DJYD-KABUM-24-YA-028: Difference between revisions
From Dudjom Wiki
DJYD-KABUM-24-YA-028
No edit summary |
No edit summary |
||
| Line 7: | Line 7: | ||
|author=Dudjom Rinpoche | |author=Dudjom Rinpoche | ||
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | ||
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985. | |citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 24: . Kalimpong: Dupjung Lama, 1979-1985. | ||
|language=Tibetan | |language=Tibetan | ||
| | |volnumtib=༢༤ | ||
|volyigtib=ཡ | |||
|volumenumber=24 | |volumenumber=24 | ||
|volumeLetter=YA | |volumeLetter=YA | ||
| Line 18: | Line 19: | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། | {{TibP|༄༅། །སྔ་འགྱུར་སྒྲུབ་གྲྭ་བའི་ཉམས་ལེན་གཞུང་སྲོང་ཚུལ་མདོར་བསྡུས་བླང་དར་མིག་འབྱེད་བཞུགས། ། | ||
(1བ)ཁྱབ་བདག་བླ་མ་རྡོ་རྗེ་སློབ་དཔོན་མཆོག་གི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །དེའང་སྒྲུབ་པ་ཉམས་ལེན་གྱི་མཚམས་གྲྭ་འདིར་འདུ་བའི་མཆེད་གྲོགས་རྣམས་ཀྱིས་ཤེས་པར་བྱ་བ་ནི། གཞི་དད་པ་འགྱུར་ལྡོག་མེད་པའི་མོས་གུས་བརྟན་པོས་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པས་ཐོག་དྲངས། ཁྱིམ་པའམ་རབ་བྱུང་གི་ཕྱོགས་གང་ཡང་རུང་བ་རང་ནུས་དང་སྦྱར་ཏེ་ནོས་པའི་སོ་ཐར་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྡོམ་པ་ནོས་པའི་སྟེང་དུ། གསང་སྔགས་རྡོ་རྗེ་ཐེག་པ་སྤྱི་དང་བྱེ་བྲག་རང་གི་ལྷག་པའི་ལྷའི་དཀྱིལ་འཁོར་དུ་(2ན)ཞུགས་ནས་དབང་བཞི་ཟབ་མོས་རྒྱུད་སྨིན་པར་བྱས། དེ་ལྟར་སྡོམ་པ་གསུམ་པོ་ཡར་ལྡན་གྱི་ཚུལ་དུ་བཟུང་ཞིང་དྲན་ཤེས་བག་ཡོད་བརྟན་པོས་ཚུལ་བཞིན་དུ་བསྲུང་བ་ལ་བསླབ། གལ་ཏེ་ཉམས་འགལ་ཕྲ་མོ་ཙམ་བྱུང་ནའང་དེ་མ་ཐག་བཤགས་སྡོམ་གྱིས་སོར་ཆུད་པར་བྱ། ཐུན་མོང་སྔོན་འགྲོའི་ཆོས་ཀྱི་རྒྱུད་སྦྱོང་བ་ནས་བརྩམས་དངོས་གཞིའི་རིམ་གཉིས་ཀྱི་རྣལ་འབྱོར་ཉམས་སུ་ལེན་བྱའི་གདམས་པ་དེའི་བར་གྱི་གོ་དོན་མན་ངག་གང་ཡང་བླ་མའི་ཞལ་གྱི་བདུད་རྩི་དངོས་སུ་མྱང་ནས་མ་ནོར་མི་བརྗེད་སྙིང་དབུས་དྲན་པའི་ཟུངས་སུ་སྨིན་པ་དང་། སྒྲུབ་ཕྲིན་ཆོ་(2བ)གའི་ལག་ལེན་ཕྲ་མོ་ཙམ་ཡན་ལ་སླ་ཁྱེར་རེས་འཇོག་ཏུ་མ་སོང་བའི་ཕྱག་ལེན་མཐོང་བརྒྱུད་ཀྱིས་གཏན་ལ་ཕབ་ནས་ཞུན་མཐར་ཆོད་པ་དགོས། །དེ་ལྟར་སྤྱིའི་གནད་དོན་མདོ་ཙམ་ཤེས་པའི་སྒོ་ནས་སྐབས་དོན་མཚམས་སྒྲུབ་དངོས་ལ་འཇུག་པའི་ཐོག་མར་བསམ་པ་ཀུན་སློང་གི་ཁྱད་པར་ལ། འདི་ལྟར་མཚམས་སྒྲུབ་ལ་འཇུག་པའང་བླ་མ་དང་བསྟན་པའི་ཞབས་ཏོག །རང་རང་གི་འདི་ཕྱིའི་དོན་ཆེན། འབྲེལ་བཅས་མ་གྱུར་སྐྱེ་འགྲོ་ཡོངས་ལ་སྨན་པའི་ཆེད་ཁོ་ན་དོན་དུ་གཉེར་བ་ཞིག་དགོས་པ་ལས། གཞན་ཆོས་པ་འདྲ་འདྲའི་དཀྱིལ་ནས་རང་ཆེ་འདོན་ཐབས་སྙན་གྲགས་དང་བཀུར་སྟིའི་རེ་སེམས། ལྟར་སྣང་ཐུན་མོང་གི་ཕྲིན་ལས་འགྲུབ་པའི་ཆེད་ཙམ་དམིགས་ཡུལ་དུ་འཆང་བ་སོགས་ཀུན་སློང་སྐྱོན་ཅན་དུ་སོང་ན་ཐོག་མའི་རྩ་བ་རུལ་པ་ཡིན་པས་གཟབ་དགོས། མཚམས་ཀྱི་སྔོན་ཚུད་དུ་མཚམས་གཡོག་འཚོ་ཆས་མཐུན་རྐྱེན་གྱིས་མ་བཤོལ་བ་དང་། སྨན་པ་སོགས་གལ་པོ་ཆེ་དམིགས་བསལ་དུ་འཇུག་དགོས་པ་ཡོད་ནའང་ཐོག་མ་ནས་དམིགས་འོག་ཏུ་ཆུད་པར་བྱེད། སྒྲུབ་པའི་སྣ་སེལ་དུ་དཀོན་མཆོག་རྩ་གསུམ་ལ་མཆོད་འབུལ་ཚོགས་བསགས་དང་། ལན་ཆགས་བགེགས་རིགས་ལ་གླུད་(3ན)བསྔོ་སྦྱིན་གཏོང་གང་འགྲུབ་བྱ་ཞིང་། ཚོགས་བསགས་རྐྱེན་སེལ་ཀུན་འདུས་རི་བོ་བསང་མཆོད་གྲངས་མང་བསགས་ན་ཤིན་ཏུ་ལེགས། དེ་ལྟར་སྣ་སེལ་གྲུབ་ནས་བསྙེན་པ་དངོས་གཞི་མ་ཚུགས་པའི་སྔོན་དུ་ཕྱི་མཚམས་བཅད་དེ། སྔར་སྔོན་འགྲོ་བསགས་སྦྱོང་རྒྱས་པར་ཟིན་པ་ཉིད་འདིར་སླར་ཡང་ཁ་གསོ་བའི་ཕྱིར། སྐྱབས་འགྲོ། སེམས་བསྐྱེད། ཡིག་བརྒྱ། མཎྜལ། བླ་མའི་རྣལ་འབྱོར་བཅས་སོ་སོར་ཁྲིའམ་སྟོང་རེ་ཉུང་མཐའ་བྱས་ཏེ་ཞག་གྲངས་བདུན་ཕྲག་གཉིས་སམ་གསུམ་གྱི་བར་དུ་འབད། དེ་ནས་མཚམས་སྒྲུབ་དངོས་གཞིའི་དུས་ལ་བབས་པའི་ཉིན་མོའི་ཕྱི་དྲོའི་ཆར་བདག་བསྐྱེད་རྒྱུན་ཁྱེར་ལྟར་སྒོམ་བཟླས་སྔོན་དུ་འགྲོ་བས། ཐོག་མར་ཞིང་སྐྱོང་གཞི་བདག་ལ་དཀར་གཏོར་གསེར་སྐྱེམས་འབུལ་ཞིང་སྡོང་གྲོགས་བཅོལ། ནག་ཕྱོགས་བགེགས་རིགས་ལ་གཏོར་མ་ཆངས་བུ་བསྔོས་ཏེ་ཕྱིར་བསྐྲད། དེ་ནས་ཐོ་སྡོམ་ལ་ཕྱིའི་བར་ཆད་ནང་དུ་མི་གཏོང་བའི་ཕྱིར་ཕྱི་སྒོའི་ཐད་དུ་རྒྱལ་ཆེན་སྡེ་བཞིའི་སྐུའམ་སྲོག་ཡིག་སྔགས་ཤམ་ཅན་དང་། ནང་གི་དངོས་གྲུབ་ཕྱི་རུ་མི་གཏོང་བའི་ཕྱིར་ནང་སྒོའི་ཐད་དུ་བདུད་རྩི་འཁྱིལ་བའི་སྐུའམ་སྔགས་བྱང་བཅས་(3བ)བརྟན་པོར་བཙུགས་ལ་སོ་སོར་བསྐྱེད་བསྟིམ་མཆོད་བསྟོད་འདོད་གསོལ་བརྟན་བཞུགས་བྱ། དེ་ལྟར་ཐོ་བསྡམས་ཟིན་ནས་ཕྱི་ནང་གི་འགྲུལ་མཚམས་བཅད་དེ་ཕྱིའི་ངོ་གསར་ནང་དུ་གཞུག་པ་དང་གཏམ་སྨྲ་སོགས་བལྟ་ཅི། ཐ་ན་ཆས་ཀ་ཡོ་བྱད་གཏོང་ལེན་དང་གཏམ་གྱི་ཡིག་འགྲུལ་སོགས་ཀྱང་སྤང་། མྱོས་བྱེད་ཀྱི་རིགས་སྤྱི་དང་ཁྱད་པར་ཐ་མ་ཁའི་རིགས་དྲི་ཙམ་ཉར་ཕྱོགས་སུའང་མི་འཁོར་བར་བྱེད། དེ་ལྟར་ཕྱི་ནང་གི་མཚམས་བཅད་ཟིན་ནས་སྲུང་བའི་འཁོར་ལོ་བརྟན་པོར་བསྒོམ། དེ་ནས་སྒྲུབ་ཁང་གི་ཕུག་ལོགས་སུ་བསྒྲུབ་བྱ་རྩ་གསུམ་གང་ལ་བརྟེན་པའི་སྒྲུབ་རྟེན་དཀྱིལ་འཁོར་སྒྲུབ་རྫས་མཆོད་པའི་ཡོ་བྱད་དང་བཅས་པ་སྐབས་ཐོབ་བཞིན་བཀྲམ་ལ་དང་བ་འདྲེན་པར་བྱ། ཕྱི་དྲོ་འདིར་བྱིན་འབེབས་མཆོད་བརླབ་སྔོན་དུ་འགྲོ་བས་རང་གཞུང་ཆོ་ག་ཤར་འགྲོས་ཀྱིས་ཚོགས་མཆོད་ཟབ་རྒྱས་དང་འབྲེལ་སྤྱི་དང་བྱེ་བྲག་གི་སྲུང་མའི་བསྐང་ཕྲིན་གང་མང་གིས་སྒྲུབ་པ་ལ་བར་ཆད་མི་འབྱུང་བའི་ཕྲིན་བཅོལ་ནན་ཏན་བྱ། དགོང་མོའི་བཟའ་བ་ཚོགས་སུ་སྤེལ་མཐར་སོ་སོའི་སྒྲུབ་མལ་དུ་ལུས་སེམས་ཁོང་ལྷོད་དེ་མཉམ་པར་བཞག་མཐར་ཉལ་བའི་རྣལ་འབྱོར་ལ་འཇུག །བསྙེན་སྒྲུབ་དངོས་གཞི་ཕྱི་(4ན)ཉིན་གྱི་ཐོར་ཐུན་ནས་འགོ་འཛིན་པར་བྱ་བ་ཡིན་ལ། དེའང་ཐུན་བཞིའི་ངེས་པས་གཞུང་བསྲང་བ་ལས། ནམ་སྨད་ཡོལ་བའི་ཐུན་དང་པོ་ལ་ཐོར་ཐུན་ཅེས་བྱ་སྟེ། ནམ་མཁའ་ནས་དཔའ་བོ་མཁའ་འགྲོས་ཌཱ་དྲིལ་དཀྲིལ་བའི་སྒྲས་གཉིད་སད་པར་མོས་ལ་མལ་ནས་ལྡང་། ལུས་ཚུགས་བསྲང་སྟེ་རླུང་རོ་བསལ། ཤེས་པ་རྣལ་དུ་ཕབ་ནས། བླ་མ་ལ་གསོལ་བ་གདབ་པ་སྔོན་དུ་འགྲོ་བས་བློ་ལྡོག་རྣམ་བཞི་ནས་བླ་མའི་རྣལ་འབྱོར་གྱི་བར་ལ་ཐུན་གྱི་ཕྱེད་ཆ་རྩིས། འདིར་སྐྱབས་སེམས་དང་སྦྲགས་ནས་བརྐྱང་ཕྱག་བརྒྱ་རྩ་སོགས་བཙལ། དེ་ནས་ཐུན་གྱི་ཕྱེད་ལ་གང་ཉམས་སུ་ལེན་བྱའི་ལྷག་པའི་ལྷའི་མངོན་རྟོགས་གསལ་བཏབ་ནས་བཟླས་པ་ལ་འབད། ནམ་ལངས་པ་ན་བསྡུ་ལྡང་བསྔོ་སྨོན་སོགས་ཀྱིས་ཐོར་ཐུན་གྲོལ། དེ་ནས་སྨེ་བརྩེགས་སོགས་ཁྲུས་ཀྱི་རྣལ་འབྱོར་དང་ལྡན་པས་ཁྲུས་བྱས། བག་ཡོད་གཙང་སྦྲ་དང་ལྡན་པས་སྒྲུབ་གྲོགས་རྣམས་སྒྲུབ་ཁང་དུ་འདུས་ལ་བཤགས་སྦྱོིང་དང་ཡན་ལག་བདུན་པ་སྔོན་དུ་འགྲོ་བས་སྡོམ་གསུམ་གསོ་སྦྱོང་སོགས་བྱ་ཞིང་ཞོག་ཇ་གསོལ། ཉི་ཤར་ཕྱི་ཆ་ནས་སོ་སོའི་སྒྲུབ་མལ་དུ་ཞུགས་ཏེ་ཐུན་གཉིས་པ་སྔ་ཐུན་ཚུགས་ཏེ། (4བ)བརྒྱུད་འདེབས་ནས་བརྩམས་ལས་བྱང་གི་སྔོན་འགྲོའི་ཆོས་རྣམས་རྒྱས་པར་གཏོང་བ་ལས། བགེགས་གཏོར་བསྔོ་ཞིང་བསྐྲད་པ་མི་དགོས་པས་སྲུང་འཁོར་ནས་བརྩམས་རྩ་བའི་གཞུང་བསྲང་སྟེ་བཟླས་པ་ལ་འཇུག །ཉིན་ཕྱེད་སྔ་ཆར་སླེབས་པ་ན་སྔ་ཐུན་གྲོལ། གུང་ཚིགས་ལ་འདུས་ཏེ་དཀོན་མཆོག་རྗེས་སུ་དྲན་པས་ཕུད་ཀྱིས་མཆོད་ནས་གུང་ཚིགས་བཟའ་བ་ལ་ལོངས་སྤྱོད། ལྷག་མ་ཆངས་བུ་བསྔོས་ཏེ་ཡོན་སྦྱོང་བསྔོ་སྨོན་བཅས་དགེ་སྦྱོར་བ་སྤྱིའི་ཚུལ་དང་། བསྙེན་སྒྲུབ་ཉམས་ལེན་ཁྱད་པར་བའི་སྐབས་སུ་བཟའ་བཏུང་ཚོགས་འཁོར་དུ་རོལ་པ་ལས་གཞན་པའི་སྤྲོས་པ་མི་དགོས་པ་བཅསསོ་སོའི་རང་ཉམས་སྐབས་དང་སྦྱར། གུང་ཚིགས་ཀྱི་རྗེས་སུ་དཔེ་བལྟས་སོགས་ཉམས་ལེན་གྱི་གྲོགས་སུ་སྨིན་པའི་སྦྱོར་བརྩོན་གང་འོས་དང་འབྲེལ་ཐུན་བར་ལྷོད་ཙམ་གྱིས་དུབ་པ་བསང་། དགོངས་མོའི་སྔ་ཆ་ནས་སོ་སོའི་སྒྲུབ་མལ་དུ་ཐུན་གསུམ་པ་ཕྱི་ཐུན་སྔར་བཞིན་ཚུགས་ཏེ། ཐུན་གཅོད་ཚུལ་སྔ་ཐུན་དང་འདྲ་བ་ལས་ཉི་མ་མ་བརྒལ་ཙམ་གྱི་གོང་དུ་བཟླས་པ་དངོས་གཞིའི་ཐུན་གྲོལ། འདིར་སྲུང་མའི་གཏོར་ཆོག་དང་ཡར་མར་གྱི་ཚེས་བཅུ་སོགས་ལ་ཚོགས་མཆོད་འབུལ་ཞིང་། ཆད་(5ན)བརྟན་བྲོ་བརྡུང་རྒྱུན་དུ་མི་དགོས་པས་ཉེར་བསྡུ་ནས་ཤིས་བརྗོད་པར་མཐར་དབྱུང་། དགོང་མོའི་བཟའ་བཏུང་ཚོགས་སུ་རོལ་ཞིང་། ཡོན་སྦྱོང་བསྔོ་སྨོན། བསྟན་འཛིན་རྣམས་ཀྱིས་ཞབས་པད་བརྟན་ཅིང་བསྟན་པ་སྤྱི་བྱེ་མཐར་རྒྱས་པའི་སྨཕན་ལམ་གདབ། འདིར་བརྐྱང་ཕྱག་བརྒྱ་རྩ་རེ་ཟུང་བཙལ་ཐུབ་ན་སྒྲིབ་སྦྱོང་དུ་མ་ཟད་ལུས་གཤིན་སྦྱོང་ལའང་ཕན་པ་ཆེ། དེ་ནས་སྲོད་ཀྱི་སྔ་ཆར་ཐུན་བཞི་པ་སྲོད་ཐུན་སྔར་གྱི་ཐོར་ཐུན་བཞིན་ཚུགས་ལ་བཟླས་པར་འབད་ཅིང་སྲོད་དུས་ཡོལ་ནས་ཐུན་གྲོལ། ཉལ་བའི་རྣལ་འབྱོར་གང་རིགས་དང་བཅས་གཉིས་འོད་གསལ་དུ་སྦ་བའི་ཏིང་ངེ་འཛིན་ལ་འཇུག །སླར་ཐོ་རངས་ལྡང་བའི་རྣལ་འབྱོར་ནས་བརྩམས་ཐུན་བཞིའི་ངེས་པས་ཉམས་ལེན་གྱི་གཞུང་བསྲང་ཚུལ་སྔར་བཞིན་ལ། བཟླས་པའི་སྐབས་སུ་བསྙེན་སྒྲུབ་ལས་སྦྱོར་གྱི་གྲངས་ཚད་སོགས་སོ་སོའི་བསྙེན་ཡིག་གཞུང་གསལ་ལྟར་སྐབས་སུ་གང་བབ་རང་ཉམས་དང་སྦྱར་ཏེ་འབད། ཡང་སྐབས་འགར་འཚུབས་ལྷོང་གི་རྣམ་པ་འཆར་ན་སྲུང་འཁོར་གྱི་དམིགས་པ་ནན་ཏན་གསལ་སྐྱོར་དང་། སྙེམས་མཁྲིག་རེ་དོགས་ཀྱི་འཆར་སྒོའི་དབང་དུ་མ་སོང་བར་དམིགས་མེད་ལྟ་བས་གཟིར་བ་གལ་ཆེ། དེ་ལྟར་(5བ)ཚུལ་བཞིན་འབད་བརྩོན་དྲག་པོསས་བསྒྲུབ་པར་ནུས་ན་བསྙེན་སྒྲུབ་ཀྱི་རྟགས་མཚན་ཡང་སོ་སོའི་གཞུང་གསལ་རིམ་གྱིས་འབྱུང་ཞིང་། གཙོ་བོར་བླ་མ་ཡི་དམ་དབྱེར་མེད་དུ་མཐོང་ཞིང་སྔར་ལས་ལྷག་པའི་མོས་གུས་དང་ཡིད་ཆེས་སྐྱེ། །མ་རྟོགས་པའི་སེམས་ཅན་ལ་བརྩེ་བ་ཆེན་པོའི་སྙིང་རྗེ། གཉིས་སྣང་ཨ་འཐས་ཀྱི་ཡུལ་དང་ཡུལ་ཅན་ལ་འཛིན་མེད་སྒྱུ་མ་ལྟ་བུར་ཤེས་པས་བློ་བག་ལྷོད་པོ་ཞིག་བྱུང་ན་སྒྲུབ་པ་ལམ་དུ་སོང་བའི་རྟགས་གོར་མ་འཕྱུག་པ་ཡིན། ནང་གི་དམིགས་རིམ་ལ་འབད་བརྩོན་མེད་པར་ཁ་ཁྱེར་གྱི་བཟླས་པ་གཞན་ལ་གྲངས་ཀ་འདྲེན་རྒྱུའི་ཕྲེང་བ་སྟོང་བསྒྲང་ཇི་ཙམ་བྱས་ཀྱང་འབྲས་བུས་དབུལ། དེ་ལྟར་ཕྱི་ནང་གསང་བའི་མཚམས་ཀྱི་དེ་ཉིད་མ་ནོར་ལག་ལེན་དུ་ཐེབས་པ་ལས། རྟགས་ཀྱི་མཚན་མ་ཐེམ་པ་ལ་གྲངས་དང་དུས་ཀྱི་ངེས་པ་མེད་པས་དབང་པོ་དང་བརྩོན་འགྲུས་རབ་ཀྱི་སྐལ་པ་ཁོ་ན་ཡིན་ལ། གྲངས་ནི་ཡི་དམ་སོ་སོའི་བསྙེན་སྒྲུབ་ལས་སྦྱོར་གྱི་ཚད་གཞུང་གསལ་ལྟར་དང་། དུས་ནི་སྔར་ལོ་ཟླའི་གྲངས་ཇི་ཙམ་དམ་བཅས་པའི་དུས་ངེས་པ་ཅན་ཏེ། དེ་དག་གང་རུང་ཚུལ་བཞིན་ཐེམ་ནས་བསྒྲུབ་འབྲས་དངོས་གྲུབ་ལེན་པ་ལ། སང་གྲོལ་རྒྱུའི་དེ་རིང་གི་དགོང་ཐུན་(6ན)ནས་ཚོགས་གཏོར་སོགས་མཆོད་པའི་ཡོ་བྱད་ཁ་གསོ་ཞིང་བུང་བསྐྱེད། དངོས་གྲུབ་བསྡུ་བའི་དམིགས་བཟླས་གཞུང་གསལ་ལྟར་བྱ་ཞིང་། སང་ཐོར་ཐུན་དང་འབྲེལ་ཏེ་དངོས་གྲུབ་བླང་། འདི་ནས་བཟུང་ནང་མཚམས་དངོས་གྲོལ་བ་ཡིན་པས་ཐུན་བཞིའི་ངེས་པ་མི་དགོས་ཤིང་། ཕྱི་མཚམས་མ་བཀྲོལ་བའི་ནང་ཁོངས་གནས་སྲུང་ཞག་བདུན་ནམ་ལྔའམ་གསུམ་ཉུང་མཐའ་བྱས་པའི་ཡུན་དེར་ཁ་སྐོང་སྦྱིན་སྲེག་རྒྱས་བསྡུས་གང་འགྲུབ་བསྙེན་པའི་བཅུ་ཆའི་གྲངས་ལོངས་བསགས། མ་འགྲུབ་ན་བཟླས་པ་ཁོ་ནས་ཁ་བསྐང་ཡང་རུང་། ཡི་དམ་དང་སྲུང་མའི་ཚོགས་ལ་གཏང་རག་གི་ཚོགས་མཆོད་དང་གཏོར་འབུལ་གང་རྒྱས་འགྲུབ་ན་ཕྱིན་ཆད་བར་ཆད་མི་འཇུག་པའི་གནད་ཡོད། དེ་ནས་ཕྱི་མཚམས་བཀྲོལ་བའི་སྐབས་ཟླ་བ་ཡར་ངོ་དང་། ཉི་མ་སྔ་དྲོའི་ཆར་ནང་སྒོའི་འཁྱིལ་པ་དང་། ཕྱི་སྒོའི་རྒྱལ་ཆེན་བཞི་ལ་གཏང་རག་གི་མཆོད་བསྟོད་བྱས་ཏེ་གཤེགས་གསོལ་ལམ་ཐོ་བྱང་ལ་བརྟན་བཞུགས་བྱས་ནས་ཐོ་བཀྲོལ། སྒོ་ནས་ཐོན་མ་ཐག་མིག་ཉི་མ་ལ་བལྟ་ཞིང་གོམ་པ་གྱེན་དུ་དོར་བས་ཚེ་རིང་ཞིང་ལེགས་ཚོགས་འཕེལ་བའི་རྟེན་འབྲེལ་དུ་ཆེ། དམ་གཙང་བློ་མཐུན་པའི་སྐྱེ་བོ་(6བ)དང་རིམ་གྱིས་གདོང་འཕྲད་ཅིང་། འགྲུབ་ན་ཉིན་ཤས