DJYD-KABUM-24-YA-019: Difference between revisions

From Dudjom Wiki
DJYD-KABUM-24-YA-019
No edit summary
No edit summary
Line 7: Line 7:
|author=Dudjom Rinpoche
|author=Dudjom Rinpoche
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985.
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 24: . Kalimpong: Dupjung Lama, 1979-1985.
|language=Tibetan
|language=Tibetan
|pagestatus=Temporary stub only
|volnumtib=༢༤
|volyigtib=ཡ
|volumenumber=24
|volumenumber=24
|volumeLetter=YA
|volumeLetter=YA

Revision as of 16:03, 24 July 2024

Wylie title DJYD-KABUM-24-YA-019.pdf
Location bdud 'joms rin po che bka' 'bum
Volume 24, Text 19, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. '. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 24: . Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(1ན)(པདྨ་གསང་བའི་ཐིག་ལེ་ལས། བླ་བསླུ་བྱ་ཚུལ་སྲོག་འཚོའི་ལྗོན་ཤིང་བཞུགས་སོ། །)ན་མོ་གུ་རུ་ཨཱ་ཡུརྫྙཱ་ན་བྷྱཿ (པདྨ་གསང་བའི་ཐིག་ལེ་དང་འབྲེལ་བར་བླ་བསླུ་བྱ་ཚུལ་གཏེར་གཞུང་ཚིག་ཟིན་ལྟར་སྒྲུབ་པ་ལ། །བསྒྲུབ་བྱའི་བླ་རྟེན་ཕོ་ལ་མདའ་དང་། མོ་ལ་འཕང་། བླ་གཡུ། བླ་ནས། བླ་ཕོར་རྣམས་འདུ་བྱས་ལ། ཚིག་རིས་གཅིག་གིས་བདག་མདུན་དབྱེར་མེད་དུ་སྒྲུབ་ལ། བཟླས་པ་ཅི་ནུས་བྱས་ཤིང་། ཁྱད་པར་བླ་ཚེ་འགུགས་པའི་ཆེད་དུ་ཉེར་སྤྱོད་སྣ་ཚོགས་བཤམས་ཤིང་། དཀར་གསུམ་ཟས་སྣ་འབྲུ་སྨན་སོགས་བཟང་ཤིང་བསྲེག་སྟེ།)རྃ་ཡྃ་ཁྃ་(གིས་བསང་། ཨོཾ་ཨཱཿཧཱུྃ་གསུམ་གྱི་བྱིན་བརླབ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་རྒྱས་པར་སྤེལ་ལ།)ཀྱེ། བསླུ་མེད་སྐྱབས་གནས་དཀོན་མཆོག་གསུམ། །རྒྱུད་སྡེ་བཞི་དྲུག་ཡི་དམ་ལྷ། །ཉན་རང་བྱང་སེམས་འཕགས་པའི་འཁོར། །བྱིན་རླབས་རྩ་བ་བླ་མ་དང་། །དངོས་གྲུབ་ཀུན་སྩོལ་ལྷག་པའི་ལྷ། །ལེགས་པར་བྱིན་རླབས་མཁའ་འགྲོ་མ། །ཕྲིན་ལས་རྣོ་མྱུར་ཆོས་སྐྱོང་སྡེ། །གཙང་རིས་དཔལ་མགོན་བདུན་ཅུ་ལྔ། །ཕྱོགས་སྐྱོང་འབྱུང་བ་བཞི་ཡི་ལྷ། །སྤར་སྨེ་དར་གུད་ཟླ་ཞག་དུས། །གཟའ་སྐར་ཡུལ་གཞི་གནས་ཀྱི་བདག །མ་ལུས་ལུས་པ་མེད་རྣམས་ལ། །མཆོད་ཡོན་ཞབས་བའིལ་མེ་ཏོག་དང་། །བདུག་སྤོས་སྣང་གསལ་དྲི་བཟང་ཆབ། །ཞལ་ཟས་རོལ་མོ་(1བ)འདོད་ཡོན་ལྔ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། །སྨན་གཏོར་རཀྟའི་དམ་ཚིག་རྫས། བདེ་ཆེན་སྦྱོར་བའི་རིག་མ་འབུམ། །སྣང་སྟོང་འཛིན་བྲལ་མཆོད་པའི་ཚོགས། །ཁྱད་པར་དྲི་བཟང་སྨན་འབྲུ་ཟས། །བཟང་ཤིང་ཞུགས་སྦར་དུད་པའི་སྤྲིན། །ནམ་མཁའ་མཛོད་ཀྱི་ལོངས་སྤྱོསད་མཆོག །རྡོ་རྗེ་བདུག་སྤོས་ལྷ་མོ་འབུལ། །འདོད་ཡོན་མཁོ་རྒུ་ཆར་ལྟར་འབེབས། །མི་གཙང་ཉམས་རྒུད་རྨུག་འཐིབ་བསངས། །རོལ་པས་ཟག་མེད་བདེ་བ་བསྐྱེད། །དགྱེས་པ་ཆེན་པོའི་སྤྲིན་དུ་འབུལ། །བདག་དང་རྒྱུ་སྦྱོར་སྦྱིན་བདག་གི །བླ་ཚེ་ཉམས་པ་སོར་ཆུད་ལ། །འཕོ་བཅས་ལས་རླུང་རྒྱུ་བ་ཆོད། །འཕོ་མེད་རྟག་པ་དམ་པའི་ཚེ། །རླུང་སེམས་དྭངས་མའི་ཐིག་ལེར་བསྡུས། །མི་འགྱུར་མི་ཤིགས་བརྟན་པར་མཛོད། །(ཞེས་པས་མཆོད་ཅིང་། ཤ་ཁྲག་འབྲུ་སྨན་སྦྱར་བའི་བསུར་མཆོད་འབྱུང་པོའི་རྒྱུ་སྲང་སོགས་ལ་བསྲེག་སྟེ།) རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། (ལན་གསུམ་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ཁྱབ་པར་བསྔོས་ལ།)ཀྱཻ། འཇིག་རྟེན་འདས་དང་མ་འདས་པའི། །སྡེ་བརྒྱད་འབྱུང་པོ་ཤ་ཟའི་ཚོགས། །ལོག་འདྲེན་མི་བསྲུན་དྲེགས་པའི་སྡེ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བླ་དང་ཚེ་སྲོག་ལ་བརྐུ་བའི། །གནོད་བྱེད་གདོན་(2ན) བགེགས་ཐམས་ཅད་ལ། །ཤ་ཁྲག་འབྲུ་སྨན་སྦྱར་བ་ཡི། །བསྲེག་རྫས་འདོད་ཡོན་ལྔ་ལྡན་པ། །འཕྲལ་གྱི་ཟས་གོས་ཉེར་སྤྱོད་དང་། །ཡུན་གྱི་མི་ཟད་འདོད་རྒུའི་གཏེར། །ནམ་མཁའ་མཛོད་ཀྱི་སྤྲིན་ཆེན་པོ། །འབུལ་བ་བདག་གི་མ་ནོར་ལ། །བཞེས་པ་ཁྱེད་ཀྱི་མ་ནོར་བར། །དགྱེས་པ་ཆེན་པོས་ལོངས་སྤྱད་ནས། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བླ་ཚེ་བརྐུས་པ་ཚུར་ལ་གཏོད། །བཟུང་བ་ཐོང་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཁྱོག །ཟོས་པ་སྐྱུག་ལ་འགྲས་པ་ཞི། །མཁོན་པ་སྡུམ་ལ་བྱང་སེམས་བསྐྱེད། །མཆོད་སྦྱིན་འདི་ཡིས་ཚིམ་གྱིས་ལ། །མ་ཉེ་མ་འཁོར་མ་གནོད་པར། །མཐའ་དམག་གདུག་པར་ཟ་ཁ་གཏོད། །འདི་རུ་མ་འདུག་ཕྱིར་དེངས་ཤིག །(ཅེས་དྲག་སྔགས་བརྗོད་ལ་བསྐྲད། དེ་ནས་བླ་འགུགས་དམིགས་བཟླས་ནི།) ཧཱུྃ། བདག་མདུན་དཀྱིལ་འཁོར་ལྷ་ཚོགས་ཀྱི། །སྐུ་གསུང་ཐུགས་ཀྱི་གསང་བ་ལས། །འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་འཕྲོས། །དེ་ལས་ལྷ་མོ་མགྱོགས་མའི་ཚོགས། །གྲངས་མེད་ཉི་ཟེར་རྡུལ་ཕྲན་ལྟར། །སྟེང་འོག་ཕྱོགས་མཚམས་ཁྱབ་པར་གང་། །རང་དང་བསྒྲུབ་བྱའི་བླ་ཚེ་སྲོག །ཉམས་དང་འཕྲོག་དང་འཁྱམས་པ(2བ)རྣམས། །འོད་ཀྱི་ཐིག་ལེ་ཟེར་ཐག་ཕྲེང་། །ཨ་ནྲྀ་ཧཱུྃ་དང་ཁྱད་པར་དུ། །ནྲྀ་ཡིག་ལྗང་གུའི་རྣམ་པར་བཀུག །བླ་ཚེ་སྲོག་གི་རྟེན་ལ་བསྟིམ། །འཆི་མེད་ཡེ་ཤེས་སྐུ་འགྲུབ་ཤོག (རྩ་སྔགས་བརྗོད།)ཨོཾ་རྫབ་རྫབ་(སོགས་བླ་འགུགས་སྔགས་མཐར། སྐབས་སུ་མདའ་དར་གཡབ་ལ་གཞུང་གསལ་ཚེ་འགུགས་ལན་མང་བསྐྱར།)ཀྱཻ། དཀོན་མཆོག་གསུམ་གྱི་བདེན་པ་དང་། །རྩ་གསུམ་ལྷ་ཡི་བྱིན་རླབས་དང་། །ལྷ་སྔགས་ཕྱག་རྒྱ་བདེན་པའི་མཐུས། །བསྒྲུབ་བྱའི་བླ་ཚེ་བརྐུས་དང་འཕྲོག །འཁྱམས་དང་ཡར་བ་ཐམས་ཅད་ཀུན། །བླ་རྟེན་རྣམས་ལ་མྱུར་དུ་ཁུག (ཅེས་པའང་བརྗོད་ཚེ་པྲ་བརྟགས་མཐར། ཚེ་སྦ་བ་ནི།) ཨཱཿ འབྱུང་ལྔའི་ཁམས་ནས་ཡར་བའི་ཚེ༔ ཡུམ་ལྔའི་ཀློང་དུ་ཕྱག་རྒྱས་བཏབ༔ འཕོ་འགྱུར་མེད་པ་རྡོ་རྗེའི་ཚེ༔ གཞོམ་མེད་ཀློང་དུ་ཨ་ཏི་ཧོཿ (ཞེས་དང་དབྱངས་གསལ་རྟེན་སྙིང་བརྗོད་ལ་རྒྱས་གདབ། བསྲུང་བྱར་ཚེ་དབང་བསྐུར་ཞིང་། བླ་རྟེན་རྣམས་གཏད། བཀྲ་ཤིས་བརྗོད་ལ་མཐར་དབྱུང་ངོ་། །དབང་བཅུ་མངའ་བ་རྡོ་རྗེའི་གསུང་། །འཐད་ལྡན་ཚིག་གི་ལམ་དུ་དྲངས། །འདིས་ཀྱང་འཆི་བས་དུབ་པའི་འགྲོ། །འཆི་མེད་གོ་འཕང་ཐོབ་ཕྱིར་བསྔོ། །ཞེས་པའང་རིམ་གཉིས་ཟབ་མོའི་རྣལ་འབྱོར་གུ་རུ་ཨ་ཡུནྡྲི་དང་། བཛྲ་མིང་ཅན་ཟུང་གིས་བསྐུལ་ངོར། བདུད་འཇོམས་ནམ་མཁའི་རྡོ་རྗེས་བྲིས་པ་དགེ་ཞིང་བཀྲ་ཤིས།། །།)