛམ་བུའི་གླིང་དུ་འགྲོ་བའི་དོན་ལ་བྱོན༔ འགྲོ་དོན་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བདག་ལ་དབང་བསྐུར་བྱིན་གྱིས་བརླབས་ནས་ཀྱང་༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ (ལན་གསུམ།) དེ་ལྟར་གསོལ་བ་བཏབ་པ་ལ་བཀས་གནང་བ་སྦྱིན་པ་འདི་ལ་གསན་འཚལ། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མན་ཆད་ནས༔ ཆོས་རྒྱལ་གདུང་བརྒྱུད་མཐའ་ལ་མ་སྟོངས་བར༔ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ བོད་ཀྱི་ཆོས་སྐྱོང་རྒྱལ་པོའི་གཉེན་གཅིག་པུ༔ རྒྱལ་པོ་ཆོས་སྤྱོད་སྐྱོང་བའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨའི་དབང་བསྐུར་སྦྱིན་པར་བྱ༔ (ཞེས་གནང་བ་སྦྱིན།) མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་རྩ་གསུམ་དཔའ་བོ་མཁའ་འགྲོ་སངས་རྒྱས་བྱང་སེམས་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་སྤྲིན་ཕུང་གཏིབས་པ་ལྟར་བྱོན་ནས་བཞུགས་པའི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་འགྲོ་བའི་(4ན)བློས་འདིའི་རྗེས་ཟློས། (ལས་བྱང་བཞིན་སྐྱབས་འགྲོ་ལན་གསུམ།) མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཏེ་རིགས་འདུས་བླ་མའི་གོ་འཕང་ལ་འགོད་པར་བགྱིའོ་སྙམ་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། (ལས་བྱང་བཞིན་སེམས་བསྐྱེད་ལན་གསུམ།) སྐྱབས་ཡུལ་དེ་རྣམ་ཀྱི་སྤྱན་སྔར་བསགས་སྦྱོང་སྤེལ་གསུམ་གྱི་སྙིང་པོར་གྱུར་པ་ཚོགས་བསགས་ཡན་ལན་བཅུ་པ་ཚུལ་བཞིན་དུ་བྱ་བའི་འདུན་པས་འདིའི་རྗེས་ཟློས། བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་བསྒྲུབས་ལ་རྗེས་ཡི་རང་༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ (ལན་གསུམ།) དེ་ནས་དབང་གི་གཞི་འགོད་པའི་སླད་དུ་ཁྱེད་རང་རྣམས་ལུས་གནད་དྲངས་པོར་(4བ)བསྲང་། ངག་གནད་རླུང་ཁ་སྦྱོར་དུ་འཆིང་། སེམས་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཁྱེད་རང་རྣམས་ལ་ཕོག །རྣམ་སྨིན་ཤ་ཁྲག་གདོས་བཅས་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཆུ་ལས་ཆུ་ལྦུར་རྡོལ་བ་བཞིན་དུ་རིགས་འདུས་བླ་མ་ཨོ་རྒྱན་སྣང་སྲིད་ཟིལ་གནོན་རྩལ་གྱི་སྐུར་གྱུར་པ་ནི། རཀྵ་སྲིན་པོ་ཞི་མ་ཁྲོའི་ཉམས་ཅན། སྐུ་མདོག་དཀར་སྨུག་གཞོན་ཚུལ་སྒེག་པའི་ལང་ཚོ་འབརབ། གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་པ་ནམ་མཁའ་ལ་འཕྱར་ཞིང་། གཡོན་བྷནྔྷ་བདུད་རྩིས་གང་བ་དཀུར་བརྟེན་པའི་ཚུལ་གྱིས་འཛིན་པ། དབུ་ལ་པདྨའི་མཉེན་ཞུ་རྒོད་ཀྱི་རྩེ་སྒྲོ་ཅན་དང་། སྐུ་ལ་ནང་དུ་རྡོ་རྗེའི་གསང་གོས་དཀར་པོ། སྔགས་ཀྱི་ཕོད་ཆེན་མཐིང་ནག །ཆོས་གོས་དམར་པོ་གསེར་གྱི་ཧ་རིས་ཅན་རྣམས་གསོལ་བ། པད་ཉིད་དྲེགས་པ་ཕོ་མོ་བསྣོལ་བའི་གདན་ལ་ཞབས་གཉིས་འདོར་སྟབས་འགྱིང་ལོག་ཏུ་བགྲད་དེ་བཞུགས་པའི་གནས་གསུམ་འབྲུ་གསུམ་གྱིས་(5ན)མཚན་པ་ལས་འོད་ཟེར་འཕྲོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མའི་ལྷ་ཚོགས་བླ་མ་རིག་འཛིན་ཀུན་འདུས་ཀྱི་དཀྱིལ་འཁོར་འཁོར་ལོའི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཁ་བ་བུ་ཡུག་འཚུབས་པ་བཞིན་དུ་བྱོན་ནས་ཁྱེད་རང་གི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། (སྤོས་རོལ་དབྱངས་དང་བཅས་པས་ཚིག་བདུན་མ་དང་།) ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་(སོགས། ལས་བྱང་གཞུང་གི་སྤྱན་འདྲེན་མཐར། རྩ་སྔགས་ལ།) ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཱཿ (ཞེས་བཏགས་པ་བརྗོད་པས་བྱིན་དབབ།) དེ་ལྟར་བྱིན་རླབས་པའི་རྒྱུན་འདི་ཉིད་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། (ཞེས་བརྟན་པར་བྱ།) དེ་ནས་དབང་དངོས་གཞི་ཞུ་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། འགྲོ་དྲུག་སྡུག་བསྔལ་ཆེན་པོས་ཉེན་པ་དང་༔ ཁྱད་པར་བོད་ཀྱི་རྗེ་འབངས་སྡུག་བསྔལ་ནས༔ དད་ཅིང་མོས་གུས་གདུང་བས་གསོལ་བཏབ་ན༔ ཁྱེད་ཀྱི་ཐུགས་རྗེས་འཕོ་འགྱུར་མེད་པར་གཟིགས༔ ཨོ་རྒྱན་པདྨ་འབྱུང་གནས་དབང་བསྐུར་རྩོལ༔ བསམ་པ་ལྷུན་གྱིས་(5བ)འགྲུབ་པར་བྱིན་གྱིས་རློབས༔ (ལན་གསུམ།) གཏོར་མ་འདི་ཉིད་ཨོ་རྒྱན་རིན་པོ་ཆེ་པདྨ་འབྱུང་གནས་བྱིན་ཐིབས་ཐིབ། འོད་ལྷགས་ལྷག་ཏུ་བཞུགས་པའི་སྟེང་འོག་ཕྱོགས་མཚམས་འཇའ་འོད་ཟེར་ཐིག་གི་ཀློང་དུ་རིག་འཛིན་བརྒྱུད་པའི་བླ་མ། སྒྲུབ་སྡེ་བརྒྱད་ཀྱི་ལྷ་ཚོགས། རིགས་བཞིའི་དཔའ་བོ་དང་མཁའ་འགྲོ་མ་དཔག་ཏུ་མེད་པས་བསྐོར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་ཡེ་ཤེས་སྤྱི་བླུགས་ཀྱི་དབང་བསྐུར་སྩལ། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་གནང་བྱུང་སྙམ་དུ་མོས་པ་རྩེ་གཅིག་མཛོད་ཅིག །(གཏོར་མ་ཙཀླིས་བརྒྱན་པ་ཐོགས་ལ།) ཨེ་མ་ཧོཿ སྐུ་ནི་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད༔ ཐུགས་རྗེས་བོད་ཀྱི་འགྲོ་བའི་དོན་ལ་དགོངས༔ མ་རིག་ལོག་པའི་སེམས་ཅན་འདྲེན་པའི་དཔལ༔ ཉོན་མོངས་གདུལ་དཀའི་སེམས་ཅན་ཐབས་ཀྱིས་འདུལ༔ བརྩེ་གདུང་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་དབང་བསྐུར་རོ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ (ཞེས་དང་།) གཏོར་མ་སློབ་དཔོན་ཆེན་པོ་གཙོ་འཁོར་དུ་གསལ་བའི་སྤྱི་བོ་ནས་འོད་ཟེར་དཀར་པོ་ཤར་གྱིས་བྱུང་། ཁྱེད་(6ན)རང་རྣམས་ཀྱི་དཔྲལ་བར་ཐིམ་པས་ལྷ་དབང་ལུས་ལ་ཐོབ་པའི་མོས་པ་མཛོད། ཨོཾ༔ སྐྱེ་མེད་སྐུ་སྟེ་རྡོ་རྗེའི་སྐུ༔ པདྨ་འབྱུང་གནས་སྐུ་ཡི་དབང་༔ བུ་ཡི་ལུས་ལ་ལྷ་དབང་བསྐུར༔ རྡོ་རྗེའི་སྐུ་རུ་སྨིན་པར་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ (ཞེས་གཏོར་མ་སྤྱི་བོར་བཞག །)ཡང་གཏོར་མ་སློབ་དཔོན་ཆེན་པོ་གཙོ་འཁོར་དུ་གསལ་བའི་མགྲིན་པ་ནས་འོད་ཟེར་དམར་པོ་ཁྱུག་གིས་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་སྔགས་དབང་ངག་ལ་ཐོབ་པའི་མོས་པ་མཛོད། ཨཱཿ འགགས་མེད་གསུང་སྟེ་རྡོ་རྗེའི་གསུང་༔ པདྨ་འབྱུང་གནས་གསུང་གི་དབང་༔ བུ་ཡི་ངག་ལ་སྔགས་དབང་བསྐུར༔ རྡོ་རྗེའི་གསུང་དུ་སྨིན་པར་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ (ཞེས་གཏོར་མ་མགྲིན་པར་བཞག །)ཡང་གཏོར་མ་སློབ་དཔོན་ཆེན་པོ་གཙོ་འཁོར་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་ལམ་གྱིས་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ཆོས་དབང་སེམས་ལ་ཐོབ་པའི་མོས་པ་མཛོད། ཧཱུྃ༔ འཁྲུལ་མེད་ཐུགས་ཏེ་རྡོ་རྗེའི་ཐུགས༔ པདྨ་འབྱུང་གནས་ཐུགས་ཀྱི་དབང་༔ བུ་ཡི་སེམས་(6བ)ལ་ཆོས་དབང་བསྐུར༔ རྡོ་རྗེའི་ཐུགས་སུ་སྨིན་པར་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ (ཞེས་གཏོར་མ་སྙིང་གར་བཞག །མཐར།) རྒྱལ་བ་ཀུན་འདུས་ཨོ་རྒྱན་རིན་པོ་ཆེའི་སྐུ་གསུང་ཐུགས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ཆུ་ལ་ཆུ་བཞག་པ་ལྟར་འདྲེས། བཞི་ཆ་གསུམ་བྲལ་ཆོས་ཀྱི་སྐུ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རང་བྱུང་རིག་པའི་རང་ངོ་ལ་མཉམ་པར་ཞོག་མཛོད། (ཅེས་བརྗོད་ལ་དར་ཅིག་མཉམ་པར་བཞག ། འདིར་ལོངས་སྐབས་ཡོད་ཅིང་སྤྲོ་ན།) སླར་ཡང་མདུན་གྱི་ནམ་མཁར་ཨོ་རྒྱན་རིན་པོ་ཆེ་རྩ་བ་གསུམ་གྱི་ལྷ་ཚོགས་དང་བཅས་ཏེ་བཞུགས་པར་མོས་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདི་ཉིད་ད་ལྟ་ཚར་གཅིག་དཔོན་སློབ་ལྷན་ཅིག་པར་གསུངས་ཤིང་། སླད་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བློ་གཏད་ལིང་བསྐྱུར་ཅི་མཛད་ཁྱེད་ཤེས་ཀྱི་སྒོ་ནས་ཆུ་བོའི་རྒྱུན་ནམ། ཉིན་མཚན་དུས་དྲུག་གམ། ཐ་ན་ཉིན་རེར་ཚར་རེ་མ་ཆགས་པར་མཛད་སྙམ་པས་གསོལ་བ་འདེབས་པ་འདི་བཞིན་གསུང་བར་ཞུ། (ཞེས་མཚམས་སྦྱར་ནས་བསམ་ལྷུན་ཚར་གཅིག་གསུང་། དེ་ནས་མེ་ཏོག་འཐོར་ལ་ཤིས་བརྗོད་རྒྱས་པར་སྤེལ།) དེ་དག་གིས་དགོངས་གཏེར་(7ན)བསམ་པ་ལྷུན་འགྲུབ་མའི་བྱིན་རླབས་དབང་བསྐུར་ཟབ་མོ་ལེགས་པར་གྲུབ་པ་ཡིན་པས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་འདི་ཉིད་ཡི་དམ་དུ་འཆང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་(སོགས།) གཏང་རག་ཏུ་མཎྜལ་འབུལ་འཚལ། སླར་ཡང་ལུས་ལོངས་སྤྱོད་འབུལ་སྙམ་པས་རྗེས་ཟློས། དེང་ནས་བརྩམས་ཏེ་(སོགས།) དེ་ལས་ཐོབ་པའི་དགེ་རྩ་བྱང་ཆུབ་མཆོག་ཏུ་བསྔོ་བས་རྒྱས་འདེབས་པ་དང་། འདིའི་སྒོ་ནས་ཀྱང་རང་གཞན་གྱི་དོན་རྒྱ་ཆེན་པོ་སྒྲུབ་མཛོད། བསོད་ནམས་འདི་ཡིས་(སོགས་བརྗོད་ལ་བརྗོད་ལ་སློབ་མ་རྣམས་གྱེས། ཚོགས་ལ་རོལ་ཞིང་ལྷག་མ་བཏང་བ་ནས་བསྔོ་སྨོན་བཀྲ་ཤིས་ཀྱི་བར་ལས་བྱང་བཞིན་མཐའ་རྒྱས་སུ་བྱའོ། །ཚུལ་འདིར་འབྲེལ་ཐོབ་འགྲོ་བ་ཀུན། །གནས་སྐབས་མཐར་ཐུག་འཇིགས་ལས་སྐྱོབས། །དོན་གཉིས་བསམ་པ་ལྷུན་འགྲུབ་པའི། །སྐལ་བཟང་གུ་རུ་ཉིད་མཚུངས་ཤོག ། ཅེས་གྲུབ་པའི་དབང་ཕྱུག་འཇིགས་བྲལ་བདེ་ཆེན་གླིང་པའི་དགོངས་གཏེར་བསམ་པ་ལྷུན་འགྲུབ་མའི་ཆོ་ག་འདི་ཉིད་རིག་འཛིན་མངའ་རིས་པའི་གཏེར་བྱོན་སྒྲུབ་ཐབས་ཡོན་ཏན་གཏེར་མཛོད་དང་དོན་གྱི་དགོངས་པའི་གནད་གཅིག་ཏུ་བབས་པར་བརྟེན་དབང་ཆོག་དེ་ལས་ཞལ་སྐོང་དུ་བསྡེབས་ཏེ་མཚམས་སྦྱོར་ཅུང་ཟད་(7བ)དང་བཅས་བཀླག་ཆོག་ཆུ་བབས་སུ་འགོད་པ་པོ་ནི་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་སྟེ། ཡོངས་ལ་སྨན་པའི་ཐུགས་བསྐྱེད་བྱང་ཆུབ་སེམས་དཔའི་ངང་ཚུལ་ཅན་སོག་རྩེ་སྤྲུལ་སྐུ་ཀུན་བཟང་བསྟན་འཛིན་རྒྱལ་མཚན་གྱིས་བསྐུལ་བར་མཛད་པ་བཞིན་བལ་ཡུལ་ཡམ་བུའི་གྲོང་གི་ངལ་གསོའི་སྤྱིལ་པོ་རུ་ལྕགས་བྱ་ཆུ་སྟོད་ཟླ་བའི་ཡར་ངོའི་ཚེས་བཅུ་ལ་སྦྱར་བ་དོན་ལྡན་དུ་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།)}} | ||
Revision as of 15:56, 24 July 2024
| Wylie title | ||
|---|---|---|
| Location | bdud 'joms rin po che bka' 'bum Volume 23, Text 13, Pages (Folios to ) | |
| Author | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |
| Citation | Dudjom Rinpoche 'Jigs bral ye shes rdo rje. '. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 23: . Kalimpong: Dupjung Lama, 1979-1985. | |
| Side notes | ||
| More details More details | ||
| Genre | ||