་ཐག་རིང་དུ་མི་འགྲོ། མཚམས་ཀྱི་སྐབས་རང་ལ་ཉམས་སམ་རྨི་ལྟས་བཟང་པོ་བྱུང་ན་རང་གི་རྩ་བའི་བླ་མ་མ་གཏོགས་གཞན་སུ་ལའང་བཤད་དུ་མི་རུང་སྟེ་དངོས་གྲུབ་ཡལ་བའི་རྒྱུ་མ་ནོར་བ་ཡིན་ནོ། ། | (1བ)ཁྱབ་བདག་བླ་མ་རྡོ་རྗེ་སློབ་དཔོན་མཆོག་གི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །དེའང་སྒྲུབ་པ་ཉམས་ལེན་གྱི་མཚམས་གྲྭ་འདིར་འདུ་བའི་མཆེད་གྲོགས་རྣམས་ཀྱིས་ཤེས་པར་བྱ་བ་ནི། གཞི་དད་པ་འགྱུར་ལྡོག་མེད་པའི་མོས་གུས་བརྟན་པོས་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པས་ཐོག་དྲངས། ཁྱིམ་པའམ་རབ་བྱུང་གི་ཕྱོགས་གང་ཡང་རུང་བ་རང་ནུས་དང་སྦྱར་ཏེ་ནོས་པའི་སོ་ཐར་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྡོམ་པ་ནོས་པའི་སྟེང་དུ། གསང་སྔགས་རྡོ་རྗེ་ཐེག་པ་སྤྱི་དང་བྱེ་བྲག་རང་གི་ལྷག་པའི་ལྷའི་དཀྱིལ་འཁོར་དུ་(2ན)ཞུགས་ནས་དབང་བཞི་ཟབ་མོས་རྒྱུད་སྨིན་པར་བྱས། དེ་ལྟར་སྡོམ་པ་གསུམ་པོ་ཡར་ལྡན་གྱི་ཚུལ་དུ་བཟུང་ཞིང་དྲན་ཤེས་བག་ཡོད་བརྟན་པོས་ཚུལ་བཞིན་དུ་བསྲུང་བ་ལ་བསླབ། གལ་ཏེ་ཉམས་འགལ་ཕྲ་མོ་ཙམ་བྱུང་ནའང་དེ་མ་ཐག་བཤགས་སྡོམ་གྱིས་སོར་ཆུད་པར་བྱ། ཐུན་མོང་སྔོན་འགྲོའི་ཆོས་ཀྱི་རྒྱུད་སྦྱོང་བ་ནས་བརྩམས་དངོས་གཞིའི་རིམ་གཉིས་ཀྱི་རྣལ་འབྱོར་ཉམས་སུ་ལེན་བྱའི་གདམས་པ་དེའི་བར་གྱི་གོ་དོན་མན་ངག་གང་ཡང་བླ་མའི་ཞལ་གྱི་བདུད་རྩི་དངོས་སུ་མྱང་ནས་མ་ནོར་མི་བརྗེད་སྙིང་དབུས་དྲན་པའི་ཟུངས་སུ་སྨིན་པ་དང་། སྒྲུབ་ཕྲིན་ཆོ་(2བ)གའི་ལག་ལེན་ཕྲ་མོ་ཙམ་ཡན་ལ་སླ་ཁྱེར་རེས་འཇོག་ཏུ་མ་སོང་བའི་ཕྱག་ལེན་མཐོང་བརྒྱུད་ཀྱིས་གཏན་ལ་ཕབ་ནས་ཞུན་མཐར་ཆོད་པ་དགོས། །དེ་ལྟར་སྤྱིའི་གནད་དོན་མདོ་ཙམ་ཤེས་པའི་སྒོ་ནས་སྐབས་དོན་མཚམས་སྒྲུབ་དངོས་ལ་འཇུག་པའི་ཐོག་མར་བསམ་པ་ཀུན་སློང་གི་ཁྱད་པར་ལ། འདི་ལྟར་མཚམས་སྒྲུབ་ལ་འཇུག་པའང་བླ་མ་དང་བསྟན་པའི་ཞབས་ཏོག །རང་རང་གི་འདི་ཕྱིའི་དོན་ཆེན། འབྲེལ་བཅས་མ་གྱུར་སྐྱེ་འགྲོ་ཡོངས་ལ་སྨན་པའི་ཆེད་ཁོ་ན་དོན་དུ་གཉེར་བ་ཞིག་དགོས་པ་ལས། གཞན་ཆོས་པ་འདྲ་འདྲའི་དཀྱིལ་ནས་རང་ཆེ་འདོན་ཐབས་སྙན་གྲགས་དང་བཀུར་སྟིའི་རེ་སེམས། ལྟར་སྣང་ཐུན་མོང་གི་ཕྲིན་ལས་འགྲུབ་པའི་ཆེད་ཙམ་དམིགས་ཡུལ་དུ་འཆང་བ་སོགས་ཀུན་སློང་སྐྱོན་ཅན་དུ་སོང་ན་ཐོག་མའི་རྩ་བ་རུལ་པ་ཡིན་པས་གཟབ་དགོས། མཚམས་ཀྱི་སྔོན་ཚུད་དུ་མཚམས་གཡོག་འཚོ་ཆས་མཐུན་རྐྱེན་གྱིས་མ་བཤོལ་བ་དང་། སྨན་པ་སོགས་གལ་པོ་ཆེ་དམིགས་བསལ་དུ་འཇུག་དགོས་པ་ཡོད་ནའང་ཐོག་མ་ནས་དམིགས་འོག་ཏུ་ཆུད་པར་བྱེད། སྒྲུབ་པའི་སྣ་སེལ་དུ་དཀོན་མཆོག་རྩ་གསུམ་ལ་མཆོད་འབུལ་ཚོགས་བསགས་དང་། ལན་ཆགས་བགེགས་རིགས་ལ་གླུད་(3ན)བསྔོ་སྦྱིན་གཏོང་གང་འགྲུབ་བྱ་ཞིང་། ཚོགས་བསགས་རྐྱེན་སེལ་ཀུན་འདུས་རི་བོ་བསང་མཆོད་གྲངས་མང་བསགས་ན་ཤིན་ཏུ་ལེགས། དེ་ལྟར་སྣ་སེལ་གྲུབ་ནས་བསྙེན་པ་དངོས་གཞི་མ་ཚུགས་པའི་སྔོན་དུ་ཕྱི་མཚམས་བཅད་དེ། སྔར་སྔོན་འགྲོ་བསགས་སྦྱོང་རྒྱས་པར་ཟིན་པ་ཉིད་འདིར་སླར་ཡང་ཁ་གསོ་བའི་ཕྱིར། སྐྱབས་འགྲོ། སེམས་བསྐྱེད། ཡིག་བརྒྱ། མཎྜལ། བླ་མའི་རྣལ་འབྱོར་བཅས་སོ་སོར་ཁྲིའམ་སྟོང་རེ་ཉུང་མཐའ་བྱས་ཏེ་ཞག་གྲངས་བདུན་ཕྲག་གཉིས་སམ་གསུམ་གྱི་བར་དུ་འབད། དེ་ནས་མཚམས་སྒྲུབ་དངོས་གཞིའི་དུས་ལ་བབས་པའི་ཉིན་མོའི་ཕྱི་དྲོའི་ཆར་བདག་བསྐྱེད་རྒྱུན་ཁྱེར་ལྟར་སྒོམ་བཟླས་སྔོན་དུ་འགྲོ་བས། ཐོག་མར་ཞིང་སྐྱོང་གཞི་བདག་ལ་དཀར་གཏོར་གསེར་སྐྱེམས་འབུལ་ཞིང་སྡོང་གྲོགས་བཅོལ། ནག་ཕྱོགས་བགེགས་རིགས་ལ་གཏོར་མ་ཆངས་བུ་བསྔོས་ཏེ་ཕྱིར་བསྐྲད། དེ་ནས་ཐོ་སྡོམ་ལ་ཕྱིའི་བར་ཆད་ནང་དུ་མི་གཏོང་བའི་ཕྱིར་ཕྱི་སྒོའི་ཐད་དུ་རྒྱལ་ཆེན་སྡེ་བཞིའི་སྐུའམ་སྲོག་ཡིག་སྔགས་ཤམ་ཅན་དང་། ནང་གི་དངོས་གྲུབ་ཕྱི་རུ་མི་གཏོང་བའི་ཕྱིར་ནང་སྒོའི་ཐད་དུ་བདུད་རྩི་འཁྱིལ་བའི་སྐུའམ་སྔགས་བྱང་བཅས་(3བ)བརྟན་པོར་བཙུགས་ལ་སོ་སོར་བསྐྱེད་བསྟིམ་མཆོད་བསྟོད་འདོད་གསོལ་བརྟན་བཞུགས་བྱ། དེ་ལྟར་ཐོ་བསྡམས་ཟིན་ནས་ཕྱི་ནང་གི་འགྲུལ་མཚམས་བཅད་དེ་ཕྱིའི་ངོ་གསར་ནང་དུ་གཞུག་པ་དང་གཏམ་སྨྲ་སོགས་བལྟ་ཅི། ཐ་ན་ཆས་ཀ་ཡོ་བྱད་གཏོང་ལེན་དང་གཏམ་གྱི་ཡིག་འགྲུལ་སོགས་ཀྱང་སྤང་། མྱོས་བྱེད་ཀྱི་རིགས་སྤྱི་དང་ཁྱད་པར་ཐ་མ་ཁའི་རིགས་དྲི་ཙམ་ཉར་ཕྱོགས་སུའང་མི་འཁོར་བར་བྱེད། དེ་ལྟར་ཕྱི་ནང་གི་མཚམས་བཅད་ཟིན་ནས་སྲུང་བའི་འཁོར་ལོ་བརྟན་པོར་བསྒོམ། དེ་ནས་སྒྲུབ་ཁང་གི་ཕུག་ལོགས་སུ་བསྒྲུབ་བྱ་རྩ་གསུམ་གང་ལ་བརྟེན་པའི་སྒྲུབ་རྟེན་དཀྱིལ་འཁོར་སྒྲུབ་རྫས་མཆོད་པའི་ཡོ་བྱད་དང་བཅས་པ་སྐབས་ཐོབ་བཞིན་བཀྲམ་ལ་དང་བ་འདྲེན་པར་བྱ། ཕྱི་དྲོ་འདིར་བྱིན་འབེབས་མཆོད་བརླབ་སྔོན་དུ་འགྲོ་བས་རང་གཞུང་ཆོ་ག་ཤར་འགྲོས་ཀྱིས་ཚོགས་མཆོད་ཟབ་རྒྱས་དང་འབྲེལ་སྤྱི་དང་བྱེ་བྲག་གི་སྲུང་མའི་བསྐང་ཕྲིན་གང་མང་གིས་སྒྲུབ་པ་ལ་བར་ཆད་མི་འབྱུང་བའི་ཕྲིན་བཅོལ་ནན་ཏན་བྱ། དགོང་མོའི་བཟའ་བ་ཚོགས་སུ་སྤེལ་མཐར་སོ་སོའི་སྒྲུབ་མལ་དུ་ལུས་སེམས་ཁོང་ལྷོད་དེ་མཉམ་པར་བཞག་མཐར་ཉལ་བའི་རྣལ་འབྱོར་ལ་འཇུག །བསྙེན་སྒྲུབ་དངོས་གཞི་ཕྱི་(4ན)ཉིན་གྱི་ཐོར་ཐུན་ནས་འགོ་འཛིན་པར་བྱ་བ་ཡིན་ལ། དེའང་ཐུན་བཞིའི་ངེས་པས་གཞུང་བསྲང་བ་ལས། ནམ་སྨད་ཡོལ་བའི་ཐུན་དང་པོ་ལ་ཐོར་ཐུན་ཅེས་བྱ་སྟེ། ནམ་མཁའ་ནས་དཔའ་བོ་མཁའ་འགྲོས་ཌཱ་དྲིལ་དཀྲིལ་བའི་སྒྲས་གཉིད་སད་པར་མོས་ལ་མལ་ནས་ལྡང་། ལུས་ཚུགས་བསྲང་སྟེ་རླུང་རོ་བསལ། ཤེས་པ་རྣལ་དུ་ཕབ་ནས། བླ་མ་ལ་གསོལ་བ་གདབ་པ་སྔོན་དུ་འགྲོ་བས་བློ་ལྡོག་རྣམ་བཞི་ནས་བླ་མའི་རྣལ་འབྱོར་གྱི་བར་ལ་ཐུན་གྱི་ཕྱེད་ཆ་རྩིས། འདིར་སྐྱབས་སེམས་དང་སྦྲགས་ནས་བརྐྱང་ཕྱག་བརྒྱ་རྩ་སོགས་བཙལ། དེ་ནས་ཐུན་གྱི་ཕྱེད་ལ་གང་ཉམས་སུ་ལེན་བྱའི་ལྷག་པའི་ལྷའི་མངོན་རྟོགས་གསལ་བཏབ་ནས་བཟླས་པ་ལ་འབད། ནམ་ལངས་པ་ན་བསྡུ་ལྡང་བསྔོ་སྨོན་སོགས་ཀྱིས་ཐོར་ཐུན་གྲོལ། དེ་ནས་སྨེ་བརྩེགས་སོགས་ཁྲུས་ཀྱི་རྣལ་འབྱོར་དང་ལྡན་པས་ཁྲུས་བྱས། བག་ཡོད་གཙང་སྦྲ་དང་ལྡན་པས་སྒྲུབ་གྲོགས་རྣམས་སྒྲུབ་ཁང་དུ་འདུས་ལ་བཤགས་སྦྱོིང་དང་ཡན་ལག་བདུན་པ་སྔོན་དུ་འགྲོ་བས་སྡོམ་གསུམ་གསོ་སྦྱོང་སོགས་བྱ་ཞིང་ཞོག་ཇ་གསོལ། ཉི་ཤར་ཕྱི་ཆ་ནས་སོ་སོའི་སྒྲུབ་མལ་དུ་ཞུགས་ཏེ་ཐུན་གཉིས་པ་སྔ་ཐུན་ཚུགས་ཏེ། (4བ)བརྒྱུད་འདེབས་ནས་བརྩམས་ལས་བྱང་གི་སྔོན་འགྲོའི་ཆོས་རྣམས་རྒྱས་པར་གཏོང་བ་ལས། བགེགས་གཏོར་བསྔོ་ཞིང་བསྐྲད་པ་མི་དགོས་པས་སྲུང་འཁོར་ནས་བརྩམས་རྩ་བའི་གཞུང་བསྲང་སྟེ་བཟླས་པ་ལ་འཇུག །ཉིན་ཕྱེད་སྔ་ཆར་སླེབས་པ་ན་སྔ་ཐུན་གྲོལ། གུང་ཚིགས་ལ་འདུས་ཏེ་དཀོན་མཆོག་རྗེས་སུ་དྲན་པས་ཕུད་ཀྱིས་མཆོད་ནས་གུང་ཚིགས་བཟའ་བ་ལ་ལོངས་སྤྱོད། ལྷག་མ་ཆངས་བུ་བསྔོས་ཏེ་ཡོན་སྦྱོང་བསྔོ་སྨོན་བཅས་དགེ་སྦྱོར་བ་སྤྱིའི་ཚུལ་དང་། བསྙེན་སྒྲུབ་ཉམས་ལེན་ཁྱད་པར་བའི་སྐབས་སུ་བཟའ་བཏུང་ཚོགས་འཁོར་དུ་རོལ་པ་ལས་གཞན་པའི་སྤྲོས་པ་མི་དགོས་པ་བཅསསོ་སོའི་རང་ཉམས་སྐབས་དང་སྦྱར། གུང་ཚིགས་ཀྱི་རྗེས་སུ་དཔེ་བལྟས་སོགས་ཉམས་ལེན་གྱི་གྲོགས་སུ་སྨིན་པའི་སྦྱོར་བརྩོན་གང་འོས་དང་འབྲེལ་ཐུན་བར་ལྷོད་ཙམ་གྱིས་དུབ་པ་བསང་། དགོངས་མོའི་སྔ་ཆ་ནས་སོ་སོའི་སྒྲུབ་མལ་དུ་ཐུན་གསུམ་པ་ཕྱི་ཐུན་སྔར་བཞིན་ཚུགས་ཏེ། ཐུན་གཅོད་ཚུལ་སྔ་ཐུན་དང་འདྲ་བ་ལས་ཉི་མ་མ་བརྒལ་ཙམ་གྱི་གོང་དུ་བཟླས་པ་དངོས་གཞིའི་ཐུན་གྲོལ། འདིར་སྲུང་མའི་གཏོར་ཆོག་དང་ཡར་མར་གྱི་ཚེས་བཅུ་སོགས་ལ་ཚོགས་མཆོད་འབུལ་ཞིང་། ཆད་(5ན)བརྟན་བྲོ་བརྡུང་རྒྱུན་དུ་མི་དགོས་པས་ཉེར་བསྡུ་ནས་ཤིས་བརྗོད་པར་མཐར་དབྱུང་། དགོང་མོའི་བཟའ་བཏུང་ཚོགས་སུ་རོལ་ཞིང་། ཡོན་སྦྱོང་བསྔོ་སྨོན། བསྟན་འཛིན་རྣམས་ཀྱིས་ཞབས་པད་བརྟན་ཅིང་བསྟན་པ་སྤྱི་བྱེ་མཐར་རྒྱས་པའི་སྨཕན་ལམ་གདབ། འདིར་བརྐྱང་ཕྱག་བརྒྱ་རྩ་རེ་ཟུང་བཙལ་ཐུབ་ན་སྒྲིབ་སྦྱོང་དུ་མ་ཟད་ལུས་གཤིན་སྦྱོང་ལའང་ཕན་པ་ཆེ། དེ་ནས་སྲོད་ཀྱི་སྔ་ཆར་ཐུན་བཞི་པ་སྲོད་ཐུན་སྔར་གྱི་ཐོར་ཐུན་བཞིན་ཚུགས་ལ་བཟླས་པར་འབད་ཅིང་སྲོད་དུས་ཡོལ་ནས་ཐུན་གྲོལ། ཉལ་བའི་རྣལ་འབྱོར་གང་རིགས་དང་བཅས་གཉིས་འོད་གསལ་དུ་སྦ་བའི་ཏིང་ངེ་འཛིན་ལ་འཇུག །སླར་ཐོ་རངས་ལྡང་བའི་རྣལ་འབྱོར་ནས་བརྩམས་ཐུན་བཞིའི་ངེས་པས་ཉམས་ལེན་གྱི་གཞུང་བསྲང་ཚུལ་སྔར་བཞིན་ལ། བཟླས་པའི་སྐབས་སུ་བསྙེན་སྒྲུབ་ལས་སྦྱོར་གྱི་གྲངས་ཚད་སོགས་སོ་སོའི་བསྙེན་ཡིག་གཞུང་གསལ་ལྟར་སྐབས་སུ་གང་བབ་རང་ཉམས་དང་སྦྱར་ཏེ་འབད། ཡང་སྐབས་འགར་འཚུབས་ལྷོང་གི་རྣམ་པ་འཆར་ན་སྲུང་འཁོར་གྱི་དམིགས་པ་ནན་ཏན་གསལ་སྐྱོར་དང་། སྙེམས་མཁྲིག་རེ་དོགས་ཀྱི་འཆར་སྒོའི་དབང་དུ་མ་སོང་བར་དམིགས་མེད་ལྟ་བས་གཟིར་བ་གལ་ཆེ། དེ་ལྟར་(5བ)ཚུལ་བཞིན་འབད་བརྩོན་དྲག་པོསས་བསྒྲུབ་པར་ནུས་ན་བསྙེན་སྒྲུབ་ཀྱི་རྟགས་མཚན་ཡང་སོ་སོའི་གཞུང་གསལ་རིམ་གྱིས་འབྱུང་ཞིང་། གཙོ་བོར་བླ་མ་ཡི་དམ་དབྱེར་མེད་དུ་མཐོང་ཞིང་སྔར་ལས་ལྷག་པའི་མོས་གུས་དང་ཡིད་ཆེས་སྐྱེ། །མ་རྟོགས་པའི་སེམས་ཅན་ལ་བརྩེ་བ་ཆེན་པོའི་སྙིང་རྗེ། གཉིས་སྣང་ཨ་འཐས་ཀྱི་ཡུལ་དང་ཡུལ་ཅན་ལ་འཛིན་མེད་སྒྱུ་མ་ལྟ་བུར་ཤེས་པས་བློ་བག་ལྷོད་པོ་ཞིག་བྱུང་ན་སྒྲུབ་པ་ལམ་དུ་སོང་བའི་རྟགས་གོར་མ་འཕྱུག་པ་ཡིན། ནང་གི་དམིགས་རིམ་ལ་འབད་བརྩོན་མེད་པར་ཁ་ཁྱེར་གྱི་བཟླས་པ་གཞན་ལ་གྲངས་ཀ་འདྲེན་རྒྱུའི་ཕྲེང་བ་སྟོང་བསྒྲང་ཇི་ཙམ་བྱས་ཀྱང་འབྲས་བུས་དབུལ། དེ་ལྟར་ཕྱི་ནང་གསང་བའི་མཚམས་ཀྱི་དེ་ཉིད་མ་ནོར་ལག་ལེན་དུ་ཐེབས་པ་ལས། རྟགས་ཀྱི་མཚན་མ་ཐེམ་པ་ལ་གྲངས་དང་དུས་ཀྱི་ངེས་པ་མེད་པས་དབང་པོ་དང་བརྩོན་འགྲུས་རབ་ཀྱི་སྐལ་པ་ཁོ་ན་ཡིན་ལ། གྲངས་ནི་ཡི་དམ་སོ་སོའི་བསྙེན་སྒྲུབ་ལས་སྦྱོར་གྱི་ཚད་གཞུང་གསལ་ལྟར་དང་། དུས་ནི་སྔར་ལོ་ཟླའི་གྲངས་ཇི་ཙམ་དམ་བཅས་པའི་དུས་ངེས་པ་ཅན་ཏེ། དེ་དག་གང་རུང་ཚུལ་བཞིན་ཐེམ་ནས་བསྒྲུབ་འབྲས་དངོས་གྲུབ་ལེན་པ་ལ། སང་གྲོལ་རྒྱུའི་དེ་རིང་གི་དགོང་ཐུན་(6ན)ནས་ཚོགས་གཏོར་སོགས་མཆོད་པའི་ཡོ་བྱད་ཁ་གསོ་ཞིང་བུང་བསྐྱེད། དངོས་གྲུབ་བསྡུ་བའི་དམིགས་བཟླས་གཞུང་གསལ་ལྟར་བྱ་ཞིང་། སང་ཐོར་ཐུན་དང་འབྲེལ་ཏེ་དངོས་གྲུབ་བླང་། འདི་ནས་བཟུང་ནང་མཚམས་དངོས་གྲོལ་བ་ཡིན་པས་ཐུན་བཞིའི་ངེས་པ་མི་དགོས་ཤིང་། ཕྱི་མཚམས་མ་བཀྲོལ་བའི་ནང་ཁོངས་གནས་སྲུང་ཞག་བདུན་ནམ་ལྔའམ་གསུམ་ཉུང་མཐའ་བྱས་པའི་ཡུན་དེར་ཁ་སྐོང་སྦྱིན་སྲེག་རྒྱས་བསྡུས་གང་འགྲུབ་བསྙེན་པའི་བཅུ་ཆའི་གྲངས་ལོངས་བསགས། མ་འགྲུབ་ན་བཟླས་པ་ཁོ་ནས་ཁ་བསྐང་ཡང་རུང་། ཡི་དམ་དང་སྲུང་མའི་ཚོགས་ལ་གཏང་རག་གི་ཚོགས་མཆོད་དང་གཏོར་འབུལ་གང་རྒྱས་འགྲུབ་ན་ཕྱིན་ཆད་བར་ཆད་མི་འཇུག་པའི་གནད་ཡོད། དེ་ནས་ཕྱི་མཚམས་བཀྲོལ་བའི་སྐབས་ཟླ་བ་ཡར་ངོ་དང་། ཉི་མ་སྔ་དྲོའི་ཆར་ནང་སྒོའི་འཁྱིལ་པ་དང་། ཕྱི་སྒོའི་རྒྱལ་ཆེན་བཞི་ལ་གཏང་རག་གི་མཆོད་བསྟོད་བྱས་ཏེ་གཤེགས་གསོལ་ལམ་ཐོ་བྱང་ལ་བརྟན་བཞུགས་བྱས་ནས་ཐོ་བཀྲོལ། སྒོ་ནས་ཐོན་མ་ཐག་མིག་ཉི་མ་ལ་བལྟ་ཞིང་གོམ་པ་གྱེན་དུ་དོར་བས་ཚེ་རིང་ཞིང་ལེགས་ཚོགས་འཕེལ་བའི་རྟེན་འབྲེལ་དུ་ཆེ། དམ་གཙང་བློ་མཐུན་པའི་སྐྱེ་བོ་(6བ)དང་རིམ་གྱིས་གདོང་འཕྲད་ཅིང་། འགྲུབ་ན་ཉིན་ཤས་ཐག་རིང་དུ་མི་འགྲོ། མཚམས་ཀྱི་སྐབས་རང་ལ་ཉམས་སམ་རྨི་ལྟས་བཟང་པོ་བྱུང་ན་རང་གི་རྩ་བའི་བླ་མ་མ་གཏོགས་གཞན་སུ་ལའང་བཤད་དུ་མི་རུང་སྟེ་དངོས་གྲུབ་ཡལ་བའི་རྒྱུ་མ་ནོར་བ་ཡིན་ནོ། ། | ||
Revision as of 16:11, 24 July 2024
| Wylie title | ||
|---|---|---|
| Location | bdud 'joms rin po che bka' 'bum Volume 24, Text 28, Pages (Folios to ) | |
| Author | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |
| Citation | Dudjom Rinpoche 'Jigs bral ye shes rdo rje. '. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 24: . Kalimpong: Dupjung Lama, 1979-1985. | |
| Side notes | ||
| More details More details | ||
| Genre | ||